Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག

Posted on 2013-11-302013-11-30 By ཁ་བརྡ་ No Comments on རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག

འོས་སྦྱོར་བ། བསོད་ནམས།

༡༩༩༣ ལོའི་ཟླ་༥ ཚེས༣༠ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་མི་དམངས་འཐུས་མི་ཚོགས་ཆེན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམཔའི་སྟེང་གྲོས་འཆམ་བྱུང་ཞིང་། ༡༩༩༣ ལོའི་ཟླ་༩ པའི་ཚེས༡༨ ཉིན་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་ལྔ་བའི་ཚང་འཛོམས་གྲོས་ཚོགས་སྟེང་གཏན་ལ་ཕབ། ༡༩༩༤ ལོའི་ཟླ༡ ཚེས༡ ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

དོན་ཚན་དང་པོ། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང༌།བཀོལ་སྤྱོད་གོང་སྤེལ་སོགས་ལ་ཤུགས་སྣོན་དང་ཁག་ཐེག་བྱེད་པའི་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀྱི་རང་སྐྱོང་སྲོལ་ཡིག》《ཀྲུང་ཧྭ་མི་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས》བཅས་གཞིར་བཟུང་ཞིང༌། རང་ཁུལ་དངོས་ཡོད་དང་བསྟུན་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན〉

དོན་ཚན་གཉིས་པ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་ཏང་དངརྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་ཇུས་དང་འབྲེལ་ཡོད་ཁྲིམས་ལུགས།ཁྲིམས་སྲོལ་གྱི་གཏན་ཁེལ་སོགས་ལག་ལེན་མཐར་ཕྱིན་དང་མི་རིགས་སོ་སོའི་སྐད་ཡིག་འདྲ་མཉམ་གྱི་གནས་ལུགས་རྒྱུན་འཁྱོངས། རིགས་སོ་སོས་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཁག་ཐེག་བྱ་རྒྱུ། མི་རིགས་སྐད་ཡིག་གིས་འདྲ་མཉམ་དང་མཐུན་སྒྲིལ་རོགས་སྐྱོར་ཅན་གྱི་སྤྱི་ཚོགས་རིང་ལུགས་མི་རིགས་འབྲེལ་བ་ཇེ་བརྟན་དང་འཕེལ་རྒྱས་སུ་གཏོང་རྒྱུ་དང༌། སྤྱི་ཚོགས་རིང་ལུགས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ལ་ཤུགས་སྣོན་པར་ཞབས་འདེགས་ཞུ་རྒྱུ།

དོན་ཚན་གསུམ་པ། བོད་ཀྱི་སྐད་ཡིག་ནི་རང་སྐྱོང་ཁུལ་གྱིས་མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་དབང་ལག་བསྟར་བྱེད་པའི་སྐད་ཡིག་གཙོ་བོ་ཞིག་ཡིན་ཞིང༌། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱི་ལས་གནས་ལག་བསྟར་བྱེད་སྐབས་རྒྱ་ཡིག་དང་བོད་ཡིག་གཉིས་མཉམ་དུ་བཀོལ་རྒྱུ།

དོན་ཚན་བཞི་བ། རང་སྐྱོང་ཁུལ་གྱིས་བོད་ཀྱི་སྐད་ཡིག་གི་བྱ་བ་ཁྱབ་བརྡལ་དང་མཐོར་འདེགས་རྒྱུན་འཁྱོངས་དང༌། བོད་ཀྱི་ཕུལ་བྱུང་རིག་གནས་ལོ་རྒྱུས་རྒྱུན་འཛིན་གསར་སྤེལ་དང་སྲུང་སྐྱོབ་བྱེད་རྒྱུ། བོད་ཀྱི་སྐད་ཡིག་འཕེལ་རྒྱས་ལ་ཤུགས་སྣོན་དང་བོད་ཀྱི་སྐད་ཡིག་གིས་རང་སྐྱོང་ཁུལ་གྱི་བཅོས་བསྒྱུར་སྒོ་འབྱེད་དང་དཔའ་འབྱོར་འཛུགས་སྐྲུན་ཐད་ནུས་པ་གལ་ཆེན་ཐོན་དུ་འཇུག་རྒྱུ།

དོན་ཚན་ལྔ་པ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་རིགས་སོ་སོའི་ལས་བཟོ་བར་ཕན་ཚུན་གྱི་སྐད་ཡིག་སློབ་སྦྱོང་དང་སྐུལ་འདེད་བྱེད་པར་སློབ་གསོ་གཏོང་རྒྱུ། བོད་རིགས་ལས་བཟོ་པས་མི་རིགས་རང་ཉིད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་དུས་མཚུངས་སུ་རྒྱལ་ཡོངས་སྤྱི་བཀོལ་གྱི་རྒྱ་སྐད་དང་རྒྱ་ཡིག་ལ་སློབ་སྦྱོང་བྱེད་པ་དང༌། རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་ལས་བཟོ་པ་རྣམས་ལ་བོད་ཡིག་སློབ་པར་སྐུལ་འདེད་བྱེད་རྒྱུ།

དོན་ཚན་དྲུག་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་བོད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང༌། དེས་ཁུལ་ཡོངས་ཀྱི་བོད་ཡིག་བྱ་བ་ལ་དོ་དམ་བྱ་རྒྱུ། རང་སྐྱོང་ཁུལ་བོད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་ནི།

ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་ཇུས་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང༌། སྲོལ་ཡིག་འདི་ལག་བསྟར་བྱེད་པར་སྐུལ་འདེད་དང་ཞིབ་བཤེར་བྱེད་པ། བཅའ་ཁྲིམས་དང༌། ཁྲིམས་སྲོལ། སྲིད་ཇུས། སྲོལ་ཡིག་བཅས་་གཞིར་བཟུང་་ནས་བོད་ཡིག་བྱ་བ་ལག་བསྟར་དང་གོང་འཕེལ་གཏོང་བའི་འཆར་གཞི་དང་ཐབས་་ལམ་གཏནའཁེལ་བྱ་རྒྱུ།

བོད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་མཛུབ་སྟོན་བྱ་རྒྱུ།

བོད་ཡིག་ཞིབ་འཇུག་དང་ཁྱབ་བརྡལ། རིག་ཚན་བརྗེ་རེས་དང་ཚད་ལྡན་དུ་གཏོང་བ། ཆེད་ལས་མི་སྣ་གསོ་སྐྱོང་གི་ལས་གཞི་རྩ་འཛུགས་བྱེད་རྒྱུ།

གོང་རིམ་ལས་ཁུངས་དང༌། རིམ་པ་མཉམ་པའི་ལས་ཁུངས་ཀྱི་སྤྱི་དོན་ཡིག་ཆ་དང་ཚོགས་འདུའི་ཚགས་ཡིག འབྲེལ་ཡོད་རྒྱུ་ཆ་ལོ་ཙཱ་བྱེད་རྒྱུ།

རང་སྐྱོང་ཁུལ་རང་གི་རྒྱལ་ཁབ་ཀྱི་ལས་ཁུངས་དང་ཁེ་ལས་ལས་ཁུངས་ཀྱི་ཐམ་ཀ་དང༌། མིང་བྱང༌། ཚོང་རྫས་ཀྱི་མིང་སོགས་ཡིག་སྒྱུར་ལྟ་ཞིབ་བྱེད་རྒྱུ།

བོད་ཀྱི་གནའ་རབས་ཡིག་ཚང་འཚོལ་སྡུད་དང༌།ལེགས་སྒྲིག་གི་འགན་ཁུར་རྒྱུ།

བོད་ཀྱི་སྐད་ཡིག་བྱ་བའི་འབྲེལ་ཡོད་ལས་ཁུངས་བར་གྱི་འབྲེལ་བ་དང་བྱ་བ་ལ་སྣ་ཁྲིད་བྱ་རྒྱུ།

དོན་ཚན་བདུན་པ། རང་སྐྱོང་ཁུལ་ཁོངས་གཏོགས་རེབ་གོང་དང༌། གཅན་ཚ རྩེ་ཁོག་བཅས་ཀྱི་མི་དམངས་སྲིད་གཞུང་དུ་བོད་ཀྱི་སྐད་ཡིག་བྱ་བའི་གཞུང་ལས་ཁང་གསར་འཛུགས་བྱ་རྒྱུ།

དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར ། རིག་གནས། སློབ་གསོ། ཚན་རིག འཕྲོད་བསྟེན། གསར་འགྱུར། བརྙན་འཕྲིན། རྩལ་སྦྱོང་བཅས་ཀྱི་ཁྱབ་ཁོངས་ནང་བོད་ཡིག་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།

དོན་ཚན་དགུ་བ། རང་སྐྱོང་ས་གནས་རང་གི་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱིས་བཀྲམ་པའི་ཡིག་ཆ་དང་བརྡ་ཡིག་དེ་རྒྱ་བོད་ཡིག་རིགས་གཉིས་ཀྱིས་གཏོང་དགོས་ལ། དྲིལ་བསྒྲགས་ཀྱི་རྒྱུ་ཆ་ཡི་གེའི་ རིགས་མཉམ་གཅིག་དང་ཡང་ན་སོ་སོར་རྒྱ་བོད་ཡིག་རིགས་གཉིས་ཀ་འགྲེམ་རྒྱུ།

དོན་ཚན་བཅུ་བ། རང་སྐྱོང་ཁུལ་ས་གནས་རང་གི་རྒྱལ་ཁབ་ཀྱི་ལས་ཁུངས་དང་ཁེ་ལས་ལས་ཁུངས་ཀྱི་ཐམ་ཀ་དང༌། མིང་བྱང༌། འཛིན་ཡིག བསྒྲགས་ཡིག ཚོང་རྟགས། ཡིག་ཆའི་ཁ་བྱང༌། ཡིག་ཤུབས། གསལ་བརྡ་སོགས་ལ་རྒྱ་བོད་ཡིག་རིགས་གཉིས་ཀ་སྤྱོད་དགོས། རང་སྐྱོང་ནང་ཁུལ་གྱི་ རྫོང་མཁར་དང༌། གྲོང་བརྡལ་སྡེ་བའི་སྲང་ལམ་གཙོ་བོའི་མིང་དང༌། ལམ་རྟགས།ས་མཚམས་ཀྱི་ རྟགས། སྤྱི་སྤྱོད་སྒྲིག་ཆས།འགྲིམ་འགྲུམ་མཚོན་རྟགས། རླངས་འཁོར་གྱི་སྒོ་བྱང་སོགས་ཡི་གེ་མཚོན་དགོས་པ་ཚང་མ་རྒྱ་བོད་ཡིག་རིགས་གཉིས་ཀ་སྤྱོད་དགོས།

དོན་ཚན་བཅུ་གཅིག རང་སྐྱོང་ནང་ཁུལ་དུ་ཞབས་ཞུ་ལས་རིགས་གཉེར་པ་པོ་དང༌། ཚོང་རྫས་ཀྱི་མིང༌།རིན་གོང་རེའུ་མིག འཕྲོད་ཡིག་སོགས་ལ་རྒྱ་བོད་ཡིག་རིགས་གཉིས་ཀ་བཀོལ་རྒྱུ།

དོན་ཚན་བཅུ་གཉིས། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བསྡུས་པའི་ཚོགས་ཆེན་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀ་སྤྱོད་རྒྱུ་དང༌། རང་སྐྱོང་ཁུལ་ནང་གི་རྒྱལ་ཁབ་ཀྱི་ལས་ཁུངས་དང་ཁེ་ལས་ལས་ཁུངས་ཀྱིས་བསྡུས་པའི་ཚོགས་འདུའི་སྟེང་རྒྱ་བོད་ཡིག་རིགས་གཉིས་མཉམ་གཅིག་དང་ཡང་ན་སོ་སོར་བཀོལ་རྒྱུ།

དོན་ཚན་བཅུ་གསུམ། རང་སྐྱོང་ཁུལ་ནང་གི་བོད་རིགས་སྤྱི་དམངས་དང་བོད་ཡིག་བཀོལ་སྤྱོད་བྱེད་པའི་མི་རིགས་གཞན་གྱིས་རེ་ཞུ་ཡི་གེ་དང་རེ་འདོད་ཡི་གེ ཐོ་འགོད་རེའུ་མིག་སོགས་རེའུ་ མིག་སྣ་ཚོགས་བོད་ཡིག་གིས་ཁ་སྐོང་བྱེད་ཆོག

དོན་ཚན་བཅུ་བཞི། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་དང་རང་སྐྱོང་ཁུལ་ནང་གི་ཚོང་དང་བྱ་ལས་གཉེར་བའི་ལས་ཁུངས་ཀྱི་བཟོ་བ་དང༌། ལས་བྱེད། གོ་གནས་འཕར་བ། བྱ་བའི་ཐོབ་ཐང་སོགས་དཔྱད་བསྡུར་བྱེད་སྐབས་རྒྱ་བོད་ཡིག་རིགས་གཉིས་ཀ་བཀོལ་ཆོག་ལ། རྒྱུགས་ལེན་མི་སྣས་རང་མོས་ཀྱིས་ཡིག་རིགས་གཅིག་འདེམ་ཆོག

དོན་ཚན་བཅོ་ལྔ། རང་སྐྱོང་ཁུལ་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་གཤེར་ཁང་གིས་གྱོད་གཞི་ཐག་གཅོད་དང་ཞིབ་བཤེར་ཁྲོད་རྒྱ་བོད་ཡིག་རིགས་གཉིས་མཉམ་གཅིག་དང་ཡང་ན་སོ་སོར་བཀོལ་ཆོག རྒྱ་ཡིག་དང་ཡང་ན་བོད་ཡིག་མི་ཤེས་པའི་གཏུགས་གཤེར་མི་སྣར་ལས་དེར་ཞུགས་པའི་མི་ག་གེ་མོ་ཞིག་གིས་ལོ་ཙཱ་བྱེད་ཆོག

དོན་ཚན་བཅུ་དྲུག རང་སྐྱོང་ཁུལ་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་གཤེར་ཁང་ལ་གཏུགས་གཤེར་ཡི་གེ་དང་ཁྲིམས་གཅོད་ཡི་གེ བསྒྲགས་ཡིག་སོགས་ཁྲིམས་སྲོལ་གྱི་ཡི་གེ་གང་ཡིན་ཡང་སྐབས་ཐོག་གི་དགོས་མཁོ་ལྟར་རྒྱ་བོད་ཡིག་རིགས་གཉིས་ཀ་དུས་མཉམ་མམ་སོ་སོར་སྤྱོད་རྒྱུ།

དོན་ཚན་བཅུ་དྲུག རང་སྐྱོང་ཁུལ་ས་གནས་རང་གི་རྒྱལ་ཁབ་ཀྱི་ལས་ཁུངས་ཁེ་ལས་ལས་ཁུངས་སུ་རིགས་སོ་སོའི་སྤྱི་དམངས་ཀྱི་ཡི་གེ་དང་བཅར་འདྲི་དང་ལེན་སྣེ་ལེན་བྱེད་སྐབས་ཡི་གེ་བསྐུར་མཁན་དང་བཅར་འདྲིར་ཡོང་མཁན་སུ་ཡིན་གྱི་མི་རིགས་དེའི་ཡིག་རིགས་བཀོལ་དགོས།

དོན་ཚན་བཅུ་བདུན། རང་སྐྱོང་ས་ཁུལ་ནང་ཁུལ་གྱི་བོད་རིགས་སློབ་འབྲིང་དང་སློབ་ཆུང་གིས་བོད་ཡིག་སློབ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་མཉམ་དུ་རྒྱའི་སྐད་ཡིག་གི་སློབ་ཁྲིད་ལའང་ཤུགས་སྣོན་རྒྱག་དགོས། བོད་རིགས་སློབ་མ་ཅུང་མང་བའི་སྤྱིར་བཏང་སློབ་འབྲིང་དང་སློབ་ཆུང་དུ་གནས་ཚུལ་དངོས་གཞིར་བཟུང་སྟེ་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་བཀོད་སྒྲིག་བྱེད་རྒྱུ།

དོན་ཚན་བཅོ་བརྒྱད། རང་སྐྱོང་ས་ཁུལ་གྱི་མི་རིགས་དགེ་འོས་སློབ་གྲྭར་བོད་རྒྱ་ཡིག་སྐད་གཉིས་སློབ་ཁྲིད་ལ་ཤུགས་སྣོན་བྱེད་དགོས་ལ། བོད་རྒྱ་སྐད་ཡིག་གཉིས་བཀོལ་སྤྱོད་ཐུབ་པའི་དགེ་རྒན་གསོ་སྐྱོང་བྱེད་དགོས།

དོན་ཚན་བཅུ་དགུ རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་སྐད་ཀྱི་རྒྱང་སྒྲོག་དང་བརྙན་འཕྲིན་ལེགས་སྒྲུབ་བྱེད་པ་དང༌། རིམ་བཞིན་རང་གིས་སྒྲུབ་པའི་ལེ་ཚན་ཁ་སྣོན་བྱེད་དགོས་ལ། ཧུར་བརྩོན་གྱིས《རྨ་ལྷོའི་བོད་ཡིག་ཚགས་པར》གསར་བསྒྲིག་བྱེད་དགོས།རང་སྐྱོང་ཁུལ་ནང་ ཁུལ་གྱི་དཔེ་ཚོང་ཁང་དང་སྦྲག་གཏོང་ཁང་གིས་དཔེ་ཆ་དང་ཚགས་པར།དུས་དེབ་སོགས་ཀྱི་འགྲེམ་སྤེལ་དང་སྐྱེལ་གཏོང་གི་བྱ་བ་ལེགས་པོར་སྒྲུབ་སྟེ།རིམ་གྱིས་བོད་ཡིག་དཔེ་ཆའི་རིགས་ཚན་དང་ཁྱབ་ཁོངས་ཇེ་རྒྱས་སུ་གཏོང་དགོས།

དོན་ཚན་ཉི་ཤུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚན་རྩལ་མི་སྣར་ཡར་སྐུལ་བྱེད་པ་དང༌།རྩོམ་རིག་སྒྱུ་རྩལ་གྱི་ལས་བྱེད་མི་སྣས་བོད་སྐད་ཀྱིས་ཚན་རིག་ཞིབ་འཇུག་དང༌། བརྩམས་ཆོས་དང་དཔྱད་རྩོམ་འབྲི་བ་དང༌། རྩོམ་རིག་སྒྱུ་རྩལ་གསར་བཟོ་བྱེད་པ་དང་འཁྲབ་སྟོན་བྱེད་དགོས།

དོན་ཚན་ཉེར་གཅིག རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་ཀྱི་སྐད་ཡིག་གི་ཚན་རིག་ཞིབ་འཇུག་གི་བྱ་བའི་སྣེ་ཁྲིད་ལ་ཤུགས་སྣོན་གཏོང་བ་དང༌། བོད་ཀྱི་སྐད་ཡིག་ཚན་རིག་ཞིབ་འཇུག་བྱ་བ་དེ་ངེས་པར་དུ་བོད་ཀྱི་སྐད་ཡིག་གི་རྨང་གཞི་དང༌། དངོས་མིང་གསར་བ་དང་བརྡ་ཆད་གསར་བ། ཚན་རྩལ་གྱི་མིང་བཀོལ་སྤྱོད་དང་ཚད་ལྡན་དུ་བསྒྱུར་པར་ཁ་གཏོང་རྒྱུ།

དོན་ཚན་ཉེར་གཉིས། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་ཧུར་ཐག་གིས་བོད་ཀྱི་ཁྱད་འཕགས་པའི་རིག་གནས་ཤུལ་བཞག་ལེགས་བསྡུ་དང་སྔོག་འདོན། ལེགས་སྒྲིག་བཅས་བྱེད་དགོས་ལ། བོད་སྐད་ཡིག་གི་གནའ་དཔེ་ལ་བདག་གཉེར་བྱེད་དགོས།

དོན་ཚན་ཉེར་གསུམ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་ཀྱི་སྐད་ཡིག་བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དང༌། རྣམ་པ་མང་པོ་སྤྱད་དེ་འཆར་གཞི་ཡོད་པའི་སྒོ་ནས་བོད་སྐད་ཡིག་གི་ལས་བྱེད་མི་སྣ་འདེམ་གསེས་་ཀྱིས་ཕྱིའི་སློབ་གྲྭ་ཆེན་མོ་དང་ཞིབ་འཇུག་སྡེ་ཁག་དུ་ཟབ་སྦྱོང་བྱེད་པར་བཏང་ནས་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ།

དོན་ཚན་ཉེར་བཞི། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་ཆེད་གཉེར་ལོ་ཙཱ་བ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱེད་རྒྱུ།

རང་སྐྱོང་ཁུལ་ནང་ཁུལ་ལ་དུ་བོད་ཀྱི་ལས་བཟོ་བ་ཅུང་མང་པའིལས་ཁུངས་དང་བོད་རིགས་འདུས་སྡོད་ཀྱི་ཡུལ་ཚོ་དང༌།གྲོང་བརྡལ་བཅས་ལ་དགོས་མཁོ་དང་བསྟུན་ནས་ཆེད་དུ་ལོ་ཙཱ་བའམ་ཞོར་དུ་འཁུར་ཐུབ་པའི་ལོ་ཙཱ་བ་གང་འོས་བཀོད་སྒྲིག་བྱེད་རྒྱུ།

དོན་ཚན་ཉེར་ལྔ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་ཀྱི་སྐད་ཡིག་གི་གཉེར་བའི་མི་སྣར་དུས་ལྟར་བྱ་བ་ཚད་ལྡན་ཡིན་མིན་ལ་བལྟས་ནས་ཐག་བཅད་ལྟར་བྱ་བའི་ཐོབ་ཐང་དང་གོ་ཐོབ་ སོགས་འདེམ་པའི་བྱ་བ་ལེགས་པོར་སྒྲུབ་རྒྱུ།

དོན་ཚན་ཉེར་དྲུག རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་སྲོལ་ཡིགའདི་ནང་ལྟར་ལེགས་འགྲུབ་ཡོང་བའི་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་སྟེར་བ་དང་དེ་དང་ལྡོག་པ་རྣམས་ལ་ལས་ཁུངས་དང་མི་སྒེར་ལ་སྐྱོན་བརྗོད་སློབ་གསོ་དང་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ། རང་སྐྱོང་ལས་ཁུངས་ཀྱིས་རྒྱ་བོད་གཉིས་ཡན་ཆད་ཀྱི་ཡིག་རིགས་ཁོང་དུ་ཆུད་པ་བཀོལ་སྤྱོད་གཏོང་པའི་ལས་བྱེད་མི་སྣར་བཟང་བསྟོད་དང༌། བོད་ཀྱི་སྐད་ཡིག་སློབ་ཁྲིད། ཚན་རིག་ཞིབ་འཇུག ཡིག་བསྒྱུར་བཅས་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པའི་མི་སྣར་བྱ་དགའ་སྟེར་རྒྱུ།

དོན་ཚན་ཉེར་བདུན། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་སྐད་ཡིག་བྱ་བའི་ཡིག་ཆ་དེ་རང་སྐྱོང་རྫོང་རང་སྐྱོང་ལས་ཁུངས་རང་ཉིད་ཀྱིས་ཐག་གཅོད་དགོས།

དོན་ཚན་ཉེར་བརྒྱད། ཡིག་ཆ་འདི་དངོས་སུ་ལག་བསྟར་བྱེད་སྟངས་ཁུལ་མི་དམངས་སྲིད་གཞུང་གིས་ཐག་གཅོད་དགོས།

དོན་ཚན་ཉེར་དགུ། ཡིག་ཆ་འདི་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོནལྷན་ཚོགས་ཀྱིས་འགན་བཞེས་ཏེ་གསལ་འདེབས་བྱེད་དགོས།

དོན་ཚན་སུམ་ཅུ། ཡིག་ཆ་འདི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་བརྒྱུད་དེ་མཆོག་མཆན་བཀོད་རྗེས་༡༩༩༤ལོའི་ཟླ་༡པའི་ཚེས་༡ཉིན་ནས་ལག་བསྟར་བྱེད་རྒྱུ།

གསལ་བསྒྲགས།

Post navigation

Previous Post: རང་ཡུལ་ངོམ་སྟོན། 
Next Post: རྒྱུ་མེད་བརྒྱ་ཤོག་གི་ཐབས་རྡུག ༼ཁ་ཤགས༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (48)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme