Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨོ་མོ་ལགས། རེ་ཐག་ཆད་ཡོད་མེད་བཀའ་ཤག་ལ་འདྲི།

Posted on 2013-04-022013-04-02 By ཁ་བརྡ་ 5 Comments on རྨོ་མོ་ལགས། རེ་ཐག་ཆད་ཡོད་མེད་བཀའ་ཤག་ལ་འདྲི།

ནག་ཐར་སྐྱིད།

ལོ་རྒན་བདུན་ཅུ་བརྒལ་བའི་རྨོ་མོ་འདིའི་དབང་ཤེས་སྔར་བཞིན་རྣོ་ཞིང་། མི་ཚེ་གཅིག་ལ་རེ་ལྟོས་བྱས་བའི་༧གོང་ས་མཆོག་དང་མཇལ་འདོད་ཀྱི་རེ་འདུན་ཐད། ད་དུང་སེམས་ཤུགས་ཀྱིས་ཁེངས་ནས་འདུག ད་ནི་ཅི་ཞིག་བྱེད་འོས་སམ། ༧གོང་ས་མཆོག་བོད་དུ་གདན་འདྲེན་བྱེད་རྒྱུའི་དམ་བཅའ་སྲིད་སྐྱོང་བློ་སེང་གིས་བཞག་ཡོད་བ་རེད། བསམ་དོན་འདི་འགྲུབ་རྒྱུར་དུས་ཡུན་གང་འཚམས་རེ་འགོར་སྲིད་ཀྱང་འབྲས་བུ་ཞིག་ཏན་ཏན་ཡོང་ངེས་རེད་ཟེར་བ་ལྟར། སྐད་ཆ་ཉ་གེ་ཉོག་གེ་དེ་བསྐྱར་དཔར་བརྒྱབ་ནས་ཉི་མ་ཕུད་ཐབས་བྱེད་དགོས་བའམ། ཡང་ན་བློ་སེང་བཀའ་ཤག་གིས་འཛམ་གླིང་ཡུལ་གྲུ་ཀུན་པོ་བསྐོར་ནས་བོད་དོན་ཞུ་འབོད་བྱས་བ་རེད་དེ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཐུབ་རྒྱུ་ཧ་ཅང་གི་ཐག་རིང་ཞིག་ཡིན་ཚུལ། སེམས་ཐག་རྩད་གཅོད་ཀྱིས་འགྲེལ་ནས་ལོ་རྒན་རྨོ་མོ་འདིའི་སེམས་ཤུགས་གཞོམ་དགོས་བ་ཡིན་ནམ།

གང་ལྟར་རུང་། ཁ་སང་དེ་རིང་རྨོ་མོ་ལགས་འདིའི་བསམ་ཚུལ་ཁ་རུ་ཁ་ཐུག་དང་ཡོལ་ཐབས་དཀའ་བ་ཞིག་སྟེ། སྔོན་ཆད་ལས་ལྷག་པའི་བྲེལ་འཚུབ་དང་སྒུག་བཟོད་དཀའ་བའི་སེམས་འགྱུ་ནི། གཏེར་སྟོན་འཕྲུལ་ཆས་ཞིག་དང་འདྲ་བས་ཞི་དལ་ཆེ་བའི་ཡུལ་གྱར་བོད་གཞུང་གི་གཏིང་བསྔོགས་ནས་ཕུགས་བཙལ་ཡོང་སྙམ་པ་ཞིག་འདུག རྣོ་ངར་ཅན་ལོ་རྒན་བདུན་བཅུ་བརྒལ་བའི་རྨོ་རྨོ་འདིའི་སྐད་ཆའི་བརྒྱུད་རིམ་ལ་གཟབ་ནས་ཉན་ན། ༧གོང་ས་མཆོག་དང་ཞལ་མཇལ་རྒྱུར་རེ་ཐག་མ་གཞི་ནས་ཆད་འདུག་
སྟེ། སེམས་ཀྱི་གཏིང་ན་ཕངས་སེམས་ཆེན་པོ་ཞིག་གིས་ངར་སློང་ཞིང་། ནང་མི་སྤུན་ཟླ་དང་བཟའ་ཟླ་བུ་ཕྲུག་ཚུན་ཆད་ཤུལ་དུ་བཞག་ནས་རང་ལུས་མེར་བསྲེགས་གཏོང་མཁན། དཔའ་བོ་དཔའ་མོ་དག་གི་རེ་སྨོན་དང་ཞལ་ཆེམས། གཏོང་ཕོད་དང་སྙིང་སྟོབས་ཀྱི་མཐུ་ལ་བརྟེན། ལོ་རྒན་བདུན་ཅུའི་རིང་ངང་སྒུག་བྱས་བའི་མཇལ་འཛོམས་དེ་མངོན་འགྱུར་ཡོང་བའི་རེ་བ་ཞིག་སེམས་གཏིང་ན་ལྷག་འདུག

མི་འགྱངས་བར་༧གོང་ས་མཆོག་གི་ཞལ་མཇལ་ཡོང་ངམ་སྙམ་པའི་སྣང་ཚུལ་ཕྲ་མོ་ཞིག་ལ་བརྟེན། རྨོ་མོ་ལགས་འདིས་༧གོང་ས་རྒྱལ་བ་རིན་པོ་ཆེ་སྔ་ས་ནས་བོད་ལ་ཕེབས་དགོས་བའི་རྒྱུ་མཚན་ཁ་བཤད་གཉིས་མེད་ཀྱིས་རེ་ཞིང་གླེང་ཀྱིན་པ་མ་ཟད། ཅི་ཡང་གཏོང་ཕོད་ཞིང་གང་ལ་ཡང་མི་འཇིགས་པར་བང་སྒྲིག་མཁན་ལོ་གཞོན་འདི་ཚོ། ད་གཟོད་གངས་ཅན་བོད་ཀྱི་འབྱུང་འགྱུར་ཐད་སྲུང་སྐྱོབས་བྱེད་དགོས་བའི་མི་སྣ་དང་། མངོན་ལྐོག་རྒྱབ་མདུན་མེད་པའི་རྒྱག་གཅིག་མཆོངས་གཅིག་བྱེད་མཁན་དུ་བློ་
གདེང་འཁེལ་ཆོག་བསམ་པ་ལྟར། ༧གོང་ས་མཆོག་སྔ་ས་ནས་བོད་ལ་ཕེབས་ཏེ་འཛམ་གླིང་མི་མང་ལ་ཡིད་འགུལ་ཐེབས་པའི་ཕྱག་སྟོང་སྤྱན་སྟོང་གི་ཤེས་རབ་དེ། འདི་དག་ལ་བསྩལ་ཞིང་འདི་དག་གི་སེམས་གཤིས་རྟིང་མ་འཇོག་དགོས་བར་འདོད་ཐོག ཐག་རིང་གི་གདུང་སེམས་མཉམ་བསྐྱེད་དང་མ་འོངས་མདུན་ལམ་ཅི་ལྟར་གྱ་ནོམ་པོ་བཟོས་རུང་། རིམ་གྱིས་ཡལ་འགྲོ་ལ་ཡུན་གྱིས་འགག་ཆོག་པའི་འགྱུར་ལྡོག་གི་གོ་རིམ་ཁྲོད། ལོ་རྒན་རྨོ་མོ་འདི་ལ་བཙན་བྱོལ་བོད་ཀྱི་འབྱུང་འགྱུར་ཐད་ཐེ་ཚོམ་གྱི་ཁར་སེམས་ཁྲེལ་ཞིག་ཀྱང་སླེབས་འདུག

༧གོང་ས་མཆོག་རང་ས་རང་ཡུལ་ལ་ཕེབས་ཆེད་ལོ་གཞོན་ཚོས་རང་ལུས་མེར་སྤྱིན་གཏོང་ཀྱིན་པ་རེད། ཡུལ་གྱར་བོད་མི་ཚོས་ཀྱང་གཞིས་ལུས་མི་མང་ལ་རམ་འདེགས་ཀྱིས་ལག་གདེང་སྤྲེལ་ནས་རང་ས་རང་ཡུལ་ལ་གོམས་ཁ་བསྒྱུར་དགོས་བ་རེད་ལབ་ཕྱོགས་ལྟར་ན། ལོ་རྒན་བདུན་བཅུ་བརྒལ་བའི་རྨོ་ལགས་འདིའི་བསམ་ཚུལ་ནི། ཡུལ་གྱར་བོད་མི་ཚོར་འབོད་སྐུལ་ཞིག་ཀྱང་ལོས་ཡིན་སྙམ་ཅིང་། ༧གོང་ས་མཆོག་རང་ས་རང་ཡུལ་ལ་གདན་འདྲེན་བྱེད་པར་རྒྱལ་སྤྱི་དང་རྒྱལ་ནང་གི་ཆོག་མཆན་སློང་བཞིན་པ་ལྟ་བུའི་ཞུ་གཏུག་ཐད། ལོ་རྒན་རྨོ་ལགས་འདིས་ཉོག་དྲ་དེ་འདྲ་མང་བོ་ཞིག་ག་རེ་ཡིན་ནམ་བསམ་པ་ནང་བཞིན། དོན་དངོས་ཐོག་༧གོང་ས་མཆོག་བོད་ལ་གདན་འདྲེན་བྱེད་རྒྱུ་ནི་སྲིད་གཞུང་དང་ཚོགས་ཁག མི་སྣ་རབ་རིམ་མང་བོ་ཞིག་བརྒྱུད་ནས་ཐག་གཅོད་དགོས་བའི་ལས་དོན་ཡིན་ཚེ། སྲིད་སྐྱོང་བློ་སེང་གིས་ཐབས་ཤེས་མ་བྱས་བ་གང་ཡང་མ་ཡིན་མོད། ཐབས་ཤེས་ཟད་སོང་བས་ན་༧གོང་ས་མཆོག་བོད་ལ་གདན་འདྲེན་བྱེད་བསམ་པའི་དམ་བཅའ་ཤོར་སོང་བའམ། ལོ་རྒན་བདུན་ཅུར་སོན་པའི་རྨོ་མོ་ལགས་འདིའི་འདུན་པའི་རེ་ཐག་ཆད་སོང་བ་རེད་དམ། དེ་མིན་༧གོང་ས་མཆོག་བོད་ལ་གདན་འདྲེན་པར་བྱེད་ཐབས་གཞན་གང་ཡོད་དམ།

༼རྨོ་མོ་ལགས་འདི་ངའི་ཆུང་དུས་ཀྱི་དགེ་རྒན་ཞིག་ཡིན་ལ། ཁོམ་སྐབས་རེ་བྱུང་དུས་ཁོ་མོ་དང་ལྷན་དུ་ཁ་བརྡ་རེ་བྱེད་ཀྱིན་ཡོད། ཉེ་སྔོན་རང་མོ་ལ་ཁ་པར་བརྒྱུད་གླེང་མོལ་རེ་བྱས་བ་ལྟར། ལོ་རྒན་བདུན་བཅུ་བརྒལ་བའི་རྨོ་མོ་ལགས་འདིའི་སེམས་འགྱུ་ཙམ་ཞིག་གླེང་བ་རང་ཡིན།༽

 

རྩོམ་རིག

Post navigation

Previous Post: བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ཐད་ཀྱི་བསམ་ཚུལ།
Next Post: ཐའེ་ཝན་དུ་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་དྲིལ་བ།

Comments (5) on “རྨོ་མོ་ལགས། རེ་ཐག་ཆད་ཡོད་མེད་བཀའ་ཤག་ལ་འདྲི།”

  1. འབྲོང་རུ་དམར། says:
    2013-04-02 at 3:14 am

    སྲིད་སྐྱོང་བློ་བཟང་སེང་གེ་ཡི་ཁ་བཤད་དོན་ཐོག་ལ་འབབ་ཐུབ་རྒྱུ་མ་རེད། ༧གོང་ས་ཏྰ་ལའི་བླ་མ་བོད་ལ་གདན་འདྲེན་བྱེད་རྒྱུ་ཡིན་ཟེར་བ་དེ་བཀའ་ཤག་འདིའི་གཡང་འབོད་ཁོ་ནའོ།

  2. འཆི་མེད་གཡང་དྲུང་། says:
    2013-04-02 at 3:38 am

    བོད་ཀྱི་དུས་བབ་སྒང་གི་གསར་འགྱུར་ལས་བཤུས་བ་ཡིན།(སྔ་ལོའི་ཕྱི་ཟླ་བདུན་པའི་ཚེས་ ༢༨ ཉིན་ནང་མཚོ་སྔོན་རྨ་ལྷོ་ཁུལ་ཚཊ་པར་སྟེང་རྨ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཟེར་བས། མགོ་བརྗོད་དུ ༼ཏཱ་ལའི་བླ་མ་ཅིའི་ཕྱིར་རྒྱལ་ནང་དུ་ལོག་མི་ཐུབ་པ་གསལ་བོར་བཤད་དགོས་ ༽ཞེས་པའི་འཁྱོག་བརྗོད་ཀྱི་མུ་འབྲེལ་རྩོམ་ཡིག་རིང་པོ་ཞིག་སྤེལ་ཏེ། འདས་པའི་མི་ལོ་བཅུ་ཕྲག་འགའི་བོད་རྒྱའི་འབྲེལ་ལམ་དང་ད་བར་བོད་རྒྱའི་གནད་དོན་ཐག་གཅོད་མ་ཐུབ་པ་དེ། གཙོ་བོ་ཏཱ་ལའི་བླ་མ་དང་ཏཱ་ལའི་རུ་ཚོཊ་ཀྱིས་བོད་རང་བཙན་ལས་འགུལ་མཚམས་འཇོག་མ་བྱས་པའི་སྟབས་ཀྱིས་ཡིན་སྐོར་ནན་བཤད་བྱས་ཡོད་འདུག)འཆལ་གཏམ་འདི་རིགས་ལ་ཡང་འབྲེལ་བ་ཞིག་མེད་དམ་སྙམ།

  3. མིག་དམར says:
    2013-04-02 at 9:31 am

    (འབྲོང་རུ་དམར་ནས། སྲིད་སྐྱོང་བློ་བཟང་སེང་གེ་ཡི་ཁ་བཤད་དོན་ཐོག་ལ་འབབ་ཐུབ་རྒྱུ་མ་རེད། ༧གོང་ས་ཏྰ་ལའི་བླ་མ་བོད་ལ་གདན་འདྲེན་བྱེད་རྒྱུ་ཡིན་ཟེར་བ་དེ་བཀའ་ཤག་འདིའི་གཡང་འབོད་ཁོ་ནའོ།) འདི་ལྟར་བརྗོད་ཚུལ་ལ་ལྟ་ན་ཁྱེད་རང་འདོད་པ་མེད་པ་ཡིན་ནམ། ལས་མེད་སྐྱོན་བརྗོད་ཚོགས་པ་ནས་ཡིན་ནམ???

  4. ཐབས་ཇུས་ཅན says:
    2013-04-02 at 10:13 pm

    ནག་ཐར་སྐྱིད་ཟེར་བ་འདིས་ག་རེ་བཤད་ཀྱིན་འདུག ཁྱེད་རང་གི་རྨོ་རྨོ་དེ་ (འདྲེ་རྒན་མོ་ཙད་ཏོང ) གི་ཚ་མོ་མི་འགྲོ།

  5. ནག་ཐར་སྐྱིད། says:
    2013-04-03 at 4:15 am

    ཐབས་ཇུས་ཅན་ལགས། མ་གཞི་ནས་བར་འདི་ན་ཁ་རྩོད་རྒྱག་དགོས་བའི་དོན་གང་ཡང་མི་འདུག་སྟེ། ཚུར་གྱོད་འདྲི་ན་ཕར་རྒྱུ་མཚན་འདྲི་དགོ་རྒྱུ་རེད་བ།
    ༡༽༼ནག་ཐར་སྐྱིད་ཟེར་བ་འདིས་ག་རེ་བཤད་ཀྱིན་འདུག༽ ཀ་ངོ་ཡིག་ངོ་ཆོད་མཁན་ཞིག་ཡིན་ཚེ། ང་རང་ངོས་ནས་ཅི་ཡང་ལབ་ཀྱིན་མེད་པ་རྟོགས་ཡོད་ལས་ཆེ། འོན་ཀྱང་ཡིག་ངོ་མ་ཆོད་དུས་མགོ་འཐོམ་བ་འདི་རྒྱུན་ལྡན་ཞིག་རེད། དེར་བརྟེན་ཁྱོད་རང་འགུལ་གྱིས་གྲུང་བོ་ཞིག་མིན་ན། འཐོམ་འགྲོ་བའི་ནད་ཚ་འདི་རང་བཞིན་གྱིས་ཕོག་ཡོང་གིན་རེད། སུ་ལའང་བཅོས་ཐབས་ཡོད་བ་མ་རེད།
    ༢༽ལོ་རྒན་བདུན་བཅུ་བརྒལ་བའི་རྨོ་མོ་ལགས་འདི་ལ་མགོའི་ཉི་མ་དང་། ལ་སྟེང་གི་གྲུབ་མ་རེད། ཅི་འདྲའི་ཡིད་སྐྱོ་བ་ལའང་། མི་ཚེ་གཅིག་གི་རིང་ལ་༧གོང་ས་མཆོག་དང་མཇལ་འདོད་ཀྱི་རེ་བ་རྐྱང་བྱས་ནས་བསྡད་པ་རེད། གཉན་པོ་དང་བཙན་པོ་སུ་ཞིག་ཁྲོས་བའི་བཀའ་ཆད་མིན་ན། བྱང་ཆུབ་སེམས་པ་དག་ལ་ཕྱོགས་རིས་ཞིག་གང་ན་ཡོད། འོན་ཀྱང་། སྲིད་སྐྱོངས་བློ་སེང་གིས་༧གོང་ས་བོད་ནང་ལ་གདན་འདྲེན་བྱེད་མ་ཐུབ་ཚེ། རྨོ་ལགས་འདིའི་རེ་ཐག་ཆད་སོང་བ་མ་རེད་དམ།
    ༣༽མོའོ་ཙེ་ཏུང་གི་ཚ་བོ་དང་ཚ་མོ། ཁ་གདངས་ཡོང་ན་རུལ་དྲི་འཆིལ་ལེ། རྒྱུ་མཚན་དགོ་ཡི་འདུག་ན་ཁ་བཀྲུས་ནས་ཡོང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme