Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་གྲོགས་ཡིན་ཟེར་མཁན་ཚོའི་ཁྲོད་དུ་ང་རང་ཞེ་ལ་ཐོགས་མཁན་ནི་ཁྱེད་རང་ཡིན།

Posted on 2022-09-232022-09-23 By ཁ་བརྡ No Comments on རྩོམ་གྲོགས་ཡིན་ཟེར་མཁན་ཚོའི་ཁྲོད་དུ་ང་རང་ཞེ་ལ་ཐོགས་མཁན་ནི་ཁྱེད་རང་ཡིན།

འཆི་མེད།

སྙན་ངག་པ་གཅན་མེ་སྟག

—གཅན་མེ་སྟག་ལ།

ང་ལ་སློབ་གྲོགས་དང་དགེ་གྲོགས་རྩོམ་གྲོགས་སོགས་གྲོགས་པོ་ཡིན་ལ་མིན་པ་མང་པོ་ཡོད། དགའ་སྡུག་གང་གི་དུས་སུའང་རླུང་བཞིན་གཡུགས་ཏེ་ཡོང་ནས་རླུང་བཞིན་གཡུགས་ཏེ་ག་ཤེད་ཅིག་ཏུ་བུད་འགྲོ། དེ་ཚོའི་ཁྲོད་དུ་སོ་སོའི་དགོས་མཁོའི་དབང་གིས་ང་ལ་འཛུམ་མདངས་སྟོན་མཁན་མང་ཙམ་ཡིན་ལ། ང་དང་གྱེས་རྗེས་མེད་པ་ལ་ཡོད་པ་དང་ཡོད་པ་ལ་རྭ། རྭ་ཡང་འདོམ་པ་བཅོ་བརྒྱད་དུ་སྨྲ་མཁན་ཉུང་ཉུང་མིན། ང་རང་སྡུག་ལ་ཐུག་དུས་སྡུག་གཏམ་གཉོམ་པོ་གཉོམ་པོ་ཞིག་སེམས་ཀྱི་སྙི་ས་སྙི་ས་ནས་རང་གི་གྲོགས་ཡིན་སྙམ་གྱི་ལག་ཏུ་གཏད་ན། བསེར་བུའི་རྒྱུ་ལམ་ཡིན་པའི་ལག་མཐིལ་དེ་ནས་ལ་དང་ལུང་བ་མེད་པར། ས་སྤུར་གནམ་སྤུར་བྱེད་པའང་མི་སྐྱོན་ཏེ། མི་རང་རང་གི་དགའ་ཕྱོགས་རེད་ལ་གྲོགས་པོ།

    ཡིན་ཡང་ཁྱེད་ནི་དེ་དག་དང་ཡེ་ནས་མི་མཚུངས་ཏེ། འུ་གཉིས་ཕན་ཚུན་ངོ་ཤེས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ངས་ཁྱེད་ཀྱི་བཅོས་འཛུམ་མཐོང་མ་མྱོང་ལ་ཁྱེད་ཀྱིས་ང་ལ་སྐད་ཆ་བཅོས་མ་ཚིག་གཅིག་ཀྱང་བཤད་མ་མྱོང་། དེ་ནི་ཁྱེད་རང་མི་རྫུན་མ་འཁྲབ་པར་མི་མཁས་པས་རེད། 

    ངས་ལུས་ངག་ཡིད་གསུམ་གཏད་སའི་མི་དེས་ང་ལ་ཞེ་ཁྲེལ་དང་རྒྱབ་འགལ་གྱིས་ངེད་མ་བུ་དམར་ཧྲེང་ཧྲེང་སྲང་ལ་དེད་པའི་སྐབས་དེར། ཁྱེད་ཀྱིས་རེ་རྐང་གླིང་དང་ས་དཀྱིལ་ཚེ་བཀྲ་གཉིས་གྲོགས་སུ་ཁྲིད་ནས་ངའི་སར་བསླེབས། སྤྱིར་ན་སྨྲ་བ་མང་པོ་མེད་པའི་ཁྱེད་ལ་ཉིན་དེར་ལྷག་ཏུ་སྐད་ཆ་ཚིག་གཅིག་མེད་པར་ཐ་མག་འཕྲོ་རིམ་འཕྲོར་བརྔུབ་ཅི་ཐུབ་བྱས་པའི་རྗེས་སུ་དངན་པ་རིང་བོ་ཞིག་དང་མཉམ་དུ། སྐྱོན་ཡོད་ནི་མ་རེད། ངས་བསམས་ན་ཁྱོད་ལ་འཚམ་པ་ནི་ཁྱོད་ལ་ལྷག་པའི་འཚོ་བ་འདི་རེད། ཁྱོད་ཀྱིས་རང་ལ་དབང་བའི་འཚོ་བ་ཞིག་རོལ་ན་འགྲིག་ཟེར་བཞིན་གློ་བུར་ཡར་ལངས་ཏེ་གཡས་ལག་གིས་ངའི་ཕྲག་པར་ལྗིད་ཙམ་བརྡབས་རྗེས་ཚིག་གཅིག་མེད་པར་ཕྱིར་འཁོར་ཙམ་ཡང་མི་བྱེད་པར་ཤར་སེ་སོང་། ཁྱེད་རང་དེ་ལྟར་སོང་ནའང་ཁྱེད་ཀྱིས་ང་ལ་ཅི་བཤད་འདོད་ཡོད་པ་ངས་ཤེས་ཐུབ་ཅིང་། ངས་ཁྱེད་ལ་ཅི་བཤད་འདོད་པ་གང་ཡང་ཁྱེད་ཀྱིས་རྟོགས་ཡོད་པར་ངས་ཡིད་ཆེས་བྱས་ཡོད།

 ངའི་སྙིང་གི་རིལ་བུ་ལག་ནས་ཤོར་བའི་དགུན་གཞུང་གི་མཚན་མོ་ཞིག་ལ་ཁྱེད་ཀྱིས་ཡང་བསྐྱར་རེ་རྐང་གླིང་དང་ས་དཀྱིལ་ཚེ་བཀྲ་གཉིས་ཁྲིད་དེ་ངའི་སར་བསླེབས་བྱུང་ལ། ཁྱེད་ཀྱི་ལྭ་བ་ལས་ངས་ཁྱེད་རང་མགོ་ལོག་ནས་ཡོང་བ་ཤེས་ཐུབ། སྐབས་དེར་ཁྱེད་ཀྱིས་ཡང་དང་ཡང་དུ་ཆང་འཐུངས། རྐང་གླིང་ཚེ་བཀྲ་གཉིས་ཀྱིས་ཡང་དང་ཡང་དུ་ཇ་འཐུངས། ང་ཚོར་ཁ་བརྡ་ཚིག་གཅིག་མེད་པར་ཡུན་རིང་འགོར། ཁྱེད་ཚོ་སོང་ཤུལ་དུ་ང་རང་གཅིག་པུ་མུན་པའི་ནང་དུ་ཡིད་ཚིམས་པ་ཞིག་ངུས།

    དེ་ནས་ལོ་བརྒྱད་ཙམ་འགོར་རྗེས་ཉིན་ཞིག་གི་ཕྱི་དྲོར་གློ་བུར་ཁྱེད་ཀྱི་ཁ་པར་འབྱོར་བ་དང་ཚིག་ལ་མགོ་རྔ་མེད་པར་ཁྱོད་ཀྱིས་ཅི་ཞིག་ལ་སྙན་ངག་འདི་འདྲ་ཞིག་བྲིས་པ་ཡིན་ཟེར་བཞིན་ལོ་ངོ་སྟོང་གི་རེ་སྒུག་ལས་ཚིག་འགའ་བཏོན་ཅིང་། ཁ་པར་གྱི་སྣེ་གཅིག་ནས་ཁྱེད་ཀྱི་མགྲིན་པ་བརྣངས། ཁ་པར་གྱི་སྣེ་གཅིག་ནས་ང་རང་མཆི་མ་ཐོར། རྗེས་ལ་ཁྱེད་ཀྱིས་ད་ནས་སྙན་ངག་བྲིས་མི་ཆོག་་་ ་་་ངས་ཁྱེད་ལ་ཚིག་རྗེས་མ་བཤད་ལོང་མ་སྤྲད་པར་ཁ་པར་གཏན།

        ཁྱེད་རང་རེབ་གོང་དུ་ཡོང་ཐེངས་རེར་ང་ལ་ཁ་པར་རེ་གཏང་རྒྱུ་བརྗེད་མྱོང་མེད་ནའང་ལོ་དེ་ནས་འུ་གཉིས་དངོས་སུ་ཐེངས་གཅིག་ཀྱང་ཐུག་མ་ཐུབ།

         དུས་ཚོད་ཡོད་ཚད་དོན་སྙིང་ཡོད་མེད་ཀྱི་བྲེལ་ཟིང་བར་ནས་བཞུར། མི་ཚེ་ཧྲིལ་བོ་དེ་ལྟར་བཞུར།

         ཡིན་ནའང་ཁྱེད་རང་རེབ་གོང་དུ་ཡོང་ཐེངས་རེ་རེར་ང་རང་ཡིད་ལ་རེ་རེ་འཁོར་ཡོད་པ་ངས་ཤེས་ཡོད།

      རེད་དེ། ན་ནིང་ད་ཚོད་ཅིག་ལ་ཁྱེད་ཀྱིས་ང་ལ་ཁ་པར་བཏང་སྟེ་རང་ཉིད་བདེ་ཐང་མིན་རབས་ཟུར་ཙམ་གླེང་། ངས་ཁྱེད་ལ་ཆང་ཞེས་ཚིག་མགོ་གླེང་མ་ཐག་ཁྱེད་ཀྱིས་ཁ་པར་གཏན་སོང་། རྗེས་ལ་ངའི་སྐད་འཕྲིན་ཡང་བསུབ་འདུག

       ཉིན་ཤས་རྗེས་སུ་ཁྱེད་ཀྱིས་ང་ལ་ཡང་བསྐྱར་ཁ་པར་བཏང་བྱུང་། ངས་ངར་ངར་གྱིས་ཁྱེད་ཀྱིས་ངའི་སྐད་འཕྲིན་བསུབ་དོན་ཅི་ཡིན། ད་ནས་བཟུང་ང་ལ་ཁ་པར་གཏང་མི་དགོས་ཞེས་འཛིང་ཁུལ་གྱི་མགོ་བརྩམས་པ་ན་ཁྱེད་ཀྱིས། ཧ་ཧ། ངའི་སྐད་འཕྲིན་བསུབ་དོན་ཅི་ཡིན་མ་ཟེར། ངའི་སྐད་འཕྲིན་ཐེངས་དུ་ལ་བསུབ་ཅེས་ཤོད་དང་ཞེས་དགོད་ཀྱིན་འདུག་ལ་ང་ཡང་བགད། འཛུམ་འཁོར་བའི་མིག་ཟུང་ཡིད་ལ་དྲན།

      ད་ལོའི་དཔྱིད་ཀའི་ཉིན་ཞིག་ཁྱེད་ཀྱིས་ང་ལ་ཁ་པར་བཏང་ནས་དོན་དག་ཅིག་བཅོལ། ལས་ཀ་དེའི་ངོས་ནས་ངས་ཁྱེད་ལ་རོགས་དན་མ་ཐུབ་པས་རྫུན་ཞིག་བཤད། ཁྱེད་ཀྱིས་ཀྱང་ངའི་རྫུན་རྐུབ་མི་བརྟོལ་བའི་ཆེད་དུ་ངའི་རྫུན་དང་འཚམ་པའི་རྫུན་ཞིག་བཤད།

དོན་གྱིས་ལས་བཅོལ་དེ་ངས་མི་འགྲུབ་པ་ཁྱེད་ལའང་གསལ་བོ་ཡིན། དེ་བས་དངོས་སུ་འཕྲད་དུས་ཤིག་ལ་དོན་དག་དེའི་མགོ་རྔ་ཐམས་ཅད་བཤད་བསམས་ཡོད།

            ཁ་པར་བརྒྱུད་ན་ཆོག་ཀྱང་ཁ་པར་ལས་སྐད་ཆ་མང་པོ་བཤད་པ་དང་མཉན་པའི་སྡུག་བསྲན་འུ་གཉིས་ཀྱི་སུ་ལའང་མེད།

           དེ་ནས་ཉིན་འགའི་རྗེས་སུ་ཁྱེད་ཀྱིས་ཁ་པར་བཏང་ནས། ཨ་རོགས་མྱི་ལྡང་མ། འུ་ཚོ་མྱི་རྐྱང་ཚོས་ཅིག་དཀའ་ཨང་། ཁྱོད་ཀྱིས་ཉིན་བཞིན་ཅི་ཞིག་བྱེད་ཀྱིན་ཡོད་ཟེར། ངས་ལན་དུ། དཀའ་རྒྱུ་ཅི་ཡོད། མི་རྐྱང་ཚོར་གཞན་ལ་མེད་པའི་དཀའ་ཁག་མང་བ་ཤེས་བཞིན་དུ་མི་རྐྱང་གི་འཚོ་བ་བདམས་པ་མ་ཡིན་ནམ། སྙིང་སྟོབས་རིགས་ཤིག་དང་མི་ཚེ་ཧྲིལ་བོར་སྔ་འདང་ཕྱི་འདང་མེད་པར་ལམ་བུ་འདིར་ཞུགས་རྐྱང་ག་ལ་ཡིན།  མི་རྐྱང་གི་འཚོ་བ་འདི་ཡིན་ཡིན་ཞིག་གིས་ག་ལ་འོང་།ལམ་བུ་འདི་བདམས་པ་ནས་བློས་མི་ཐོངས་པ་མང་པོ་ཞིག་བློས་གཏང་དགོས་ལ། མི་འདོད་པ་མང་པོ་ཞིག་དང་དུ་མི་ལེན་རང་ལེན་ཡིན་པ་ཁྱེད་ཀྱིས་མི་ཤེས་ག་ལ་སྲིད་སོགས་རང་ལ་བདེན་ཁ་སྟེར་ཞོར་ལབ་ཡིད་ལ་དྲན་དྲན་ཁ་ནས་ཡོང་ཡོང་ཞིག་བརྒྱབ་པ་ན། ཁྱེད་ཀྱིས་ཀྱང་ངའི་བདེན་ཕྱོགས་བསྐྱོར་ནས་དགའ་ཁ་བྱིན་ནས། རེད་རེད་བདེན་པ་རེད་ཟེར། དེ་ནས་ངས་ཁྱེད་ལ་འུ་ཚོའི་ལོ་ཚོད་འདིར་རེ་དོགས་སོགས་དོར་ཏེ་རང་ལ་གུ་ཡངས་རེ་བྱིན་ན་འགྲིག   ལྷོད་ལྷོད་ངང་སྡོད་རྒྱུ་དེ་གཙོ་བོ་རེད། ནུས་ན་དཔེ་ཀློག་རེ་མ་ནུས་ན་ཉི་མར་ལྡེ། ཇ་རེ་འཐུངས། འཕྲད་འདོད་པའི་མི་དང་འཕྲད། བཤད་འདོད་པའི་སྐད་ཆ་རེ་བཤད། དེ་ལྟར་ཉི་མ་བཏང་ན་འགྲིག་ག་ཟེར་བ་ན། ཁྱེད་ཀྱིས་ངའི་སྐད་ཆར་རེད་རེད་ཡ་ཡ་ཟེར་ཡང་། ཁྱེད་ལ་ངའི་ཚིག་རེ་རེའི་ལྡོག་ཕྱོགས་ན་གནས་ལུགས་རེ་བརྗོད་རྒྱུ་ཡོད་པ་ངས་ཀྱང་ལོས་ཤེས་གྲོགས་པོ། དེ་ནི་ཁ་བརྡའི་གཞུང་ལ་འུ་ཚོ་རྒྱུན་དུ་མགྲིན་པ་བརྣངས་མྱོང་བས་ཡིན། 

         རང་གི་ལུས་པོར་བདག་བྱོས། འུ་གཉིས་ཀྱི་ཁ་བརྡ་བཤད་མཚམས་དེ་ནས་ལུས།

      བུ་ཆུང་ལག་ནས་ཤོར་བའི་ཨ་མ་རྒན་མོས་མཚན་རིང་རེ་རེ་ཇི་ལྟར་སྐྱེལ་གྱིན་ཡོད་དམ། སྤྱི་ཚོགས་ཟེར་བའི་འཐོར་རླུང་དྲག་པོ་འདིའི་ནང་ངེས་པར་ཕ་རྒན་རྒྱབ་རྩ་ནས་ལངས་དགོས་པའི་དོན་དག་རེ་རེར་འཕྲད་ན་བུ་མོས་ཇི་ལྟར་གདོང་གཏད་དགོས་སམ་སོགས་ང་ལ་མ་བབས་པའི་དོན་དག་མང་པོ་མང་པོ་ཞིག་ཡིད་ལ་འཁོར་འོང་།

      དྲ་ལམ་ཁག་ན་ཁྱེད་ཁོ་ན་གླེང་གིན་འདུག ངས་ནི་དངོས་གནས་ཅི་ལབ་དགོས་པའང་མི་ཤེས། ཡིན་ནའང་མི་ཚེ་ནི་མ་གཞི་ནས་ཕངས་སེམས་ཁོ་ནས་མཇུག་བསྡུ་དགོས་པ་ནི་སྤྱི་མཐུན་ཞིག་ཡིན་པ་འདྲ་སྟེ། ཁྱེད་ཀྱིས་ངོ་ཤེས་མི་ཤེས་ཀྱི་གྲོགས་པོ་མང་པོས་ཁྱེད་རང་འདི་ལྟར་བཞུད་པ་ཕངས་སེམས་ཆེ་ཟེར། དེ་བས་ངས་ཀྱང་རིན་ཐང་ཡོད་མེད་ཀྱི་གཏམ་རྒྱུད་ཙམ་ཡི་གེར་ཕབ་སྟེ་ཧ་ཅང་གཟབ་ནན་གྱིས་ཁྱེད་རང་དྲན་པར་ལན་ཅིག་བསྐྱིལ་ཡོད་གྲོགས་པོ།

༢༠༢༢ལོའི་ཟླ༩བའི་ཚེས༢༢ཉིན་འཆི་མེད་ཀྱིས་རེབ་གོང་ནས།

—བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

དྲན་ཐོ།

Post navigation

Previous Post: བོད་སྐད་བོད་ཡིག་ནི་ཟ་སྐད་འཐུང་སྐད་ཀྱི་གོ་ཆོད་པ་ཙམ་རེད།
Next Post: འཕན་ཡུལ་བཀའ་གདམས་པའི་གནས་ཆེན་ཁག་ཏུ་བསྐྱོད་པའི་དྲན་ཐོ། ༼བར་ཆ།༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme