Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་རིག་དཔྱད་བརྗོད་པ་ཞིག་གི་ལམ།

Posted on 2009-07-20 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ No Comments on རྩོམ་རིག་དཔྱད་བརྗོད་པ་ཞིག་གི་ལམ།

བདུད་ལྷ་རྒྱལ།

རྩོམ་རིག་གསར་པའི་ལས་ཀ་འདི་བོད་མི་སུ་ལ་མཚོན་ནའང་འཇུག་བདེ་བོ་ཞིག་མ་རེད། བོད་རང་གི་སྔར་ཡོད་ཀྱི་རྩོམ་རིག་གཞུང་ལུགས་དང༌། གསར་བྱུང་གི་རྩོམ་རིག་གཞུང་ལུགས་གཉིས་ཀྱི་འབྲེལ་བ་ནི་གཞི་མཐུན་ས་ལས་གཞི་མི་མཐུན་ས་མང་བས། ཐོག་མར་གསར་རྩོམ་དང་མྱོང་དཔྱོད་ཀྱི་སྟེང་ན་སྲོལ་རྒྱུན་གྱི་གེགས་རྐྱེན་ཆེན་པོ་ཞིག་ཡོད། དེའི་སྟེང་རྩོམ་རིག་གསར་བ་འདི་བོད་དུའང་ལོ་ངོ་ཉི་ཤུ་ལྷག་གི་སྔོན་ནས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་ལྟར་སྣང་ཡང། འདིའི་ཆ་ཚང་བའི་གཞུང་ལུགས་ཀྱི་མ་ལག་དང་རིགས་པ་ཞིབ་མོ་དེ་ཅིས་ཀྱང་བོད་ཡུལ་དུ་ཟབ་རྒྱས་སུ་ཆགས་མ་ཐུབ་པས། རིག་པ་གསར་པ་འདིར་འཇུག་པར་ཚིག་རིས་ཙམ་གྱི་ངོས་ནས་དང། རང་སྦྱོང་དང་རང་སྟོབས་ཙམ་གྱིས་འཇུག་དགོས་པའི་རྣམ་པ་གྲུབ། རྩོམ་རིགས་གསར་པའི་གསར་རྩོམ་དང་ཞིབ་འཇུག་གི་ངེས་དོན་གྱི་གོམ་ཁ་དལ་བའི་རྒྱུ་མཚན་ཡང་ངས་བསམ་ན་འདི་འདྲ་ལ་ཐུག་ཡོད་སྙམ།

རང་ལ་མཚོན་ན་ཡང། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་རྩོམ་རིག་གསར་པའི་ཀློག་འདོན་ལ་ཐོག་མར་ཞུགས་པ་ཡིན་ལ། རྩོམ་རིག་གི་ཡོ་ལང་དྲག་ཏུ་རྒོད་པའི་ཁོར་ཡུག་ཐུན་མོང་མ་ཡིན་པ་དེའི་ནང་ནས་ཕྱི་ནང་གི་རྩོམ་གསར་དེ་དག་ལ་འཇུག་དུས་ཇི་ལྟར་ཀློག་དགོས་པའི་ཐད་ནས་ངལ་བ་ཆེན་པོ་བྱུང་ཞིང༌། དཀའ་བ་འདི་ཁྱད་དུ་གསོད་པའི་ལམ་ཉག་གཅིག་པོ་ནི་བརྩམས་ཆོས་དང་བརྩམས་ཆོས་ཀྱི་ཀློག་འདོན་ནམ་མྱོང་རོལ་སྦྲགས་མར་བཀོད་པའི་དཔེ་དེབ་བཙལ་ནས་བཀླག་རྒྱུ་དེ་རེད། ༼བརྩམས་ཆོས་དང་རྩོད་གླེང།༽ ༼ཀློག་འདོན་དང་མྱོང་རོལ།༽ ༼གྲགས་རྩོམ་མྱོང་རོལ།༽ སྙན་ངག་གི་ཕྲན་དཔྱད་དང་ཀློག་འགྲེལ་སོགས་ནི་རང་གི་ཐོག་མའི་བློ་འབྱེད་ཀྱི་ཀློག་དེབ་ཡིན། ཀློག་དེབ་དེ་དག་བཀླགས་པའི་མོད་ལ། ནམ་ཞིག་རང་གིས་ཀྱང་འདི་ལྟར་དུ་རང་དང་འདྲ་བའི་བོད་ཀྱི་ཀློག་པ་པོ་དག་གི་ཀློག་འདོན་གྱི་ངལ་བ་ཁྱད་དུ་གསོད་རྒྱུ་བྱུང་ན་སྙམ་པའི་འདོད་འདུན་ནི་དུས་རྒྱུན་དུ་འབྱུང། ད་ལྟ་ཕྱིར་འདང་བརྒྱབ་ན་རྐྱེན་འདི་འདྲ་ཞིག་གི་འོག་ནས་ང་རང་རྩོམ་རིག་དཔྱད་བརྗོད་ཀྱི་ལས་ལ་ཞུགས་སོང་བ་མཐོང་ཐུབ།

དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་བདག་གིས་རྩོམ་རིག་དཔྱོད་བརྗོད་ཀྱི་རྩོམ་འབྲི་བའི་འགོ་བརྩམས་ཤིང། ད་ཐུག་གི་བར་དུ་བྲིས་པའི་བརྩམས་ཆོས་ཕལ་མོ་ཆེ་དཔེ་དེབ་འདིའི་ནང་བཀོད་ཡོད། རང་ཉིད་ལ་མཚོན་ན་ད་ཐུག་བར་དུ་བྲིས་པའི་བརྩམས་ཆོས་དེ་དག་ཆེས་ཡང་དག་པར་བཤད་ན་ཀློག་འགྲེལ་རེད་མ་གཏོགས། དཔྱད་བརྗོད་ཀྱི་ཚད་ཐིག་འདང་ཡོད་པ་ཉུང་ཤོས་རེད་སྙམ་པའི་ཕངས་སེམས་ཡོད། ད་ལྟའི་དུས་འདིར་རྩོམ་རིག་དཔྱད་བརྗོད་ཀྱི་ལས་ཀ་སྒྲུབ་དུས། ངའི་ཚོར་སྣང་ཆེས་བཙན་པོ་ནི་གཞུང་དཔྱད་ཅན་དུ་བྱས་པ་མི་འདང་སྙམ་པ་དེ་རེད། ལྷག་པར་དུ་རྒྱ་ཡིག་གི་ལམ་ནས་རྩོམ་རིག་དཔྱད་བརྗོད་ཀློག་དུས་སུ་༼རྒྱ་ཡིག་གི་མ་གཏོགས་ཀློག་མི་ཤེས་པས་སོ།༽་འདི་འདྲའི་ཚོར་སྣང་ཆེས་བཙན། ཞིབ་འཇུག་གི་ལས་ཀ་གང་ཡིན་ཡང་དེའི་ཐབས་ལམ་མ་ནོར་བ་ནི་གཞུང་དཔྱད་ཅན་དུ་བྱ་རྒྱུ་དང། བརྡ་དོན་དང་བརྡ་ཆད་ཀྱི་སྒོ་ནས་ཞྀབ་འཇུག་བྱ་རྒྱུ་ཡིན་པ་ལས། ངོ་སྤྲོད་དང་བཤད་པ་ལྟ་བུའི་སྒོ་ནས་ཞིབ་འཇུག་གི་ལས་ཀ་སྒྲུབ་མི་བཏུབ། ཚད་མཐོའི་གཅིག་སྡུད་ནི་སྤྱི་མཚན་པའི་བསམ་གཞིག་གི་ཆོས་ཉིད་རེད། ཡིན་ཡང་རང་གི་གྲོགས་པོ་འགའ་ཤས་ཀྱིས་ཁྱོད་ཀྱི་དཔྱད་བརྗོད་ལ་ལ་ཞིག་གོ་དཀའ་བར་འདུག་ཅེས་པ་དང། ཁྱོད་ཀྱི་དཔྱད་བརྗོད་ལ་ནུབ་གླིང་པའི་རྩོམ་གཞུང་གི་ཤན་ཞུགས་འདུག་ཅེས་པའི་སྐད་ཆ་འདི་བདག་གིས་ཐོས་དུས་སུ་ང་རང་གཏོལ་མེད་ཀྱི་གནས་སུ་གྱར་སོང། རང་གི་སེམས་སུ་༼གླེན་བཤད།༽བྱས་པ་མང་འདུག་སྙམ་པ་ལ། གཞན་གྱི་མིག་ལམ་ནས་གོ་དཀའ་བར་སྣང་སོང་བ་འདི་བློ་ཡུལ་ལས་འདས་པ་ཞིག་རེད། དེ་བཞིན་སྐྱོ་གདུང་ཆེན་པོ་ཞིག་ཀྱང་རེད། རང་གིས་རྩོམ་འབྲི་བའི་དམིགས་གཏད་དེ་བོད་ཀྱི་རྒྱ་ཆེའི་ཀློག་པ་པོ་ཡིན་པ་ངས་ཀྱང་ཤེས་ཡོད། ཞིབ་འཇུག་གི་བྱ་བ་ནི་ངོ་སྤྲོད་དང་བཤད་པ་ལྟ་བུ་མ་ཡིན་པར་གསར་བཤད་ཀྱི་ཆ་དགོས་པ་འདི་རང་གི་དམ་ཚིག་དང་པོ་ཡིན། རང་གིས་མི་ཤེས་པ་ཡོན་ཏན་ཞིག་ཏུ་སྒྲོག་ག་ལ་རུང། སྤྱི་མཚན་གྱི་རིགས་པའི་རྩེར་སོན་པའི་དབུ་ཕར་ཚད་མ་ལྟ་བུ་ང་ཚོས་ཡོས་འཆའ་འཆའ་བྱེད་ཐུབ་ན། དངོས་ཡོད་འཚོ་བའི་ནང་ནས་བྱུང་བའི་རིགས་པའི་གསང་བ་རྙེད་མི་ཐུབ་པའི་གནས་ལུགས་གང་ན་ཡོད།

དཔྱད་བརྗོད་ཀྱི་སྐབས་དེ་དག་ཏུ་ངའོ་སྙམ་ཆོག་པ་གཅིག་ཡོད་པ་ནི་གཞན་དྲིང་མི་འཇོག་པའི་རང་ཚུགས་ཀྱི་བསམ་གཞིག་བྱ་སྟངས་ཤིག་ཡོད་པ་དེ་ཁོ་ན་ཡིན། བདེན་ལུགས་ནི་འདིའོ་ཡང་དག་པ་ནི་འདིའོ་སྙམ་པའི་གདེང་ཚོད་དང་ཁ་ཚོན་ནི་ཡེ་ནས་མེད། བྲིས་ཟིན་པའི་དཔྱད་བརྗོད་ཀྱི་བརྩམས་ཆོས་གང་ཞིག་ཡིན་ཡང། ཐོག་མར་སེམས་ལ་དོགས་གཞིའམ་ཡང་ན་འདི་ན་བཤད་རྒྱུ་ཞིག་ཡོད་སྙམ་པའི་དངོས་ཀྱི་མྱོང་བ་ཞིག་གི་རྗེས་ནས་ད་གཟོད་རྩོམ་བྲི་བའི་ལས་སུ་ཞུགས་པ་དང། རྩོམ་དང་རྩོམ་པ་པོ་གང་ལ་དཔྱད་བརྗོད་བྱེད་ཀྱང་མྱོང་བ་དེའི་རྗེས་བཅད་དེ་རྩོམ་པ་པོ་དང་༼ཕར་ལྟ་ཚུར་ལྟ༽་མ་གཏོགས་༼ཡར་ལྟ་མར་ལྟ༽བྱེད་མི་རུང་སྙམ། ལར་དཔྱད་བརྗོད་པ་ཞིག་གི་ངོས་ནས་གྲོགས་པོ་མང་པོ་མེད་པའི་མི་ཁེར་ཧྲེང་བ་ཞིག་དང། ངོ་སོ་ལ་མི་འཛེམ་པའི་མི་དཔའ་བོ་ཞིག་ཡིན་ན་སྙམ་པའི་བློ་བསྐྱེད་ཀྱང་འབྱུང། དཔྱད་བརྗོད་ཀྱི་ཕན་པ་ཉག་གཅིག་པོ་ནི་བདེན་ལུགས་ཡིན་པ་མ་གཏོགས། བསྟོད་སྨད་གཏན་ནས་མིན། འདི་ནི་བོད་ཀྱི་རྩོམ་རིག་དང་བོད་ཀྱི་ཀློག་པ་པོ་ལ་ཁེག་ཁུར་བའི་མཚན་རྟགས་ཡིན་ལ། རྩོམ་མང་པོ་མི་འབྲི་བའི་རྒྱུ་མཚན་ཡང་ཡིན། རང་ཆ་ནས་བཤད་ན། ལས་གང་ཞིག་སྒྲུབ་ཀྱང་དུས་ཚོད་ཀྱི་ཚོད་བགམ་བཟོད་པའི་༼རྟག་པ་རྒྱུན༽་གྱི་ལས་དོན་དེ་ལྷུར་ལེན་པའི་ཁུལ་བྱས་པ་ཡིན། འཕྲལ་མའི་དཔྱ་ཁྲལ་ལྟ་བུའི་བྱ་ལས་དང་གཏན་ནས་གཏན་དུ་གྱེས་པར་ཤོག།།

རྩོམ་པ་པོས༢༠༠༤། ༡༠། ༢༨ཉིན་ལན་ཀྲུ་ནས།

རྩོམ་རིག

Post navigation

Previous Post: ཁྱོད་སོང་ཤུལ་དུ།
Next Post: འཇམ་དབྱངས་ནོར་བུས་སླར་ཡང་བོད་རང་བཙན་ཁུངས་སྐྱེལ་བྱས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme