Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨ་བྱའི་གསེར་ཁྲི།

Posted on 2013-11-012013-11-01 By ཁ་བརྡ་ 6 Comments on རྨ་བྱའི་གསེར་ཁྲི།

ཐེ་བོ་སངས་རྒྱས།

0ཡོངས་གྲགས་ལ་རྒྱལ་པོ་ཤཱ་ཛྷང་སྐབས་ཀྱི་མུ་གྷལ་བའི་སྟོབས་འབྱོར་དང་བཟོ་རིག་ལག་རྩལ་ནི་འཇིག་རྟེན་ན་འགྲན་ཟླ་མེད་པའི་སོན་ཅིང་། དེའི་ཚབ་མཚོན་དུ་ཏཱ་ཇི་མཱལ་བང་སོ་དང་། མུ་ཏིག་ཆོས་ཁང་། རྨ་བྱའི་གསེར་ཁྲི་རྣམས་འཇོག་པ་ལས་ངས་འདིར་ཁྲི་དེའི་སྐོར་ཝེ་ཁི་ཕེ་ཌི་ཡ་རིག་མཛོད་ཆེན་ཆེན་མོར་ Wikipedia, གཞི་བཅོལ་ཏེ་ངོ་སྤྲོད་མདོ་ཙམ་བྱ་བར་འདོད། དེ་ལ་པར་ཤི་ཡའི་སྐད་དུ་ཏག་ཋེ་ཋཱ་ཝུ་སི་( Takht-e Tavus, تخت طاووس )རྨ་བྱའི་ཁྲི་ཞེས་འབོད།
གང་ཡིན་ཟེར་ན། བཞུགས་ཁྲི་དེའི་སྟེང་ཕྱོགས་རྒྱབ་ངོས་སུ་ཨིནྡྲ་ནཱི་ལ་དང་། མར་གད། པདྨ་རཱ་ག མུ་ཏིག་སོགས་ཀྱིས་ལེགས་པར་བརྒྱན་པའི་རྨ་བྱས་སྒྲོ་གུར་ཕུབ་པའི་སྣང་བརྙན་དངོས་གནས་ལྟ་བས་ཆོག་མི་ཤེས་པ་ཆ་གཅིག་བཀོད་ཡོད་པས་ཡིན། བཙན་པོ་ཤཱ་ཛྙང་གི་ཆེད་ཁྲི་དེ་དུས་རབས་བཅུ་བདུན་པའི་སྟོད་ཀྱི་ཆར་ལོ་ངོ་བདུན་རིང་འདོད་པ་ལྟར་དུ་བཟོ་སྐྲུན་བྱས་པས། འདི་འདྲ་བ་ས་སྟེང་གི་རྒྱལ་པོ་སུ་ལའང་མེད་ཅིང་མུ་གྷལ་བའི་ངོ་མཚར་ཅན་གྱི་བཞུགས་ཁྲི་གཅིག་པུར་བསྒྲགས།

འཛམ་གླིང་ན་མིང་དུ་གྲགས་པའི་རྡོ་རྗེ་ཕ་ལམ་ཁོ་ཨེ་ནཽར་ Koh-i-noor, ཞེས་པ་དེ་ཡང་སྔོན་ཆད་ཁྲི་དེའི་ཕྲ་རྒྱན་ཡིན་ཅིང་། ཁྲི་དེ་རྒྱ་གར་ན་ཡོད་དུས་རྒྱལ་ས་དིལླིར་མུ་གྷལ་གོང་མའི་ཕོ་བྲང་གི་ཚོམས་ཆེན་དུ་བཙུགས་ཡོད་ཀྱང་། 1739 ལོར་པར་ཤི་ཡའི་མངའ་བདག་ནེ་ཌེར་ཤཱས་ཁྲི་དེ་ཧམ་བཟུང་བྱས་པར་བརྟེན་ཁྲི་དེ་ཨི་རན་གྱི་དབང་སྒྱུར་བའི་མཚོན་རྟགས་སུ་བདམས། 1738 ལོ་སྟེ་རིག་གནས་དང་རོལ་མོ་སོགས་སྒྱུ་རྩལ་མཁས་པའི་མུ་གྷལ་གོང་མ་མུ་ཧམ་མཌ་ཤཱས་སྲིད་བཟུང་སྐབས་ཨི་རན་གྱི་ཀླ་ཀློའི་རྒྱལ་པོ་ནེ་ཌེར་ཤཱ་ཡིས་མུ་གྷལ་རྒྱལ་ཁམས་ནང་བཙན་འཛུལ་བྱས་པ་དང་། 1739 ལོར་ཕྱིར་ལོག་སྐབས་རྨ་བྱའི་གསེར་ཁྲི་ངོ་མ་གཙོ་བྱས་པའི་འཕྲོག་བཅོམ་བྱས་པའི་རྩ་ཆེའི་དངོས་ཟོང་ཕོན་ཆེན་པོ་པར་ཤི་ཡ་འམ་ཨི་རན་ལ་དབོར་བ་(བརྐུ་འཁྱེར་ཡང་ཟེར་)དེས་རྒྱ་གར་བའི་རྒྱུ་ནོར་དང་དངུལ་གྱི་ཐད་གསབ་དཀའ་བའི་གྱོང་གུན་ཕོག 1747 ལོར་ནེ་ཌེར་ཤཱ་ལྐོག་གསོད་དོན་རྐྱེན་བྱུང་ཞིང་ཟིང་འཁྲུག་ལངས་སྐབས་རྨ་བྱའི་གསེར་ཁྲི་ངོ་མ་དེ་ཡལ་བར་གྱུར་པས། ཕྱིས་སུ་སུ་ཞིག་གིས་བརྐུས་པའམ་དུམ་བུར་གསིལ་ཏེ་ཨམ་ཕྲག་ནང་བསྡུས་པ་སོགས་གང་ཡིན་མགོ་མ་ཚོད་པར་ད་ལྟའི་བར་དུ་ལྷག དཀྲོག་གཏམ་ཡིན་ནམ་ཆ་མ་འཚལ་ཡང་སྐབས་དེ་ཤེད་དུ་ཁྲི་དེ་ཨ་རབ་ཀྱི་རྒྱལ་པོ་ཨོ་ཋོ་མཱན་སུལ་ཏཱན་ལ་ཕུལ་བའི་བཤད་སྒྲོས་ཤིག་བྱུང་།

གང་ལྟར་རྗེས་མར་ཨི་རན་གྱི་ནཱ་ཌེ་རི་སྟེ་ Naderi throne, ཁྲི་དཀོན་པོ་དང་། ཉི་མའི་ཁྲི་བྱ་བ་ལ་སོགས་པ་རྨ་བྱའི་གསེར་ཁྲི་ལ་དཔེ་བལྟས་ནས་བཟོས་པས་ཕྲ་རྒྱན་སྤྲས་སྟངས་དང་རི་མོ་འཐེན་ཚུལ་བཅས་ལ་མུ་གྷལ་བའི་ཁྲི་སྤྱི་དང་ལྷག་པར་རྨ་བྱའི་ཁྲིའི་བཟོ་ལུགས་ཀྱི་ཤན་ཟབ་མོ་ཞུགས་པས་ནོར་སོ་ཆེ་བའི་ཚད་དུ་ཡོད་སྟབས། རྨ་བྱའི་ཁྲི་བཤིག་པའི་དུམ་བུ་རེ་ཁྲི་དེ་དག་གི་རྒྱུ་ཆར་བཀོལ་བའང་སྲིད་ཅེས་ལོ་རྒྱུས་སྨྲ་བ་དག་གིས་དྭོགས་པ་བསླངས་མྱོང་། 1665 ལོར་ཧྥ་རན་སིའི་ཕྲ་རྒྱན་བཟོ་བོ་ཋ་ཝེར་ནིར་ Tavernier, དིལླིར་ཡུལ་སྐོར་དུ་སླེབས་དུས་སུ་བྲིས་པའི་རྨ་བྱའི་གསེར་ཁྲིའི་རི་མོ་དེར་བལྟས་ན་ཉལ་ཁྲི་ཞིག་གི་བཟོ་ལྟ་དང་འདྲ་སེ་བ་ཡིན་ལ། འབབ་སྟེགས་ཀྱི་མཐོ་ཚད་ལ་ཧྥེ་ཁྲི་དྲུག་ 6,ft,དང་། ཞེང་ལ་ཧྥེ་ཁྲི་བཞི་ 4,ft,། རྒྱབ་རྟེན་གསེར་གྱི་རྐང་བ་བཞི་གར་ཨིན་ཆི་ཉི་ཤུ་རེ་ 20,inches,། རྒྱ་སེ་མེ་ཏོག་རིས་ཅན་གྱི་ཀ་བ་བཅུ་གཉིས་ལ་པདྨ་རཱ་ག་དང་། མར་གད། ཕ་ལམ་སོགས་ཀྱི་ཕྲ་རྒྱན་མཛེས་པར་བཏབ་པའི་ཐོག་མུ་ཏིག་དང་པད་རག་གིས་གཙོས་པའི་ནོར་བུ་སྣ་ཚོགས་ཀྱིས་ཕྱི་ནང་གཉིས་ཀ་སྤུད་པའི་གནམ་ཡོལ་དང་བཅས་སྣང་། ཕོ་བྲང་གི་སྤྱི་གཉེར་བའི་བཀོད་འདོམས་དང་ལྟ་རྟོག་འོག་རིན་ཐང་བྲལ་བའི་གཅེས་ནོར་དེའི་རྒྱུ་ཆ་ལ་རྒྱལ་པོའི་བང་མཛོད་ནས་གསེར་བཙོ་མ་སྤྱི་རྒྱ་ཆིག་སྟོང་བརྒྱ་དང་ལྔ་བཅུའི་ 1150.kg, ཁར། པདྨ་རཱ་ག་དང་། རྡོ་རྗེ་ཕ་ལམ། མུ་ཏིག མར་གད་སོགས་བསྡོམས་པའི་ལྗིད་ཚད་ལ་སྤྱི་རྒྱ་གཉིས་བརྒྱ་དང་སུམ་ཅུ་ 230.kg, སྦྱར་བར་གྲགས།
དེས་མ་ཚད་ཟུར་ནས་དངུལ་གྱི་ཐེམ་སྐས་ཤིག་ཀྱང་ཡོད་རབས་འདུག གོང་ཚད་རོབ་རྩིས་བྱས་ན་སྐབས་དེའི་ཧིན་སྒོར་བྱེ་བ་བཞི་ནས་དུང་ཕྱུར་གཅིག་བར་གནས་ཟེར། འདིའི་སྐོར་ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་ཐིག་ཕྲེང་འགའ་བྲིས་པ་གཏམ་རྒྱུད་གསེར་ཐང་དུ་གསལ།

ལོ་རྒྱུས།

Post navigation

Previous Post: སེམས་ཀྱི་འཕྲོ་འདུ།
Next Post: མ་སུ་རིར་ཕྱིན་པའི་མཐོང་ཐོས་དྲན་རེག

Comments (6) on “རྨ་བྱའི་གསེར་ཁྲི།”

  1. དབྱངས་ཅན་འབངས། says:
    2013-11-01 at 10:01 am

    སྤྱིར་སྟངས་ཤེས་བྱའི་ངོ་སྤྲོད་རིམ་པར་གནང་བར་བཀའ་དྲིན་ཆེ་ཞུ།

  2. ཐེ་བོ་སངས་རྒྱས says:
    2013-11-01 at 10:34 am

    ཐིག་ཕྲེང་དང་པོར་་་་འགྲན་ཟླ་མེད་པའི་་་་་ཚད་དུ་་་་སོན་ཅིང་། ཚད་དུ་ཞེས་པ་ཆད་འདུག དགོངས་དག

  3. དགེ་འདུན་རྒྱ་མཚོ། says:
    2013-11-01 at 11:54 am

    ངོ་སྤྲོད་ཡག་པོ་བྱས་འདུག 
    བཀའ་དྲིན་ཆེ།

  4. ཀླུ་སྨྱོན། says:
    2013-11-01 at 12:39 pm

    རེད་རེད། ངས་ཀྱང་གཏམ་རྒྱུད་གསེར་ཐང་ལས་འདིའི་སྐོར་ཕྲན་ཙམ་བཀླགས་པ་ཡིན།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-11-02 at 5:09 am

    ཨིནྡྲ་ནཱི་ལ། ཞེས་པར་སྔར་གྱི་བོད་ཡིག་ཏུ་ཨནྡ་རྙིལ། ཞེས་བྲིས་པ་དེ་ཉིད་ལེགས་སྦྱར་ཟུར་ཆག་མ་དག་པར་བྲིས། དོན་ནི་དབང་སྔོན། ཞེས་ལི་ཤི་གུར་ཁང་ན་གསུངས། བདག་གིས་ཨནྡ་རྙིལ་ཞེས་པ་ལེགས་སྦྱར་སྒྲ་དག་པར་བྱས་ཏེ། ཨིནྡྲ་ནཱི་ལ། ཞེས་བྲིས་པ་ལ་ནུབ་ཕྱོགས་པ་མཁས་པ་ཞིག་གིས་སྐྱོན་བརྗོད་བྱས་ཡོད། དེ་ལ་སོགས་པ་མང་དུ་བཤད་པ་ལས། མིང་སྒྲ་གཅིག་དངོས་གནས་ནོར། ནོར་འཁྲུལ་ཇི་ལྟར་བྱུང་། བདག་རང་གིས་ཀྱང་མ་ངེས། གཞན་ནི། དེ་བཞིན་གཤེགས་པ། ཞེས་པ་ལ། “བཞིན།” སྒྲ་་དང་། “འདུས་མ་བྱས་སུ་མི་བལྟའོ།” ཞེས་པ་གཉིས་དངོས་གནས་ཆད་པ་དེ་དག་ལ་ཞུས་དག་བྱེད་པར་ཕན་པ་ཆེ་བས། དེ་ལྟ་བུའི་སྐྱོན་བརྗོད་ལ་བཀའ་དྲིན་ཆེ། ཞེས་ཞུ་དགོས་པ་ཡིན། གཞན་མང་པོ་ཞིག་བདག་གིས་ཁས་མི་ལེན་པའིལན་འབྲི་དགོས་ཡོད། ལན་དེ་ཉིད་ཨིན་སྐད་དུ་བྲིས་པ་ནས། གཅིག་ན། རགས་བསྒྱུར་ཙམ་བོད་སྐད་དུ་བསྒྱུར་ནས། བོད་ཀྱི་མཁས་པ་རྣམས་ལ་གཟིགས་མོར་འབུལ་བསམ་པ་ཡོད།

  6. ཐེ་བོ་སངས་རྒྱས says:
    2013-11-02 at 10:43 am

    རྒན་ལ་དྭགས་པས་གསུངས་པ་བདེན། དེ་བཞིན་མར་གད་ལ་མརྒད་དང་། མུ་ཏིག་ལ་མུ་ཏི་ཀ་བྲིས་པའང་མཐོང་། སྤྱིར་ང་ཚོའི་བོད་པ་ཚོས་རྒྱན་ཆའི་རིགས་ཧ་ལ་ཅང་དང་དོད་བྱེད་ཀྱང་གཟི་ཕུད་པའི་རིན་པོ་ཆེ་གཞན་པར་རྒྱུས་ཞེ་དྲག་མེད་ཚོད་རེད། གཡུ་བྱུར་དང་གསེར་དངུལ་མི་ཞིག་གིས་ཐེག་ཚད་བཏགས་རུང་ཕ་ལམ་མམ་པདྨ་རཱ་ག་སོགས་སྲན་རྡོག་ཅིག་ལྟ་བུའི་གོང་ཚད་ཀྱང་ཟིན་དཀའ།
    འདིར་མཆན་འདེབས་མཁན་ཚང་མར་བཀའ་དྲིན་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme