Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨི་ལམ་ནང་གི་བླ་མ་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ།

Posted on 2024-01-18 By ཁ་བརྡ་ No Comments on རྨི་ལམ་ནང་གི་བླ་མ་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ།

རྨི་ལམ་དང་པོ།

དེ་རིང་བོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཆུ་ཚོད་གསུམ་ཡས་མས་ཞིག་ལ་ང་ལ་རྨི་ལམ་འདི་འདྲ་ཞིག་རྨིས་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ། ངེད་ཀྱི་ཨ་ཞང་ཚང་གི་བུ་བཀྲ་ཤིས་ཚང་ལ་ཕེབས་ནས། དེར་བཞུགས་འདུག་པ་དང་། བླ་མ་བཟོད་པ་རིན་པོ་ཆེས་ང་ཚོ་ལ་འདི་ལྟར་གསུང། ང་འཆི་དགོས་པ་རེད་ལ།་དེ་ལ་ཅི་ཡང་མི་སྐྱོན་མོད།ཡིན་ན་ཡང་ང་ལ་དད་པ་ཡོད་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་གསུང་ནས་སེམས་ཅན་ཐམས་ཅད་ལ་ཐུགས་སྙིང་རྗེ་ཆེན་པོ་ཚད་མེད་གནང་། དེའི་སྐབས་སུ་ང་ལ་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མི་ཕྱེད་པའི་དད་པ་ཐོབ་ནས་ཡར་ལངས་ནས་ཕྱག་གསུམ་འཚལ་བ་དང་དད་པའི་སྟོབས་ཀྱི་མིག་ཆུ་རང་དབང་མེད་པར་ཤོར་ཀྱི་འདུག། དེའི་སྐབས་སུ་ངའི་ཕ་མ་གཉིས་དང་ནུ་བོ་སྐྱབས་རྗེ་དམ་པ་བླ་མ་བཟོད་པོ་རིན་པོ་ཆེ་ང་ཚོའི་མཉམ་ཏུ་སྒྲ་ལེན་འཕྲུལ་འཁོར་ཞིག་ལས་གསུང་ཆོས་ཞིག་ལ་ཉན་བཞིན་འདུག། ངའི་སེམས་ལ་ངའི་ནང་མི་རྣམས་དང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་ལྷན་སྐུ་དཔར་ཞིག་སྒྲོན་ཐུབ་ན་སྐལ་བ་བཟང་པ་བསམ་ནས་ཐེངས་གཉིས་ཙམ་ལ་ཁ་པར་ལས་སྐུ་དཔར་ལེན་པའི་ཐབས་ཤེས་བྱས་ན་ཡང་ལེན་ཐུབ་མ་སོང་། དེ་ནས་ང་གཉིད་སད།

རྨི་ལམ་གཉིས་པ།

རས་གུར་ཞིག་གམ་གནས་ཚང་ཆུང་ཆུང་ཞིག་ནང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་བཞུགས་འདུག་ལ། དེ་ནས་ཁོང་གིས་ང་ལ་གསུང་རྒྱུར་མགོན་པོ་སྐྱབས་ཁྱེད་ཀྱི་མ་འོངས་པར་ཆོས་ཁྲིད་བྱོས་གསུང་བྱུང་། དེ་ནས་ངས་སྐྱབས་རྗེ་མཆོག་ལ་ཡར་ཞུ་རྒྱུར། ངའི་ཆོས་ཁྲིད་ཅི་ཡང་ཤེས་ན་མ་རེད་ལགས།མྱི་ནག་མི་སྐྱ་ནང་ཆོས་ལ་ཐོས་བསམ་སྒོམ་དང་སློབ་སྦྱོང་གང་ཡང་བྱས་མེད་པས་ཅི་ཡང་ཤེས་ནི་མ་རེད་ཞེས་ནན་ཞུ་བྱས་པ་དང་། དེ་སྐབས་སུ་ངའི་འགྲམ་གྱི་གཡས་ཕྱོགས་སུ་བཞུགས་ཡོད་པའི་དགེ་སློང་གྲྭ་བ་དེ་ཁོང་ཚང་ལ་བསྟན་ནས།་ངས་སྐྱབས་རྗེ་མཆོག་ལ་ཞུ་རྒྱུར། སྐྱབས་རྗེ་མཆོག་ང་ལས་དགེ་སློང་འདིས་ཆོས་ཁྲིད་གནང་ན་བཟང་པ་དང་།ཁོ་ནི་ཆོས་ཀྱི་ཤེས་རྒྱ་ཆེན་པོ་རེད་ཅེས་ཞུས་ན་ཡང་།སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་ང་ལ་ཁྱེད་ཀྱིས་ངེས་པར་ཆོས་ཁྲིད་བྱེད་ཐུབ་ནི་རེད་ཞེས་བཀའ་ནན་གྱིས་ཕེབས། དེ་ནས་ཞོགས་པ་ཡར་ལངས་ཏེ་ཐབ་ཚང་ནང་སོང་ནས་ཞོགས་ཇ་འཐུང་བཞིན་པའི་སྐབས་། ངའི་བཟའ་ཟླ་སྐས་འཛེགས་ལས་མར་བབས་ཡོང་ནས་ང་ལ་བཤད་རྒྱུར་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་སྐུ་ཞིང་ལ་ཕེབས་འདུག་ཟེར། ང་ཅུང་སྟབས་སྟབས་པོ་ཆགས་ནས་ཡང་བསྐྱར་ཁོ་མོ་དྲིས་པས། སྐྱབས་རྗེ་མཆོག་གི་དགོན་པའི་ངོ་དེབ་ཐོག་གསར་འགྱུར་བཀོད་པའི་གནས་ཚུལ་རྣམས་ཁོ་མོས་ང་ལ་ཡང་བསྐྱར་བཤད་པས་།དེ་ནས་ངའི་སེམས་ལ་མདང་དགོང་གི་རྨི་ལམ་རྣམས་སེམས་ལ་ཤར།དེ་མ་ཐག་ངའི་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་རྨི་ལམ་རྨིས་པ་ཁོ་མོར་བཤད་། ཁོ་མོ་ཅུང་ཡ་མཚན་ཡང་སྐྱབས་རྗེ་མཆོག་གིས་ཁྱེད་ལ་བྱིན་གྱིས་རླབས་པ་དང་།མ་འོངས་བར་ཁྱེད་ཀྱིས་ཀྱང་ཆོས་ཁྲིད་བྱེད་ཐུབ་པའི་རྟེན་འབྲེལ་ཡིན་སྲིད་ཟེར།སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་རྨི་ལམ་ནང་མཇལ་བ་དང་། སྐུ་ཞི་བར་གཤེགས་པའི་རྐྱེན་གྱིས་སེམས་ལ་སྐྱོ་གདུང་ཚད་མེད་ཅིག་སྐྱེས་ལ་རང་དབང་མེད་པར་མིག་ཆུ་ལྷུང་། ངའི་སྐྱབས་རྗེ་དམ་པ་བླ་མ་བཟོད་པ་རིན་པོ་ཆེ་ཡི་མདུན་ནས་ཆོས་ཁྲིད་སོགས་ཞུ་མྱོང་མེད་ལ།དམིགས་བསལ་གྱི་ཆོས་ཀྱི་འབྲེལ་གང་ཡང་མེད་ན་ཡང་། སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་མི་མངོན་ཆོས་སྐུའི་དབྱིངས་སུ་གུས་པ་ལ་བྱིན་གྱིས་རླབས་བཞིན་པ་ནི་ཅི་ལ་མིན།

རྨི་ལམ་གསུམ་པ།ཉིན་འགའི་སྔོན་ཡང་ང་ལ་རྨི་ལམ་རྨི་ལྟར་རྨིས།ངས་ནང་ཆོས་ཀྱི་དཔེ་ཆ་མང་པོ་ཞིག་ཀློག་གི་འདུག་ལ་དེའི་ནང་སྔ་འགྱུར་རྙིང་མ་བའི་བླ་མ་ཁ་ཤས་ཀྱི་ཕྱག་དཔེ་དང་ཨ་ནེ་བསྟན་འཛིན་པད་མོ་ཕྱག་དཔེ་།སྐྱབས་རྗེ་བླ་མ་བཟོད་པོ་རིན་པོ་ཆེའི་ཕྱག་དཔེ་ཁ་ཤས་ལ་མཇལ་བ་དང་།དེའི་ནང་ནས་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེའི་ཕྱག་དཔེ་དེའི་ཁ་ཕྱེས་ནས་བལྟས་པས།དེའི་ནང་དུ་འདི་ལྟར་བྲིས་འདུག།ང་ཚོའི་ལུས་ཀྱི་རྩའི་གྲུབ་ལུགས་སྡོང་པོ་འདི་གཉིས་ཀྱི་གྲུབ་ལུགས་གཅིག་ཡིན་ལ།སྡོང་པོ་འདི་ཡང་རིམ་བཞིན་སྐྱེས་ནས་ཡལ་འདབ་རྣམས་ཕྱོགས་བཞིར་རྒྱས་པ་བཞིན་ང་ཚོའི་མིའི་ལུས་ཀྱི་རྩ་འདབ་རྣམས་ཡང་རིམ་གྱིས་རྒྱས་ནས།འདི་ལྟ་བུའི་སྡོང་བོ་འདི་གཉིས་ལྟ་བུ་གྲུབ་པ་རེད་ཟེར་ཞེས་བྲིས་འདུག།དེའི་སྐབས་སུ་ངའི་རྨི་ལམ་ནང་སྡོང་བོ་ལོ་འདབ་ཧ་ཅང་རྒྱས་པ་འཕྲེད་གྱིས་སྐྱེས་འདུག་པ་ཞིག་རྨིས།འདི་ནི་སྐྱབས་རྗེ་བླ་མ་བཟོད་པོ་རིན་པོ་ཆེ་ཞིང་གཤེགས་དམ་པ་ཁོང་།ངའི་རྨི་ལམ་རྨིས་པ་ཐེངས་གསུམ་པ་དེ་ཡིན།

རྨི་ལམ་ཐེངས་གསུམ་མཇལ་བའི་སྐྱབས་རྗེ་བཟོད་པ་རིན་པོ་ཆེ་དངོས་སུ་མཇལ་བའི་སྐལ་བཟང་ནི་།སྔོན་རྒྱ་གར་ན་ཡོད་པའི་སྐབས་སུ་ངའི་སར་བོད་ཀྱི་བསྐུ་མཉེ་བྱེད་དུ་ཡོང་མཁན་ཡོ་རོབ་སི་བུའི་ཀྲན་ནས་ཡིན་པའི་སྐྱེས་མ་ངོ་ཤེས་པ་ཅིག་ཡོད་ལ།ཉིན་ཞིག་ཁོ་མོ་ངས་རྩར་བསྐུ་མཉེ་བྱེད་དུ་ཡོང་ནས།ཁོ་མོས་བཤད་རྒྱུར་དགའ་ལྡན་ཆོས་ཚོགས་ནང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེའི་གསུང་ཆོས་ཞུ་བཞིན་ཡོད་ལ།ཁྱེད་རང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་ལ་མཇལ་ཁ་ཞུ་འདོད་ཡོད་ན་།དགའ་ལྡན་ཆོས་ཚོགས་ནས་སང་ཉིན་མཇལ་ཁ་ལོན་ནི་རེད་ཟེར།དེའི་ཕྱི་ཉིན་ང་དང་སྐྱེས་མ་དེ་ངེད་གཉིས་དགའ་ལྡན་ཆོས་ཚོགས་ལ་བླ་མ་བཟོད་པ་རིན་པོ་ཆེ་ལ་མཇལ་ཁ་ཞུ་བར་སོང་བ་ཡིན།སྟབས་ལེགས་པ་ཞིག་ལ་ཉིན་དེར་བླ་མ་བཟོད་པ་རིན་པོ་ཆེ་རི་མགོར་བསང་གསོལ་ལ་ཕེབས་པའི་སྐབས་དང་ཐུག་འདུག་ལ།དེ་ནས་ང་དང་མི་ཁ་ཤས་ཀྱིས་ལམ་གྱི་གཡས་གཡོན་ནས་བླ་མ་བཟོད་པ་རིན་པོ་ཆེ་ཕེབས་ལམ་ནས་ཕེབས་སྒུག་བྱས་ནས་བསྡད་པ་ཡིན།དེ་ནས་ཅུང་མ་འགོར་སྐྱབས་རྗེ་མཆོག་ཞབས་ཐང་ལ་ཕེབས་བྱུང་ལ་།ང་ཚོ་ལམ་འགྲམ་ན་ཡོད་པ་རྣམས་སར་ཁོང་ཚང་ཕེབས་ཡོང་སྟེ་ཐུགས་བརྩེ་བ་ཆེན་པོས་ངང་ནས་རེ་རེ་མཇལ་ཁ་གནང་པ་དང་།ངའི་རྩར་ཕེབས་ནས་ང་ལ་ཕྱག་མཇལ་གནང་པ་དང་ངས་སྐྱབས་རྗེ་མཆོག་ལ་སྒྲོན་པའི་ཁ་བཏགས་སྐྱབས་རྗེ་མཆོག་གིས་ཕྱིར་ངའི་སྐེ་ལ་བསྐོན།ངའི་སྐལ་བཟང་གི་གོ་སྐབས་དེ་དང་བསྟུན།སྐྱབས་རྗེ་མཆོག་ལ་ང་ལ་རྟེན་སྐལ་ཞིག་གནང་རོགས་ཞུ་ཞེས་ཞུས་པའི་།སྐྱབས་རྗེ་མཆོག་ནས་ཁྱེད་ཀྱིས་ངའི་ཞབས་ཞུ་བ་འབྲེལ་བྱོས་དང་།ཁྱེད་ལ་རྟེན་སྐལ་གནང་དགོས་གསུང་།དེ་ནས་ངའི་ཁ་པར་ཨང་གྲངས་སྐྱབས་རྗེ་མཆོག་གིས་ཞབས་ཞུ་བ་ཕུལ་བ་དང་།ཞབས་ཞུ་བས་ང་ལ་འབྲེལ་བ་བྱེད་ཡོང་ཟེར།འདི་ནི་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་ལ་མི་ཚེ་འདིར་ཐེངས་གཅིག་མཇལ་བའི་སྐལ་བཟང་གི་ཉིན་མོ་དེ་ཡིན་ལ།སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཇལ་བའི་མཐའ་མ་དེ་ཡང་ཡིན།

ཐེངས་གསུམ་གྱི་རྨི་ལམ་གང་ལ་བརྟག་ན་ཡང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མི་འགྱངས་བར་མི་མངོན་ཆོས་དབྱིངས་ཕོ་བྲང་ནས་མི་བཞུགས་པར་།བདག་འདྲའི་ཉམ་ཐག་སྐྱེ་འགྲོའི་མགོན་དཔུང་དམ་པ་ངེས་པར་ཕེབས་པ་མི་སྐྱ་ནོར་རྫི་ཐ་མལ་བདག་འདྲིའི་རྨི་ལམ་ལ་ཡང་སྐྱབས་རྗེ་མཆོག་གིས་བྱིན་གྱིས་རླབས་ན།གཞན་གནམ་གྱིས་ས་གབ་པ་ལྟ་བའི་རྒྱལ་སྲས་བྱང་ཆུང་སེམས་དཔའ་རྣམས་ཀྱི་སྣང་ངོར་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་མཆོག་དག་ཞིང་གང་དུ་བཞུགས་མིན་དང་།དུས་ནམ་ཞིག་།ཡུལ་གང་ཞིག་ལ།སླར་ཡང་འགྲོ་བའི་དོན་ལ་མྱུར་བར་མྱུར་བར་བྱོན་པ་མཁྱེན་མཁྱེན་པའོ།བཀྲ་ཤིས་པར་གྱུར་ཅིག།

བོད་ལོ་༢༡༥༠་ཟླ་༡༢་ཚེ་བརྒྱད་དང་སྤྱི་ལོ་༢༠༢༤་ཟླ་༡་ཚེས་༡༨་ཞོགས་པ་རྨི་ལམ་རྗེས་སུ་མགོན་པོ་སྐྱབས་ཀྱིས་བྲིས་པ་དགེ་ལེགས་འཕེལ་ལོ།།

བསམ་ཚུལ།

Post navigation

Previous Post: རྨོངས་དད་དང་བུད་མེད་ཀྱི་ཐོབ་ཐང་ལས་འཕྲོས་པའི་གཏམ་བཤད་ཅིག
Next Post: སློབ་དཔོན་ཆེན་མོའམ་དེང་དུས་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ། ངེས་པ་དོན་གྱི་ཤེས་ཡོན་སློབ་གསོའི་སྒྲོན་མེ། ཞིང་གཤེགས་དམ་པ་སངས་རྒྱས་མཆོག་ལ་ཕུལ་བའི་ཀ་ཕྲེང་ཨུ་དུམ་ཝ་རའི་མེ་ཏོག་ཞེས་བྱ་བ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme