Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩམ་སྒམ།

Posted on 2014-11-092014-11-09 By ཁ་བརྡ་ 9 Comments on རྩམ་སྒམ།

སྐྱོ་བྲག་དགའ་དབང་།

བོད་པའི་ཐུན་མིན་ཁ་ཟས་སུ་བགྲང་ཆོག་པ་རྩམ་པ་བླུག་སྣོད་དུ། པགས་ཁུག །རས་ཁུག །སྣམ་ཁུག་སོགས་ཁུག་མ་འདྲ་མིན་དང་། ཤིང་གི་པར་བུ། ལྕགས་ཀྱི་པར་བུ་སོགས་པར་བུ་འདྲ་མིན་དང་། ཤིང་སྒམ་སོགས་ཀྱང་བེད་སྤྱོད་བྱེད་ཀྱིན་ཡོད། ང་ཚོའི་ནང་གི་རྩམ་པ་བླུག་སྣོད་ཕལ་མོ་ཆེ་ནི་རས་ཁུག་འདྲ་མིན་དག་རེད། ཁ་མཁོས་ཤིན་ཏུ་ཞན་པའི་ཁྱིམ་ཚང་ཡིན་ཕྱིར་བཟང་སྣོད་ཉོ་སྒྲུབ་བྱེད་པའི་རྒྱུ་འབྱོར་ཞིག་མེད་པས་ཡིན། ཡུལ་སྡེ་དང་ཁྱིམ་ཚང་གི་འབྱོར་པ་ཅུང་ཡར་དྲག་ཏུ་ཕྱིན་པ་ན་ངའི་སྲིང་མོ་ཆེ་བ་ཁྱིམ་གྱི་ཟས་གོས་ཉོ་སྒྲུབ་ཆེད་གྲོང་ཁྱེར་དུ་འགྲོ་ཞོར་ཤུག་པའི་རྩམ་སྒམ་དཀྱུས་མ་ཤིང་གི་རང་མདོག་མཐོང་བའི་རྩི་ཅན་རྩམ་ཕྱུར་སོ་སོར་བླུག་སའི་ཆོད་ཡོད་ཅིག་ཉོས་ཏེ་ང་ལ་བྱིན་བྱུང་།

unnamed-2

མོས་ཟེར་ན་རྩམ་པར་རྙིང་དྲི་མི་བྲོ་བ་དང་། བྱི་བས་མི་ཟ་བ་དང་། སྤྱོད་སྟབས་བདེ་བ་དང་། མིག་ཏུ་མཛེས་པ་དང་། ཁམས་གཙང་བ་སོགས་ཀྱི་ཁྱད་ཆོད་ཡོད་རབས་བཤད་པ་བདེན་ངེས་སུ་གདའ། ངས་ལོ་ཤས་བེད་སྤྱོད་བྱེད་ཚེ་གང་ཅིའི་བཟང་ཆ་མང་བས་ལུས་བདེ་སེམས་སྐྱིད་ཀྱི་ཚོར་བ་མང་པོ་མྱངས་ཏེ་འདོད་ཡོན་ཞེས་པའི་གོ་དོན་ངོ་འཕྲོད་པ་བྱུང།

སྔོན་གྱི་བག་ཆགས་ངན་པ་ལྟ་བུའི་རྟོག་འཆར་གྱིས་ང་ས་མཐར་འཁྱམས་རྗེས་ནང་མིས་བེད་སྤྱོད་བཏང་ཡོད་འདུག །ཤུག་པའི་རྩམ་སྒམ་ཉོས་ནས་ད་བར་མི་ལོ་ཉི་ཤུ་རྩ་གྲངས་ཤིག་ཕྱིན་ནའང་རྩམ་སྒམ་གོག་པོ་ད་དུང་ངོ་ཤེས་ལྷང་ངེར་བསྡད་ཤག །རྩམ་སྒམ་སྐྱོ་བོ་རྙིང་ཟད་ཅིག་ཡུན་རིང་བེད་སྤྱོད་བྱས་པ་ནི་དིང་སང་ཁོར་ཡུག་སྲུང་སྐྱོབ་ཆེད་ཅ་ལག་རྣམས། ཉུང་སྤྱོད། བསྐྱར་སྤྱོད། བསྒྱུར་སྤྱོད། ཅེས་པའི་སྐད་ཆ་མ་རེད། ང་ཚོའི་ཁྱིམ་ཚང་ནང་ནས་དྲག་ཤོས་ང་རེད།

ཡིན་ནའང་ངའི་ཤེས་འཇོན་ནུས་པས་ཕ་མ་སྤུན་སྲིང་ལ་སྒོར་རྡོག་ཁ་ཤས་ཤིག་གི་རོགས་ཕན་ཀྱང་ཐུབ་མྱོང་མེད་པས་བོད་ཡུལ་གནམ་ས་བླ་འོག་བསྒྱུར་བ་འདྲ་བའི་འགྱུར་བ་ཕྱིན་ཏེ། ཁང་པའི་བཟོ་བཀོད་ལྷ་ཁང་ལས་མཛེས་པ། ཟས་གོས་ཉེར་མཁོ་སྤྱོད་ཐལ་ཆེ་བའི་སྒང་ཡིན་ནའང་ངའི་ནང་མི་མུག་གེས་མ་ཤི་ཙམ་དུ་ལུས་ཏེ་ཡར་རྒྱས་གོང་འཕེལ་རྩ་བ་ནས་མ་སོང་བས་རྩམ་སྒམ་གསར་པ་ཞིག་ཉོ་བའི་མཐུན་རྐྱེན་ཀྱང་མེད་པས་རེད།

བོད་པའི་སྨྱུག་ཐོགས་པ་ཟེར་བ་གཞན་པ་རྣམས་ཀྱང་ང་བཞིན་དུ་སྣང་བ་དགྲ་རུ་ལངས། ཁ་སྟོང་པའི་བཤད་ཡམ་དང་ལག་སྟོང་པའི་རི་མོ་ལ་མགོ་འཁོར། མཐོ་དམན་ཡོད་དོ་ཅོག་ལ་དམའ་འབེབ་པའི་མི་ཧྲེང་ཟ་གོན་ཞན་པའི་སྤྲང་པོ་དག་མིན་པའི་རེ་སྨོན་བྱེད་ཀྱི་ཡོད། གལ་ཏེ་ཡིན་ན་སྤྱི་ཚོགས་ཀྱི་སྙིགས་རོ་ཞིག་ལས། སྤྱི་ཚོགས་ཀྱི་ལམ་སྟོན་པ་དང་། སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་མིན་པའི་ར་སྤྲོད་ནི་ལག་ལེན་དངོས་ཀྱི་སྟེང་ནས་བྱུང་བ་རེད།

ངོ་སྤྲོད།

Post navigation

Previous Post: ཕྱི་ཚེས་༧ ཉིན་རྔ་བར་ནས་ཁྲིམས་ཐག་བཅད་པའི་སྐོར།
Next Post: སེམས་བདེ་ཆེན་ཞིང་སྒྲུབ་ལ་ཐོན་ཡོད།

Comments (9) on “རྩམ་སྒམ།”

  1. བདེན་པའི་ཕོ་ཉ་ says:
    2014-11-09 at 3:55 am

    དགའ་དབང་ཁྱེད་རྩམ་སྒམ་ཞིག་ལས་བྲིས་རྒྱུ་མེད་པར་ང་དང་ང་འདྲ་བའི་སྨྱུྱུྱུྱུག་ཐོག་པ་རྣམས་ལ་མགྲན་རྩོད་བྱེད་ཕོད་པ་ཧམ་པ་ཆེ་མ་ཞི་ཁྱེད་ཆོས་མེད་ཆོས་རྫུན་ཞིག་ཡིན་པ་འདྲ་།།

  2. ཅོ་རི་ཉི་མ། says:
    2014-11-09 at 4:51 am

    སྐུ་ཚེ་རིང་་་རྩམ་སྒམ་ནང་གི་རྩམ་པ་དེར་ཟ་བཅུག་རོགས་བྱོས། དེའི་མཉམ་དུ་མར་དང་ཆུར་བ་གཉིས་ཀྱང་ཟ་བཅུག་རོགས་བྱོས། རྩམ་པ་ཟོས་ན་འབུ་བསད་དགོས་པ་དང་། མར་དང་ཆུར་བ་ཟོས་ན་བེའུ་ཡི་ཁ་ནས་ཕྲོགས་དགོས་པའི་སྡིག་པ་ཡོད་རེད་ཟེར་ནས་བཀག་འགོག་མ་བྱེད་རོགས་བྱོས།

    སོ་སོའི་ཕ་མ་སྤུན་ཆེད་དུ་ཚོའི་ཁ་ལ་ཐུག་པ་ཞིམ་པོ་ཕོར་གང་སྤྲད་མྱངས་མེད་མཁན་དང་བསམ་བློ་མེད་མཁན་ཞིག་ཡིན་ན་མ་གྱུར་སེམས་ཅན་ཐམས་ཅད་བཤད་ནས་དུད་འགྲོ་ལ་བརྩེ་བ་ཡོད་མདོག་བྱས་པ་ནི་ཁ་ནས་གཏམ་བཤད་དུས་སྣ་ནས་དགོད་མོ་ཤོར་བའི་རྒྱུ་རེད། དང་པོར་སོ་སོའི་ཨ་མ་ལ་དྲིན་ལན་དང་བྱམས་སྐྱོང་། དེ་ནས་ཤ་ཁྲག་གཅིག་པའི་བོད་རིགས་སྤྲུན་ཟླ། དེ་ནས་འགྲོ་བ་མིའི་རིགས་ཡོངས་རྫོགས། དེ་ནས་སེམས་ཅན་དུད་འགྲོ གོམས་པ་རིམ་བཞིན་སྤོ་དགོས་པ་ལས་་་སོ་སོའི་ཨ་མའི་འཚོ་བའི་དཀའ་སྡུག་མི་བསམས་པར་མ་གྱུར་སེམས་ཐམས་ཅད་བཤད་མདོག་མདོག བོད་མི་རིགས་ཀྱི་འཚོ་བའི་དཀའ་སྡུག་མི་བསམས་པར་དུད་འགྲོ་ལ་སྙིང་རྗེ་དང་བརྩེ་བ་ཡོད་མདོག་མདོག་འདིའི་རིགས་ཆོས་འཇིག་རྟེན་གཉིས་ཀ་དང་མི་མཐུན།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-11-09 at 5:17 am

    བོད་ཀྱི་ལེགས་བྱང་ནང་གི་མཁོ་ཆས་སྟོན་པའི་ཆེད་རྩོམ་བཟང་པོ་ཞིག་རེད། འདིའི་རིགས་མང་ཙམ་འབྲི་སྟོན་ཐུབ་པ་དང་། ཀློག་མཁན་ཚོས་ཀྱང་དོ་སྣང་དང་གུས་བསུ་ཞུ་དགོས།

  4. སྙིང་སྟོབས། says:
    2014-11-09 at 5:32 am

    དགའ་དབང་ཁྱོད་ཁག་མེད། མི་ཚང་སྐྱོ་བོ་ཞིག་གི་སྤྲང་ཕྲུག་ཟིག་ཡིན་ས་རེད། སྐྱོ་གཏམ་དེས་ང་ཤ་ཚ་བཅུག་སོང་། ངས་ཁྱེད་ལ་སྒོར་རྡོག་ལྔ་ཞལ་འདེབས་ཡོད། ག་འདྲ་སེ་འཕྲོད་ཐུབ་ཡོད་རེད། ལབ་ཤོག

  5. BONPO says:
    2014-11-09 at 6:25 am

    ཀརྡོ་གཉེར་ཕྱག་པ་་ལགས། བོད་གངས་ཅན་པའི་རྩམ་པ་དང་རྩམ་སྒམ་འདི་འདི་ཚོ་་་་་ལེགས་བྱང་་་་ཟེར་བ་དང་་་ལེགས་སྦྱར་་་ཟེར་བ་དེ་དག་རྩ་བ་ཉིད་ནས་མ་རེད། འདི་ཚོ་བོད་གདོད་མའི་སྤྱི་ཚིགས་ནས་རང་ལ་རང་ཆས་སུ་ཡོད་པས། གཞན་ལུགས་ལྟ་བུར་ལེགས་པར་སྦྱོང་དགོས་པའི་རྒྱུ་མཚན་རྩ་བ་ཉིད་ནས་མེད་དོ། ཡིན་ནའང་ཁྱེད་ཀྱི་དགོངས་ཚུལ་དེ་ལ་རྒྱབ་སྐྱོར་ཡོད། །

  6. བདེན་པའི་ཕོ་ཉ་ says:
    2014-11-09 at 7:41 am

    བོད་མིའི་རྩམ་སྣོད་ནི་བོད་ཀྱི་ལེགས་བྱང་གང་ཡང་མ་རེད་རྩམ་པ་མ་ཏོག་ཟ་མི་ཤེས་མཁན་ཞིག་གི་རྩམ་སྣོད་ལ་ལེགས་བྱང་མ་ལབ་རོགས་ངོ་ཡང་ཚ་།

  7. གནམ says:
    2014-11-09 at 9:40 am

    ངའི་འབྲོག་ཡུལ་ནས་འདི་ལ་སྒམ་ཐུག་ཟེར། མར་ཆུར་རྩམ་གསུམ་པོའི་བར་ལ་བར་ཆོད་བཞག་ནས་མར་ཆུར་རྩམ་གསུམ་པོ་ཚང་བ་བྱས་ཡོད། སྒམ་ཐུག་ལ་ཀོ་ཐུམ་ཡོད་ས་ཡང་ཡོད། རྒྱུ་ནི་ཤུག་དམར། གསོམ་ཤིང་། ཐང་ཤིང་སོགས་ཡིན། རི་མགོའི་སྦ་ཁ་ལ་འཁྱེར་རྒྱུའི་ཟ་ཏ་ཡོད། མར་ཆུར་གཉིས་ཀ་ཟ་ཏའི་གཡས་གཡོན་ལ་བླུག་ཡོད། ཟ་ཏ་ནི་རེ་ལྡེ་འིས་བཟོས་ཡོད། མར་སྣོད་ལ་སྦ་རིལ་ཡོད། སྦ་རིལ་ནི་རྒྱུ་ཤིང་ལས་བཟོས་བ་ཡིན། དེའི་ནང་ལ་ཤིང་ཨ་ཀྱོང་དང་སྟག་ཤིང་ལས་བཟོས་བའི་རྩམ་ཁོག་དང་མར་གྲི་ཡོད།
    སྤྱིར་མར་སྣོད་ནི་སྒམ་དང་རྐྱལ་བ་ཡིན། རྩམ་སྣོད་ལ་སྒྲོ་བྱེད། ཆུར་སྣོད་ལ་ཁུག་མ་བྱེད། འབྲོག་ཡུལ་གྱི་ཚེམ་པོ་དང་ཤིང་རྐོའི་ཚད་ལ་ཧ་ཅང་གི་ལག་རྩལ་མཐོ་པོ་ཡོད། ཡིན་ན་ཡང་། དེང་སང་དགྱ་ནག་ནས་ལྕགས་དང་འགྱིག་རིགས་དར་སོང་བས། གནའ་བོའི་ཕྱག་སོར་གྱི་རྒྱུད་སྐྱོང་ནི་མེད།

  8. ལྡེའུ། says:
    2014-11-09 at 1:42 pm

    བཀའ་དྲིན་ཆེའོ།

  9. ལྡེའུ། says:
    2014-11-09 at 2:15 pm

    སྐྱོ་བྲགས་དགའ་དབང་ལགས། ་འདི་འདྲའི་བརྗོད་བྱ་གལ་ཆེན་རེ་མུ་འཐུད་ནས་འགོད་རྒྱུས་རེ་བ་ཆེན་པོ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme