Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨི་ལམ་ཞིག་དང་འབྲེལ་བའི་གཏམ།

Posted on 2018-04-06 By ཁ་བརྡ No Comments on རྨི་ལམ་ཞིག་དང་འབྲེལ་བའི་གཏམ།

ཡི་གེར་འགོད་མཁན། བསྐལ་བཟང་གཡུང་དྲུང་།

བོད་ཟླ་དང་པོ་ཚེས་གསུམ་གྱི་དགུང་མོར་ཐོབ་རྒྱལ་གསར་བ་སྨན་རིའི་དགོན་འདབས་སུ་རྨིས་པའི་རྨི་ལམ། ཞོགས་པ་དེར་ང་དང་ལྷན་དུ་ཕུ་བོ་བསྐལ་བཟང་གཡུང་དྲུང་དང་དགེ་བཤེས་གཡུང་དྲུང་དགེ་ལེགས་ང་ཚོ་གསུམ་གྱིས་ཞོགས་ཇ་ལ་རོལ་དུས་ངས་མདང་དགུང་རྨི་ལམ་ཡ་མཚན་ཞིག་རྨིས་སོང་ཞེས་བཤད། དེ་མ་ཐག་ཏུ་ཁོང་གཉིས་ཀྱིས་ཞོགས་ཇའང་འཐུང་མཚམས་བཞག་ཏེ་ག་རེ་རྨིས་སོང་ཞེས་ང་ལ་ཚུར་འཚང་ཁའི་ཚུལ་དུ་དྲི་བར་དྲིས་ཤིང་། ཧོན་འཐོར་བའི་ཚུལ་དུ་མིག་གིས་ཀྱང་ཧྲིག་གེར་ངའི་གདོང་ལ་ལྟ་བཞིན་ཡོད་པའི་ཚོར་སྣང་བྱུང་།

ངས་མདང་དགུང་རྨིས་པའི་རྨི་ལམ་ནི་འདི་ལྟར་ཏེ། སྨན་རིའི་ཚོགས་ཁང་ཆེན་པོའི་གཡས་ཕྱོགས་སུ་ཞིང་གཤེགས་དམ་པ་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུ་གདུང་ཞུགས་འབུལ་བྱ་སའི་གནས་དེར། ཁྲི་འཛིན་རིན་པོ་ཆེ་ཧ་ཅང་གིས་ཐུགས་དགྱེས་ཤིང་ཞལ་གྱི་དཀྱིལ་འཁོར་འཛུམ་གྱིས་ཁེངས་ཤིང་། མཐའ་འཁོར་ལ་མེ་ཏོག་མདངས་ལྡན་སྣ་ཚོགས་གང་སར་བཞད་ཅིང་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བ་དང་། ད་དུང་གནའ་སྔ་མོའི་སྲོག་ཆགས་འདྲ་མིན་དང་རི་དྭགས་སྣ་ཚོགས་ཀྱིས་རྩེད་འཇོར་རོལ་ཞིང་། འདབ་ཆགས་བྱ་རིགས་སྣ་ཚོགས་ཀྱིས་གཤོག་རྩལ་ངོམ་བཞིན་ཀུན་གྱིས་ཁྲི་འཛིན་རིན་པོ་ཆེའི་ཞལ་གྱི་དཀྱིལ་འཁོར་ལ་ལྟ་བཞིན་འདུག་ལ། ཚོགས་ཁང་དང་སྐུ་གདུང་ཞུགས་འབུལ་བྱ་སའི་མཚམས་དེར་མཁའ་དབྱིངས་སུ་དཀར་ཞིང་གསལ་བའི་ཉ་གང་གི་ཟླ་བ་ཞིག་ཤར་ལ་ཟླ་བ་དེ་ཡང་ནམ་རྒྱུན་དང་མི་འདྲ་བར་སྔར་ལས་ཆེ་ཞིང་སྔར་ལས་གསལ། ད་དུང་ཟླ་བའི་མཐའ་ལ་གཡུ་འབྲུག་དང་རྒྱ་བྱ་འམ་རྨ་བྱ་གཉིས་ཀྱིས་གླུ་དབྱངས་ལེན་ཞོར་དུ་ཟླ་བའི་མཐའ་ནས་སྐོར་བཞིན་མཆིས་ལ། ཅུང་ཙམ་གྱི་རྗེས་སུ་ཁྲི་འཛིན་སོ་གསུམ་པ་མཆོག་གིས་ད་འགྲིག་སོང་ང་འགྲོ་རྒྱུ་ཡིན་ཞེས་གསུངས་སྟེ་ཕེབས་པར་བརྩམ་པ་ན། དེ་མ་ཐག་མོ་ང་ངུ་ཞོར་དུ་ཁོང་གི་ཤམ་ཐབ་ལ་འཇུས་ཏེ་ད་དུང་ཏོག་ཙམ་མ་ཕེབས་བཞུགས་རོགས་ཞེས་ཞུ་བ་འབུལ་བ་རྨིས་སོང་། འོན་ཀྱང་སྐབས་དེར་ངས་དངོས་སུ་ངུ་འབོད་བྱེད་བཞིན་འདུག་པས་རྨི་ལམ་ལས་དཀྲོགས་སོང་ཞེས་བཤད་པ་དང་དགེ་བཤེས་གཡུང་དྲུང་དགེ་ལེགས་ཀྱིས་རྨིས་པའི་རྨི་ལམ་དེ་ཧ་ཅང་ལེགས་མོད། ཚེས་གསུམ་གྱི་དགུང་མོར་རྨིས་པའི་རྨི་ལམ་ལྟར་ཚེས་ལྔ་ཉིན་རང་ཅག་ཀུན་གྱི་གཙུག་རྒྱན་རྗེ་རྒྱལ་བ་གཉིས་པའི་འཁྲུངས་མཆོད་དང་བསྟུན་ནས་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་རྒྱལ་བ་གཉིས་པའི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་དང་འབྲེལ་ཞིང་། དངོས་གནས་རྨི་ལམ་ལེགས་ལ་སྔོན་ལས་དང་འབྲེལ་བའི་རྟགས་རེད་ཅེས་གསུངས་བྱུང་། མ་གཞི་ངས་ཕྱི་བསྐྱོད་ལག་ཁྱེར་ཞུས་ནས་ལོ་གསུམ་ཙམ་ངང་རེ་སྒུག་ཁོ་ནར་བྱས་པའི་མཐར་རང་ལག་ཏུ་སོན་མོད། དེ་མ་ཐག་ཏུ་ཕྱི་རོལ་དུ་བསྐྱོད་པའི་གྲ་སྒྲིག་བྱེད་པའི་སྐབས་དེར། ཐོས་ན་མི་འདོད་པའི་གཏམ་ངན་ཞིག་རྣ་བར་ལྷུང་བ་ནི་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ནུབ་རི་ལ་གཏན་དུ་ཡིབ་ཅིང་སྐུ་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་དེ་རེད། སྐབས་དེར་ང་ལ་ཡང་ཡིད་ཐང་ཡོངས་སུ་ཆད་དེ་ང་ཅི་འདྲའི་ལས་ངན་ཞིག་རེད་འང་སྙམ་སྟེ་བསམ་གཞིག་གི་ཁྲོད་དུ་ལྷག

ཉིན་མོར་བཟའ་བཏུང་གི་དང་ག་འགག་ཅིང་ཟས་ལ་བྲོ་བ་མེད། མཚན་མོར་མིག་ཆུས་འགྲམ་པ་སྔ་ལ་སྦྱར་ཞིང་བྲང་གཞུང་སྤར་གྱིས་བཟུང་། དེ་ལྟར་སྐྱོ་གདུང་དྲག་པོའི་ངང་བདུན་ཕྲག་འགའ་ཕྱིན་ཞིང་། ཉིན་ཞིག་སྨན་རིའི་ཁྲི་འཛིན་གསར་པ་ཞིག་གསེར་ཁྲིར་མངའ་གསོལ་ཡིན་པར་ཐོས་ཤིང་། འགྲོ་སའི་ཁ་ཕྱོགས་བོར་ཏེ་བྱེ་ཐང་ལ་ཁེར་རྐྱང་དུ་ལྷག་ཅིང་། དབུགས་རྒྱུན་འགག་ལ་ཁད་ཀྱི་བུ་མོ་ང་ལ་སླར་ཡང་སྨན་རིའི་མཁན་པོར་མཇལ་བའི་སྐལ་བཟང་ཤར་བྱུང་སྙམ་ཏེ་སྡུག་གི་མུན་པ་དབྱིངས་སུ་དྭངས་ཤིང་དགའ་བ་འབུམ་གྱིས་མྱོས་ཏེ་རིམ་པར་རྒྱུད་དེ་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་དགོན་དུ་འབྱོར། ཕྱི་ཉིན་ཁྲི་འཛིན་སོ་བཞི་པའི་པའི་སྐུ་ཡི་གསེར་ཞལ་དངོས་སུ་མཇལ་བའི་སྐལ་བཟང་ཐོབ་ཅིང་། ད་དུང་ང་ལ་ཚུར་ཁྲི་འཛིན་སོ་གསུམ་པའི་གདུང་རུས་དང་གདུང་ཐལ་སྲུང་མདུད་ལ་སོགས་གནང་བར་མ་ཟད་ཞོར་དུ་བཀའ་སློབ་ལམ་སྟོན་གནང་ཏེ། ཁོང་ནི་ཁྲི་འཛིན་གསར་བ་ཡིན་ནའང་། ང་ཚོའི་བར་དུ་ཁ་ཐག་ཇི་ལྟར་རིང་ཡང་སེམས་ཐག་ཉེ་བའི་ནང་མི་ལྟ་བུ་ཡིན་པར་ཡིད་ཆེས་དང་འདུ་ཤེས་བཅང་ཡོད་ལ། གྲྭ་ས་སྨན་རི་དགོན་འདི་ནི་ང་རང་ཚོ་བོན་འབངས་ཀུན་ལ་དབང་བའི་རྩ་བའི་མ་དགོན་ཞིག་ཡིན་པ་ནི་དེ་རིང་ངས་ལོ་རྒྱུས་རྙིང་པ་ཞིག་ལ་འགྲེལ་བཤད་གསར་བ་ཞིག་བཤད་མ་དགོས་པ་ཞིག་རེད། དེས་ཕྱིར་ཁོམ་ལོང་ཡོད་དུས་སུ་དུས་ཚོད་དང་སྟབས་བསྟུན་ནས་སླར་ཡང་སྨན་རིའི་དགོན་དུ་འབྱོར་ཐབས་བྱ་དགོས་ལ། འདིར་ཕྱོགས་དཀའ་ངལ་སོགས་གང་ལ་འཕྲད་ཀྱང་ངས་རོགས་པ་དང་རྒྱབ་སྐྱོར་གང་འཇོན་བྱ་ནས་སེལ་ཐབས་བྱ་ངེས་ཡིན་ཅེས་དང་། ས་ཆ་གང་དུ་སོང་ཡང་སྨན་རིའི་དགོན་འདི་ང་ཚོ་ཀུན་ལ་དབང་བའི་ཐུན་མོང་གི་དགོན་པ་ཡིན་པར་ནམ་ཡང་སེམས་ནས་བརྗེད་མི་རུང་། སྤྱིར་ཞྭ་དཀར་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ལ་དད་གུས་དང་ཡིད་ཆེས་བྱེད་མཁན་ཞིག་ཡིན་ཕྱིན་ཆད་སུ་དང་གང་གི་ཁྱད་པར་མེད་ལ། རྒྱུན་དུ་བྱ་བ་ལམ་སློང་ཡོང་བའི་ཆེད་དུ་སྨོན་འདུན་དང་ཡར་དཀོན་མཆོག་ལ་སྐྱབས་འཇུག་སོགས་ངས་སེམས་ནས་བརྗེད་མི་སྲིད་འ། ཞེས་གསུངས་བྱུང་། དེ་མ་ཐག་ངའི་སེམས་ནས་ཀྱང་དངོས་གནས་རེ་བ་ཆུད་ཟོས་སུ་བྱས་མེད་ལ་མཇལ་ས་ཡང་གཏན་ནས་ནོར་མི་འདུག་འང་སྙམ་པའི་འདུ་ཤེས་གསར་བ་ཞིག་གཞི་ནས་རྙེད་བྱུང་བར་མ་ཟད་བདེ་སྐྱིད་ཀྱི་ཁ་ཞག་དྲོད་མོ་ཞིག་དང་ལྷན་དུ་རང་ཡུལ་ཁ་བ་གངས་ཅན་ལྗོངས་སུ་ལོག་འདོད་བྱུང་།

ཞེས་སྤྱི་ཟླ་ཚེས་ 2018/2/27/ཉིན་རྒྱ་གར་རྒྱལ་ས་རྡི་ལི་ཡོངས་གྲགས་སུ་མན་ཇུ་དྲི་ལ་རུ་འབོད་པའི་གནས་དེར་ཨ་མའི་འཚིག་ཇ་ཁང་དུ་ AMA COFFEE SHOP རྒྱལ་རོང་བ་ཚེ་ལྡན་དབང་མོས་རྨིས་པའི་རྨི་ལམ་དེ་བཤད་ཞོར་བསྐལ་བཟང་གཡུང་དྲུང་གིས་རྒྱལ་རོང་སྐད་ནས་ཚུར་ཡིག་ཐོག་ཏུ་ཕབས་པའོ།

སྣ་ཚོགས།

Post navigation

Previous Post: རྩོམ་ཡིག་བསྡུ་བའི་གསལ་བརྡ།
Next Post: སྐྱབས་བཅོལ་བ། (སྐད་གཉིས་ཤན་སྦྱར་གྱི་སྙན་ངག་ཅིག)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme