Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱི་གཏམ་བཤད།

Posted on 2013-09-172013-09-17 By ཁ་བརྡ་ 4 Comments on རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱི་གཏམ་བཤད།

བོད་འབྱོར། རོང་བོ་དགེ་འདུན་ལྷུན་གྲུབ།

༼གཏམ་བཤད་རྩོམ་ཡིག་འདི་ནི་ཁུངས་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་ཀན་ལྷོ་གཙོས་ནས་མི་རིགས་རྩོམ་རིག་དང་འབྲེལ་བའི་ཚོགས་འདུའི་ཐོག་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་བམ་ལྷམ་ཀོག་ལགས་ཀྱིས་གཏམ་བཤད་གནང་བ་ཞིག་རེད།༽

འདིར་མཁས་པ་དང་ལོ་ཙཱ་བ་རྩོམ་པ་པོ་དག་དབུས་པའི་ཆེད་ལས་ཀྱི་མི་སྣ་དག་དང་ལྷན་ཅིག་ཏུ་འདུ་འཛོམས་བྱུང་བས་དགའ། སྐབས་ཀྱི་གླེང་བྱ་ནི་མི་རིགས་ཀྱི་རྩོམ་རིག་དང་འབྲེལ་ནས་ལོ་ཙཱའི་སྐོར་ཡིན་ཙང་། ཕྲན་ནི་སྐད་གཉིས་སྨྲ་བའི་གྲས་ལ་མི་དབང་ཡང་། རྩོམ་རིག་གསར་བར་དགའ་ཞིང་། རྩོམ་རིག་གསར་བའི་དེབ་བཀླག་རྒྱུར་དགའ་བར་བསྟུན། ལོ་རེ་གཉིས་ཀྱི་སྔོན་ནས་བཟུང་མི་རིགས་རྩོམ་རིག་གི་དེབ་འདི་དང་མཇལ་བས་གསར་རྩོམ་གྱི་ཐད་ལ་བློ་བསྐྱེད་མི་དམན་པ་བྱུང་། ངས་མི་རིགས་རྩོམ་རིག་བཀླགས་པ་བརྒྱུད་སྤུན་ཟླ་མི་རིགས་གཞན་གྱི་རླབས་ཆེ་བའི་སྣོད་བཅུད་ཀྱི་མཛེས་སྡུག་ལ་རོལ་ཐུབ་པར་མ་ཟད། འགྲོ་བ་མིའི་སྤྱི་ཆོས་སུ་གྲུབ་པའི་དད་མོས་དང་ལེགས་བྱང་མང་པོ་ཞིག་མཐོང་ཐུབ་པས་རྐྱེན་བྱས། རང་གི་རྩོམ་སྟེགས་སུ་ལེགས་ཆ་མང་པོ་ཞིག་འདྲེན་རྒྱུ་ཡོད་པ་དང་འདྲེན་དགོས་པ་འང་རྟོགས་བྱུང་།
འོན་ཀྱང་རང་ཉིད་ལ་མཚོན་ན་མི་རིགས་རྩོམ་རིག་ལྟ་བུའི་བསྒྱུར་རྩོམ་གྱི་དེབ་སྤུས་དག་པོ་ཞིག་ལ་བརྟེན་ནས་མི་རིགས་གཞན་གྱི་རྩོམ་ཡིག་ལ་མཇལ་རྒྱུ་ལས། རང་སྟོབས་ཀྱིས་ཡིག་རིགས་གཞན་གྱི་སྟེང་ནས་རྩོམ་ཡིག་ལ་མཇལ་རྒྱུར་བསྐལ་བའི་དབང་གིས། བོད་ཀྱི་རིག་གནས་ཆིག་རྐྱང་བ་སློབ་མཁན་དག་ལ་སྔར་ན་མེད་པའི་རྩོམ་ཡིག་གི་བློ་སྦྱོང་གསར་བ་ཞིག་སྦྱིན་པར་དུས་དེབ་འདི་ལྟ་བུས་གསེར་གྱི་ཟམ་པ་བྱས་ཡོད་པ་རང་ཉམས་ལས་དཔགས་ཐུབ་ཡོད། དེའི་ཕྱིར་དུས་དེབ་འདིར་རེ་བ་ལྕི་མོ་ཞིག་དང་འགན་ལྕི་མོ་ཞིག་ཀྱང་ཞར་ནས་བཀལ་ཡོད།

དང་པོ་དུས་དེབ་འདིར་བདམས་པའི་རྩོམ་ཡིག་དག་ཀྱང་གང་བྱུང་བྱུང་དུ་མ་ཡིན་པར། མིའི་རྣམ་ཤེས་ལ་གསེར་མདོག་གི་ལང་ཚོ་འབྱུག་པ་དང་། སྒྱུ་རྩལ་གྱི་རིན་ཐང་ལ་བྱུ་རུའི་ཏོག་བསྒྲོན་པར་ནུས་པའི་བརྩམས་ཆོས་དག་དགོད་པར་བྱ་བ་ལས་གཞན། ཚུར་རང་སྐད་དུ་སྒྱུར་བར་བྱེད་པོ། ལོ་ཙཱ་བ་དག་ལ་མཚོན་ན་ཡང་རང་གི་ཐ་སྙད་དང་མིང་བརྡས་ཕྱུག་ཅིང་། དུས་དང་འཚམ་པའི་རྩོམ་རིག་གི་སྐད་ཆའི་གསར་གཏོད་ཀྱི་ནུས་པ་ལ་གཞན་དྲིང་མི་འཇོག་པའི་ཤེས་རབ་ཀྱི་རྩལ་ཕུན་སུམ་ཚོགས་པ་ཡར་ལྡན་དུ་ཚང་བ་ཞིག་ཡིན་རྒྱུ་གལ་ཆེ་སྙམ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དེང་རང་སྐད་དང་གཞན་སྐད་བསྲེས་མར་སྤྱོད་པའི་སྐབས་ཡིན་ཙང་། བསྟན་བཅོས་ཀྱི་སྐད་ལ་ཕལ་སྐད་ཀྱི་ལྷད་ཞུགས་པའམ། ཡང་ན་རང་ཡིག་ཏུ་བྲིས་ཀྱང་རང་སྐད་དུ་བརྡ་མི་འཕྲོད་པའི་བསྒྱུར་རྩོམ་མང་པོ་བྱུང་དང་འབྱུང་བཞིན་ཡོད་པ་འདིས། རང་གི་མི་རིགས་ཀྱི་ཐུན་མིན་གྱི་བསྟན་བཅོས་ཀྱི་སྐད་དང་རིག་གཞུང་དག་ལ་སྔར་ན་མེད་པའི་གོད་ཆག་བསྟེར་ངེས་པ་རེད།
སྔོན་བྱོན་ལོ་ཙཱ་བ་དག་གིས་དོན་བསྒྱུར་དང་སྒྲ་བསྒྱུར། གཞན་སྐད་རང་སོར་བཞག་སྟེ་བསྒྱུར་བའི་ཐབས་སོགས་བསྟན་པས་ཀྱང་། མི་རིགས་གཞན་ཞིག་གི་སྐད་མི་རིགས་གཞན་ཞིག་ལ་བསྒྱུར་ན་ཅི་བཞིན་དུ་བསྒྱུར་དུ་མི་བཏུབ་པར་བསམས་དགོས་པར་སྙམ། དེ་བས་ངེད་ཅག་དེང་གི་སྐད་གཉིས་སྨྲ་བ་དག་གིས་ཀྱང་ཁ་ཤའི་པགས་པ་གར་འཐེན་འཐེན་ཞིག་བསྒྱུར་རྒྱུ་དེ་མ་ཡིན་པར། རང་གི་སྐད་ཀྱི་མིང་བརྡའི་ཆོས་ཉིད་ལ་གཞིགས་ཏེ། གང་བསྒྱུར་བའི་རྩོམ་ཡིག་དག་རང་སྐད་དུ་འབྲི་ཐུབ་དགོས་པ་རེད། ཡིག་གཟུགས་བོད་ཡིག་ཙམ་དུ་བྲིས་པས་མི་ཆོག་པར། མིང་བརྡའི་བཀོལ་སྟངས་དང་བསྡུ་ཚུལ་ཡང་བོད་རང་སྐད་དུ་འབྲི་རྒྱུར་སྐུལ་བ་ཡིན། མི་རིགས་རྩོམ་རིག་གི་དེབ་འདིར་བཀོད་པའི་བསྒྱུར་རྩོམ་དག་ལས་འདིར་དམིགས་སུ་བཀར་ནས་ཕྲན་ལ་བཤད་རྒྱུ་ཅང་མེད་མོད། ལོ་ཙཱ་བ་གསར་བ་རེ་གཉིས་ཀྱི་བསྒྱུར་རྩོམ་ཁྲོད་ན་རང་སྐད་ཤོར་བའི་མང་བརྡ་མང་པོ་ཡོད་པ་མཐོང་མྱོང་།

སྤྱིར་བཤད་ན་མདའ་མཁན་མིག་ལ་སླ་བའི་དཔེ་བཞིན་རང་ཉིད་ལྟད་མོ་བས་ཚུལ་དུ་བཤད་ན་འཆད་སླ་ཞིང་། ལག་ནས་བསྒྱུར་དགོས་ཚེ་བསྒྱུར་སླ་བ་ཞིག་མ་ཡིན་པ་རྟོགས་མོད། འོན་ཀྱང་ཁྱེད་ལོ་ཙཱ་བ་རྣམ་པར་བྱ་བཏང་བ་ཙམ་ཡིན། དེ་ལས་གཞན་ངེད་ཅག་བོད་རིགས་ལྟ་བུར་མཚོན་ན་ནང་བསྟན་རིག་གནས་ཀྱིས་གཙོས་རིག་པའི་གནས་མང་པོར་དར་རྒྱས་བྱུང་ཡོད་མོད། དམངས་ཀྱི་འདོད་འདུན་མཚོན་པའི་རྩོམ་རིག་གི་ཕྱོགས་ནས་དར་རྒྱས་དེ་ཙམ་བྱུང་མེད་པའི་ཁར། དེང་རབས་ཀྱི་རྩོམ་རིག་གསར་བའི་ཕྱོགས་ནས་དེ་བས་དར་རྒྱས་བྱུང་མེད་ཙང་། དུས་དེབ་འདིར་གཞན་རྩོམ་སྒྱུར་བའི་ལག་ལེན་གྱི་ཁྲོད་ནས་སྔར་མེད་པའི་བརྡ་དང་ཐ་སྙད་དག་གཏན་ལ་དབབ་ཚེ་བྱེད་པོ་ལོ་ཙཱ་བ་དག་གིས་ངེས་པར་དུ་བོད་ཡུལ་གཅིག་གྱུར་གྱི་སྐད་བརྡར་གཟབ་ནན་བྱ་རྒྱུ་གལ་བོ་ཆེ་རུ་འདོད།
སྔོན་གྱི་ལོ་པཎ་དག་གིས་བསྒྱུར་བའི་བཀའ་དང་བསྟན་བཅོས། ཡང་ན་སྙན་ངག་གི་གཞུང་དང་སྙན་ངག་གི་བསྟན་བཅོས་ད་ལྟ་མཇལ་དུ་ཡོད་པ་འདི་དག་གི་ཁྲོད་ན། བོད་མདོ་དབུས་ཁམས་གསུམ་གང་དུ་ཁྱེར་ཡང་བོད་ཡིག་ཤེས་མཁན་ཞིག་ཡིན་ཕྱིན་ཀློག་ཐུབ་ལ་དོན་ཡང་གོ་བ་མ་ཟད། བོད་ཡིག་མི་ཤེས་མཁན་ཞིག་ཡིན་རུང་དེའི་རྣ་བར་ཤེས་མཁན་ཞིག་གིས་བཀླགས་ན་གོ་ནུས་པ་ཡིན་པར་མངོན་སུམ་དུ་གྲུབ་པ་ལགས་ན། ད་ལྟའི་ལོ་ཙཱ་བ་གསར་བ་དག་གིས་ལོ་ཙཱ་བ་སྔོན་མ་དག་དང་ལོ་ཙཱ་བ་རྒན་པ་དག་གི་རྗེས་སུ་བསླབ་པར་སྙིང་ནས་རེ།

དཔེར་ན་རང་ཅག་གི་སྐད་ཀྱི་ཆོས་ཉིད་ལྟར་ན་ཆོས་ཅན་བརྗོད་པའི་མིང་གི་མཐར་ཆོས་བརྗོད་ཀྱི་མིང་སྦྱོར་བ་གཙོ་བོར་འཛིན་པ་ལས། ཆོས་བརྗོད་ཀྱི་མིང་སྔོན་དུ་བཀོད་ནས་ཆོས་ཅན་བརྗོད་པའི་མིང་རྗེས་སུ་སྦྱར་བ་དམིགས་བསལ་ཙམ་རེ་མ་གཏོགས་མི་འདུག དཔེར་ན། སྐྱེས་བུ་ཆེན་པོ་ཟེར་བ་ལས། ཆེན་པོ་སྐྱེས་བུ་མི་ཟེར་བ་ལྟ་བུ་དང་། ལས་ཚིག་ཀྱང་ཆོས་ཅན་བརྗོད་པའི་མིང་གི་མཐར་སྦྱོར་བ་ལས་སྔོན་དུ་མི་སྦྱོར་བའི་ཚུལ། ལྕགས་རྡུང་ཟེར་བ་ལས། རྡུང་ལྕགས་མི་ཟེར་བ་དང་། གྲངས་ཀྱི་རིགས་ཀྱང་ཆོས་ཅན་བརྗོད་པའི་མིང་གི་མཐར་སྦྱོར་བ་ལས་ལྡོག་ནས་མི་སྦྱོར་བ། མི་གཅིག་ཅེས་ཟེར་བ་ལས། གཅིག་མི་མི་ཟེར། དེ་བཞིན་ཆོས་ཅན་བརྗོད་པའི་མིང་དང་ཆོས་བརྗོད་ཀྱི་མིང་ལྷན་ཅིག་ཏུ་སྦྱར་བའི་ཚིག་གི་མཐར་གྲངས་ཚིག་འཇུག་པ། བུམ་པ་དཀར་པོ་གཅིག་ཟེར་བ་ལས། གཅིག་བུམ་པ་དཀར་པོ་ཟེར་སྲོལ་ཡང་མེད་ལ་ཟེར་ཡང་མི་སྲིད་མོད། དེང་གི་སྐབས་སུ་ལོ་ཙཱ་བ་རེ་འགའི་རྩོམ་ཡིག་གི་ཁྲོད་ན་འདི་ལྟའི་སྐྱོན་མང་དུ་མཆིས་པས། ཁྱེད་ཅག་ཞུ་ཆེན་པ་དང་ཞུ་དག་པ་དག་གིས་མིག་རྒྱང་རིང་པོས་གཟིགས་ཏེ། མི་རིགས་རྩོམ་རིག་གི་ལས་དོན་འདི་ཁུར་དུ་མ་སོང་རྒྱན་དུ་སོང་བའི་དཔེ་རུ་འཁྱེར་རྒྱུར་སྙིང་ནས་གསོལ་བ་ལན་བརྒྱར་འདེབས།

དེ་ལས་གཞན་རྩོམ་རིག་ནི་མིའི་རིགས་ཀྱི་བླ་གནས་ཀྱི་འབྱུང་ཁུངས་ཡིན་ལ། མི་རིགས་དང་རྒྱལ་ཁབ་ཀྱི་ས་མཚམས་མེད་མོད། མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་། ལེགས་ཉེས་ཀྱི་དབྱེ་བ་འང་ཡོད་མཆི་ན། བླང་དོར་གྱི་འཇུག་པ་འང་ཤིན་ཏུ་རྒྱ་ཆེ་བས། ངེད་ཅག་གིས་མི་རིགས་གཞན་གྱི་རྩོམ་རིག་གི་ལེགས་ཆ་ཚུར་འདྲེན་པའི་བློ་སྟོབས་མ་ཉམས་ཤིང་། ལོ་ཙཱ་བའི་དཔུང་སྡེ་རྔམ་མཐུག་པོའི་སྒོ་ནས་བསྐྱེད་བསྲིང་བྱ་དགོས་པར་བསྟུན། སྐབས་འདིའི་མི་རིགས་རྩོམ་རིག་གིས་ལོ་ཙཱའི་ཐད་ཀྱི་འདུ་ཚོགས་བསྒྲུབས་པར་སྙིང་ནས་དགའ་ཞིང་། དེ་དང་འབྲེལ་ནས་རྩོམ་རིག་གླེང་བར་བཀའ་དྲིན་ཆེ་ཞུ་ཞུ།

སྣ་ཚོགས།

Post navigation

Previous Post: མིག་ཆུའི་ཁྲོད་ཀྱི་ཟིན་ཐོ།
Next Post: ཁ་པར་ནང་གི་ཨེ་རླུང་ལ་གསན་རོགས།

Comments (4) on “རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱི་གཏམ་བཤད།”

  1. གཡག says:
    2013-09-18 at 1:04 am

    ཡག་པོ་ཟེར་ན་མི་ཤེས། སེམས་ཤུགས་ཅན་ཞིག་ཡིན་པ་རྟོགས་སོང་།

  2. དྲན་དཀར་དཔལ་ཡོན་ says:
    2013-09-18 at 1:18 am

    སེམས་ཤུགས་ཅན་ཡིན་མིན་མི་ཤེས། ཡག་པོ་ལབ་འདུག

  3. གངས་ལྡོམ། says:
    2013-09-18 at 8:55 am

    སེམས་ཤུགས་ལྡན་པ་ཞིག་ཡིན་པ་མ་ཟད་ཡག་པོའང་བྲིས་འདུག་

  4. དྲན་དཀར་དཔལ་ཡོན་ says:
    2013-09-18 at 4:09 pm

    ཆང་མི་འཐུང་མཁན་ཞིག་ཡིན་པ་མ་ཟད་ཡག་པོའང་བྲིས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme