Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྣམ་རྟོག སྐུ་དྲག་གསར་པ།

Posted on 2013-06-092013-06-09 By ཁ་བརྡ་ 5 Comments on རྣམ་རྟོག སྐུ་དྲག་གསར་པ།

ཚེ་རིང་གྲགས་པས་ཕུལ།
དབང་ཆའི་རྩེད་མོ་རྩེས་པ་ཡིན་ནམ་འགྲོ་སྟངས་ཤིག་ཡིན། ཉེ་ཆར་དོན་གཅོད་ཁག་གཅིག་གསར་བསྐོ་བྱས་པའི་གནས་ཚུལ་བོད་ཀྱི་དུས་བབ་ཐོག་སྤེལ་འདུག་ལ། དེའི་ཁྲོད་ནས་དོ་སྣང་བྱེད་ཤོས་དེ་ནི་ཨ་རིའི་དོན་གཅོད་གསར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཞེས་པ་ཞིག་༼སྲིད་སྐྱོང་གི་གྲོགས་པོ་བློས་ཐུབ་ཅིག་ཡིན་སྐད་༽ཨ་རིའི་དོན་གཅོད་དུ་སླེབས་པ་དེ་རེད། སྐབས་འདིར་དྲི་བ་སྣ་ཚོགས་འབྱུང་བའི་གཅིག་ནི་དབུ་དཀར་ཚང་མི་སུ་འདྲ་ཡིན་པ་དང་ཇི་ལྟར་དོན་གཅོད་ཀྱི་གོ་གནས་ལ་གློ་བུར་དུ་སླེབས་པ་རེད་ཅེས་པ་འདི་རེད། འོན་ཀྱང་དེ་ལས་ཀྱང་རྫབ་ཆེ་བའི་དྲི་བ་ཞིག་ནི་ད་ལྟའི་དོན་གཅོད་བློ་བཟང་སྙན་གྲགས་ཀྱི་ལས་ཀ་གང་རེད་ཅེས་འདྲི་བཞིན་འདུག སྐབས་འདི་འདྲ་ཞིག་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(ICT)འགན་འཛིན་གློ་བུར་དུ་དགོངས་པ་ཞུས་པ་༼དགོངས་པ་ཞུ་བཅུག་པ་རེད་ཟེར་༽དང་། དེའི་ཚབ་ལ་བློ་བཟང་སྙན་གྲགས་སླེབས་རྒྱུ་རེད་ཅེས་དཀྲོག་གཏམ་ཞིག་འཕེལ་བཞིན་པ་དེ་རེད། འོན་ཀྱང་བློ་བཟང་སྙན་གྲགས་དེ་ནིའུ་ཡོག་ཏུ་ཡོད་པའི་བོད་ཀྱི་ཐེབས་རྩའི་འགན་འཛིན་ལ་བསྐོ་གཞག་བྱས་པ་རེད་ཅེས་པའི་གནས་ཚུལ་ཐོན་པ་རེད། ད་ལྟའི་འགན་འཛིན་རིན་ཆེན་ཐར་ལོ་དེ་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལ་འགྲོ་རྒྱུ་ཡིན་ནམ། ཡང་ན་ས་མིག་དེ་ལ་བོད་མི་གསར་པ་ཞིག་སླེབས་རྒྱུ་རེད།
འོས་འདེམས་བྱས་པའི་དབུ་འཁྲིད་ཅིག་ལ་རྒྱལ་ཁ་ཐོབ་པ་དང་བསྟུན་ནས་གཞུང་གི་གལ་ཆེའི་མི་སྣ་བརྗེ་ལེན་བྱེད་པ་ནི་ཡོངས་གྲགས་ཀྱི་ལག་ལེན་ཞིག་ཡིན་སྟབས། སྲིད་སྐྱོང་བློ་བཟང་སེང་གེས་ཀྱང་རང་གི་འདོད་བབ་ལ་གཞི་རྩ་བཞག་ནས་མི་སྣ་བསྐོ་གཞག་བྱེད་ལོས་ཆོག འོན་ཀྱང་གལ་ཆེའི་མི་སྣ་བསྐོ་འཇོག་བྱེད་པ་ལ་མི་མང་གིས་ཤེས་རྟོགས་ཐུབ་པའི་ལམ་ཁ་ཞིག་མ་བརྒྱུད་པར་གསང་བ་ལྐོག་གྱུར་གྱི་འབྲེལ་ཐག་ཅིག་བརྒྱུད་ནས་མི་མང་ལ་ཁྱབ་བསྒྲགས་ཙམ་ཞིག་ལས་གཞན་བྱུས་གཏོགས་མེད་པ་འདི་ཚོ་གང་འདྲ་ཡིན་ནམ་བསམས་ཀྱི་འདུག དོན་གཅོད་བསྐོ་གཞག་སོགས་ལ་སྤྱི་འཐུས་དང་སྤྱི་འཐུས་རྒྱུན་ལས་ནས་གྲོས་བསྡུར་དང་བཀའ་འཁྲོལ་ཐོབ་དགོས་པ་ཞིག་ཡིན་ནམ། དེ་ལྟར་བྱུང་ཡོད་དམ།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཨེ་ཤ་ཡའི་དབུ་འཁྲིད་ཆགས་ནས་ཅང་མ་འགོར་བར་གལ་ཆེའི་ལས་གནས་མང་པོ་ཞིག་ལ་འགྱུར་བ་ཐེབས་པ་དེས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁྲོད་དུ་སྐུ་དྲག་གསར་པའི་རྩེད་མོ་རྩེས་བཞིན་འདུག་ལ། སྐུ་དྲག་གི་རྩེད་མོ་འདི་ལ་ནི་སྔོག་བཤེར་བྱེད་དགོས་ས་མང་ཙམ་ཡོད་པ་མ་ཟད། ཐ་ན་གླ་ཕོགས་གཅིག་པུའི་ཐོག་ནས་བལྟས་ན་ཡང་ལས་ཀ་འདི་དག་ནི་ “རྨི་ལམ་གྱི་ལས་ཀ་dream job” ཞིག་གསང་བའི་དར་ཐག་བརྒྱུད་ནས་རྩིས་སྤྲོད་རྩིས་ལེན་བྱེད་བཞིན་པར་སྣང་ངོ་།།

རྩོམ་རིག

Post navigation

Previous Post: ༼བཙན་པོའི་སྙིང་སྟོབས་༽ལས། ཕུན་དབང་དང་པེ་ཅིན་སྲིད་གཞུང་།
Next Post: རྒྱོ་རྒྱག་ན་ཤུབས་དགོས། དགྲར་འཐབ་ན་སྙིང་དགོས།

Comments (5) on “རྣམ་རྟོག སྐུ་དྲག་གསར་པ།”

  1. མ་ཧཱ་སིདྡྷི། says:
    2013-06-09 at 4:17 pm

    བསམ་ཚུལ་བརྗོད་པར་དགའ་བསུ་ལས་མེད་ཀྱང་། དེང་སང་བོད་པའི་སྤྱི་ཚོགས་ཁྲོད་དུ་ནད་ཡམས་ཞིག་ཡོད་པ་དེ་ནི་མི་ཞིག་གིས་ལྷག་བསམ་རྣམ་པར་དག་པས་དམིགས་བསལ་གྱི་ལས་ཀའི་འགོ་ཞིག་བརྩམས་ནས་ལས་ཀ་ལས་གྲབ་བྱེད་པའི་སྐབས་སུ། ཟུར་ཞིག་ནས་བལྟ་ལོངས་དཔྱད་ལོངས་གང་ཡང་མེད་པར་བསམ་བཞིན་དུ་མ་རུངས་ཁོག་བཅངས་ཀྱིས་ལམ་སང་མི་དེ་ཡི་སེམས་ཤུགས་བཅགས་ནས་མར་དྲུད་ཅི་ཐུབ་བྱེད་པ་ནི་ལོ་བརྒྱ་ཕྲག་མང་པོར་ཡོད་པའི་གདོང་དམར་བོད་པའི་ནད་ངན་ཞིག་ཡིན། དཔེར་ན་འདས་ཟིན་པའི་དགེ་འདུན་ཆོས་འཕེལ་དང་། ད་ལྟ་ཡོད་པའི་བསྟན་སྲིད་ཀྱི་ཁུར་ལེན་ནས་སྤྱི་ཚོགས་ཀྱི་སྡིང་ཆའི་སྒང་ནས་འགྲོ་བཞིན་པ་འདི་རྣམས་སོ།

  2. ལུང་རྟོགས། says:
    2013-06-10 at 2:47 am

    མ་ཧཱ་སིདྡྷི་བདེན། གོམ་གསུམ་སྤོ་ལོང་མ་བྱུང་གོང་། ཉྭ་རྒྱུད་སྔོན་མོ་གྲི་ཡིས་བཅད། ཚིག་གསུམ་བཤད་ལོང་མ་བྱུང་གོང་། སྨྲ་བྱེད་ལྕེ་དེ་རྩེ་ནས་བཅད། ཞེས་པའི་དཔེ་ལྟར་ལས་མགོ་མ་བཙུགས་གོང་ནས་སྐྱོན་བརྗོད་བྱེད་པ་ནི་ཆོ་མེད་་པ་རང་རེད།

  3. བསྟན་དར། says:
    2013-06-10 at 11:28 am

    བསམ་འཆར།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-06-10 at 2:23 pm

    རུལ་སུངས་མ་བྱུང་གོང་ནས། སྐྱོན་འདོན་ཡོ་སྲོང་ངེས་པར་དུ་བྱེད་དགོས།

  5. བསྟན་དར། says:
    2013-06-10 at 3:39 pm

    སྐལ་རྡོར་ལགས་དོན་གཅོད་བསྐོ་གཞག་གནང་བཏང་ནི་སྤྱི་ཚོགས་ནང་དོགས་པའི་གླིང་གཞི་རེད་འདུག
    བཙན་བྱོལ་སྤྱི་ཚོགས་ནང་འགྱུར་བ་ཞིག་འགྲོ་གི་ཡོད་པའི་རྣམ་པ་འདུག་ཡིན་ནའང་འགྱུར་བ་དེ་ལེགས་ཉེས་གང་འདྲ་ཞིག་ཏུ་འགྲོ་ཡི་ཡོད་མེད་ཚོད་དཔགས་བྱེད་དཀའ། འོན་ཀྱང་བར་ལམ་ཨེ་རླུང་ཁང་གི་འགོ་འཛིན་ལས་གནས་ནས་ཕྱིར་ཕུད་པ་དང། ཉེ་ཆར་གསར་འགྱུར་ནང་བོད་དོན་ལས་འགུལ་ཁང་གི་འགོ་གཙོ་ཕྱི་རྟག་ཏུ་དགོངས་པ་ཞུས་ཁུལ་ཙམ་ལས་ནང་དོན་ཕྱིར་ཕུད་པའི་གླེང་ཕྱོགས་དང།་
    ཡང་བོད་ཀྱི་ཐེབས་རྩ་ཁང་གི་འགོ་གཙོ་ཡང་གནས་སྤོ་སྟེ་ཚབ་ཏུ་ཨ་རིའི་ནང་གི་དོན་གཅོད་བློ་སྙན་ལགས་བསྐོ་གཞག་བྱེད་ཀྱི་ཡོད་པའི་གཏམ་བསྒྲགས་བཞིན་འདུག འགྱུར་བ་དེ་ཚོ་ལེགས་པོ་ཞིག་ཡིན་པ་བརྗོད་དཀའ་ཡང་ལས་གནས་གཅིག་ཐོག་བསྡད་ཡུན་རིང་ན་ཡང་དགེ་མཚན་མཐོང་གི་མི་འདུག ཁག་ཅིག་འཇོན་ཐང་གང་ཡང་བཏོན་རྒྱུ་མེད་ཀྱང་ས་དམིགས་བཟུང་ན་ཡར་རྒྱས་ག་ལ་འགྲོ་ཐུབ། ད་དུང་ཡང་རང་འགུལ་གྱི་དགོངས་པ་ཞུས་པའམ་དགོངས་པ་གཏོང་དགོས་པ་ཞིག་མཐོང་ཆོས་སུ་གྱུར་བ་ནི་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་རེད། ལྟ་ལོ་རྒས་ལུས་ཀྱི་མི་ཁུམ་པ་དང་ལས་གནས་ལ་སྡོད་ཡུན་རིང་དྲག་ཏེ་འཇོན་ཐང་དང་ནུས་པ་ཡོད་པའི་མི་རབས་གསར་པར་རྩིས་སྤྲོད་བྱེད་རན་ཐག་དགོས་ཐག་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme