Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་པ་པོ་བློ་མིག་ལ་ལོ་༧དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག

Posted on 2016-05-092016-05-09 By ཁ་བརྡ 1 Comment on རྩོམ་པ་པོ་བློ་མིག་ལ་ལོ་༧དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག

མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།

 
ཕྱི་ལོ་༢༠༡༦ ཟླ་༥ ཚེས་༩ ཉིན་སི་ཁྲོན་ཝིན་ཁྲན་མི་དམངས་ཁྲིམས་ཁང་ཟེར་བ་ནས་རྩོམ་པ་པོ་བློ་མིག་ལ་ལོ་ངོ་བདུན་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་བྱུང་འདུག ཕྱི་ལོ་༢༠༡༥ ཟླ་༤ ཚེས་༡༧ ཉིན་ཁོང་འཛིན་བཟུང་བཙོན་འཇུག་བྱས་ཏེ་ཝིན་ཁྲན་ལྟ་སྲུང་ཁང་ཟེར་བ་སོགས་ནས་ལོ་ངོ་༡དང་ཟླ་གཅིག་ལྷག་ལ་གཅར་རྡུང་མནར་གཅོད་ཀྱི་ཁྲོད་ནས་བཀག་ཉར་བཙོན་འཇུག་བྱས་ཡོད་འདུག དེ་རིང་གཞི་ནས་ཁོང་གི་ནང་མི་ཁ་ཤས་སི་ཁྲོན་ཝིན་ཁྲན་མི་དམངས་ཁྲིམས་ཁང་ཟེར་བ་ནས་ཆུ་ཚོད་ཕྱེད་ཀའི་རིང་ཐུག་བཅུག་ཡོད་འདུག

སྐབས་དེར་ཁོང་གིས་ནང་མི་ལ་བཤད་རྒྱུར་ཁོ་ཚོས་ང་ལ་༢༠༠༩ ནས་བཟུང་སྟེ་༢༠༡༥ བར་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་མཁན་དང་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ནག་ཉེས་བཙན་འཁེལ་བྱས་རུང་ཁས་ལེན་རྩ་བ་ནས་བྱས་མྱོང་མེད་ཅེས་བརྗོད་འདུག
ཁྲིམས་ཐག་ག་དུས་བཅད་མིན་ནང་མིར་ཁྲིམས་ཁང་གི་ངོས་ནས་གསལ་བཤད་གང་ཡང་མ་བྱས་པ་མ་ཟད། ཁྲིམས་ཐག་གཅོད་དུས་ནང་མི་ལ་བརྡ་ལན་ཙམ་ཡང་བྱས་མི་འདུག གཞན་ཡང་ཁྲིམས་རྩོད་པ་དང་ནང་མི་ཉེ་འབྲེལ་སོགས་ཁྲིམས་རྭར་སུ་གང་ཡོང་བཅུག་མེད་འདུག

unnamed-6དངོས་མིང་ལ་ཇོ་བློ་བཟང་འཇམ་དབྱངས་དང་ཡོངས་གྲགས་སམ་སྨྱུག་མིང་ལ་བློ་མིག་ཏུ་འབོད་པ་ཁོང་ནི། རང་ལོ་ཉེར་བརྒྱད་ཡིན་ཞིང་རྩོམ་པ་པོ་ཁོང་ནི་ཨ་མདོ་རྔ་བ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཇོ་ཚང་གི་ཡིན་ཞིང་ཕ་མིང་ལ་རྡོར་ཁོ་དང་མ་མིང་ལ་འཛམ་དཀར་ཟེར་གྱི་ཡོད་འདུག ལོ་དྲུག་གི་སྟེང་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། ཀིརྟིའི་ནང་བསྟན་གཞོན་ནུའི་སློབ་གྲྭར་ཞུགས་ཏེ་སློབ་སྦྱོང་རྒྱུན་སྐྱོང་བྱེད་བཞིན་པའི་སྐབས་སུ་རྒྱ་གཞུང་གིས་གྲྭ་ཕྲུག་བདུན་བརྒྱ་ལྷག་ཡོད་པའི་ནང་བསྟན་གཞོན་ནུའི་སློབ་གྲྭའི་སྒོ་བཙན་ཤུགས་ཀྱིས་སྒོ་བརྒྱབས་རྗེས། རྔ་བ་ཀིརྟི་དགོན་པའི་གཙོས་བྱས་ཏེ་བྲག་འགོ་དགོན་དང་རེབ་སྐོང་། བླ་རུང་སྒར་སོགས་ནས་ནང་ཆོས་དང་རྩོམ་རིག་སོགས་ལ་སློབ་སྦྱོང་གནད་སྨིན་བྱས་ཤིང་། ད་སྐབས་རྔ་བ་ཀིརྟི་དགོན་པའི་ཕར་ཕྱིན་འཛིན་གྲྭ་ཡིན་འདུག ཕྱི་ལོ་ ༢༠༡༠ ལོར་༼ན་བུན་སེར་པོའི་འཕྱུར་སྟངས།༽ཟེར་བའི་དེབ་ཅིག་བརྩམས་ནས་ཟི་ལིང་ནས་དཔར་བསྐྲུན་བྱས་འདུག

unnamed-7དེ་མིན་བོད་ནང་གི་མཆོད་མེ་དྲ་བ་དང་སེང་རྡོར་དྲ་བ། མཚོ་སྔོན་པོ་ཟིན་བྲིས་སོགས་སུ་ཆེད་རྩོམ་མང་པོ་སྤེལ་མྱོང་མཁན་ཞིག་ཡིན་འདུག ལྷག་པར་ཉེ་ཆར་ཁོང་གིས་༼ལྕགས་སྒྲོག་གིས་བཀྱིགས་པའི་གཏམ་རྒྱུད།༽ ༼རྔ་བའི་ཡི་གེ་བ་དག་ལ་མཚོན་གྱིས་བསྣུན་གྱིན་ཡོད།༽ ༼ང་མ་ཤི་བར་དུ་ལྟ་ཚུལ་བཤད་ཁོ་ཐག་ཡིན།༽ ཟེར་བ་སོགས་ཀྱི་རྩོམ་ཡིག་མང་པོ་ཞིག་སྤེལ་འདུག དམིགས་བསལ་བོད་ནང་གི་རྩོམ་པ་པོ་སྒོ་ཤེར་དང་སེང་རྡོར། དགུ་རུང་སྤུན་གྲོལ་དང་ཞོགས་ལྗང་སོགས་དང་ལྷན་དུ་༼ཟི་ལིང་གཟའ་ཉི་མའི་ཁ་བརྡ་༽སོགས་ཀྱིས་མཚོན་པའི་མཚོ་སྔོན་དགེ་འོས་སློབ་ཆེན་སོགས་ནས་བགྲོ་གླེང་མང་པོ་བྱས་མྱོང་ཡོད་འདུག མ་ཟད་ཐོག་དང་པོར་རྔ་བ་རང་ནས་ཀྱང་༼རང་གྲོལ་བསྐྱར་ཞིབ་༽དང་༼གཟའ་ཉི་མའི་ཁ་བརྡ།༽ཟེར་བའི་བགྲོ་གླེང་གསར་འཛུགས་བྱས་ཏེ་གཞོན་སྐྱེས་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་འདུག གཞན་རྨེའུ་རུ་མ་ནས་ཀྱང་༼སྨྲ་བརྗོད་མེད་པའི་འུ་ཅག་༽ཟེར་བའི་དམངས་ཚོགས་དང་མཉམ་དུ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་བཅས།

རྨེའུ་དཀོན་རྒྱམ་གྱིས། འབྲེལ་གཏུགས་ཁ་པར་ཨང་གྲངས། 0061 0403649808

གསར་འགྱུར།

Post navigation

Previous Post: མུ་མཐུད༸གོང་ས་མཆོག་དང་དམངས་ལ་མགོ་སྐོར་བའི་འཁྲབ་སྟོན།
Next Post: བོད་ཀྱི་མང་གཙོའི་ཐོག་བསམ་ཚུལ་ཐར་ཐོར།

Comment (1) on “རྩོམ་པ་པོ་བློ་མིག་ལ་ལོ་༧དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག”

  1. ཨ་འབར་འཇིགས་དབང་། says:
    2016-05-10 at 1:03 am

    ༅༅། རྒྱ་མཚོ་བཏུང་ཡང་མ་ངོམས་། རི་བོ་ཟས་ཀྱང་མ་རྒྱག་པ། རྒྱ་དམར་པོ་ཆོས་མེད་ཀླ་ཀློ་དེ་ཚོའི་ང་ཚོ་གངས་ཅན་པ་ཚོར་གཉའ་གཉོན་ཤ་སྟག་བཏང་པ་ཅི་ཡིན་ནམ།
    སྐྱག་རྫུན་བདེན་མིན་རིང་ལུགས་པ་ཚོ་འཛམ་གླིང་མི་མང་ལ་ངོ་ཚ་རྒྱུ་ཅི་ཡང་མི་འདུག།
    ང་ཚོའི་ལྷ་སྲུང་དང། སྐྱེས་ལྷ། ཡུལ་ལྷ་རྣམས་ནས་ཕྲན་བུ་ཙམ་ཡང་སྐྱོབས་ཐུབ་ཀྱི་མེད་པ་ཅི་ཡིན་ནམ།
    བློ་མིག་ལ་ཉེས་མེད་ཉེས་འཛུགས་ཀྱི་བཙོན་ལ་བཅུག་པར་སེམས་གཏིང་ནས་སྡུག།
    ལྷ་ཡོད་ན་གཟིགས།་དགོས། སྐྱེས་ལྷ་། སྲུང་མ་ཡོད་ན་གཟིགས་དགོས། ད་ཡིབ་ནས་མ་བཞུགས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme