Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་པ་པོ་འོད་ཟེར་ལགས་ལ་གཟེངས་རྟགས་ཕུལ།

Posted on 2013-03-042013-03-04 By ཁ་བརྡ་ 50 Comments on རྩོམ་པ་པོ་འོད་ཟེར་ལགས་ལ་གཟེངས་རྟགས་ཕུལ།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་ལོ་འདིའི་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་(International Women of Courage Award)ཞེས་པའི་གཟེངས་རྟགས་ཕུལ་ཡོད་འདུག ལོ་འདིར་རྟགས་མ་ཐོབ་མཁན་རྒྱལ་སྤྱིའི་ཁྲོད་དུ་བུད་མེད་བཅུ་ཡོད་པ་ལས་ཚེ་རིང་འོད་ཟེར་གཅིག་རེད་འདུག
ཚེ་རིང་འོད་ཟེར་སྐོར་འཆད་སྐབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདི་ལྟར། རྒྱ་ནག་གི་བོད་ཀྱི་ས་ཁུལ་ཁག་ཏུ་ངོ་རྒོལ་དང་རང་སྲེག་འཕར་བཞིན་པའི་དུས་སྐབས་འདིར། ཚེ་རིང་འོད་ཟེར་ལགས་ནི་རྒྱ་ནག་གི་བོད་མིའི་མི་སེར་གྱི་འགྲོ་བ་མིའི་ཐོབ་ཐང་ཐད་མངོན་གསལ་གྱིས་སྒྲོག་སྦྱང་གནང་མཁན་གྱི་རྒྱ་ནག་སྐམ་སའི་ལས་འགུལ་བ་འབུར་ཐོན་ཞིག་ཡིན་པ་དང་། ཁོང་ལྷ་སར་འཁྲུངས་ཤིང་། ཚེ་རིང་འོད་ཟེར་ལགས་ཀྱིས་རང་གི་དྲ་དེབ་མཐོང་མི་ཐུབ་པའི་བོད་ཅེས་པ་དང་། དེ་བཞིན་སྙན་ངག རྩོམ་ཡིག ད་དུང་ཊི་ཝི་ཊར་ལྟ་བུའི་བརྒྱུད་ལམ་ཁག་བརྒྱུད་ནས། གཞུང་གི་བཀག་རྒྱའི་འོག་ནས་རང་གི་བསམ་ཚུལ་ཕྱིར་སྒྲོག་བྱེད་མ་ཐུབ་པའི་བོད་རིགས་ས་ཡ་མང་པོའི་མགྲིན་ཚབ་ཏུ་གྱུར་ཡོད། ཉེན་རྟོག་པས་རྟག་པར་ལྟ་རྟོག་བྱེད་བཞིན་པ་དང་། མུ་མཐུད་ནས་ཁང་པར་བཀག་ཉར་བྱས་པའི་གནས་སྟངས་འོག་ཡོད་མིན་ལ་མ་ལྟོས་པར་ཚེ་རིང་འོད་ཟེར་ལགས་ཀྱིས་སྙིང་སྟོབས་ཆེན་པོས་བོད་ཀྱི་གནས་སྟངས་འགྲེལ་བརྗོད་ཧུར་ཐག་བྱས་པ་དང་། “བོད་མི་བརྒྱ་ཕྲག་བརྒལ་བས་བཙན་གནོན་ལ་ངོ་རྒོལ་བྱེད་སླད་རང་ལུས་མེར་སྲེག་མཛད་པ་དེ་ནི། ངས་ལས་མཚམས་མི་འཇོག་པ་དང་། ཞུམ་པ་མི་བྱེད་པའི་རྒྱུ་མཚན་དེ་ཡིན།”པར་བརྗོད་པ་རེད། ཅེས་བྲིས་འདུག
གཟེངས་རྟགས་་འདི་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་འཛམ་གླིང་ཁྱོན་ཡོངས་ནས་བུད་མེད་གཞན་དོན་ལ་བརྩོན་ཞིང་སྙིང་སྟོབས་ལྡན་པ། དབུ་འཁྲིད་ཀྱི་ནུས་པ་ཐོན་པ་བཅས་ཀྱི་ཁྱད་ཆོས་ཅན་དག་ལ་འབུལ་གྱིན་ཡོད་པ་དང་། འདི་༢༠༠༧ ལོར་མགོ་འཛུགས་ཀྱིས་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་སྟེ་ ཟླ་གསུམ་པའི་ཚེས་༨ ཉིན་འབུལ་བཞིན་ཡོད་པ་ཞིག་རེད་འདུག སྔ་ལོའི་གཟེངས་རྟགས་ཐོབ་མཁན་རྣམས་ནི་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་། སྲིད་འཛིན་གྱི་ལྕམ་སོགས་དང་ལྷན་དུ་པར་བསྒྲོན་པ་སོགས་ཀྱི་ཆེ་མཐོང་ཡང་མཛད་འདུག

གསར་འགྱུར།

Post navigation

Previous Post: ཟམ་གདོང་བླ་མའི་ཁྱད་ཆོས།
Next Post: གསུམ་བཅུའི་དུས་དྲན་ཐེངས་ང་བཞི་པའི་གྲ་སྒྲིག་དང་འབྲེལ་བའི་གསལ་བསྒྲགས།

Comments (50) on “རྩོམ་པ་པོ་འོད་ཟེར་ལགས་ལ་གཟེངས་རྟགས་ཕུལ།”

  1. མ་ཧཱ་སིདྡྷི། says:
    2013-03-05 at 12:18 am

    ཨ་ཅ་འོད་ཟེར་ལགས་སུ་དྲང་བདེན་གྱི་གཟེངས་རྟགས་གནང་བར་ཧ་ཅང་དགའ་བོ་བྱུང་། དཔའ་མོ་ཚེ་རིང་འོད་ཟེར་ལགས་ཁྱེད་ཀྱི་མཛད་བཟང་དང་སྙིང་སྟོབས་ལ་ངས་གུས་འདུད་ཡོད་པ་མ་ཟད་ཁྱེད་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་བཅས་ཡོད།

  2. འཇམ་གཅེས says:
    2013-03-05 at 12:37 am

    མཛམས་མ་ཁྱེད་ཀྱིས་ཐུགས་རེ་བཞིན་བོད་ལ་སྐྱིད་པའི་ཉི་མ་གང་མགྱོགས་ཤར་ནས་༸གོང་ས་མཆོག་གི་གསེར་ཞལ་མཇལ་བའི་གོ་སྐབས་ཐོབས་པའི་སྨོན་མདུན་ཡོད་་་་་་་་་་་་་་་

  3. འཇམ་གཅེས says:
    2013-03-05 at 12:37 am

    མཛངས་མ་ལ་བཅོས་རོགས་དགོངས་སེལ་ཞུ།

  4. ཅོག་རོང་གི་མྱི། says:
    2013-03-05 at 12:38 am

    དགའ་བསུ་དང་རྟེན་འབྲེལ་ཞུ།

  5. བོད་ལ་ཞེན། says:
    2013-03-05 at 12:41 am

    བོད་རིགས་བུད་མེད་ཀྱི་གཟི་བརྗིད། བོད་ཀྱི་མཛངས་མ་ཟེར་ན་དེ་འདྲ་རེད།

  6. གཡུ་འབྲུག་དཀར་པོ། says:
    2013-03-05 at 1:20 am

    མཛངས་པ་འོད་ཟེར་ལགས་ཀྱིས་དབུས་བོད་མི་མང་ལ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། གཟེངས་རྟགས་འདི་ནི་ཚེ་རིང་ལགས་གཅིག་པུར་མིན་པར་བོད་མི་མང་ལ་རྙེད་པ་ཡིན། དེས་ན་བོད་མི་མང་ཡོངས་ལ་ངོས་ནས་སྟོང་གསུམ་གྱི་འཇིག་རྟེན་ཕྱུར་བུར་གཏམས་པའི་བཀྲ་ཤིས་བདེ་ལེགས་ཞུའོ། །

  7. གཡུ་འབྲུག་དཀར་པོ། says:
    2013-03-05 at 1:21 am

    ཨོ་ཡིག་ནོར་ལ་དགོངས་དག་ཞུ། མཛངས་མ་ཚེ་རིང་འོད་ཟེར་ལགས་ཞེས་བཅོས་རོགས་་་་

  8. ཆབ་མདོ་ངག་ཕུན། says:
    2013-03-05 at 1:30 am

    གཞིས་བཞུགས་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་ལ་དྲན་བདེན་གྱི་གཟེགས་རྟགས་ཕུལ་བར་འཚམས་འདྲི་ཡོད།

  9. སེང་བུ་འབྲུག་ཞོན།། says:
    2013-03-05 at 1:40 am

    མཛངས་མ་ཚེ་རིང་འོད་ཟེར་ལགས་ལ། བཀྲ་ཤིས་མཚམས་འདྲི་ལོས་ཞུ། གོང་གི་འགྲེལ་བཤད་ནང་འོད་ཟེར་ལགས། སྐྱེ་ས་ལྷ་ས་རེད་ཟེར་བ་དེ། ནོར་བ་རེད། ཁོང་འཁྲུངས་ཡུལ་ཁམས་ནས་རེད།

  10. རྟ་མགྲིན་དབང་ཆེན་ says:
    2013-03-05 at 1:55 am

    དགའ་ནས་ཤི་ཐ། ཐོབ་དགོས་ས་རང་རེད།

  11. བདེན་སྐྱོང་། says:
    2013-03-05 at 2:02 am

    ཁྱེད་ཀྱི་སྙིང་སྟོབས་ལ་དུས་རྟགས་ཏུ་གུས་བཀུར་ཞུ། བཀྲིས་བདེ་ལེགས་མིང་དོན་མཚུངས་པའི་མཛངས་མ་འོད་ཟེར་ལགས།

  12. གནམ says:
    2013-03-05 at 2:20 am

    ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་བུད་མེད་ཚེ་རིང་འོད་ཟེར་ལགས་ལ་མྱི་རྩིས་ཞིག་བཞག་པ་ལ་དགའ་ནས་ཡོད་པ་མ་ཟད། བོད་པ་ཚང་འགུལ་ཐུབ་ན། ཨ་རི་ཚང་གིས་གཟིགས་ཡོད་པ་ཡང་བསྟན་འདུག་ན། ཨ་རི་ཚང་ལ་ཡང་བཀའ་དྲིན་ཆུང་ཆུང་ཞིག་མ་ཞུས་རང་ཞུས་རེད།

  13. ཁྱུང་དཀར says:
    2013-03-05 at 3:00 am

    འུ་ཚང་གི་བུད་མེད་མཛངས་མ་ཨ་ཅག་ཚེ་རིང་འོད་ཟེར་ལགས། ད་རེའི་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་བཅུའི་གྲས་སུ་བདམས་ཐོན་བྱུང་བ་སེམས་ཁོང་ནས་དགའ་བསུ་ཞུ་ཀི་ཡོད།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-03-05 at 3:38 am

    འོད་ཟེར་གྱི་འོད་འཕྲོ་བགྱིད།

  15. ཆབ་བྲག་ལྷ་མོ་སྐྱབས says:
    2013-03-05 at 4:05 am

    སྐུ་ཚེ་རིང་ཞིང་རྩོམ་པའི་འོད་ཟེར་ཕྱོགས་ཀུན་འཕྲོ་བར་སྨོན། འདི་ནི་བོད་ཀྱི་བུད་མེད་ཀྱི་འོད་ཟེར་རོ།

  16. རེབ་སྐྱེས་ཐོས་བསམ། says:
    2013-03-05 at 4:23 am

    དགའ་བསུ་དང་རྟེན་འབྲེལ་ཞུ།

  17. འཇམ་དཀར says:
    2013-03-05 at 4:23 am

    ཐུགས་རྗེ་ཆེ་འོད་ཟེར་ལགས། ཁྱེད་ཀྱི་སྙིང་སྟོབས་ལ་གུས་བརྩི་ཞུ་བཞིན་ཡོད།

  18. ཨོ་རྒྱན་ཉི་མ། says:
    2013-03-05 at 4:52 am

    ཚེ་རིང་འོད་ཟེར་པེ་ཅིན་དུ་འདུག་ཡོད་ཀྱང་། བོད་དོན་བཤད་ཆོག་པ་དེ་རྒྱུ་མཚན་གང་ཡིན་ནམ།

  19. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-05 at 5:29 am

    བོད་ཀྱི་མཛངས་མ་ཚེ་རིང་འོད་ཟེར་མཆོག་གིས་རང་གི་བཤད་པ་དང་རྩོམ་རྩལ་གྱིས། རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་ཞེས་པའི་འགྲན་བསྡུར་དུ། ཨ་རིའི་རྒྱལ་གཞུང་གི་གཟེངས་རྟགས་བཞེས་པར་བོད་རིགས་ཡོངས་ལ་མཆོག་གི་དགའ་བ་བྱུང་བས། ཁྱེད་ཀྱི་་ཟེངས་རྟགས་ངོ་མཚར་ཅན་འདི་ཡང་བོད་ཀྱི་སྐད་ཡིག་དང་རིག་གཞུང་བོད་ཡུལ་དང་། ཛམ་གླིང་ལ་དར་བའི་རྒྱུར་གྱུར་ཅིག ཅེས་ཡིད་སྨོན་བཅས་བཀྲ་ཤིས་བདེ་ལེགས་ཞུའོ།།

  20. ཨ་ཕྱི་ཆོས་སྒྲོན says:
    2013-03-05 at 5:55 am

    རྟེན་འབྲེལ་ཞུ། མཛངས་མ་སོ་ཅི་མི་ཤེས་ད། ཨ་ཕྱི་འོད་ཟེར་ལ་བོད་ཀྱི་ལ་རྒྱ་ཡོད་རེད། མཚམས་རེ་ཁྲོ་ཐུང་འདྲ་བོ་རེད། ཧ ཧ

  21. རྒྱ་མཚོ་ཆེན་པོ་ says:
    2013-03-05 at 6:11 am

    བཀྲིས་བདེ་ལེགས་ཞུ་བ་དང་སླད་ཀྱང་བོད་དོན་གྱི་གནས་ཚུལ་རྒྱུན་མར་གནང་སྐྱོང་ཡོང་བའི་སྨོན་

  22. རིག་པའི་བུ says:
    2013-03-05 at 6:40 am

    རྟེན་འབྲེལ་ཞུ།

  23. མྱི་སྲས་བཙན་པོ།། says:
    2013-03-05 at 6:41 am

    དོན་དངོས་བོད་ཀྱི་མཛངས་མ་ཚེ་རིང་འོད་ཟེར་ལགས་སུ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།།
    བོད་མི་ལ་ཤས་ཀྱི་མིག་ནང་དུ་བོད་མི་ཡིན་ན་སྐྱོན་ལྡན་ཤིག་ལས་གཟི་བརྗིད་ཅན་ཞིག་དུས་ནམ་ཡང་ཡོད་ས་མ་རེད།

  24. ཨ་རོགས་ཁམས་ཕྲུག says:
    2013-03-05 at 7:10 am

    བོད་ཀྱི་མཛངས་མ་ཚེ་རིང་འོད་ཟེར་མཆོགས་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐྱེ་བ་འདི་ལ་འདི་འདྲའི་གཏམ་བཟང་ཞིག་ཐོས་རྒྱུ་བྱུང་བ་ནི་ཤིན་ཏུ་ངོ་མཚར་ཆེའོ། ཨ་ལ་ལ་དགའ་བ་ལ། བོད་པ་ཚང་།

  25. ཨ་རོགས་ཁམས་ཕྲུག says:
    2013-03-05 at 7:14 am

    མཆོགས་་མཆོག་ལ་བཅོས་རོགས་གནང་། ཧ་ཀྱང་དགའ་ནས་ཡིག་ནོར་ཤོར་ཐལ།

  26. ཐུ་བ་རྒྱ་མཚོ། says:
    2013-03-05 at 7:34 am

    དགའ་བསུའི་རྟེན་འབྲེལ་ཞུ།
    ཐོབ་དགོའ་ས་དེར་ཐོབ་ཤག ཨ་རིའི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཡོད།

    གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁའ། ལུས་པེ་ཅིན་ན་ཡོད་ཀྱང་མིང་ཨ་རི།

    འབད་བརྩོན་བྱས་ན་མི་འགྲུབ་པའི། ལས་ཞིག་འཇིག་རྟེན་འདི་ན་མེད། ཞེས་པ་འདིར་དྲངས་འདོད་དོ།

  27. སྔགས་རྒན། says:
    2013-03-05 at 9:28 am

    དགའ་བོ་ཞེ་དྲག་བྱུང་འདི་ནི་བོད་མི་ཡོངས་དང་དམིགས་བསལ་བོད་རིགས་བུ་མེད་རྣམས་གཟི་རྗིད་ཞིག་ཏུ་བརྩི་ཆོག་ཡང་ཨ་གཞུང་ཐུགས་ཆེ་ཞུ་ངོ་ནས་ཡིན།

  28. གཡུ་ཐོག་བུ། says:
    2013-03-05 at 10:33 am

    བོད་ཀྱི་མཛངས་མ་ཚེ་རིང་འོད་ཟེར་ལགས་ཀྱིས་བོད་དོན་རྒྱལ་སྤྱིའི་གླེང་སྟེགས་གལ་ཆེན་ཞིག་ཏུ་འཁྲིད་པའི་དྲང་བདེན་གྱི་གཟེངས་རྟགས་ཐོབ་པ་ནི་བདེན་པ་ཉིད་རྒྱལ་པར་རྟག་ཏུ་མོས་པའི་བོད་པ་ང་ཚོའི་སེམས་པ་སྐྱིད། ཐུགས་རྗེ་ཆེ།

  29. རི་རྒྱལ་ཏི་སེ། says:
    2013-03-05 at 10:42 am

    བོད་ཀྱི་མཛངས་མ་དངོས་གནས་ནི་གཞིས་སུ་བཞུགས་པའི་ཚེ་རིང་འོད་ཟེར་ལགས་རེད། བྱེས་ཀྱི་མཛངས་མའི་མིང་ཅན་རྣམས་ནི་སྲིན་བུ་མེ་ཁྱེར་དང་གཅིག་པ་གཅིག་རྐྱང་རེད་འདུག་པས། དོན་གྱི་མཛངས་མ་ཁྱེད་ལ་བཀྲིས་བདེ་ལེགས་ཞུ།

  30. བསམ་གཏན་སྒྲོལ་མ། says:
    2013-03-05 at 11:49 am

    ཚེ་རིང་འོད་ཟེར་ལགས། ཁྱོད་ནི་དུས་རབས་གཅིག་གི་བོད་ཀྱི་མཛངས་མ་ཡིན། ཁོ་མོས་དེ་ལས་ལྷག་བཤད་ཤེས་མ་སོང་།

  31. འཇམ་དབྱངས་བསྟན་འཛིན། says:
    2013-03-05 at 12:24 pm

    འོད་ཟེར་ལགས་ལ་བྱ་དགའ་ཐོབ་པར་སེམས་གཏིང་ནས་དགའ་བྱུང༌། དགའ་བསུ་ཞུ་བ་དང་ཆབས་ཅིག་ཁྱེད་ཀྱི་བསམ་དོན་ཇི་བཞིན་འགྲུབ་པའི་སྨོན་ལམ་ཡོད། སྐུ་གཟུགས་ལ་ཐུགས་བཅག་བགྱིས། གཞིས་བྱིས་མཉམ་འཛོམས་ཡོང་བའི་སྨོན་ལམ་རྒྱབ་ཀྱི་ཡོད། བོད་བསྟན་སྲིད་དོན་དུ་ལུས་སྲོག་བློས་གཏོང་གནང་མཁན་ཚང་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་ཤོག

  32. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2013-03-05 at 1:37 pm

    ཧི་མ་ལ་ཡའི་རི་འདབས་ནས་སྤྲིངས་པ།
    སུ་ལ་མེད་ན་ཀུན་གྱིས་བརྙས་བྱེད་ཅིང་།།
    གང་ལ་ཡོད་ན་བཀུར་སྟིའི་རྩ་བ་སྟེ།།
    ཟད་མེད་རྙིང་དུ་མེད་པའི་བདེན་པ་ཡིས།།
    རིགས་ཀྱི་བུ་མོ་ཁྱོད་ལ་སྲུངས་གྱུར་ཅིག།

    འདི་ན་ཁྱོད་འོད་དྲོན་པོ་ལ་འཐུང་བའི།།
    ང་ཡི་གདོང་གི་འདབ་བརྒྱ་འཛུམ་པའི་དབུས།།
    མིག་གི་ཟེའུ་འབྲུ་ཁྱོད་ཉིད་བཞུགས་པའི་ཕྱོགས།།
    ཉིན་མཚན་བར་མེད་རྟག་ཏུ་ལྡེམ་ཞིང་འགུལ།།

    རང་གི་ཚེ་སྲོག་གཏའ་མར་བཞག་བྱས་ནས།།
    བདེན་པའི་རིན་ཐང་འཚོལ་བའི་དཔའ་མོ་ཞིག།
    ད་ལྟ་གངས་རིའི་ལྗོངས་སུ་མཆིས་སོ་ཞེས།།
    དེབ་ཐེར་ངོས་སུ་གསེར་ཡིག་འབུར་དུ་དོད།།

    འདི་ན་ཁྱོད་རྩོམ་ཀློག་པའི་ལྕེ་ཡི་རྡུལ།།
    སྤོབས་པས་ཁེངས་པའི་ཤཱཀྱའི་དགེ་ཕྲུག་ཅིག།
    ཉིན་དང་མཚན་ལ་ཁྱོད་ཉིད་མཇལ་འདོད་ཀྱིས།།
    སེམས་ཀྱི་གཤོག་པ་ཁྱོད་ཕྱོགས་རྐྱོང་བཞིན་ཡོད།།

    གནའ་རབས་མཁས་པས་འབྲི་མྱོང་མ་མཆིས་ཤིང་།།
    དེང་རབས་མཁས་པའི་སྨྱུག་རྩེས་མ་ཟིན་པའི།།
    <>ནམ་མཁའི་སྐར་ཆེན་བཞིན།།
    ང་ཡི་སེམས་ཀྱི་དབྱིངས་སུ་ཁྲ་ལམ་ལམ།།

    ཁ་བའི་འདབ་མ་བརྩེགས་པའི་ལྷུན་པོའི་སྤོར།།
    <>ཤུགས་ཀྱིས་བསྒྲགས་པ་ན།།
    གསོད་གཏུབ་ལས་ལ་སྲིན་པོ་མངོན་སུམ་ལྟའི།།
    ཀྲུང་ནན་ཧེ་ཡི་སྒྱིད་པ་སིག་སིག་འདར།།

    མུན་ནག་གཏུམ་པོའི་གཤེད་དུ་བཞེངས་པ་ཡི།།
    བདེན་པའི་འོད་ཟེར་སོར་མོས་སྐྱོར་མཁས་མ།།
    དབལ་ལྟར་ཚ་བའི་ཁྱོད་ཀྱི་རྣམ་དཔྱོད་འོད།།
    ང་ཡི་སྙིང་ལ་སིམ་སིམ་སྦྲང་ཆར་བཞིན།།

    ཁ་བའི་བདེ་སྡུག་བློ་དང་སྤོབས་པས་གླེང་།།
    གདོང་དམར་ལས་དབང་ཁྲག་དང་མིག་ཆུས་འབྲི།།
    སྤུན་ཟླའི་སྐྱིད་སྡུག་སེམས་དང་བསམ་པས་མྱོང་།།
    ཁྱོད་ནི་དོན་དམ་བོད་ཀྱི་མཛངས་མ་ཞིག།

    རྒྱ་དམར་དཔོན་ལ་ངོ་ཚ་མེད་པ་དང་།།
    རྒྱ་དམར་དམག་ལ་གདུག་རྩུབ་ཆེ་བ་སོགས།།
    ཡིད་ལ་དྲན་ན་ཁྱོད་ཀྱི་ལས་དབང་ལ།།
    ས་མཐའི་བུ་ལ་སེམས་ཁྲལ་ཅི་བས་ཆེ།།

    གསོད་ཅིང་གཏུབ་ལ་ཡ་ང་མ་མཆིས་ཤིང་།།
    སྒོག་ཅིང་འཚིར་ལ་ལག་ཟུང་མི་ལྷོད་པའི།།
    སྒེར་གཅོད་སྒེར་སྡོམ་སྲིད་གཞུང་དམུན་པོའི་འོག།
    ཁྱོད་ཀྱིས་མགོ་བོ་དེ་ལྟར་ཤེད་ཀྱིས་བཏེགས།།

    ང་ཡི་བྱང་ཁོག་སྟོད་ཀྱི་འཇིག་རྟེན་ན།།
    ཁྱོད་ནི་གསོན་པའི་རང་དབང་ལྷ་མོ་སྟེ།།
    ཕྱི་ཡི་ལུས་འདི་བཤིག་ནས་འཐོར་ན་ཡང་།།
    རང་དབང་ལྷ་མོ་སེམས་ལ་ཉར་ནས་འགྲོ།།

    ཁྱོད་ནི་ཡལ་མེད་རྟག་བརྟན་འོད་སྣང་སྟེ།།
    ང་ཡི་སེམས་ཀྱི་ནམ་ལངས་སྐར་ཆེན་ཡིན།།
    ཆར་སྤྲིན་སྟུག་པོས་ངོ་འཛུམ་གནག་ན་ཡང་།།
    ལམ་ལམ་འོད་སྣང་ཡིད་ཀྱི་ཟབ་སར་འཚེར།།

    བདེན་པའི་ངག་གི་རང་སྲུང་རྒོལ་ལན་གྱིས།།
    ས་ཡ་དྲུག་གི་སེམས་པ་དྲོད་སོབ་སོབ།།
    རྫུན་གྱི་སྣ་ལ་མཛུབ་མོ་བཙུགས་པ་ཡིས།།
    ཧུང་དང་ཝུན་གྱི་སེམས་རྩ་འཁྱགས་སིབ་སིབ།།

    ཁྲག་དང་མིག་ཆུས་རལ་བའི་འཇིག་རྟེན་འདིར།།
    བདེན་པའི་ཟླ་བ་ཁྱོད་ཀྱིས་སྐྱོར་སོང་ཞེས།།
    མཚོ་བཞི་གླིང་ལྔའི་ཁམས་ཀྱི་སྐྱེ་བོ་ཀུན།།
    བསྟོད་པའི་མཐེ་བོ་ཀེར་ཞིང་ཀེར་ཞིང་འགྲོ།།

    ཞེ་འཁོན་མེ་ལྕེ་འབར་བའི་བང་སོའི་ནང་།།
    སྙིང་སྟོབས་ཆེན་པོས་གཤེགས་པའི་མེས་པོ་དག།
    ཁྱོད་ཀྱི་བློ་སྤོབས་མིག་འབྲས་གསལ་བ་འདིས།།
    ཚིམས་པའི་ཡིད་ལ་བདེ་བའི་ངལ་གསོ་བྱིན།།

    མནན་ཀྱང་མི་ནོན་བློ་སྟོབས་ཆེན་པོ་དང་།།
    བསྲེགས་ཀྱང་མི་འཚིག་བློ་སྤོབས་མཐོན་པོ་ཡིས།།
    སྒེར་གཅོད་གཞུང་ལ་ཁ་གཏད་གཅོག་པ་འདི།།
    བོད་ཙམ་མ་ལགས་འཛམ་གླིང་ཞི་བདེ་ཕྱིར།།

    ཁྱོད་ནི་མཁས་མཛངས་ལྡན་པའི་དེད་དཔོན་ཏེ།།
    འཇིགས་རུང་སྲོག་ཉེན་ཇི་ལྟར་ཆེ་ན་ཡང་།།
    རྒྱུ་འབྲས་དྲང་སྙོམས་བརྩི་བའི་མི་རབས་འདིས།།
    གོམ་པའི་གཟིངས་ཆེན་ཁ་ཕྱོགས་སེམས་སུ་གསལ།།

    གདོས་བཅས་བེམ་ལུས་ཁ་ཐག་རིང་ན་ཡང་།།
    མཉེས་གཤིན་སེམས་ཀྱི་ཁ་ཐག་ཐུང་བ་སྟེ།།
    གདོང་དེབ་face bookབརྒྱུད་ནས་མཇལ་ཐེངས་རེ་རེ་ལ།།
    འཛད་མེད་དགའ་སྤྲོ་སྐྱིད་པོ་བརྗོད་དུ་མེད།།

    རྒྱུ་འབྲས་རི་མོ་སྣོག་པའི་འབྲི་རྩོམ་གྱིས།།
    སྒེར་གཅོད་གཞུང་གི་ཁ་ངོ་འཛིན་མཁན་དག།
    དུས་ཀྱི་ཕྱགས་མས་ནམ་ཞིག་འཕྱག་པའི་དུས།།
    ཁྱོད་ནི་ཁ་བའི་མུ་ཏིག་རྡོག་པོ་གཅིག།

    ང་ཡང་ནམ་ཞིག་འདི་ནས་ཕྱིར་ལོག་གིས།།
    གླག་རྒོད་དར་མ་བཞིན་དུ་གངས་ལྗོངས་ལ།།
    གདོང་དམར་བོད་པ་ཚང་གི་རང་དབང་ཆེད།།
    ཁྱོད་དང་མཉམ་དུ་གཤོག་འགྱུར་རྒྱག་ན་འདོད།།

    ཁྱོད་ཀྱི་བློ་སྤོབས་གཉའ་བ་མ་ཆག་ན།།
    རྒྱ་དམར་གདུག་རྩུབ་ཆེ་ཡང་ང་མི་སྐྲག།
    ཁྱོད་ཀྱི་བདེན་པའི་སྐད་ངག་མ་འགགས་ན།།
    རྒྱ་དམར་གཡོ་སྒྱུ་ཆེ་ཡང་ང་མི་འཇིགས།།

    ཁྱོད་ནི་ང་ཡི་སེམས་ཀྱི་ཉི་མ་སྟེ།།
    ད་ལོ་དགུན་གཞུང་རྩུབ་མོ་རིང་ན་རིང་།།
    ཁྱོད་ནི་ང་ཡི་ཡིད་ཀྱི་རྟ་མཆོག་སྟེ།།
    སང་ལོ་བྱང་ལམ་སྐྱ་མོ་རྩུབ་ན་རྩུབ།།

    ཕྱི་ཡི་ལུས་པོ་པེ་ཅིན་མཁར་དུ་ཡོད།།
    ནང་གི་སེམས་པ་ཉི་མ་ལྷ་སར་ཡོད།།
    ལག་གིས་ཡི་གེ་རྒྱ་ཡིག་ནང་དུ་འབྲི།།
    དོན་གྱི་སྙིང་པོ་བོད་པའི་སེམས་འདུན་འབྲི།།

    རེ་བའི་མིག་འབུར་ཁྱོད་ལ་གཏད་བྱས་ནས།།
    དམར་ཆུང་སྙིང་ནས་བླངས་པའི་གླུ་ཆུང་འདི།།
    ཡིད་ཀྱི་རེ་བ་ཁྱོད་ལ་བཅོལ་བའི་བརྡར།།
    ས་མཐའི་ཡུལ་ནས་བསྐུར་བའི་སྐད་ཅིག་ཡིན།།

    ང་ནི་ས་མཐའི་ཡུལ་གྱི་གླུ་པ་སྟེ།།
    ཟུངས་ཁྲག་ལྟ་བུའི་ཡིག་འབྲུ་རེ་རེ་ལ།།
    རིགས་པས་དཔྱད་ནས་སེམས་ཀྱིས་མྱོང་བའི་ཚེ།།
    འགོག་མེད་ཁྱོད་ལ་བསྟོད་གླུ་སྙིང་ནས་བརྡོལ།།

    སྨག་རུམ་མུན་པ་འཐིབ་པའི་བོད་ཡུལ་དུ།།
    ཁྱོད་ནི་དོན་དམ་འོད་ཟེར་ངོ་མ་ཞིག།
    རང་དབང་གླིང་ཕྲན་འཚོལ་བའི་བོད་པ་ཚོར།།
    སུས་ཀྱང་མ་མཐོང་འཇུག་ངོགས་ཁྱོད་ཀྱིས་བསྟན།།

    འབྲི་རྩོམ་གསར་པ་གློག་དམར་འཁྱུག་འཁྱུག་དང་།།
    གཏན་ཚིགས་རྣོན་པོ་ཐོག་གིས་རྒྱག་རྒྱག་འདིས།།
    རྫུན་གྱི་སྣེ་མོ་རྫུན་གྱིས་འགེབས་བྱེད་པའི།།
    རྒྱ་དམར་དཔུང་ཚོགས་ངོ་ཚས་འབར་ལ་ཁད།།

    ཕྱོགས་རིས་བྲལ་བའི་མིག་ཟུང་དྲང་མོ་ཡིས།།
    ཡུད་ཙམ་བལྟས་པའི་སྡང་མིག་ཡོན་པོ་དེས།།
    སྤུན་ཟླ་གཡོ་ཚོང་བྱེད་པའི་རང་རིགས་འགའ།།
    འཇིགས་ཤིང་སྐྲག་པའི་སྙིང་ཆུང་འགས་སྙམ་བྱེད།།

    རིགས་དྲུག་འགྲོ་བ་ལྷ་ཡིས་བཟོས་པའི་གཏམ།།
    ང་ཡིས་བདེན་པའི་ཚིག་ཏུ་མི་རློམ་ཡང་།།
    ཁྱོད་ནི་གངས་ལྗོངས་རང་དབང་རྩོད་ལེན་ཆེད།།
    ངོ་མ་ལྷ་ཡིས་བསམ་བཞིན་བཟོས་སམ་སྙམ།།

    ང་ཡི་སེམས་ལ་སྤོབས་པས་ཤར་བ་ཁྱོད།།
    ནམ་ཡང་ནུབ་མེད་སྐར་མ་འོད་ཆེན་ཏེ།།
    གངས་རི་རྩེ་དགུའི་ཏོག་ཏུ་རྟག་འཚེར་ནས།།
    ཡངས་པའི་འཛམ་གླིང་འོད་ཀྱིས་ཁེངས་པར་ཤོག།

  33. བསྟན་འཛིན་རྒྱལ་པོ། says:
    2013-03-05 at 2:20 pm

    ཨ་ཞེ་ཚེ་རིང་འོད་ཟེར་ལགས་སུ་ལོ་འདིའི་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུ།
    ངས་སྔོན་མ་ནས་འདི་ལྟ་བུ་ཞིག་ལ་རེ་སྒུག་ཡང་ཡང་བྱས་མྱོང་མོད། འོན་ཀྱང་སྟོབས་ཆེན་གྱི་མདུན་དུ་སྟོབས་ཆུང་རྣམས་ཀྱིས་ནམ་ཡང་གྱེང་ཁེལ་དགོས་སྟབས་ད་བར་ལུས་སོང་བ་རེད། གང་ལྟར་འདི་ལོར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་གཞུང་གི་བསྒྲགས་གཏམ་ལ་དཔའ་ངར་ཞུམ་མེད་ཐོག་ཁ་བ་རི་བའི་བུ་མོ་ཞིག་ལ་ཆེས་མཐོ་བའི་གཟེངས་རྟགས་དེ་གནང་བར་ངེད་གངས་ཅན་པ་ས་ཡ་དྲུག་གིས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    ཨ་ཞེ་ལགས། ང་དེ་རིང་དགའ་ནས་ཡོད།
    ཁྱེད་ཀྱིས་བཏེགས་པའི་བོད་མི་ས་ཡ་དྲུག་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་ལ་ཞེན་གྱི་གཟི་བརྗིད་ལ་བསམ་སྟེ་དགའ་བཞིན་ཡོད།
    ཨ་ཞེ་ལགས། ང་དེ་རིང་དངོས་གནས་དགའ་བཞིན་ཡོད།
    ཁྱེད་ཀྱིས་བོད་རིགས་ཀྱི་སྐྱེས་མ་ཡོངས་ཀྱི་འཚབ་བྱས་ཏེ་གོ་ལའི་ཁྱོན་འདིར་བོད་ཀྱི་བུ་མོ་ཞེས་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་སློང་སོང་བར་ང་དགའ་ནས་ཡོད།
    ཨ་ཞེ་ལགས། ང་དེ་རིང་སྐྱོ་བཞིན་ཡོད། འཛམ་གླིང་གི་མཛངས་མ་གཞན་ཕལ་ཆེར་གུ་ཡངས་དང་བག་ཕེབས་ཀྱི་ཐོག་ནས་གཟེངས་རྟགས་བཞེས་ཆོག་ཀྱང་། ཁྱེད་རང་སྨྱུག་གཟེབ་ན་ཚུད་པའི་བྱིའུ་ཆུང་བཞིན་ཞི་བདེའི་མཁའ་དབྱིངས་སུ་འཕུར་དབང་མེད་པ་དེས་ང་སྐྱོ་བཞིན་ཡོད།
    ཨ་ཞེ་ལགས། ང་དེ་རིང་དངོས་གནས་སྐྱོ་བཞིན་ཡོད། ཁྱེད་ཀྱི་མཚན་བྱང་ཡོད་པའི་རྒྱལ་སྤྱིའི་བུད་མེད་སྟོབས་ཤུགས་ཅན་ཚོའི་མིང་གཞུང་དུ་ཁྱེད་ཉིད་ China སྟེ་མི་འདོད་བཞིན་དུ་རྒྱ་ནག་གི་མིང་བྱང་ནག་པོ་དེ་ཁུར་དགོས་པ་འདིས་ང་སྐྱོ་བཞིན་ཡོད།

  34. གསེར་འབྲུག་སྡེར་ལྔ་ says:
    2013-03-05 at 3:38 pm

    བོད་རིགས་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་རྟེན་འབྲེལ་བཀྲིས་བདེ་ལེགས་ཞུ།

  35. འཇམ་དབྱངས་བསྟན་འཛིན། says:
    2013-03-05 at 4:28 pm

    ངས་ཁ་བརྡ་དྲྭ་རྒྱ་འདི་ཉིན་ལྟར་བལྟ་ཀློག་བྱེད་རྒྱུའི་གོམས་གཤིས་ཤིག་ཆགས་སོང༌། ཉིན་གཅིག་མ་བལྟས་ན་ཉིན་མ་གཅིག་གི་ཞོགས་ཟས་བརྗེད་པ་ལྟ་བུའི་ཚོར་སྣང་ཡང་སྟེར་མྱོངས། དྲྭ་རྒྱ་འདིར་ཟམ་གདོང་རིན་པོ་ཆེ་ལ་མཚན་དམས་ཀྱི་རྩོམ་ཡིག་རྒྱུན་མཐུད་ནས་སྤེལ་བཞིན་པར་རྩོམ་སྒྲིགས་པས་དགག་བྱ་མི་བྱེད་པ་ཅི་ཞིག་ནམ།
    རྩོམ་སྒྲིགས་པས་མི་སྒེར་ལ་སྡང་ཟུག་གི་ཚིག་འདྲ་མིན་བེད་སྤྱོད་མི་ཆོག་ཅེས་བྲིས་དགོས་དོན་ཅི། སངས་རྒྱས་ལ་ལྷས་བྱིན་གྱིས་སྐྱོན་དུ་བལྟས་ཀྱང་མི་ཚང་མས་མཁྱེན་གསལ་རེད། ངས་ཁྱེད་ལ་ཁ་རྩོད་མི་བྱེད། སྐྱག་པ་ལ་ལག་པ་འཆང་ན་དྲི་ངན་ལས་དྲི་བཟང་གི་རེ་བ་མེད། མཆན་འདི་འདིར་མ་བྲིས་དཀའ་མེད་ཆགས་སོང༌། རྩོམ་སྒྲིགས་ལགས་མཐོལ་ལོ་བཤགས་སོ།

  36. གཅན་ཡེ་རྒྱམ་ says:
    2013-03-05 at 4:58 pm

    ཁྱེད་ཀྱི་མཛད་རྗེས་དང་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཡོད། ཚེ་རིང་ལོ་བརྒྱ་ལོན་པར་ཤོག །

  37. དེ་ཕོ། says:
    2013-03-05 at 9:03 pm

    ལྟེ་ཁྲག་སྡེ་དགེའི་ཡུལ་དུ་འཕོས་མ།།
    རིག་སྟོབས་དབུས་ཀྱི་ཕྱོགས་ནས་རྫོགས་མ།།
    རྩོམ་རིག་རྒྱ་ཡི་ཡུལ་ནས་སྤེལ་མ།།
    སྙན་གྲགས་འཛམ་བུ་གླིང་དུ་ཁྱབ་མ།།

  38. འཇིགས་མེད་ཐོས་པ་རང་གྲོལ། says:
    2013-03-05 at 9:25 pm

    རྒྱ་ཡིག་བརྒྱུད་ནས་བོད་དོན་གླེང་མཁན་ཚེ་རིང་འོད་ཟེར་ལགས་སུ་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུ། དེ་ལས་ཀྱང་བོད་རང་གི་སྐད་ཡིག་ཐོག་ཏུ་བོད་དོན་དང་འདྲ་མཉམ་གླེང་མཁན་ཞིག་ལ་དགའ་རྟགས་དེ་འདྲ་རེ་ཐོབ་ན་དེ་ལས་ཀྱང་སྐྱིད་པ་ལ། དཔེར་ན། ཐེའུ་རང་། སྟག་མྱིག ཞོགས་དུང་སོགས་ལྟ་བུ། ཁོ་ཚོ་མང་བོ་ཞིག་ད་དུང་བཙོན་དུ་ལུས་ཡོད་པ་མ་ཡིན་ནམ།

  39. རྒད་པོ། says:
    2013-03-05 at 10:00 pm

    ལྷ་རྒྱལ་ལོ།  ཨ་ལྕེ་འོད་ཟེར། ཨ་ལྕེ་ལྷ་མོ། ཨ་ལྕེ་མྱང་ཚ་གསལ་སྒྲོན། ཨ་ལྕེ་སྟག་ལྷ་མོ། ད་དུང་སྙེ་མོའི་ཨ་ལྕེ་འཕྲིན་ལས། 

    ཁྱེད་རྣམ་པའི་པང་ཁར་འདས་མ་ད་གསུམ་གྱི་དཔའ་བོ་དང་དཔའ་མོ་མི་ཉུང་བ་ཞིག་གཟིམ་མྱོང་ལ། ཁྱེད་རྣམ་པའི་མིག་འོག་ནས། བོད་ཀྱི་དཔའ་བོ་དཔའ་མོ་རུ་ཞིག་གིས་མི་རིགས་འདིའི་མདུན་ལམ་བསུས་མྱོང་།

    ཁྱེད་རྣམ་པའི་སྙིང་སྟོབས་ཀྱི་མེ་ལྕེས། ཁ་བ་ཅན་གྱི་གྲང་ངར་ན་ཟུག་སེལ་བར་བྱེད་ལ། ཁྱེད་རྣམ་པའི་འཇམ་མཉེན་གྱི་ཕྱག་ཟུང་གིས།  ངེད་ཚོའི་སྐྱོ་བའི་མིག་ཆུ་ཕྱིད་པར་དགའ་མ་སྐྱོ་གསུམ་འཕེལ།

    ཁྱེད་མེད་ན་དཔའ་བོ་དཔའ་མོའི་ལོ་རྒྱུས་མེད་ལ། ཁྱེད་ཀྱི་དཔའ་ངར་ལྡན་པའི་སྣེ་ཁྲིད་མེད་ན། དཔའ་བོ་དཔའ་མོའི་ངར་ཤུགས་ག་ལ་ཡོད།

    བསམ་བཞིན་བསམ་བཞིན་ངོ་མཚར་ཆེ་བའི་དཔའ་མོ་གསོན་པོ་ཞིག་གི་མཛད་རྗེས་མཐོང་དུས། ངུ་མ་སྐད་སྒྲས་ཁྱེད་ཀྱི་མཚན་ནས་འབོད་ཅིང་། ཁྱེད་ཀྱི་ཐུགས་བཞེད་གྲུབ་པའི་སྨོན་ལམ་འདེབས།

  40. ལུང་རྟོགས། says:
    2013-03-05 at 11:42 pm

    རྟེན་འབྲེལ་ཞུ།

  41. ངག་དབང says:
    2013-03-06 at 12:19 am

    ༄༄། དྲང་པོའི་ལམ་ནས་ཕེབས་ལ། ་ཞུམ་པ་མེད་པའི་གང་ཅན་པ་ལ་ཞེན་པ་དཀར་མོའི་མཛེས་པ།
    གང་ཅན་པ་ཡི་དཔའ་མོ། གང་ཅན་པ་ཡི་ལྷ་མོ། རྒྱ་དམར་གྱི་རྫུན་ཕུག་གཏོར་བའི་བདེན་དཔང།
    གང་ཅན་པ་ཡི་མུན་པ་སེལ་བྱེད། བཀྲ་ཤེས་བདེ་ལེགས་འབུམ་ཕྲག་དང་ཞུ།

  42. ངག་དབང says:
    2013-03-06 at 12:42 am

    ༄། ཨོ་རྒྱན་་ལགས་ ཁྱེད་ཀྱིས་པེ་ཅིན་ལ་འདུག་ཀྱང་བོད་དོནབཤད་ཆོག་པ་ཟེར་བ་དེ་ལ་ཁ་གསལ་དུ་གཏང་རོག

  43. ངག་དབང says:
    2013-03-06 at 1:12 am

    ༄། འོད་ལགས་རྗེ་བཙུན་སྒྲོལ་མས་དུས་ཀུན་ཏུ་སྐྱོང་བར་ཤོག་ ༼ ཨ྄ོཾ་ཏྭ་རེ་ཏུཏྟཱ་རེ་ཏུ་རེ་སྭཧཱ།༽

  44. ཕུག་རོན། says:
    2013-03-06 at 4:38 am

    བོད་ཀྱི་བུད་མེད་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་ལཊ་སུ་ཨ་རིའི་གཟེངས་རྟགས་ཐོབ་པར་སྙིང་ཐག་པ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེཊ་ཞུ། ད་དུང་བོད་དོན་ཆེད་མུ་མཐུད་ནས་སྐུ་ལས་བསྐྱོན་རོཊ།

  45. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-06 at 6:21 am

    ཁྱེད་ཀྱིས་པེ་ཅིན་ལ་འདུག་ཀྱང་བོད་དོནབཤད་ཆོག་པ་ཟེར་བ་དེ་ལ་ཁ་གསལ་དུ་གཏང་རོག
    ་
    ངའི་བསམ་པར་དེ་ལྟར་བཤད་ཆོག་པའི་དབང་ཆ་ཡོད་པ་དེ། ཛམ་གླིང་གི་མི་རིགས་ཐོབ་སྟངས་དགོས་པར་རྩོད་པའི་ཚོགས་པའི་ཤུགས་ཀྱིས་འབྱུང་།

  46. གསེར་འབྲུག་སྡེར་ལྔ་ says:
    2013-03-06 at 8:37 am

    ངག་དབང་ལགས།
    ཁོང་པེ་ཅིང་དུ་བཞུགས་ཀྱང་བོད་དོན་གླེང་ཆོག་པ་དེ། ཁོ་མོས་རྒྱ་རིགས་བློ་མཐུན་ཝང་ལིང་ཞུང་གི་མདུན་མ་གནང་བ་དེ་མིན་དྲོ། བྱས་ཙང་ཁོང་རྒྱ་རིགས་གནང་ཚར་བ་ཡིན་ཙང་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་མེད་པ་དེས་མིན་དྲོ། གལ་ཏེ་ཁོང་བོད་ནང་བཞུགས་ཏེས་བོད་རིགས་གཅིག་གི་མདུན་མ་གནང་བ་ཡིན་ན་ཞལ་བཙུམས་ནས་བཞུགས་རྒྱུ་མ་གཏོག་ཕལ་ཆེར་ཐར་ལམ་དེ་མེད་ཚོད་རེད། འོན་ཀྱང་སྒེར་གྱི་དོགས་གཞིའི་བསམ་ཚུལ་ཙམ་ཡིན། དེས་ན་ཁོ་མོ་པེ་ཅིང་ལ་བཞུགས་ཡོད་ཀྱང་བོད་བོད་མི་རིགས་ལ་བཅངས་པའི་བརྩེ་གདུང་ལ་རྗེས་སུ་ཡིད་རངས་དང་དགའ་བསུ་ཡོད།

  47. འཇམ་གཅེས says:
    2013-03-06 at 9:52 am

    གསེར་འབྲུག་གིས་མྱི་སྐད་གཅིག་རང་བཤད་ཐལ་་་་་་་་་་་་་་་་་་་་་་་་་་་

  48. ཨ་རོགས་ཁམས་ཕྲུག says:
    2013-03-06 at 10:52 am

    བོད་ཀྱི་མཛངས་མའི་རྒྱལ་མོ་ཨ་ཅེ་ཚེ་རིང་འོད་ཟེར་ལགས་སྐུ་ཁམས་བཟང་ཁྱེད་ཀྱི་ཤེས་འཇོན་སྤོབས་གསུམ་གྱི་ནུས་པས་བོད་འདི་པ་ཚང་གི་བུད་མེད་ཀྱིས་བོད་པ་ཚང་གི་ཕོ་རྒོད་ཚོའི་རྐང་རྗེས་ལས་བརྒལ་ནས་འཛམ་གླིང་ཡོངས་རྩེར་ཐོན་སོང་།

  49. དགའ་སྐྱིད་ says:
    2013-03-06 at 7:45 pm

    བཀྲ་ཤིས་བེད་ལེགས་ཚེ་རིང་འོད་ཟེར་ལགས། ཁྱེད་ནི་འཛམ་གླིང་ནང་གི་དྲང་ཤོག་མི་དེར་རེད་། ཚེ་རིང་འོད་ཟེར་ལགས་ཀྱི་པ་ལགས་རྒྱ་མི་མཐོག་མ་བོད་ནང་ཡོང་མཁན་དང་པར་པ་རེད་། ཨ་མ་ལགས་ཙང་གཞི་ག་རྩེ་ནས་བོད་པ་རེད། ཁོང་གི་སྐུ་ཟླ་ཝང་ལིང་ཞུང་རེད་། གནས་ཚུལ་ཆ་ཚང་མཁྱེན་འདོད་ན་ཁོང་གི་འབྲི་བས་གསེར་རྗེས་ཟེབ་བའི་དེབ་ཨ་ཤེ་ཡའི་རླུང་འཕྲིན་ཁང་གི་ལས་བྱེད་སྒྲོལ་དཀར་ལགས་ཀྱི་བོད་ཡིག་རྒྱུར་ཡོད་དེར་ལ་གཟིགས། ཚེ་རིང་འོད་ཟེར་ལགས་ནས་གནས་ཚུལ་ཤེས་པ་དྲང་པོ་འབྲི་གནང་ཡོད། ཁོང་བུད་མེད་འཁྲམ་པ་ཞིག་མེན་པ་ཙོམ་པ་པོ་དྲང་པོ་རེད་རྗེ་སུ࿒ཡིད་རངས་ཡོད།།།

  50. སྐལ་བཟང says:
    2013-03-07 at 11:50 am

    ཁ་བརྡ་སང་རྩོམ་སྒྲིགས་ཚོ་ཆུང་གིས་ཁ་བརྡ་རང་གིས་འདོད་པ་མ་ཏོག་
    དངོས་སུ་སྤྱི་ཚོགས་ལ་ཕན་པའི་བྱ་བ་མི་བྱེད་པ་ཐག་ཅད་རེད་མ་ཚད་
    ང་ཚོས་མཆན་བཀོད་པ་ལ་ཁྱེད་རང་ཚོས་འདོད་མོས་མ་བྱུང་ན་ནག་སྲིད་གཏང་གི་
    འདུག་དེ་འདྲ་བྱེད་ན་ང་ཚོས་མཆན་བཀོད་མ་བཀོད་ཡོད་མ་རེད་
    ཁ་བརྡ་རྩོམ་སྒྲིགས་པའི་ཟང་གདོང་རིན་པོ་ཆེ་ལ་མི་ངན་ཁ་ཤས་ཀྱིས་སྐུ་འདེགས་
    བྱེད་པ་རྣམས་ཁ་བརྡ་ནང་གསར་པོ་བཀོད་འདུག
    དེ་འདྲ་བྱེད་ན་ཁ་བརྡ་ལ་སུ་གང་གིས་ཡིད་ཆོས་མེད་པ་ཆགས་གི་རེད་ངས་ཁ་སྔོན་མཆན་ཁ་ཤས་བཀོད་ཡོད་
    ཆུ་ཚད་ཅིག་གིས་རྗེས་སུ་ནག་སྲིད་གཏང་ཚར་འདུག
    དེ་འདྲ་ཡིན་ཁ་བརྡ་གང་འདྲ་བྱེད་དགོས་རེད། ང་ཚ་མེད་པ་ལས་ཀ་མ་བྱེད་རོགས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme