Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་པ་པོ་ཐེའུ་རང་ལ་ཁྲིམས་ཞིབ་འདྲི་གཅོད་བྱས་ཡོད་ཀྱང་བཅད་ཁྲ་ཁྱབ་བསྒྲགས་བྱས་མེད།

Posted on 2010-12-082010-12-08 By ཁ་བརྡ་ 2 Comments on རྩོམ་པ་པོ་ཐེའུ་རང་ལ་ཁྲིམས་ཞིབ་འདྲི་གཅོད་བྱས་ཡོད་ཀྱང་བཅད་ཁྲ་ཁྱབ་བསྒྲགས་བྱས་མེད།

thumbaspx
རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ཟླ་བ་བདུན་ཙམ་རིང་ག་ཡོད་གསལ་ཆ་མེད་པའི་གཞོན་སྐྱེས་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ལགས་ཉེ་སྔོན་རྔ་བ་ཁུལ་ཡོད་སའི་འབར་ཁམས་ལྟ་སྲུང་ཁང་ནང་བཅུག་ཡོད་པ་ཤེས་རྟོགས་དང་། ནང་མིར་ཐེངས་ཁ་ཤས་ལ་གོན་པ་དང་ཟ་མ་སྐྱེལ་དུ་བཅུག་ཡོད་ཀྱང་། ནང་མི་དང་དངོས་སུ་ཐུག་འཕྲད་བྱེད་དུ་བཅུག་མེད་ལ། གནས་ཚུལ་ཡོངས་ཁུངས་ནས་མི་འགྱངས་བར་རྔ་བ་ཁུལ་ཁྲིམས་ཁང་གིས་ཁྲིམས་ཞིབ་འདྲི་གཅོད་བྱེད་རྒྱུའི་སྐད་ཆ་ཞིག་ཐོས་པ་ལྟར་། སྤྱི་ཟླ་༡༢པའི་ཚེས་༢ཉིན་རྔ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཀྲ་ཤིས་རབ་བརྟན་ལགས་སུ་མངོན་གསལ་མ་ཡིན་པའི་ཁྲིམས་ཞིབ་འདྲི་གཅོད་བྱས་ཡོད་ཀྱང་བཅད་ཁྲ་ཁྱབ་བསྒྲགས་བྱས་མེད་པ་རེད།
ཉེ་ཆར་ཁུངས་ལྡན་གནས་ཚུལ་ཡོང་ཁུངས་ནས་ཨེ་ཤེ་ཡཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བ་ལྟར་ན། སྤྱི་ཟླ་བཅུ་གཉིས་པའི་ཚེས་༡ཉིན་གྱི་དགོང་མོ་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ལགས་ཀྱི་ནང་མིར་ཁ་པར་འབྱོར་ཏེ་ཁོང་ལ་ཚེས་༢ཉིན་ཁྲིམས་ཞིབ་འདྲི་གཅོད་བྱེད་རྒྱུའི་བརྡ་བརྒྱབ་ཡོད་པ་དང་། དགུང་མོ་དེར་ཁོང་གི་ནང་མི་ཚོས་རླངས་འཁོར་ཆུང་བ་ཞིག་གླས་ནས་རྔ་བ་ཁུལ་ཡོད་སའི་འབར་ཁམས་སུ་བསྐྱོད་ཡོད་ལ། སྤྱི་ཟླ་༡༢པའི་ཚེས་༢ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་བ་ཙམ་ལ་བཀྲ་ཤིས་རབ་བརྟན་༼ཐེའུ་རང་༽ལགས་སུ་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མངོན་གསལ་མ་ཡིན་པའི་ཁྲིམས་ཞིབ་འདྲི་གཅོད་བྱས་ཡོད་པ་དང་། སྐབས་དེར་བཀྲ་ཤིས་རབ་བརྟན་ལགས་ཀྱི་ཨ་མ་དང་ཕུ་བོ་།ཕ་གཡར་བཅས་ལ་ཟུར་ཉན་བྱེད་དུ་བཅུག་ཡོད་ལ། ཁྲིམས་ཞིབ་འདྲི་གཅོད་དུས་ཚོད་གཅིག་ཙམ་རིང་ལ་བྱས་ཡོད་པ་དང་། བཀྲ་ཤིས་རབ་བརྟན་ལགས་སུ་ཁྲིམས་རྩོད་པ་མེད་པར་ཁོང་གིས་རྒྱ་སྐད་ནང་རང་ཉིད་ལ་དག་འབུད་བཤེར་རྩོད་བྱེད་བཞིན་ཡོད་པ་དང་། དྲི་བ་ཚང་མ་ཤར་དུང་རི་དུས་དེབ་དང་ཁྲག་ཡིག་དཔེ་དེབ་ཀྱི་སྐོར་ལ་འདྲི་གི་ཡོད་པ་གནས་ཚུལ་ཡོངས་ནས་བརྗོད་པ་ཙམ་ལས་ཉེས་པ་ཅི་ཞིག་འཛུགས་ཀྱི་ཡོད་མེད་སོགས་གསལ་ཁ་མེད། ཁྲིམས་ཞིབ་གཅོད་བྱས་ཚར་རྗེས་སུ་བཅད་ཁྲ་ཁྱབ་བསྒྲགས་བྱས་མེད་པ་དང་། ག་དུས་བཅད་ཁྲ་གསལ་བསྒྲགས་བྱེད་རྒྱུའི་སྐོར་ལའང་ཞིབ་ཕྲ་འགྲེལ་བརྗོད་བྱས་མེད།བཀྲ་ཤིས་རབ་བརྟན་ལགས་དང་ཁོང་གི་ནང་མི་གསུམ་པོར་སྐར་མ་ལྔ་དྲུག་ཅིག་ལ་ཤེལ་སྒོའི་བར་བཀག་པའི་ཕར་ཚུར་ནས་ཁ་བརྡ་ཅུང་བྱེད་དུ་བཅུག་ཡོད་ལ། བཀྲ་ཤིས་རབ་བརྟན་ལགས་ཀྱིས་ཨ་མར་ཁོང་གི་གཟུགས་གཞི་བདེ་པོ་ཡིན་པས་སེམས་ཁྲལ་བྱེད་མི་དགོས་ཞེས་པ་ལས་གཞན་གང་ཡང་གསུང་མ་སོང་ལ། ཕར་མིག་གིས་ལྟ་དུས་ཁོང་གི་གཟུགས་པོ་བདེ་ཐང་འདྲ་བོ་མཐོང་གི་འདུག དེ་མ་གཏོགས་གནས་ཚུལ་ཞིབ་ཕྲ་གང་ཡང་མེད་གསལ་ཁ་མི་འདུག་ཟེར།
བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ་ཐེའུ་རང་ལགས་ནི་ལན་གྲུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་ཡིན་པ་དང་། ད་ལོའི་སྤྱི་ཟླ་༤པའི་ཚེས་༦ཉིན་ཁོང་དང་འཛིན་གྲྭ་གཅིག་པའི་སློབ་གྲོགས་སྟེ།གཞོན་སྐྱེས་རྩོམ་པ་པོ་ཞོགས་ལྗང་གཉིས་རྒྱ་ནག་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་ཡོད་ལ། ཟླ་བ་ཁ་ཤས་རྗེས་སུ་ཞོགས་ལྗང་ལགས་གློད་གྲོལ་བཏང་ཡོད་ཀྱང་། བཀྲ་ཤིས་རབ་བརྟན་ལགས་ད་བར་གར་སོང་ཆ་མེད་གྱུར་ཡོད་།སྤྱི་ལོ་༢༠༠༩ལོའི་སློབ་གྲྭའི་དབྱར་གནང་སྐབས་དང་བསྟུན་ནས་ཡང་ཁོང་སུ་ཁྲོན་ཞིང་ཆེན་བདེ་འཇགས་མི་སྣས་དུས་ཐུང་རིང་བཙོན་འཇུག་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་པ་དང་། སྐབས་དེར་གནས་ཚུལ་ནང་ཁོང་གིས་སྤྱི་ལོ་༢༠༠༨ལོའི་བོད་ཆོལ་ཁ་གསུམ་གྱི་བོད་མིའི་ཞི་བའི་ངོ་རྒོལ་སྐོར་བྲིས་པའི་ཤར་དུང་རི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་ཁོང་གིས་བརྩམས་པའི་ཁྲག་ཡིག་དཔེ་དེབ་དང་འབྲེལ་བ་ཡོད་པར་བརྗོད།
(ཁུངས། གཡུ་ཞུན་དྲ་བ།)

གསར་འགྱུར།

Post navigation

Previous Post: དགུ་བརྒྱའི་དུས་དྲན་དབུ་འབྱེད་མཛད་སྒོ་དབུ་འཛུགས།
Next Post: མི་གླེང་མཐུ་མེད་ཀྱི་དོན་གནད་གཉིས།

Comments (2) on “རྩོམ་པ་པོ་ཐེའུ་རང་ལ་ཁྲིམས་ཞིབ་འདྲི་གཅོད་བྱས་ཡོད་ཀྱང་བཅད་ཁྲ་ཁྱབ་བསྒྲགས་བྱས་མེད།”

  1. མི་ནག་མདུང་ཐུང་། says:
    2010-12-08 at 1:57 pm

    དྲ་ཚིགས་འདིའི་བདག་གཉེར་བ་རྣམ་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གང་ལ་ཟེར་ན། གནས་ཚུལ་དང་གསར་འགྱུར་གལ་ཆེན་མང་པོ་ཞིག་ང་ཚོར་མཁོ་འགྲེམས་གནང་སོང་།

  2. ཤ་ཀླན་བུ says:
    2010-12-09 at 4:46 am

    ཁྱེད་ཚོར་བདེ་མོ་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme