Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨི་ལམ་མངོན་དུ་འགྱུར་ངེས།

Posted on 2008-11-05 By dhatsenpa 3 Comments on རྨི་ལམ་མངོན་དུ་འགྱུར་ངེས།

ཁ་སང་ཨ་རིའི་མི་མང་ཚོས་མི་རིགས་ཀྱི་བཀག་རྒྱ་ཞིག་ཡོངས་སུ་གཏོར་ཏེ་རང་དབང་དང་བློ་དཀྱེལ་ཆེན་པོའི་ངང་འོས་འཕེན་གྱིས་ཤ་མདོག་ནག་པོ་ཡིན་པའི་ཨོ་བྷ་མ་སྲིད་འཛིན་གྱི་སྟེགས་བུར་བཀུར་བའི་བར་སྐབས་འདི་ནི་མི་སུ་ཞིག་ལ་མཚོན་ན་ཡང་སེམས་འགུལ་གཏིང་ནས་འཆོར་བའི་གནས་ཚུལ་ཞིག་ཅི་ལ་མིན། འདི་ནི་ཡུན་རིང་བོའི་རྨི་ལམ་ཞིག་མངོན་དུ་གྱུར་བའི་བར་སྐབས་ཡིན་པ་དང་། འདི་ནི་རྨི་ལམ་ཞིག་ཡོད་ཕྱིན་རྨི་ལམ་དེ་མངོན་དུ་འགྱུར་ངེས་པའི་དཔེ་སྟོན་ཞིག་ཀྱང་ལོས་ཡིན།
རླབས་ཆེ་བའི་ཨ་རིའི་སྲིད་འཛིན་ལིན་ཁོན་གྱིས་རང་དབང་གི་བསྒྲགས་གཏམ་ལ་མཚན་རྟགས་བཀོད་ཅིང་བྲན་གཡོག་ལམ་ལུགས་མེད་པར་བཟོས་པའི་རྗེས་སུ་ཡང་། ལོ་བརྒྱ་ཡི་རིང་ཤ་མདོག་ནག་པོའི་མི་རིགས་ཚོས་འདྲ་མཉམ་ཟེར་བ་རྣ་བས་མ་གོ་ཞིང་། མི་རིགས་དབྱེ་འབྱེད་ཀྱི་ཁྱད་གསོད་མཐོང་ཆུང་ནི་ཉིན་རེའི་ཉམས་སུ་མྱང་ཡུལ་དུ་གྱུར། ལོ་བརྒྱ་ཡི་རིང་གི་ངུ་སྐད་ཀྱིས་ཁོང་ཚོ་ཕན་ཚུན་གཅིག་གཅིག་གཉིད་ལས་དཀྲོགས་པར་གྱུར། དེ་ནས་བཟུང་ཁོང་ཚོ་ལ་འོད་སྣང་གི་རྨི་ལམ་ཞིག་རྨི་མགོ་ཚུགས། དེ་ནས་བཟུང་ཁོང་ཚོས་འཐབ་རྩོད་ཅིག་གི་མགོ་བཟུང་།
དེ་ནི་ ༡༩༦༣།༨།༢༨ ཉིན་ཏེ་མར་ཀྲིན་ལུའུ་ཐར་གྱིས་རྒྱལ་ས་ཝ་ཤིང་ཀྲོན་གྱི་མི་མང་ཐང་ཆེན་དུ་མི་གྲངས་འབུམ་གཉིས་ལྷག་གི་མདུན་དུ་འགྲེངས་ནས། སྤོབས་པ་ཆེན་པོ་དང་སྐད་གསེང་མཐོན་པོའི་ངང་མཛུབ་མོ་གཅིག་གནམ་ལ་ཀེར་ནས་ ་་ང་ལ་རྨི་ལམ་ཞིག་ཡོད་་ ཅེས་བསྒྲགས་པའི་ཉི་མ་དེ་རེད། དེ་ནས་མི་ལོ་བཞི་བཅུ་ཞེ་ལྔའི་རྗེས་ཀྱི་དེ་རིང་ལོ་ན་གཞོན་ཞིང་འཇེམ་ཐང་ཅན། ཡིད་ཆེས་དང་སྟོབས་ཤུགས་ཀྱིས་ཁེངས་པའི་མི་ནག་པོ་ཞིག་ལ་སྲིད་འཛིན་གྱི་འོས་ཤོག་ཐོབ་སྟེ་ཨ་རིའི་མི་སེར་གྱིས་གཙོས་པའི་མི་མང་པོ་ཞིག་ནས་དགའ་འབོད་སྒྲོགས་བཞིན་པའི་ཚུལ་གསར་གནས་ཀྱི་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་པ་དང་ཆབས་ཅིག ལོ་ཞེ་ལྔའི་སྔོན་དུ་མར་ཀྲིན་ལོའུ་ཐར་གྱིས་ ་་ང་ལ་རྨི་ལམ་ཞིག་ཡོད་་ ཅེས་སྒྲོགས་བཞིན་པ་དེ་ཡང་བརྙན་འཕྲིན་ནང་འཁྱུག་ཙམ་འཁྱུག་སྟོན་བཞིན་པ་འདི་ནི། ཨ་རིའི་མི་མང་ཚོས་མར་ཀྲིན་ལོའུ་ཐར་ལ་ཁྱེད་ཀྱི་རྨི་ལམ་དེ་ངེད་ཚོས་མངོན་གྱུར་བྱས་ཡོད་ཅེས་ཕྱི་མའི་ཡུལ་དུ་སྐད་བསྐུར་བཞིན་པ་དང་འདྲ།
དགའ་བ་འཕེལ་བའི་སྐབས་འདིར། ཡིད་སེམས་འགུལ་བའི་སྐབས་འདིར། ང་ཚོ་མགོ་ནག་རྩམ་ཟན་ཚོ་ལ་ཡང་ཡུན་རིང་པོ་ནས་རྨིས་པའི་རྨི་ལམ་ཞིག་ཡོད་པ་དེ་རང་བཞིན་གྱིས་སེམས་ལ་འཁོར་ཡོང་། ཁོང་ཚོའི་མངོན་དུ་གྱུར་པའི་རྨི་ལམ་འདིས་ང་ཚོའི་རྨི་ལམ་དེ་ཡང་ནམ་ཞིག་མངོན་དུ་འགྱུར་རྒྱུ་ཡིན་པར་ང་ཚོར་གོ་བརྡ་ཞིག་སྤྲད་པ་མ་ཡིན་ནམ། འདི་ལ་དྲི་བ་མང་པོ་ཞིག་འདྲི་མི་དགོས་ལ། ཐེ་ཚོམ་མང་པོ་ཞིག་ཀྱང་ཟ་མི་དགོས་པའི་བདེན་དཔང་གསོན་པོ་ཞིག་ཡིན་པའི་ཡིད་ཆེས་ཅི་ལ་མི་སྐྱེ།
ང་ཚོའི་རྨི་ལམ་འདི་ཅིས་ཀྱང་མངོན་དུ་འགྱུར་ངེས། ང་ཚོའི་རྨི་ལམ་འདིའི་ཆེད་དུ་མི་གྲངས་ཀྱིས་མི་ལངས་པ་ཞིག་གིས་གཅེས་སྲོག་ཕུལ་ཡོད། གཅེས་སྲོག་ཕུལ་བ་རང་འབྲས་བུ་ཡིན། ང་ཚོའི་རྨི་ལམ་འདིའི་ཆེད་དུ་མི་གྲངས་ཀྱིས་མི་ལངས་པ་ཞིག་གིས་ཁྲག་གི་ས་བོནབཏབ་ཡོད། དེ་ལ་འབྲས་བུ་ཞིག་སྨིན་རྒྱུ་ལོས་ཡོད། དེང་སང་གི་དམངས་གཙོ་དང་ཞི་བདེའི་རྒྱལ་ཁབ་འདི་ཚོ་ཡང་རྒྱལ་གཅེས་དབའ་བོ་དཔའ་མོ་མང་པོ་ཞིག་གི་ཚེ་སྲོག་གིས་ཉོས་ཡོང་བ་མ་ཡིན་ནམ། ང་ཚོས་འོད་སྟོང་ལྡན་པའི་རྨི་ལམ་འདི་ཁྱེར་ནས་མུ་མཐུད་མདུན་དུ་འགྲོ།

རྩོམ་རིག

Post navigation

Previous Post: མེ་རུ་འབར་བའི་རྨི་ལམ།
Next Post: རབ་ཏུ་བྱུང་བའི་བར་ཆད།

Comments (3) on “རྨི་ལམ་མངོན་དུ་འགྱུར་ངེས།”

  1. ÇtôzÅ-q- says:
    2008-11-05 at 10:12 pm

    ཨོ་བྷ་མ་ལ་འོས་ཤོག་ཐོབ་པས་ཐོག་མར་སྟེགས་བུར་བུད་ནས་སྤོབས་སེམས་ཀྱིས་ཁེངས་བཞིན་ང་ཚོས་ཅི་ཡང་བྱེད་ནུས་ཞེས་གཏམ་བཤད་བྱེད་པ་བརྙན་འཕྲིན་ལས་མཐོང་སྐབས་མིག་ལས་མཆི་མ་བརྡོལ་སོང་། འདིས་ནིཨ་མེ་རི་ཁ་བ་དང་འཛམ་གླིང་ཡོངས་ལ་ཆེས་ཕུལ་དུ་བྱུང་བའི་མིག་དཔེ་ཞིག་དང་འདྲ་མཉམ་གྱི་ལོ་རྒྱུས་གསར་པ་ཞིག་གི་སྒོ་གླེགས་ཕྱེས་སོང་།

  2. ཀླུ་སྨྱོན། says:
    2008-11-05 at 10:42 pm

    དྲང་བོར་བཤད་ན་ཨོ་སྦ་མ་དང་རིགས་རྒྱུད་གཅིག་པའི་མི་དེ་དག་དང་འདྲ་བར་ངའི་མིག་མཐའ་ཡང་ཅི་ཞིག་གིས་བརླན་སོང་། རྐྱེན་རྩ་གསལ་བོ་ཞིག་མ་ཤེས་ཀྱང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དམྱལ་བའི་སྡུག་བསྔལ་མྱངས་ཚར་བའི་མི་རིགས་ཤིག་ལ་ས་སྟེང་འདི་ན་ཡོད་ན་མེད་ན་དེ་ཡིན་པའི་རྒྱལ་ཁ་ཐོབ་རྒྱུའི་ཉི་མ་ཞིག་ཡོད་པ་དེ་མཐོང་བས་ཡིན་སྲིད།

  3. zôh-ˆÛ-zÞü says:
    2008-11-06 at 1:12 am

    ཨོ་སྦ་མ་རྒྱལ་ཁ་ཐོབ་རྗེས་ཁོང་གི་ཁ་གཏད་མེ་ཁན་གྱིས་ཀྱང་ཁོང་ད་རེའི་འགྲན་བསྡུར་དེའི་ཁྲོད་ཤོར་བར་ཡོངས་སུ་ངོས་ལེན་བྱས་པར་མ་ཟད། ཨོ་སྦ་མ་ཁོང་གི་ཁ་གཏད་ཡིན་པའི་འདུ་ཤེས་དེ་ཡང་ཡོངས་སུ་དོར་ནས་ང་ཚོའི་སྲིད་འཛིན་ཨོ་སྦ་མ་ཞེས་ཨོ་སྦ་མ་ལ་གཞུང་འབངས་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་པའི་གཏམ་བཤད་གནང་པ་དེས་མང་གཙོ་དང་རྒྱལ་ཞེན། དེ་བཞིན་སྤྱི་སེམས་དང་གུ་ཡངས་ཀྱི་བསམ་བློ་སོགས་གཏིང་ཟབ་ཏུ་མཚོན་གྱི་ཡོད་པར་འདོད། རང་རེའི་སྤྱི་ཚོགས་ཀྱི་བསྡུར་ན་ཐོབ་ངེས་པར་དུ་ཐོབ་དགོས་པ་དང་། སྤྱི་སེམས་ལས་སྒེར་སེམས་ཤུགས་ཆེ་བ། ཁ་ཡག་ཅིང་ཁོག་རྩུབ་པ་སོགས་གུ་དོག་ཅན་གྱི་བསམ་བློ་དེ་དག་སྒྱུར་བཅོས་གཏོང་དགོས་པའི་མིག་དཔེ་བཟང་པོ་ཞིག་ཡིན་པར་ཀུན་གྱིས་ཤེས་དགོས་པ་གལ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme