Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨི་ལམ་འཁྲུགས་པོ་ཞིག

Posted on 2018-09-192018-09-20 By ཁ་བརྡ་ 1 Comment on རྨི་ལམ་འཁྲུགས་པོ་ཞིག

བློ་བཟང་ལེགས་བཤད།
 
ད་ནི་ཕ་ཡུལ་དང་བྲལ་ནས་མི་ལོ་སུམ་ཅུ་ལྷག་འགྲོ་བཞིན་ཡོད་ཅིང་། སྐབས་འདི་དག་ཏུ་ང་ལ་རྨི་ལམ་འཁྲུགས་པོ་ཞིག་རྒྱུན་དུ་ཡོང་གི་འདུག དེ་རིང་རྨི་ལམ་འཁྲུགས་པོ་དེ་བཟློག་པའི་ཐབས་སུ་རྨི་ལམ་དེ་འབྲི་བར་བྱའོ།།

ང་ཕ་ཡུལ་དུ་འབྱོར་ནས་དགོན་པའི་མཐའ་སྐོར་དུ་འགྲོ་བཞིན་ཡོད། མི་ངོ་ཤེས་དང་མི་ཤེས་པ་མང་པོ་འདུག ངས་ཁོང་ཚོ་མཐོང་ནས་དགའ། འོན་ཀྱང་ཁོང་ཚོས་ང་ལ་ཁ་ཡ་མི་བྱེད། ང་ངོ་ཤེས་ཀྱི་མདུན་དེར་རྒྱུགས་ཏེ་ཕྱིན་ནའང་། ཁོང་གིས་མ་མཐོང་མདོག་མདོག་བྱེད་ཅིང་། ཕར་ཐོན་འགྲོ་ལ་དེ་ནས་ཡལ་འགྲོ ང་ཁེར་རྐྱང་ཡིན། དེ་ནས་ང་དགོན་པའི་རྒྱབ་རི་ལ་ཡར་འཛེགས། རི་དེའི་རྩེ་ལ་སླེབས།རི་དེའི་རྩེ་ནས་ཕ་ཡུལ་གྱི་གྲོང་པ་ལ་བལྟ། སྨུག་པ་འཐིབས་ཡོད་པའི་གྲོང་པ་དེ་ལ་མི་ཚང་སུམ་ཅུ་སྐོར་ཞིག་ཡོད། ངས་མི་ཚང་རེ་རེ་བཞིན་ངོས་འཛིན་བྱེད་ཅིང་། མི་རེ་རེ་ནས་ངོས་ཟིན། དེ་ནས་ངའི་ཕ་ཁྱིམ་གྱི་སྒོ་དེ་མཐོང་། སྒོ་དེ་ནས་ཡར་བལྟས་སྐབས་ངེད་ཀྱི་ནང་མི་རྣམས་བྲེལ་བ་འཚུབ་འཚུབ་ངང་བསྡད་ཡོད། (ངོ་མ་བཤད་ན་རི་རྩེ་འདི་ནས་ངའི་ཁྱིམ་གྱི་བར་ཐག་ནི་སྤྱི་ལེ་བཅུ་ཙམ་ཡོད་ངེས་ཡིན།) ང་གོམ་བགྲོད་ཀྱིས་ཕ་ཁྱིམ་ཕྱོགས་ལ་འགྲོ རྐང་ལམ་ཕྲ་མོ་ཞིག་ཡོད་པ་དེ་དེད་ནས་འགྲོ་ལ། རྩི་ཤིང་གི་ཟིལ་བས་ངའི་རྐང་པའང་གྲང་སིལ་སིལ་བྱེད། དེ་ནས་རིམ་གྱིས་གྲོང་པའི་མཐའ་ལ་སླེབས་ཤིང་གྲོང་པའི་མི་རྣམས་འདུར་རྒྱུགས་བྱེད་བཞིན་ཡོད། དེ་དག་ལས་མང་ཆེ་བ་ནི་ཆུང་དུས་ཀྱི་ངོ་ཤེས་རྣམས་ཡིན། སྐད་གཟེངས་མཐོན་པོས་ཁོང་ཚོའི་མིང་ནས་འབོད་ཅིང་མཚམས་འདྲི་བྱེད། འོན་ཀྱང་ཁོང་ཚོས་ངའི་སྐད་མི་ཐོས་ཤིང་ངའི་གཟུགས་ཀྱང་མི་མཐོང་། ཡིད་མུག་བཞིན་དུ་མུ་མཐུད་ནས་འགྲོ དེ་ནི་གྲོང་དཀྱིལ་གྱི་ལམ་དེ་བརྒྱུད་ནས་འགྲོ འདམ་རྙོག་དང་ལྕི་བའི་དྲི་མ་ཡང་ཁ། དེ་ནས་རང་གི་ཕ་ཁྱིམ་གྱི་སྒོ་འགྲམ་དུ་འབྱོར། སྒོ་བརྒྱབ་ཡོད། ངས་སྒོ་དེ་ཤུགས་ཀྱིས་འབྱེད་ཅིང་ནང་དུ་འགྲོ ཕ་མ་གཉིས་བཞུགས་འདུག སྤུན་སྲིང་རྣམས་ཀྱང་བཞུགས་འདུག ང་ནི་དགའ་ཚོར་ཆེན་པོས་སྨྱོ་གྲབས་བྱེད། ངས་ཁོང་ཚོར་འཐམས་འཁྱུད་བྱེད་འདོད་ཅིང་ངུ་ངག་གྱེར། འོན་ཀྱང་ཕ་མ་གཉིས་ཀྱིས་ང་མི་མཐོང་ཞིང་། ང་ལ་ཁ་ཡ་གཏན་ནས་མི་བྱེད། ངས་ལྷག་ཏུ་ཁོང་ཚོར་གདུང་འབོད་བྱེད། (ང་ལ་མིག་ཆུ་ངོ་མ་ཞིག་བཞུར་གྱིན་ཡོད་པའི་ཚོད་ཡིན།) ཁོང་ཚོས་ངའི་གདུང་འབོད་ཀྱང་མི་ཐོས། ང་ནི་འདྲེ་ཞིག་ཡིན་ནམ་མི་ཞིག་ཡིན། ང་ནི་གཟུགས་ཅན་ཞིག་ཡིན་ནམ་གཟུགས་མེད་ཅིག་ཡིན། ང་ངུ་བཞིན་ཡོད། ཅིའི་ཕྱིར་ལྷ་བླ་མས་ང་དང་ཕ་མ་འཕྲད་དུ་མི་འཇུག་པ་ཡིན། ངས་དེ་ལྟར་འཁང་ར་བྱེད།

མཚམས་རེར་ངའི་རྨི་ལམ་དུ། སྐབས་འདི་ལ་སླེབས་དུས། ཕ་རྒན་དང་ངེད་གཉིས་ལྷོད་ལྷོད་ངང་ཁ་བརྡ་བྱེད་པའང་ཡོད། དེ་དུས་རྨི་ལམ་འདི་ནི་ངོ་མ་ཡིན་ནམ་རྨི་ལམ་ཡིན་བསམས་ནས་སེམས་ཁྲལ་བྱེད། (ངོ་མ་བཤད་ན་ང་དང་ཕ་གཉིས་འཆི་བྲལ་བྱས་ཏེ་མི་ལོ་ཉི་ཤུ་ལྷག་འགྲོ་བཞིན་ཡོད།) ཕ་མ་དང་ངས་ཕན་ཚུན་ལ་ཁ་བརྡ་བྱེད་པ་འདི་ངའི་རྨི་ལམ་དུ་ཡོང་བ་ནི་ཧ་ཅང་ཉུང་ཉུང་དང་དཀོན་པོ་ཡིན།

དེ་ནས་ང་འབྲོ་རན་པའི་དུས་ལ་སླེབས་པར་འགྱུར། དེ་ནི་ང་འདིར་སླེབས་ཡོད་པ་རྒྱ་གཞུང་གིས་ཤེས་ཏེ་ང་ལ་ལྐོག་བརྡ་ཞིག་ཅིག་ནས་འབྱོར་ཡོང་། ལྐོག་བརྡ་དེ་ལ་བརྟེན་ནས་ང་གློ་བུར་དུ་ཐོན་དགོས་པར་འགྱུར། ང་བྲོས་འགྲོ་བའི་སྐབས་སུ་དམག་མི་རྣམས་ཀྱིས་དེད་ཡོང་བ་ཡིན། ང་ནི་ཡིབ་བཞིན་ཡིབ་བཞིན་བྲོས་འགྲོ མཚམས་རེར་དམག་མི་རྣམས་ཀྱིས་མེ་མདའ་ཐོགས་ནས་འཕེན་ཆོག་ཆོག་གིས་དེད་ཡོང་ཞིང་། མཚམས་རེར་དམག་མིའི་རླངས་འཁོར་རྣམས་ཀྱིས་རྡུལ་འཚུབ་བེ་ང་དེད་ཡོང་། དམག་མི་དེ་ཚོས་ངའི་ཕྱོགས་སུ་མེ་མདའ་འཕེན་ཞིང་། མེ་མདེལ་ངའི་སྙིང་ཁར་ཕོག་ནས་ང་འགྱེལ་འགྲོ རྨི་ལམ་ནི་རྨི་ལམ་རང་རེད། འགྱེལ་ཟིན་པའི་རྗེས་སུའང་ང་ལ་སྲོག་སྐྱོན་མེད་ཅིང་། ཡང་བྲོས་འགྲོ་བ་ཡིན། སྐབས་རེར་གྲོགས་པོ་རྣམས་ཀྱི་ནང་མི་ལ་ཐུག་རྒྱུ་མ་བྱུང་བའི་འགྱོད་པ་དང་བཅས་བྲོས་འགྲོ མཚམས་རེར་དམག་མི་རྣམས་ཀྱིས་ང་དེད་ནས་བཟུང་བ་དང་། དེ་ནས་འདྲི་གཅོད་བྱེད་བཞིན་ཡོད། འོན་ཀྱང་རྐྱེན་གློ་བུར་བ་ཞིག་ལ་འདྲི་གཅོད་པ་བོད་མི་ཞིག་གིས་ང་ལ་གསང་ལམ་ཞིག་བསྟན་ནས་ང་བཀག་ཉར་བྱེད་ས་དེ་ནས་ཀྱང་ཐར་ཐུབ། དེ་ནས་ང་གོམ་བགྲོད་བྱེད་བཞིན་ཡོད། མདུན་ནས་མཐོང་བ་ནི་རྒྱ་བལ་གྱི་ས་མཚམས་ཡིན། བར་ཐག་ཧ་ཅང་ཉེ། འོན་ཀྱང་ངའི་རྐང་པ་ལ་བགྲོད་པའི་བྱ་བ་བསྒྲུབས་པའི་ནུས་པ་མེད། ང་རྩོལ་བ་ཆེན་པོས་ཅི་ཙམ་དུ་ཕྱིན་ཀྱང་ད་དུང་ཡང་ང་ནི་ས་དེ་གར་ལུས་འགྲོ འདི་ཅི་ཡིན་ནམ་ཞེས་དངངས་སྐྲག་འབྱུང་།

དེ་ལྟ་བུའི་དངངས་སྐྲག་ཁྲོད་དུ་ང་གཉིད་ལས་སད་འགྲོ གཉིད་ལས་སད་སྐབས་ང་ནི་རྨི་ལམ་འཁྲུགས་པོ་དེའི་བྱུང་བ་དེས་སེམས་ཁམས་ཡོངས་སུ་མནན་ཏེ་ཡོད། ལག་པ་བྲང་ཁར་བཞག་སྟེ་བསམ་གཞིགས་བྱེད། ང་ནི་ས་མཐར་ལུས་ཡོད་པ་གཞི་ནས་ཤེས། ཕ་མ་ལ་མཇལ་བ་ནི་རྨི་ལམ་ཡིན་པ་གཞི་ནས་ཤེས། ཕ་ཡུལ་ལ་སླེབས་པའང་རྨི་ལམ་ཡིན་པ་གཞི་ནས་ཤེས། ངའི་རྨི་ལམ་འཁྲུགས་པོ་དེའི་སྒྲོམ་གཞི་ནི་དེ་འདྲ་ཞིག་རེད། སྐབས་རེར་ལན་རེར་ཆ་ཅུང་ཙམ་མི་འདྲ་བ་རེ་རེ་ཡོང་བ་ཡིན། འོན་ཀྱང་རྨི་ལམ་འདི་ནི་རྒྱུན་དུ་རྨི་ཞིང་། རྨི་བཞིན་རྨི་བཞིན་མི་ལོ་སུམ་ཅུ་བརྒལ་སོང་།

རྨི་ལམ་ནང་གི་ངའི་ཕ་རྒན་ནི་གདོང་སྨུག་པོ་ཡིན་ལ་ཕྱུ་པ་སྔོ་ནག་ཅིག་གྱོན་ཡོད། སྐྱིལ་ཀྲུང་གིས་བཞུགས་ཏེ་ངའི་ཕྱོགས་སུ་གཟིགས་བཞིན་ཡོད། ལག་པར་ཕྲེང་བ་ཐོགས་ཤིང་དབུ་སྐྲ་སོར་གང་ཙམ་ཡོད། མ་ཎི་བགྲང་བའི་ཤུགས་ཀྱིས་ཁའི་ཟུར་ནས་ཝུ་བ་ཐོན་བཞིན་ཡོད། ཕ་རྒན་གྱི་རྣམ་པ་འདི་ལ་འགྱུར་བ་གང་ཡང་མི་འདུག

སྣ་ཚོགས།

Post navigation

Previous Post: ཀྲུའུ་ཝེ་ཆོན་གྱིས་དབུ་མའི་ལམ་སྲིད་བྱུས་ལ་འཚིག་ཟའི་དགག་པར་ལན་འདེབས།
Next Post: བོད་མིའི་སྒྲིག་འཛུགས་ཀྱིས་བསྟི་གནས་རྡ་ས་གངས་སྐྱིད་དུ་འབྱོར་བའི་མཐོང་ཚུལ་དང་ལྔ་དང་ལྔ་བཅུའི་འཆར་སྣང་ལ་དཔྱད་པའི་གཏམ།

Comments (1) on “རྨི་ལམ་འཁྲུགས་པོ་ཞིག”

  1. ཀླུ་སྨྱོན། says:
    2018-09-30 at 11:20 pm

    ང་ལ་ཡང་རྨི་ལམ་འདི་རིགས་འདུག ཧི་མ་ལ་ཡ་བརྒན་མཁན་འགའ་ལ་དྲིས་པར་དེ་ནི་ཐུན་མོང་གི་རྨི་ལམ་ཟིག་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme