Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོད་ལན་པས་བཅའ་ཁྲ་ལ་ངོས་ལེན་གཙང་མ་བྱས་མི་འདུག

Posted on 2019-11-152019-11-15 By ཁ་བརྡ 2 Comments on རྩོད་ལན་པས་བཅའ་ཁྲ་ལ་ངོས་ལེན་གཙང་མ་བྱས་མི་འདུག

ལ་མོ་ཚུལ་ཁྲིམས།
 
ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་བཏང་ཡོད། བཅད་ཁྲ་དེ་ནི་ཞུ་སྦྱོར་བ་སྤེན་པ་ཚེ་རིང་དང་། རྩོད་ལན་པ་བཀའ་ཤག་བློ་བཟང་སེང་གེ་བརྒྱུད་པའི་མིང་ཐོག་ལ་བཏང་ཡོད། བཅད་ཁྲའི་ནང་བཀའ་ཤག་ནས་བྱང་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་། དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེ། སྤྱི་ཚོགས་ནང་དངོས་བདེན་པ་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་པར་བརྟེན། རྩོད་ལན་པ་བཀའ་ཤག་དང་བློ་བཟང་སེང་གེས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་དགོངས་སེལ་ཞུ་རྒྱུ་དང་། དགོངས་སེལ་ཞུ་ཡིག་དེའང་དབྱིན་བོད་སྐད་ཡིག་གཉིས་ཀའི་ཐོག་ཏུ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ནང་གསལ་བསྒྲགས་བྱེད་དགོས་ལ། དེ་དང་ཆབ་ཅིག་རྩོད་ལན་པས་ཞུ་སྦྱོར་བའི་ཁྲིམས་རྩོད་པའི་གླ་ཡོན་ཧིན་སྒོར་༩༨༠༠༠ འམ་ཨ་སྒོར་བཞི་བརྒྱ་སོ་བདུན་བཅས། ཕྱི་ལོ་༢༠༡༩་ལོའི་ཟླ་༡༡་པའི་ཚེས་༡༥་ནང་ཚུན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་འབུལ་དགོས་པའི་བཅད་ཁྲ་བཏང་ཡོད།

ཟླ་འདིའི་ཚེས་ ༡༤ ཉིན་བཀའ་ཤག་གིས་བཅད་ཁྲ་དེར་འགན་ལན་ཆ་ཚང་མེད་པའི་གསལ་བསྒྲགས་ཡིག་ཆུང་ཞིག་བཀྲམས། ཡིག་ཆུང་དེའི་ནང་། ཆེས་མཐོ་ཁྲིམས་ཞིབ་ཁང་གི་བཅའ་ཁྲ་ལ་རྩོད་ལན་པས་འདོད་བློ་མ་ཁེངས་པ་དང་། མི་མང་ཡང་བཅད་ཁྲ་དེ་ལ་བློ་ཕམ་ཡོད་རིགས་འཁོད་འདུག དེ་དང་མཉམ་དུ་སྒྲིག་འཛུགས་སྲ་བརྟན་དང་སྤྱི་ཚོགས་གཅིག་སྒྲིལ་གྱི་ཆེད་དུ་འདོད་བློ་མེད་པའི་བཅད་ཁྲ་ལ་བརྩི་འཇོག་བྱས་ཡོད་ལུགས་དང་། མཐའ་མར་ད་དུང་སྤྱི་ཚོགས་ལྷིང་འཇགས་ཡོང་ཆེད་ཚང་མས་ཐུགས་སྣང་དང་། འགན་འཁུར་གཟབ་ནན་དགོས་པའི་འབོད་བསྐུལ་གྱི་ཉེན་བརྡ་ཞིག་ལས་བཅད་ཁྲའི་འགན་བླངས་པའི་རྣམ་པ་ཞིག་མཚོན་མི་ཐུབ།
བཅད་ཁྲའི་དགོས་འདུན་ལྟར་དུས་ཐོག་ཏུ་ཞུ་སྦྱོར་བ་ལ་དགོངས་སེལ་དང་དངུལ་ཡོན་སྤྲོད་རྒྱུ་སོགས་བྱུང་མེད་ལ། རྩོད་ལན་པས་བཅད་ཁྲ་ལ་བརྩི་འཇོག་བྱས་པ་ཡིན་ཞེས་དྲ་ལམ་གྱི་ཡིག་ཆུང་འདིར་འཁོད་པ་ཙམ་ལས་དོན་དངོས་སུ་བཅད་ཁྲ་ལ་བརྩི་འཇོག་བྱས་བ་ལས་བཅད་ཁྲ་ལ་ཁྱད་གསོད་བྱས་ཡོད།
སྤྱིར་བཏང་ཡིན་ན་རྩོད་ལན་པ་ཞིག་གིས་བཅའ་ཁྲ་ལ་འགན་ལེན་མ་བྱས་པར་ཁྱད་གསོད་བྱས་ན་དམངས་ཁྲིམས་དང་ཉེས་ཁྲིམས་གང་གི་ནང་དུའང་དངུལ་ཆད་དང་། ཐ་ན་བཙོན་འཇུག་གི་ཉེས་ཁྲིམས་ལྗིད་མོ་གཅོད་ལུགས་ཡོད། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་ཏུ་བཙོན་འཇུག་གི་ཉེས་ཁྲིམས་གཅོད་ལུགས་མེད་ཀྱང་བཅད་ཁྲའི་ཉམས་ལེན་དང་ཁྲིམས་ཆད་སོགས་གསལ་བོ་ཞིག་འཁོད་ཡོད་པ་རེད། ཐེངས་འདིའི་རྩོད་ལན་པའི་བྱེད་སྟངས་འདི་ལ་བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་གྱི་ཁྲིམས་ཆད་ཁ་ཤས་བཀོལ་ཆོག་པར་རིགས།
དེ་ཡང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ལེའུ་བརྒྱད་པའི་དོན་ཚན་ང་གཅིག་ཏུ་བཅད་ཁྲ་ཉམས་ལེན། (ཀ) བཅད་ཁྲའི་འབྲུ་དོན་ལག་བསྟར་བྱེད་དགོས་པའི་གཏན་འབེབས་དུས་ཚེས་ནང་བཀའ་དཔྱད་སྒྲུབ་དགོས་མཁན་གྱོད་ཡ་སུ་རུང་ནས་ཉམས་ལེན་མ་བྱས་ན་ཉམས་ལེན་མི་བྱེད་མཁན་དེའི་ཁ་གཏད་གྱོད་ཡས་གཏན་འབེབས་དུས་ཚེས་རྫོགས་ནས་ཉིན་གྲངས་སུམ་ཅུ་ནང་ཚུད་ཁྲིམས་ཞིབ་ཁང་ལ་དེའི་སྐོར་ཡིག་ཐོག་སྙན་ཞུ་འབུལ་ཆོག་པ་ཡིན། (ཁ) བཅད་ཁྲའི་དགོངས་དོན་ཉམས་ལེན་དུས་ཐོག་ལག་བསྟར་མི་བྱེད་མཁན་དེར་ཁྲིམས་ཞིབ་ཁང་ནས་བཀོད་ཁྱབ་དང་འབྲེལ་ལག་བསྟར་བྱེད་དུ་འཇུག་རྒྱུའི་ལས་འགན་ལེན་དགོས། ལག་ལེན་དོན་འཁེལ་འབྱུང་སླད་དགོས་གལ་ཡོད་ན་འབྲེལ་ཆགས་བོད་གཞུང་གི་སྒྲིག་འཛུགས་མ་ལག་གང་རུང་ལ་དེའི་ཐོག་མཇུག་གནོན་བྱེད་དགོས་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་གཏོང་ཆོག་པ་ཡིན། ཞེས་དང་།
ཡང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ལེའུ་བཅུ་གསུམ་པའི་དོན་ཚན་གྱ་བཞི་བའི་ནང་། ༢ ཁྲིམས་ཞིབ་ཁང་གི་ཁྲིམས་མཐུན་བཅད་ཁྲའམ་བཀའ་རྩ། བཀའ་ཁྱབ། བྱ་རིམ་གཞན་བཅས་གང་རུང་ལ་བརྩི་མེད་བྱས་ན། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ལེའུ་བཅུ་གསུམ་པའི་དོན་ཚན་གྱ་ལྔ་དང་། དོན་ཚན་གྱ་དྲུག དོན་ཚན་གྱ་བདུན་བཅས་རིམ་པར་བཀོལ་ཏེ། ཉིན་རེར་ཆད་དངུལ་དང་། སྤྱི་ཚོགས་ཞབས་ཞུ། ཁ་བཏགས་འབུལ་སྤྲོད། ཁྲིམས་ཞིབ་ཁང་ནས་སྔོན་དུ་བཏང་བའི་བཀའ་དེར་བརྩི་བཀུར་ཉམས་ལེན་ཞུ་དགོས་འི་བཀའ་གཉིས་པ་ཞིག་ཀྱང་གཏོང་སྲོལ་ཡོད།
ད་དུང་དོན་ཚན་གྱ་བདུན་པར་ཁྱད་གསོད་བྱེད་མཁན་ལ་ཁྲིམས་ཞིབ་ཁང་ནས་བཅོས་གསོའི་ཆད་འགེལ་བཀའ་ཁྱབ་བཏང་བའི་ནང་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་ཇི་བྱས་སོགས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁོངས་སུ་འཇོག་རྒྱུ་དང་། མཐའ་མའི་བཅད་ཁྲ་གཏོང་སྐབས་ལོ་རྒྱུས་འགོད་དགོས་པ་སོགས་གསལ་བོར་འཁོད་ཡོད་པ་རེད།

དེ་བཞིན་ཏུ་བཙན་བྱོལ་བོད་མི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་པ། ཡུལ་མིའི་ལས་འགན་ཏུ། བོད་ཀྱི་ཡུལ་མི་ཚང་མས་སྒྲུབ་དགོས་པའི་ལས་འགན། ༢ བཅའ་ཁྲིམས་དང༌། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང༌། ཉམས་ལེན། ༥ བོད་མིའི་སྒྲིག་འཛུགས་དང༌། མང་ཚོགས་ལ་ཛ་དྲག་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ། ཞེས་དང་། བཙན་བྱོལ་བོད་མི་བཅའ་ཁྲིམས་དོན་ཚན་ཉེར་གཅིག་པ། སྲིད་སྐྱོང་དང༌། བཀའ་བློན་གྱི་འོས་ཆོས། སྲིད་སྐྱོང་དང༌། བཀའ་བློན་གྱི་འོས་གཞིར་རུང་བའི་སྐྱེ་བོ་ནི། ༣ ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ། ༥ ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ། ཞེས་གསལ་བོར་འཁོད་ཡོད།

རྩོད་ལན་པས་ཐེངས་འདིར་ཆེས་མཐོ་ཁྲིམས་ཞིབ་ཁང་ནས་བཏང་བའི་བཀའ་ཁྱབ་ལ་དུས་ཐོག་ཏུ་བརྩི་བཀུར་དང་ལེན་མ་བྱས་ཤིང་། གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། དབྱིན་བོད་ཡིག་གཟུགས་གཉིས་ཀས་ལམ་ནས་ཞུ་སྦྱོར་བ་ལ་དགོངས་སེལ་ཞུ་རྒྱུ་མ་བྱུང་བ། ཁྲིམས་རྩོད་པའི་གླ་ཡོན་ཨ་སྒོར་བཞི་རྒྱ་སོ་བདུན་ཡང་དུས་ཐོག་ཏུ་སྤྲོད་རྒྱུ་མ་བྱུང་བ། དེའི་ཁར་ད་དུང་རྩོད་ལན་པས་འདོད་བློ་མ་ཁེངས་པ་དང་། མི་མང་ཡང་བཅད་ཁྲ་དེ་ལ་བློ་ཕམ་ཡོད་རིགས་སོགས་བརྗོད་ཡོད་པ། དེ་བཞིན་ཏུ་བཅད་ཁྲའི་ལན་ཏུ་འདོད་བློ་མེད་བཞིན་ཏུ་བརྩི་འཇོག་བྱས་པའི་བཅད་ཁྲ་ལ། གསལ་བསྒྲགས་འདི་འདྲ་ཞིག་སྤེལ་པ་འདིས་འདོད་བློ་ཚིམས་པར་བྱོས་དང་། ད་དུང་ཅིག་བྱེད་དགོས་ཟེར་ན་སྤྱི་ཚོགས་ཞི་བདེ་ལྷིང་འཇགས་ལ་གནོད་སྐྱོན་ཡོང་རྒྱུ་ཡིན་པས་འགན་འཁུར་ཁྱེད་ཚོས་འཁུར་དགོས། ཞེས་བཅད་ཁྲ་བརྩི་བཀུར་བྱེད་རྒྱུའི་ཚབ་དུ་ཉེན་བརྡ་བཏང་ཡོད་པས། བྱེད་སྟངས་འདི་ནི་བཅད་ཁྲ་ལ་བརྩི་འཇོག་བྱས་པ་ཞིག་མ་ཡིན་པར་བཅའ་ཁྲ་ལ་ཁྱད་གསོད་བྱས་པ་ཞིག་ཡིན་པ་གསལ་བོ་རེད།

དངོས་ནས་བཤད་ན་བཅད་ཁྲ་འདི་ནི་ཞུ་སྦྱོར་བ་སྤེན་པ་ཚེ་རིང་དང་། རྩོད་ལན་པ་བློ་བཟང་སེང་གེའི་ཁྲིམས་གཏུག་ཞིག་ཡིན་པ་ལས་མི་མང་གི་ཁྲིམས་གཏུག་ཞིག་མིན་པས་ན། བཅད་ཁྲའི་འགན་འཁུར་རྩོད་ལེན་པ་བློ་བཟང་སེང་གེ་དང་བཀའ་ཤག་ནས་འཁུར་དགོས་པ་ལས་མི་མང་གིས་འཁུར་དགོས་དོན་གང་ཡང་མེད།
དེ་བཞིན་ཏུ་བཅད་ཁྲ་འདིར་མི་མང་བློ་ཕམ་འབྱུང་དགོས་དོནའང་ཡོད་མི་སྲིད། རྒྱུ་མཚན་ནི་བཅད་ཁྲ་འདི་ནི་མི་མང་གིས་བསྐོས་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ཞིག་ཡིན་པས། མི་མང་གི་བཅད་ཁྲ་འདིར་མི་མང་གིས་བློ་ཕམ་འབྱུང་དགོས་དོན་གང་ཡང་ཡོད་མི་སྲིད། རྩོད་ལན་པས་འདི་ལྟར་རང་གི་འགན་འཁུར་རང་གིས་མི་འཁུར་བར་མི་མང་ལ་ཁག་དཀྲིས་བ་འདི་ནི་རང་གིས་བཏོན་པའི་སྲ་བརྟན་དང་གཅིག་བསྒྲིལ་ལ་ནང་འགལ་བཟོས་ཤིང་། བཅད་ཁྲ་ལ་ཁྱད་གསོད་དང་། ཆེས་མཐོ་ཁྲིམས་ཞིབ་ཁང་ལ་བརྩི་བཀུར་མ་བྱས་པའི་མཚོན་རྟགས་རེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་བཀའ་ཤག་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གྱི་ནང་ཚན། འཛིན་སྐྱོང་གི་ལས་ཁུངས་མཐོ་ཤོས་དེ་ཡིན་ཞིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་བོད་མིའི་སྒྲིག་འཛུགས་གི་ཆབ་སྲིད་དང་།འཛིན་སྐྱོང་གི་ལས་དོན་འགན་འཁུར་རྐང་ལེན་གནང་མཁན་གྱི་ལས་ཁུངས་དེ་ཡིན་པ་རེད།

དེ་བཞིན་ཏུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གྱི་ནང་ཚན། ཁྲིམས་འཛིན་ལས་ཁུངས་དེ་ཡིན་པ་དང་། ཁྲིམས་འཛིན་ལས་ཁུང་འདིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་ཡུལ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་སྲུང་སྐྱོབ་བྱ་རྒྱུའི་དབང་ཆ་ཡོད་པའི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་པ་རེད།
ཁྲིམས་ཡིག་འདི་ལས་གསལ་བོར་བཀོད་པ་ནི་བཀའ་ཤག་ནི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་བོད་མིའི་ཆབ་དཔལ་རིག་གསུམ་གྱི་འཛིན་སྐྱོང་གི་ལས་དོན་བྱེད་མཁན་ཡིན་པ་དང་། ཁྲིམས་ཞིབ་ཁང་ནི་བཀའ་ཤག་དང་བཀའ་བློན་ཚོའི་བྱ་སྤྱོད་ལ་ཁྲིམས་ལུགས་ལྟར་འགྲོ་གིན་ཡོད་མེད་སྟངས་འཛིན་བྱེད་མཁན་གྱི་ལས་ཁུངས་ཤིག་ཡིན་པ་གསལ་པོར་མཚོན་ཡོད། དེའི་ཕྱིར་ཆེས་མཐོ་ཁྲིམས་ཞིབ་ཁང་ནས་བཏང་པའི་བཀའ་ཁྱབ་ལ་བཀའ་ཤག་ལས་ཁུངས་ནས་ངེས་བར་དུ་བརྩི་བཀུར་བྱེད་དགོས་པ་ཡིན། འདི་ལྟ་བུའིགཅིག་ལ་གཅིག་རྟེན་གྱི་དབང་ཚད་འདི་ནི་དམངས་གཙོའི་གཞུང་གི་ཁྱད་ཆོས་དང་རིན་ཐང་བླ་ན་མེད་པ་དེ་རེད།

དེ་བཞིན་ཏུ་བཀའ་བློན་ཚོས་ལས་འཁུར་དམ་བཅའ་འབུལ་སྐབས།
སྲིད་སྐྱོང་དང་བཀའ་བློན་ཚོས་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་ཞུ་རྒྱུའི་མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་ཕུལ་ཡོད།

ད་དུང་ཁ་མཆུ་ཨང་ ༢༠ པ་འགོ་འཛུགས་སྐབས་རྩོད་ལན་པས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་གྱོད་ཡའི་མོས་མཐུན་ཆོད་ཡིག་ཏུ་བཅད་ཁྲ་ལ་དང་ལེན་གྱིས་མོས་མཐུན་ཡོད་པའི་མིང་རྟགས་འཁོད་ཡོད།

ཐེངས་འདིའི་རྩོད་ལན་པ་བཀའ་ཤག་དང་བློ་བཟང་སེང་གེ་ཡིས་བཙན་བྱོལ་བོད་མིིའི་བཅའ་ཁྲིམས་རིན་པོ་ཆེ་རྡོག་རོལ་དུ་བཏང་བ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་མཐོང་ཆུང་དང་ཁྱད་གསོད་བྱས། རང་ཉིད་བཀའ་བློན་དང་སྲིད་སྐྱོང་ཤིག་གིས་བཅའ་ཁྲིམས་ཀྱི་དགོངས་དོན་བརྩི་བཀུར་བྱེད་རྒྱུ་ཡིན་པའི་མཆོག་གསུམ་དཔང་བཙུགས་ཀྱི་མནའ་བོ་ཆེའང་སྣང་མེད་དུ་བཏང་། ཐ་ན་བོད་ཀྱི་ཡུལ་མི་དཀྱུས་མ་ཞིག་ཡིན་པའི་ལས་འགན་འང་མ་སྒྲུབ། དེ་ལྟར་ཁྲིམས་ཀྱི་དགོངས་དོན་རྡོག་རོལ་དང་ཁྱད་གསོད་བྱས་པའི་ཁྲིམས་འགལ་གྱི་མི་སྣ་ཅིག་ང་ཚོ་བོད་མིའི་སྤྱི་ཆོགས་ནང་ཡོད་དགོས་དོན་མེད་ལ། ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པའི་མི་སྣ་ཞིག་བཀའ་བློན་དང་། སྲིད་སྐྱོང་གི་འོས་ཆོས་སུ་མ་འོངས་པར་ཡང་ཡོང་མི་ཆོག་པ་ཡིན།

་

བསམ་ཚུལ།

Post navigation

Previous Post: ཁྲིམས་ཞིབ་ཁང་ལ་ཁྱད་གསོད་རེད།
Next Post: ང་ཚོའི་བླ་མ་དགེ་བཤེས་ཚོའི་གཤེགས་རྐྱེན་དང་ཤ་ཚིལ། ད་དུང་ལུས་རྩལ།

Comments (2) on “རྩོད་ལན་པས་བཅའ་ཁྲ་ལ་ངོས་ལེན་གཙང་མ་བྱས་མི་འདུག”

  1. གཞུང་པ་ཚེ་དབང་བསིད་ནམས་ says:
    2019-11-17 at 1:12 am

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བློ་གཏད་དང་བརྩི་བཀུར་ཡིིད་ཆེས་ཉམས་ལེན་ཞུས་ནས་ཁྲིམས་ལུགས་དང་སྒྲིག་གཞི་ཁག་ལ་བརྩི་བཀུར་་ཞུ་མཁན་གྱི་བོད་མི་དཱངས་མ་ཞིག་ཡིིན་པ་གསལ་པོ་ཆགས་འདུག།

  2. ཇ་མ་ says:
    2019-11-22 at 9:40 pm

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་བཀའ་ཤག་ནས་མི་སྲུང་ན་སྲིད་སྐྱོང་གནས་གཡོལ་གཏོང་དགོས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme