Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨ་ལྷོ་དགེ་ཐོན་སློབ་གྲྭའི་རྒྱབ་འདྲེ།

Posted on 2008-07-102008-07-11 By dhatsenpa 11 Comments on རྨ་ལྷོ་དགེ་ཐོན་སློབ་གྲྭའི་རྒྱབ་འདྲེ།

བོད་ནང་གི་དྲ་གནས་ཞིག་ཐོག་བཀོད་པ་ལྟར་ན། རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་རྨ་ལྷོ་སོག་རྫོང་གི་སློབ་མ་རྣམས་དང་རེབ་ཀོང་གི་སློབ་མ་སྐོར་ཅིག་བར་རྒྱབ་འདྲེ་ཤོར་འདུག དེ་ཡང་རྨ་ལྷོའི་སློབ་མ་ཚོས་ཇིང་ཀིར་རྒྱལ་པོའི་བརྒྱུད་པ་ཡིན་པའི་དཔའ་བཤད་དང་། རེབ་ཀོང་གི་སློབ་མ་ཚོས་སྲོང་བཙན་སྒམ་པོའི་བརྒྱུད་པ་ཡིན་པའི་དཔའ་གཏམ་བརྗོད་དེ་ཐུག་པ་ཞིག་ཡིན་འདུག མི་སྐོར་ཅིག་མགོ་བཅག་སྟེ་ཁྲག་དམར་འཛར་འཛར་བཞུར་གྱི་ཡོད་འདུག སློབ་གྲྭས་གཏེ་བོ་གཉིས་ཏེ་སོག་རྫོང་གི་སློབ་མ་གཉིས་ཕྱིར་འབུད་བྱས་པས་གཞན་པ་ཚོས་ཀྱང་ཕྱོགས་རེས་བྱས་སོང་ཟེར་ནས་སློབ་གྲྭ་ནས་ཐོན་ཡོད་ཚུལ་བཀོད་འདུག ངས་རྩོམ་ཆ་ཚང་འདིར་ཕབ་བཤུས་བྱས་པ་ཡིན་ཡང་རྒྱ་ཡིག་མ་གཏོགས་འཆར་གྱི་མི་འདུག་པས་གནས་ཚུལ་གྱི་སྙིང་པོ་བཀོད་པ་ཡིན། བོད་ཀྱི་སྐད་ཡིག་ནང་འཛུལ། འདིས་ང་ལ་སྔོན་སྦིར་སློབ་གྲྭར་ཁམས་དང་ཨ་མདོ་གཉིས་ཐུག་པའི་དམག་འཁྲུག་ཆུང་ཆུང་དེ་དྲན་སོས་བཅུག་སོང་། ཡིན་ན་ཡང་དེ་གཉིས་མ་འདྲ་བ་ནི། སྔོན་གྱི་དེ་ཆོལ་ཁའི་ཕྱོགས་ཞེན་དང་། ད་རེས་ཀྱི་འདི་མི་རིགས་ཀྱི་ཕྱོགས་ཞེན་ཡིན་པ་རེད། སྔོན་མ་རྒྱ་མིས་མི་རིགས་ཆེན་པོ་ལྔ་ཟེར་བ་དེ་གུང་ཁྲན་གྱི་རིང་མི་རིགས་༥༥ ཆགས་པ་རེད།
ད་ལྟ་རྒྱ་མིས་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཟེར་བ་འདིར་བོད་ཀྱི་ནང་དུའང་སྔོན་མ་ནས་སོག་པོའམ་ཡང་ན་སོག་པོའི་སྡེ་ཤོག་ཆེན་པོ་གཅིག་གི་མིང་ལས་དྲས་ཏེ་སོག་པོ་མདའ་བཅུ་གཅིག་ཟེར་གྱི་འདུག ཕལ་ཆེར་ཨ་མདོའི་ཡུལ་དབུས་ལྟ་བུར་ཡོད། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་བུ་རབས་ཚ་རྒྱུད་ཀྱིས་བཟུང་བའི་མངའ་ཁོངས་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་དགོན་བདག་གཙོ་བོ་ཡང་ཡིན། ཁོ་ཚོའི་སྐད་དང་ཡི་གེ། གོམས་སྲོལ། བསམ་བློའི་འདུ་ཤེས་འཁྱེར་སྟངས་བཅས་རིག་གཞུང་གི་ཐོག་ནས་བོད་པ་ཡིན་པ་རེད། ཡིན་ན་ཡང་རྒྱ་མིས་དབང་བསྒྱུར་བྱས་ཏེ་ལོ་ལྔ་བཅུ་ལྷག་ཕྱིན་པའི་རིང་་ཐོག་མར་བོད་ཡིན་ཟེར་བ་ནས་རིམ་པས་རིམ་པས་འགྱུར་ཏེ་ད་ལྟ་མང་པོ་ཞིག་གིས་སོག་པོ་ཡིན་བོད་མིན་ཟེར་བའི་ཚད་དུ་སླེབས། སོག་པོ་ཞིག་གིས་བོད་མིན་ལབ་ན་དེར་སུ་གང་ཡང་ཁོང་ཁྲོ་ཟ་གི་མ་རེད་བསམ། ཡིན་ན་ཡང་རྨ་ལྷོ་སོག་པོའི་མི་ཞིག་ནས་བོད་མིན་ལབ་ན་མཐའ་སྐོར་གྱི་བོད་མི་རྣམས་ཁོང་ཁྲོ་ཟ་སྲིད་པ་ཞིག་རེད། མི་རིགས་ཀྱི་དབྱེ་བ་མང་པོ་ཞིག་བྱས་པ་དེས་ཉམས་ཚར་བའི་མི་རིགས་ཤིག་ལ་མཚོན་ནའང་སྲོག་དབུགས་གསར་པ་ཞིག་སྟེར་གྱི་ཡོད་རེད། མི་རིགས་ཆུང་ཆུང་དེ་ཚོས་རང་ཉིད་ལ་མི་རིགས་ཅིག་གི་མིང་ཐོབ་པ་ནི་གཟེངས་རྟགས་ཀྱི་ཆོ་ལོ་ཐོབ་པ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད་ཀྱང་། དོན་དངོས་སུ་རྒྱ་ནག་གཞུང་ལ་མཚོན་ན་འདི་ནི་མི་རིགས་ཆེན་པོ་རྣམས་ཀྱི་གཅིག་སྒྲིལ་གྱི་ནུས་པ་གཅོག་པའི་སླད་དུ་སྲིད་བྱུས་དུ་མ་ཞིག་ལག་ལེན་བསྟར་བཞིན་པ་དེ་ཚོའི་ཆ་ཤས་ཤིག་ཡིན་པ་རེད།
ཁོང་ཚོས་སོག་པོ་མི་རིགས་ཡིན་ཟེར་བའི་འདུ་ཤེས་འདི་གློ་བུར་ཐོལ་བྱུང་དུ་བྱུང་བ་ཞིག་མིན་པར་རིམ་པས་བྱུང་བ་ཞིག་ཡིན། ཐོག་མར་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཟེར་བས་མིང་བཏགས་པས་ཁོ་ཚོར་བསམ་བློ་གསར་པ་ཞིག་གཏོང་བའི་མགོ་ཚུགས་པ་དང། དེ་ནས་གཞུང་གི་ལསགཁུངས་ཁག་གི་སྒོ་བྱང་རྒྱ་བོད་སོག་གསུམ་གྱིས་བྲིས་ཡོད་པ་འདིས་ཁོ་ཚོས་བསམ་བློ་གསར་པ་དེ་ཡང་ཡང་གཏོང་རྒྱུར་དྲན་སྐུལ་བྱེད་ཀྱི་ཡོད། རྗེས་ཤིག་ནས་གཞུང་གི་ལས་བྱེད་ཚང་མས་དུས་དྲན་སོགས་ཀྱི་སྐབས་སོག་ལྭ་གོན་དགོས་པ་དང་དུས་སྟོན་སོགས་ལའང་སོག་པོའི་ངོ་བོ་སྟོན་དགོས་པ་འདི་ཚོས་ཀྱང་སོགཔོའི་སྲོག་དབུགས་ཤིག་ཐོབ་པར་རོགས་རམ་བྱེད་ཀྱི་ཡོད་རེད། ཡིན་ན་ཡང་། སོག་པོའི་འདུ་ཤེས་སླེབས་འཇུག་པར་སྒུལ་ཤུགས་གཞན་ཞིག་ཀྱང་ཡོད་དེ། དེ་ནི་རྒྱ་གཞུང་གི་འགེངས་ཤོག་ཆུང་ཚགས་ཚུན་ཆད་ནང་མིང་། ལོ། མི་རིགས་ཅི་་ཡིན་ནམ་ཡིན་ན་ཡོད་ཡོད་པ་རེད། གོང་གསལ་འདི་དག་གིས་ཁོ་ཚོར་རྟག་པར་ཁྱོད་ཚོ་བོད་མ་རེད་སོག་པོ་རེད་ཅེས་དྲན་སྐུལ་གཏོང་བཞིན་པ་རེད། རྒྱ་ནག་ལ་སྲིད་ཇུས་ནག་པོ་མང་པོ་ཡོད་པའི་ནང་ནས་འདི་ནི་གཅིག་ཡིན་པ་རེད། ། འདིའི་རྙོག་དྲ་འདི་རིགས་རྒྱ་གཞུང་ནས་དང་པོ་ནས་བསམ་བློ་བཏང་སྟེ་བཟོས་བཞག་པའི་གཡོ་སྒྱུ་ཞིག་ཡིན་ཡང་ཁོ་ཚོ་ད་རུང་རྨོངས་གཉིད་ལས་སད་མེད་པ་རེད། གཅིག་བྱས་ན་རྩ་ནས་སད་རྒྱུ་ཡོད་མ་རེད།

གསར་འགྱུར།

Post navigation

Previous Post: བོད་ཀྱི་དུས་བབ་དྲ་རྒྱ་ལེགས་གྲུབ་བྱུང་བ།
Next Post: རོགས་རམ་གནང་རོགས།

Comments (11) on “རྨ་ལྷོ་དགེ་ཐོན་སློབ་གྲྭའི་རྒྱབ་འདྲེ།”

  1. Gedun says:
    2008-07-10 at 8:44 pm

    མདའ་ཚན་པ་ལགས། ཁྱེད་ཀྱིས་བཀོད་པའི་གསར་འགྱུར་ནི་ང་ལ་མཚོན་ན་ཡིད་མི་སྤྲོ་བའི་གསར་འགྱུར་ཞིག་རེད། ཁྱེད་ཀྱིས་གསལ་བཤད་ཀྱི་ཚུལ་དུ་བཀོད་པ་རྣམས་ནི་ངོ་མ་རྒྱ་ནག་གཞུང་གིས་ཁ་བ་གངས་ཅན་པ་རྣམས་འཐོར་བཤིག་ཏུ་གཏོང་བ་ལ་ཐབས་བྱུས་སྣ་མང་བཀོལ་བ་དེ་མཚོན་འདུག་སྙམ། ཁྱེད་ཀྱིས་མུ་མཐུད་ནས་གསལ་བཤད་འདི་འདྲ་གནང་ན་དགའ་བ་ཆེན་པོས་ཀློག་གི་ཡིན།
    ངེད་ཀྱི་སེམས་ནང་བོད་ཡུལ་གྱི་མི་སྡེ་འདི་དག་ལ་དབྱེ་ཞིབ་མང་པོ་བྱེད་རྒྱུ་བསྡད་འདུག་སྙམ། ཧོར་ཞེས་པའི་ཐ་སྙད་འདི་གཅིག་པུ་ཐོག་ནས་མདོ་དབུས་ཁམས་གསུམ་དུ་དབྱེ་ཞིབ་ཅིག་བྱེད་རྒྱུ་བསྡད་ཡོད་སྙམ། རེབ་གོང་ལ་མཚོན་ན་ཁྲི་སྡེ་གསུམ་ཞེས་བཤད་སྲོལ་ཡོད་པ་དེ་འདི་ལྟར། སྦ་རོག་རོག་ཅན་གྱི་ཁྲི་སྡེ། ཁང་སྐྱ་ལེབ་ཅན་གྱི་ཁྲི་སྡེ། གུར་དཀར་དཀར་ཅན་གྱི་ཁྲི་སྡེ། ཞེས་བཤད་ཡོང་། གུར་དཀར་དཀར་ཅན་གྱི་ཁྲི་སྡེ་ཞེས་པ་འདི་གང་རེད། དེ་བཞིན་ཧོར་དང་ཧོར་ནག་ཅེས་པའི་གྲོང་སྡེ་འདི་ཚོ་གང་རེད། དེ་བཞིན་ཡར་དེད་ན་མིའུ་གདུང་དྲུག་ཟེར་བ་དང་དེ་བཞིན་སྲོང་བཙན་སྐབས་ཀྱི་རྒྱལ་ཕྲན་དེ་ཚོ། འདི་ཚོ་ཚང་མ་ལ་རིགས་འབྱེད་རྒྱུ་ཡོད་པ་རེད་སྙམ། རིགས་གང་ཞིག་ནས་ཕྱེས་ཀྱང་སོག་པོ་རེད་ཅེས་པའི་ཐ་སྙད་འདི་འདྲ་ནི་ཅུང་བཙན་དྲགས་པ་རེད་སྙམ།

  2. སྤོབས་པ། says:
    2008-07-10 at 8:47 pm

    འདི་རིགས་མི་འབྱུང་རྒྱུ་དཀོན་པོ་རེད། ཁྱེད་ཀྱིས་འདི་གླེང་སྐབས་བོད་དུ་དུས་འགྱུར་བྱུུང་སྐབས་སྡེ་པ་གཞུང་ལ་དགའ་མཁན་དང་བཀྲས་ལྷུན་བླ་བྲང་ལ་དགའ་མཁན་ཕྱོགས་གཉིས་པོའི་མི་སྣ་རྨམས་མཉམ་དུ་གུང་ཁྲན་ཏང་གིས་བཙོན་འཇུག་བྱས་སྐབས་ཁོང་ཚོས་བཙོན་ཁང་ནང་དུ་གཞུང་དང་བླ་བྲང་གཉིས་པོའི་བཟང་ངན་བརྩད་ནས་སྡོད་ཀྱི་ཡོད་ཚུལ་དེ་དྲན་པ་སོས་བྱུང༌། ཇིང་གིར་གྱི་རྒྱུད་པ་དང་སྲོང་བཙན་གྱི་རྒྱུད་པ་ཞེས་པའི་ཆེ་ཆེ་གཉན་གཉན་དེ་ཚོ་དེ་རིང་རྒྱ་མིའི་ལག་འོག་གི་སྲིན་བུ་ཆུང་ཆུང་རེར་གྱུར་ཡོད་སྟབས་ཁྱོད་ཆེ་ང་བཙན་གླེང་ན་ངོ་མི་ཚ་འམ། སྐྱོན་ཡོད་ཚད་ཚང་མ་རྒྱ་གུང་ཁྲན་གྱི་མགོར་བཀལ་ན་ག་ལ་འགྲིགས། ཁྱེད་རང་གིས་བཤད་པའི་སྦིར་སློབ་གྲྭའི་འཁྲུགས་པ་དེ་ལྟ་བུ་རྒྱ་ནག་གིས་མི་རིགས་དབྱེ་འབྱེད་བཅད་གཏུབ་མ་བྱས་པའི་ཁོར་ཡུག་གི་བོད་རང་གི་ནང་ལ་ཡང་ཡོང་གི་ཡོད། འོ་ན་མདོ་སྟོད་དང་མདོ་སྨད་ཅེས་དབྱེ་ནས་འགེངས་ཤོག་ཚུན་བཟོ་མཁན་ད་ལྟའི་བཙལ་བྱོལ་བོད་གཞུང་ཡིན་པས་དེས་མ་འགྲིགས་པ་རེད་ཅེས་ཤོད་རྒྱུ་ཡིན་ནམ། མཚོ་སྔོན་རྒྱུད་ལ་སོག་པོ་མང་པོ་ཡོད་ཚུལ་བོད་རང་གི་ལོ་རྒྱུས་སུ་ཡང་བྲིས་པ་མང་བས་འདི་ཚོ་སོག་པོར་བརྩིས་པ་ནི་རྒྱ་ནག་གུང་ཁྲན་གྱིས་གཡོ་སྒྱུས་བཟོས་པར་ཤོད་ག་ལ་ནུས། མི་རིགས་ཆེ་ཆུང་གང་ཡིན་དང་ས་ཆ་གང་ན་གནས་ཀྱང་གཅིག་ཁོངས་སུ་གཅིག་ཐིམས་མི་འཇུག་པ་དེ་སྲིད་ཅུས་ལེགས་པོ་ཞིག་ཏུ་མཐོང༌།

  3. མགོན་པོ་ཕྱག་གཉིས་པ། says:
    2008-07-10 at 11:37 pm

    མདོ་སྟོད་མདོ་སྨད་དབུས་གཙང་ཞེས་དང་དགེ་ལུགས། རྙིང་མ་སོགས་འགེངས་ཤོག་དགང་དགོས་པ་དེ་ཚོ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ལ་མཚོན་ན་མི་རིགས་དབྱེ་འབྱེད་དང་གྲུབ་མཐའ་དབྱེ་འབྱེད་ལོས་ཀྱང་ཡིན། དེ་ཚོའི་སྐོར་ངས་སྔོན་མ་ཞིག་ནས་བསམ་བློ་བཏང་བ་ཡིན། དེ་ཡག་པོ་མཐོང་མ་སོང་། ངས་གྲོགས་པོ་དེ་ཚོ་མཉམ་ཁ་བརྡ་བྱེད་སྐབས་ཡང་ཡང་ཤོད་ཀྱི་ཡོད། རྗེས་མ་ང་ཚོར་རང་དབང་ཐོབ་སྐབས་ཆོལ་ཁ་གསུམ་དུ་དབྱེ་བ་བྱ་རྒྱུ་མི་འདུག་ཅེས་ཡང་ཡང་ཤོད་མྱོང་། དེའི་སྐབས་ནང་གསེས་ཀྱི་ས་ཁོངས་མང་ཞིག་ཏུ་དབྱེ་ན་འོས་པོ་འདུག སྤྱིར་བཏང་ས་ཁོངས་ཆུང་ངུ་ཞིག་ཏུ་དབྱེ་ནའང་དེ་ལ་ཕྱོགས་རིས་ཀྱི་བསམ་བློ་ཡོང་རྒྱུ་ཡིན་པ་རེད། ཡིན་ནའང་དེ་ལ་ཁྱད་པར་ཞིག་འདུག
    བོད་ནང་ལ་མཚོན་ན། ཆོལ་ཁ་གསུམ་ལ་དབྱེ་མཚམས་གསལ་པོ་ད་བར་ཡོད་པ་མ་རེད། དེ་ལ་བརྟེན་ནས་ཆོལ་ཁའི་རྙོག་དྲ་དེ་རྩ་ནས་བྱུང་མྱོང་མེད་པ་རེད། འདི་ནས་ཕར་ཕྱིན་ན་མགོ་ལོག་རེད། ལི་ཐང་རེད། འཛམ་ཐང་རེད། རྒྱལ་རོང་རེད་ཟེར་བ་ལས་ཆོལ་ཁའི་དབྱེ་བ་མེད་པ་རེད། དེ་ཡག་པོ་རེད་སྙམ།
    ནུབ་ཕྱོགས་ལ་མཚོན་ན། གལ་སྲིད་ཁྱེད་རང་ལས་ཀ་འཚོལ་དུ་ཕྱིན་ན། སྦྱིན་བདག་གིས་ཁྱེད་རང་གིས་སྐད་ག་རེ་ཤོད་ཀྱི་ཡོད་དྲི་བ་ལས་ཁྱེད་རང་རྒྱལ་ཁབ་གང་ནས་ཡིན་ཞེས་དྲིས་ན་དེ་མི་རིགས་དབྱེ་འབྱེད་ལ་འགྲོ་གི་ཡོད་པ་ལྟར་རེད། རྒྱ་ནག་གིས་གཞུང་གི་ངོས་ནས་མི་རིགས་ཀྱི་དབྱེ་འབྱེད་མང་པོ་ཞིག་བྱས་ཡོང་གི་ཡོད་པ་རེད། ང་ཚོས་ངོས་ནས་རྗེས་མ་དེ་འདྲ་བྱ་རྒྱུ་མི་འདུག བོད་གཞུང་གིས་ད་ལྟ་བྱེད་བཞིན་པ་དེ་ཚོའང་མེད་པ་བཟོས་ན་ཡག་པོ་རེད་སྙམ།

  4. ཁྱུང་སྟོད། says:
    2008-07-11 at 6:23 am

    གསར་འགྱུར་གྱི་འབྱུང་ཁུངས་གསལ་བོ་ཞིག་འགོད་རོགས་ཞུ། ད་དུང་ཡིག་ནོར་དང་ཚིག་སྐྱོན་ལའང་ཅུང་ཙམ་གཟབ་རྒྱུ་གལ།

  5. བསམ་ཤེས། says:
    2008-07-11 at 12:47 pm

    གང་ལྟར་ཡང་བོད་མི་རིགས་ནང་ཁུལ་ཡིན་ནའང་རེད། མི་རིགས་གཞན་དང་འབྲེལ་གཏུགས་བྱེད་ཕྱོགས་ཐད་ཡིན་ནའང་རེད། རྒྱུ་མཚན་ཤོད་ཐུབ་པ་དང་། བློ་གྲོས་བེད་སྤྱོད་བྱས་ནས་རྙོག་ཟིང་ལས་སྒྲོལ་ཐབས་བྱེད་རྒྱུ་འདི་ཡག་པོ་མེད་འགྲོ་བསམ། འཁྲུག་པས་འཁྲུག་པ་བཟོ་བ་ལས་ཐག་གཅོད་བྱེད་མི་ཐུབ། ཁྱེད་སོག་པོ་རེ་གཉིས་བརྡུང་ན་སོག་པོ་མང་པོའི་སེམས་ལ་ན་ཚ་མི་བཟོའམ། མ་གཞི་ནས་ང་ཚོ་ད་ལྟ་བཟོད་པར་དཀའ་བའི་སྡུག་བསྔལ་འདི་འདྲ་ཞིག་གི་ནང་ལྷུངས་རང་གི་མི་རིགས་སྐྱོབ་ཐབས་བྱེད་པའི་འགག་གནད་དུས་ཚོད་འདི་འདྲ་ཞིག་ལ་ཡང་སྐྱར་མི་རིགས་གཞན་དང་རྙོག་ཟིང་སློང་བ་འདི་གན་མེད་པའི་རྟགས་རེད། རྙོག་ཟིང་འདིའི་ནང་མགོ་ཁྲིད་མཁན་གྱི་བོད་པ་བསམ་མེད་ཚོའི་གདོང་ལ་ཚང་མས་ཆིལ་མ་འདེབས་རོགས།

  6. Songtsen says:
    2008-07-11 at 2:09 pm

    Dhatsenpa,
    Do us a favour, Please provide us the link to the fight at Malo Teacher Training School.
    Thanks.

  7. Gedun says:
    2008-07-11 at 2:27 pm

    གྲོགས་པོ་ཚོ།
    གཤམ་གསལ་གྱི་འབྲེལ་ཐག་ན་གོང་གསལ་གྱི་གསར་འགྱུར་འཁོད་འདུག
    http://www.tibetabc.cn/u/wanmarenzeng/archives/2008/200871114926.html

  8. འདྲེ་རིག་ལྡན། says:
    2008-07-12 at 9:41 am

    གནས་ཚུལ་འདིའི་རིགས་གོ་ན་མི་སྤྲོ་བ་ཞིག་ཡིན་པ་བདེན་མོད། ང་ཚོས་ཞིབ་ཚགས་པོས་ཞིབ་འཇུག་དང་བསམ་གཞིགས། གང་ལ་གང་འཚམས་ཀྱི་ཐབས་ལམ་འཚོལ་རྒྱུ་གལ་ཆེ་བར་སྙམ།

  9. yak says:
    2008-07-16 at 4:35 am

    hi goodnews

  10. yak says:
    2008-07-16 at 4:38 am

    those news are absolutely that i think so

  11. yak says:
    2008-07-16 at 4:40 am

    the cause is there are not tibetan landuage so i wrote english

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme