Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྣམ་པ་གཉིས་ཀྱི་སུས་འཇོན་ན་དེ་པཎ་ཆེན་རིན་པོ་ཆེ་རེད།

Posted on 2014-04-24 By ཁ་བརྡ་ 39 Comments on རྣམ་པ་གཉིས་ཀྱི་སུས་འཇོན་ན་དེ་པཎ་ཆེན་རིན་པོ་ཆེ་རེད།

ཤར་ཕྱོགས་ཁུག་རྟ།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་གདུང་སེམས་མཉམ་བསྐྱེད་ལོས་ཞུ། ཁོང་གདོང་གི་སྣབས་ལ་བདག་པོ་མི་ཐུབ་དུས་ནས་བཙོན་ལ་བཅུགས་སོང། པཎ་ཆེན་རྒྱལ་མཚན་ནོར་བུ་ལའང་གདུང་སེམས་མཉམ་བསྐྱེད་ལོས་ཞུ། ཁོང་ཕ་ངོ་མ་ངོ་མ་ཟིན་དུས་ནས་ཁྲི་ཁར་བཙན་འཇོག་བྱས་སོང། ཁོང་རྣམ་པ་གཉིས་ལས་ཡང་སྲིད་འཁྲུལ་བྲལ་སུ་ཡིན་ལ་མ་བལྟས་པར། བོད་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་ཐོབ་ཐང་མེད་པ་སྤྱི་མཚུངས་ཡིན་པའི་ཆུང་སྲིད་རིན་པོ་ཆེ་དེ་གཉིས། དེ་རིང་ང་ལྟར་ཕོ་གསར་ཆགས་པའི་པཎ་ཆེན་བཅུ་གཅིག་པ་འདི་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
པཎ་ཆེན་ཆུང་སྲིད་ཟེར་ནས་བཙན་བྱོལ་ནང་ཁ་ཕོ་གནམ་དུ་བསྒྲགས་ཐེངས་རེ་རེར། ཕྱོགས་སུ་ལྷུངས་པའི་སྐད་འབོད་ཅིག་གིས་པཎ་ཆེན་རྒྱལ་མཚན་ནོར་བུའི་འགྲོ་བ་མིའི་ཐོབ་ཐང་ལ་རྩ་ནས་བསམ་ཤེས་བྱེད་ཀྱི་མེད། དེར་ང་གནའ་ནས་འཐད་པ་མིན། ད་ལོ་ ༢༠༡༤ ལོར་ངས་ཁ་གསལ་དུ་བཏང་སྟེ་འཁྲུངས་སྐར་ཉིན་མོར་སྐད་ཆ་འདི་བཤད་པ་ཡིན། སྐད་ཆ་གང་བཤད་པ་ཡིན་ཟེར་ན། རྣམ་པ་གཉིས་ཀྱི་སུས་འཇོན་ན་དེ་༸པཎ་ཆེན་རིན་པོ་ཆེ་རེད་ཅེས་་པ་འདི་ཡིན།
ད་འོ་ན་གང་ལ་འཇོན་དགོས་པ་རེད་དམ་ཞེ་ན། ༸གོང་ས་ཆེན་པོ་བཅུ་བཞི་པས། སྤྲུལ་སྐུ་བྱོན་པའི་དགོས་དོན་ནི་སྐུ་གོང་མའི་མཛད་འཕྲིན་སྐྱོང་ཕྱིར་ཡིན་ཞེས་རིམ་པར་བཀའ་སློབ་ཕེབས་པ་ལྟར། ཁྱེད་རྣམ་པ་གཉིས་ཀྱི་སུས་༸ཀུན་གཟིགས་བཅུ་པ་ཆེན་པོའི་མཛད་འཕྲིན་སྐྱོང་རྒྱུར་འཇོན་པ་ཡིན་ན་དེ་པཎ་ཆེན་བླ་མའི་མཆོག་སྤྲུལ་ཡིན་པ་དེ་རེད། གལ་སྲིད་ཁྱེད་རྣམ་པ་གཉིས་ཀྱིས་འཇོན་ཚད་གཅིག་པ་ཆགས་ཡིན་ན། བོད་བསྟན་སྲིད་མི་རིགས་ལ་པཎ་ཆེན་དེ་འདྲ་གཉིས་མ་དགོས། གསུམ་ཡོད་ཀྱང་ཉུང་ཚད་དུ་འདུག་ལ། ཁྱོན་ནས་མ་འཇོན་པ་ཡིན་ན། རྦད་དེ་མེད་ནའང་ཆོག ད་ལྟ་མི་རྣམས་ཀྱིས་བོད་ཀྱི་སྤྲུལ་སྐུའི་མངོན་ལྐོག་གི་གནས་ཚུལ་མང་པོ་ཞིག་མཁྱེན་བཞིན་པར་སོང། ཆེས་ཁྱད་དུ་འཕགས་པའི་༸རྒྱལ་བའི་ཡང་སྲིད་ཕེབས་སྲོལ་ལྟ་བུ་མེད་ཚེ། ”སྤྲུལ་སྐུའི་ལམ་ལུགས་”འདི་འང་”ཡོན་ཏན་ལམ་ལུགས་”སུ་བསྒྱུར་དགོས་པ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་བསྟན་བདག་བླ་ཆེན་རྣམས་ཀྱིས་གཡོལ་མི་ཉན་པ་ཞིག་ཡིན་པའང་ཚད་མས་གྲུབ། ༼ ཞིབ་ཏུ་གཞན་ནས་གླེང། ༽
གོ་མིན་ཏང་དང་གུང་བྲན་ཏང་གཉིས་ཀའི་ཐུགས་རྗེའི་བཀའ་དྲིན་འོག པཎ་ཆེན་ནང་མ་སྒང་གི་ཀྲུང་དབྱང་ལ་མགོ་འབུལ་ལུས་འབུལ་ཞུས་པའི་འཕྲིན་ཡིག་དེ་ཚོའི་བཀའ་དྲིན་ལ་བརྟེན་ནས། གྲོས་མཐུན་དོན་ཚན་བཅུ་བདུན་མ་བཞག་སྔོན་ཏག་ཏག་དེར་ཨ་མདོའི་མགོན་པོ་ཚེ་བརྟན་ཡང་པཎ་ཆེན་དགུ་པའི་མཆོག་སྤྲུལ་རིན་པོ་ཆེར་གྱུར་ཡོད་ལ། རྒྱ་མིའི་བླ་མ་དང། ཚོང་པ་རྒྱག་པ། ཀུན་གཟིགས་ཐམས་ཅད་མཁྱེན་པ། པཎ་ཆེན་རིན་པོ་ཆེ་དཔའ་བོ་དམ་པ་བཅས་སུ་རིམ་པར་གྱུར་པ་ཡིན་པས། ཁྱེད་རྣམ་གཉིས་ཀྱིས་ཀྱང་སྐུ་གོང་མ་བཞིན། བོད་བསྟན་སྲིད་མི་རིགས་ལ་བྱས་རྗེས་རླབས་ཆེན་འཇོག་རྒྱུར་འཇོན་ནུས་ན། ”བོད་མི་རིགས་ཀྱི་བྱུང་རབས་ནང་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་མི་འཇོག་པའི་དམ་བཅའ ”མི་ཚེའི་ནང་བཅའ་ཕོད་ན། ཁྱེད་རྣམ་པ་གཉིས་པཎ་ཆེན་མཆོག་སྤྲུལ་ཡིན་པ་དེ་སུས་ཀྱང་བསྙོན་དུ་ག་ལ་ཡོད།
ཡབ་ཆེན་ཚོང་པ་རྒྱག་པ་ལགས། ཁྱེད་ཀྱི་མཆོག་སྤྲུལ་རིན་པོ་ཆེའི་འཁྲུངས་སྐར་ལ་དོན་སྙིང་ལྡན་པའི་རྩོམ་ཡིག་ཅིག་སྤྱིར་ཡིན་ན་ལོས་འབྲི། ཡིན་ནའང། ང་དེང་སང་མི་ཁོམ་དགུའི་བར་ཟགས་ཡོད་པས་འདི་འདྲ་ཞིག་གིས་མཇུག་བསྡུས་པ་ཡིན་ན་དབྱིངས་ནས་དགོངས་སུ་གསོལ་ལོ།། །།
༢༠༡༤། ༤། ༢༥། ཉིན་གྱི་ཞོགས་ཀར་འཕྲལ་དུ་བགྱིས།། ངྷ་རམ་ཤཱ་ལ་ནས།།

རྩོམ་རིག

Post navigation

Previous Post: རྗེས་དྲན་ཡིད་ཀྱི་དུང་ཟླ།
Next Post: པཎ་ཆེན་ལགས།

Comments (39) on “རྣམ་པ་གཉིས་ཀྱི་སུས་འཇོན་ན་དེ་པཎ་ཆེན་རིན་པོ་ཆེ་རེད།”

  1. ཀླུ་སྨྱོན། says:
    2014-04-24 at 11:51 pm

    འདི་མོ་འདི་འབྲི་མི་ཉན་ཡ། སྔོན་མར་ངས་བལ་ཡུལ་ནས་པཎ་ཆེན་སྤྲུལ་སྐུའི་སྐོར་འདི་མོ་ཟིག་བྲིས་པས་ཅིག་མིན་ན་ངའི་རླིག་པ་བཅད་སོང་།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-04-25 at 1:07 am

    རྣམ་པ་གཉིས་ཀྱི་སུས་འཇོན་ན་དེ་པཎ་ཆེན་རིན་པོ་ཆེ་རེད།
    ཤར་ཕྱོགས་ཁུག་རྟ།
    པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་གདུང་སེམས་མཉམ་བསྐྱེད་ལོས་ཞུ། ཁོང་གདོང་གི་སྣབས་ལ་བདག་པོ་མི་ཐུབ་དུས་ནས་བཙོན་ལ་བཅུགས་སོང། པཎ་ཆེན་རྒྱལ་མཚན་ནོར་བུ་ལའང་གདུང་སེམས་མཉམ་བསྐྱེད་ལོས་ཞུ། ཁོང་ཕ་ངོ་མ་ངོ་མ་ཟིན་དུས་ནས་ཁྲི་ཁར་བཙན་འཇོག་བྱས་སོང། ་་་་་
    ཞེས་དང་།
    ་་་་་ ཁྱེད་རྣམ་པ་གཉིས་ཀྱི་སུས་༸ཀུན་གཟིགས་བཅུ་པ་ཆེན་པོའི་མཛད་འཕྲིན་སྐྱོང་རྒྱུར་འཇོན་པ་ཡིན་ན་དེ་པཎ་ཆེན་བླ་མའི་མཆོག་སྤྲུལ་ཡིན་པ་དེ་རེད། ་་་་་་་་་ ཟེར།

  3. ས་ལེ་སྦྲམ། says:
    2014-04-25 at 1:33 am

    བཙན་བྱོན་སྤྱི་ཚོགས་ནང་༼པཎ་ཆེན་རྒྱལ་མཚན་ནོར་བུ་༽ཟེར་མཁན་ཐོག་མ་དེ་ཤར་ཕྱོགས་ཁུག་རྟ་རེད་བསམ་བྱུང་། དབུ་མའི་ལམ་གྱི་དགོངས་དོན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་སམ་གཞིར་བཞག་ནས་བཤད་ན་ད་ལྟའི་བར་༼རྒྱལ་མཚན་ནོར་བུ་༽མ་གཏོགས་༼པཎ་ཆེན་རྒྱལ་མཚན་ནོར་བུ་༽ ཞེས་འབོད་སྲོལ་ཅིག་བྱུང་མྱོང་མེད། བཀའ་ཤག་སྔོན་མའི་སྐབས་སུའང་པཎ་ཆེན་རྫུན་མ་ཞེས་པའི་འབོད་སྟངས་འདི་རྒྱལ་མཚན་ནོར་བུ་ལ་བསྒྱུར་བ་རེད། གང་ལྟར་ངས་བཤད་འདོད་པ་ནི་དབུ་མའི་ལམ་གྱི་ལངས་ཕྱོགས་སྲ་མཁྲེགས་མཁྲེགས་ཀྱིས་འཛིན་མཁན་ཞིག་གི་ངོས་ནས་འདི་འདྲའི་ཐོལ་བརྒལ་གྱི་སྐད་ཆ་ལབ་ན་དོན་ལ་ཏག་ཏག་ཅིག་བསྡད་མི་འདུག་བསམ་པ་དེ་ཡིན། ལྷག་པར་དུ་ཆབ་སྲིད་པར་ཁ་འཆེས་པ་ཞིག་གི་ངོས་ནས་སྔ་གཞུག་གང་ལའང་མནོ་བསམ་མི་གཏོང་བར་གང་དྲན་དྲན་བྱུང་རྒྱལ་དུ་སྨྲས་ན་དེ་ལ་ཆབ་སྲིད་པའི་བསམ་བློ་ཡོད་པ་ཕར་ཞོག་རྩ་ལྷག་མ་ཞིག་ཐོལ་བ་འདུག་སྙམ་པའི་ཐེ་ཚོམ་ཟ་བར་གོར་མ་ཆགས།

  4. ས་ལེ་སྦྲམ། says:
    2014-04-25 at 1:40 am

    ༼སམ༽ ལྷག་མ་རེད།

  5. གནམ says:
    2014-04-25 at 2:08 am

    ཨོ། དགྱ་སྲིད་དམར་རྗེན་མ་བཤད་དགའ་བའི་དགྱ་འདྲེ་གྲགས་བྱུང་། ཁྱོས་ཁྱི་སྐྱག་འདྲ་བོ་དེ་འདྲ་བཤད་མ་སྡོད། ང་ཚོས་རྒྱལ་མཚན་ནོར་བུ་ལ་གནག་སེམས་དག་གནོད་སེམས་ཀྱི་ལས་ཚིག་སྣ་གཅིག་ཀྱང་བསྟན་མྱོང་མེད། ད་དུང་༧གོང་ས་མཆོག་གིས། “ཁོང་བོད་ཕྲུག་ཞིག་རེད། གྲྭ་ཕྲུག་ཞིག་རེད། ཉིན་ཞིག་དགེ་སློང་ཞིག་ཆགས་རྒྱུ་ཡིན་པས། ང་ཚོར་གུས་ཞབས་ཞུ་དགོས་གསུངས་སོང་། ཡིན་ན་ལ། པཎ་ཆེན་རེད་དམ་མ་རེད་ཟེར་ན། པཎ་ཆན་མ་རེད་གསུངས་སོང་།” དེ་འདྲ་གསུངས་དྲོན་པོ་ཡོད་ས་ན། ༼པཎ་ཆེན་༽རྒྱལ་མཚན་ནོར་བུ་ཟེར་ན། ད་དགྱ་འདྲེ་འདིས་ཅི་བརྫོ་ལེ་ཡོད་པ་རེད།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-04-25 at 2:18 am

    བཅུ་གཅིག་པ་པཎ་ཆེན་བསྟན་དགེ་པཎ་ཆེན་རིན་པོ་ཆེ། པཎ་ཆེན་རིན་པོ་ཆེ་དངོས་གནས་དང་། རྒྱ་གཞུང་གིས་སྲིད་ངན་ལས་བྱུང་བ་རྒྱལ་མཚན་ནོར་བུ་ལགས་ནི། པཎ་རྫུན་རྒྱལ་ནོར་ཞེས་འདོད་དགོས་སོ།།

  7. ཀརྡོ་གཉེར་ཕྱག་པ་ says:
    2014-04-25 at 2:27 am

    ངས་བྱས་ན།
    ༡༽ ༸པཎ་ཆེན་བསྟན་འཛིན་དགེ་འདུན་མཆོག
    ༢༽ རྒྱ་ཡི་པཎ་རྫུན་རྒྱལ་མཚན་ནོར་བུ་ལགས།

  8. ལྷ་རིག says:
    2014-04-25 at 2:57 am

    ཤར་ཁུག་གིས་མ་འཇོན་པར་ཆོས་དགེ་ཡི་ཡང་སྲིད་ནས་དགོངས་པ་ཞུ་བ་ཡིན་ནམ་ཡང་ན་ནུས་བ་ཆུང་དྲག་པས་ཡང་སྲིད་ཀྱི་མིང་དེ་མ་དགོས་པ་ཡིན་།

  9. བདེན་སྨྲ་ says:
    2014-04-25 at 5:04 am

    ྲརྒྱ་ནག་གི་དར་ནི་ཕྱར་སོང་། ད་ཡང་རྒྱ་ནག་གི་པཎ་ཆེན་པཎ་ཆེན་ཡིན་ཟེར་གྱི་འདུག ངོ་མ་སེམས་སྐྱོ་རུ་འཇུག་གི

  10. གངས་སྤྲེལ་ཚ། says:
    2014-04-25 at 7:05 am

    ཤར་ཀུག་ལ་ཡོས་ཤོག་མ་ཐོབ་ནས་སྨྱོ་རབས་འདུག་་་་དངོས་གནས་རེད་ཤག་་་་་་་་་་ད་འདི་ལྟར་སྨྱོན་པ་ཟིག་་་་་་་་་་་་

  11. ཡེ་ཤེས་དཔལ། says:
    2014-04-25 at 8:11 am

    ཁུག་རྟས་ཡང་ཐན་སྐད་ཅིག་སྒྲོག་གོ་ག

  12. ཀརྨ་བློ་གསལ་ says:
    2014-04-25 at 8:15 am

    བཙན་བྱོལ་སྤྱི་ཚོགས་ནང་དུ་དེང་གི་བར་དུ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འདི་ལྟར་ཐ་གཅིག་ཏུ་ཁ་གཏད་དུ་ལངས་མཁན་ཞིག་བྱུང་མྱོང་ཡོད་པ་མ་རེད། མདོ་སྨད་ཆོལ་ཁས་ཤར་ཁུག་དབུས་གཙང་ཆོལ་ཁའམ། མདོ་སྟོད་ཆོལ་ཁའི་ནང་རྒྱང་འཕུད་གཏོང་སྲིད་དམ།

  13. ཨ་ཕྱི་ཆོས་སྒྲོན says:
    2014-04-25 at 11:44 am

    ཏྰ་ལས་དང་དོལ་རྒྱལ་གཉིས་སུ་རྒྱལ་ན་དེ་བདེན་པ་རེད་ཟེར་བ་གཅིག་ཏུ་མཐོང་སོང་། །

  14. ཚེ་རིང་། says:
    2014-04-25 at 12:04 pm

    ཤར་ཕྱོགས་ཁུག་རྟས་བཤད་པ་དེ་ནི། ཟམ་གདོང་བླ་མའི་དགོངས་གཞི་ངོ་མ་རེད། ཧཧཧཧཧ སྔར་ཟམ་གདོང་གིས་ཡང་སྲིད་རྫུན་མ་ལབ་མི་ཆོག་ཟེར།

  15. རྟ་བདུན་དབང་བོ says:
    2014-04-25 at 12:36 pm

    ཤར་ཁུག་ལགས། དེང་དུས་སྤྲུལ་སྐུ་ངོ་མ་ཁས་ལེན་བྱེད་ཀྱིན་མེད་པར་སྐབས་འདིར་སྤྲུལ་སྐུ་རྫུན་མ་ཞིག་ཇི་ལྟར་ཁས་ལེན་བྱ། ད་གད་མོ་ཡང་ཤོར་ཀྱིན་འདུག །

  16. ལུང་རྟོགས། says:
    2014-04-25 at 9:33 pm

    ཤར་ཁུག་གི་བྱ་སྤྱོད་ངོ་མ་དེ་ཕྱིར་ལ་མངོན་སོང་།

  17. རང་སྐྱེས། says:
    2014-04-25 at 9:51 pm

    ཤར་ཁུག་ལགས། ཁྱོས་སྐྱག་ཁ་དེ་ད་ཚོག་གི་པ། དྲིན་ཆེན་པོ་ད་ཁྱོད་ཀྱིས་བསམ་བློ་བ་ཞིག་ཡིན་མདོག་མདོག་མ་བྱེད།

  18. ཁྱུང་ཆེན། says:
    2014-04-25 at 10:44 pm

    འཐད་པ་ཡིན།

  19. གངས་ལྡོམ། says:
    2014-04-25 at 10:58 pm

    ཤར་ཁུག་གིས་སྔོན་མ་གངས་སྐྱིད་ནས་སྐད་གྲགས་འཇོག་འདོད་ཀྱང་མཐའ་མར་རྒྱང་ཕུད་དུ་བཏང་པ་རེད།
    ད་ལྟ་ཡང་འདི་འདྲ་སྐྱུག་བྲོ་བ་ཞིག་བྲིས་ནས་སྐད་གྲགས་ཆགས་འདོད་གི་ཡོད་རེད།
    ཧཧཧཧཧཧ

  20. བདེན་སྨྲ་ says:
    2014-04-26 at 1:00 am

    རྣམ་པ་གཉིས་ཀྱི་སུས་འཇོན་ན་དེ་པཎ་ཆེན་རིན་པོ་ཆེ་རེད་ཟེར་བ་དེ་དངོས་གནས་བསམ་ཡུལ་ལས་འདས་པའི་སྐད་ཆ་རེད། གང་ཡིན་ཟེར་ན་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་སྤྲུལ་སྐུ་དེ་ནི་རྒྱ་ནག་གིས་བཙོན་ལ་བཅུག་པའམ་ཡང་ན་བཀྲོངས་ཟིན་པ་རེད། གལ་ཏེ་ད་དུང་གསོན་པོར་ཡོད་པའི་དབང་དུ་བཏང་ཡང་རྒྱ་ནག་མགོ་རྟིང་མ་ལོག་བར་དུ་ཁོང་གི་སྐུ་ཚེ་གང་ལ་འཇོན་ཐང་ཕྱིར་མངོན་པའི་དུས་ཤིག་ཤར་གི་མ་རེད། རྒྱ་ནག་གིས་ངོས་འཛིན་བྱས་པའི་སྤྲུལ་རྫུན་དེ་ནི་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱིས་དགོས་མཁོའི་ཆེད་དུ་རྒྱབ་སྐྱོར་ཡོད་པས་འཇོན་ཐང་ཡོད་དང་ཡོད། དེར་བརྟེན་དོན་ལ་ཤར་ཁུག་གི་སྐད་ཆ་འདིས་རྒྱ་ནག་གི་སྤྲུལ་རྫུན་དེ་པཎ་ཆེན་འོས་སྤྲུལ་རེད་ཟེར་གྱི་ཡོད་པ་རེད། གཅིག་བྱས་ན་སྐད་ཆ་འདི་དེའི་ཕྱོགས་ལ་གོམས་པ་དང་པོ་སྤོ་བྱེད་ཀྱི་སྐད་ཆ་ཡིན་སྲིད། སྔོན་མ་གསེར་རྟ་ཚུལ་ཁྲིམས་ཀྱིས་ཤར་ཁུག་རྒྱ་མའི་ཉུལ་མ་རེད་ཟེར་ནས་ཞེ་བོ་ལབ་སོང་། དཀོན་མཆོག་གསུམ་ལབ་སོང་། རྒྱུ་མཚན་མང་པོ་བགྲངས་སོང་། འོན་ཀྱང་གསེར་རྟ་ཚུལ་ཁྲིམས་ཟེར་བ་དེ་ཡང་འབུ་ཞིག་གི་ཀླད་པ་དང་། འབུ་ཞིག་གི་མདུན་ལམ་མ་གཏོགས་མེད་མཁན་ཞིག་ཡིན་པས་ཆོལ་ཁའི་བར་གྱི་སྐད་ཆ་རེད་བསམ་སོང་། ཡིད་ཆེས་རྩ་བ་ནས་བྱས་མེད། ཤར་ཁུག་ལགས། ཁྱེད་ཀྱིས་ངའི་མཆན་འདི་གཟིགས་རྒྱུ་ཡིན་པའི་ཡིད་ཆེས་ཡོད། ད་ཡང་ནས་ཡང་དུ་བློ་ཕམ་རུ་མ་འཇུག་རོགས་གནང་། ཁྱེད་རང་ཉིད་ལ་ཡིན་ཡང་ཡག་པོ་རྩ་བ་ནས་ཡོད་མ་རེད།

  21. ཀརྡོ་གཉེར་ཕྱག་པ་ says:
    2014-04-26 at 1:51 am

    ་་་་་་་་་་# 20 བདེན་སྨྲ་་ལགས་ཀྱིས་མཆན་བཏབ་པ།:
    April 26th, 2014 at 1:00 AM
    རྣམ་པ་གཉིས་ཀྱི་སུས་འཇོན་ན་དེ་པཎ་ཆེན་རིན་པོ་ཆེ་རེད་ཟེར་བ་དེ་དངོས་གནས་བསམ་ཡུལ་ལས་འདས་པའི་སྐད་ཆ་རེད། གང་ཡིན་ཟེར་ན་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་སྤྲུལ་སྐུ་དེ་ནི་རྒྱ་ནག་གིས་བཙོན་ལ་བཅུག་པའམ་ཡང་ན་བཀྲོངས་ཟིན་པ་རེད། ་་་་་་་་་་་་་

  22. པདྨ says:
    2014-04-26 at 2:30 am

    དེ་འདྲ་ཡིན་ན་ཞི་ཅིན་ཕན་དང་ཏྰ་ལའི་བླ་མ་གཉིས་ཀྱང་སུ་འབྱོན་ན་ཏྰ་ལའི་བླ་མ་དངོས་རེད་ཟེར་བ་དང་གཅིག་རེད། དེས་ན་བོད་དེ་ཞི་ཅིན་ལ་ཐོབ་མི་འདུག་གམ། ཆོས་སྲིད་གཉིས་ལ་རྨོངས་པ་ཚོས་བཤད་པ་ལ་གོ་རྒྱུ་གང་ཡང་མི་འདུག་གོ།

  23. ཀརྡོ་གཉེར་ཕྱག་པ་ says:
    2014-04-26 at 2:33 am

    # 22 པདྨ་ལགས་ཀྱི་གསུང་ལ་རྒྱབ་སྐྱོར་ཡོད། རིགས་ཚ་བོ་འདུག ཡང་། ཤར་ཁུག་ངུ་རན་སོང་། ཧཧ།

  24. ཀརྡོ་གཉེར་ཕྱག་པ་ says:
    2014-04-26 at 2:39 am

    ཤར་ཕྱོགས་ཁུག་རྟས།
    ་་་་་་་་་་་་གོ་མིན་ཏང་དང་གུང་བྲན་ཏང་གཉིས་ཀའི་ཐུགས་རྗེའི་བཀའ་དྲིན་འོག པཎ་ཆེན་ནང་མ་སྒང་གི་ཀྲུང་དབྱང་ལ་མགོ་འབུལ་ལུས་འབུལ་ཞུས་པའི་འཕྲིན་ཡིག་དེ་ཚོའི་བཀའ་དྲིན་ལ་བརྟེན་ནས། གྲོས་མཐུན་དོན་ཚན་བཅུ་བདུན་མ་བཞག་སྔོན་ཏག་ཏག་དེར་ཨ་མདོའི་མགོན་པོ་ཚེ་བརྟན་ཡང་པཎ་ཆེན་དགུ་པའི་མཆོག་སྤྲུལ་རིན་པོ་ཆེར་གྱུར་ཡོད་ལ།
    རྒྱ་མིའི་བླ་མ་དང། ཚོང་པ་རྒྱག་པ། ཀུན་གཟིགས་ཐམས་ཅད་མཁྱེན་པ། པཎ་ཆེན་རིན་པོ་ཆེ་དཔའ་བོ་དམ་པ་བཅས་སུ་རིམ་པར་གྱུར་པ་ཡིན་པས། ཁྱེད་རྣམ་གཉིས་ཀྱིས་ཀྱང་སྐུ་གོང་མ་བཞིན། ་་་་་་་་་་་་་་

  25. ཀརྡོ་གཉེར་ཕྱག་པ་ says:
    2014-04-26 at 3:01 am

    དྷ་སའི་ཤར་ཁུག་སྨྱོ་བའམ། །
    སུ་འཇོན་ཤོད་དོན་ཅི་ཡིན་ནམ། །

  26. ཀརྨ་ཧ་ས། says:
    2014-04-26 at 7:21 am

    པཎ་ཆེན་གཅིག་བས་གཉིས་ཡོད་པར་ཁས་མི་ལེན་། ཐུགས་རྗེ་ཆེ་གང་བྱུང་མང་སོགས་མ་གསུངས་རོགས།

  27. སྦྲ་དཔལ་ལྡན། says:
    2014-04-26 at 11:44 am

    ཤར་ཁུག་ལགས། རྣམ་པ་གཉིས་ཀྱིས་སུས་འཇོན་མིན་བལྟ་གི་ཡིན་ཟེར་བ་བསམ་བློ་མ་བཏང་བའི་སྐད་ཆ་རང་རེད། འཇོན་མིན་བལྟ་བ་ལ་གར་སྟེགས་སམ་བྱེད་པོ་ཞིག་གི་ལས་དགོས་མོད། ཆུང་སྲིད་རིན་པོ་ཆེས་བརྩོན་ཁང་ནང་ནས་སུ་ཞིག་ལ་འཇོན་པོ་བྱེད་དགོས་རེད།

  28. རྟ་བདུན་དབང་བོ says:
    2014-04-26 at 12:59 pm

    ཤར་ཁུག་ལགས་སྤྱིར་བླ་མ་ཞིག་ལ་སྤྲུལ་སྐུ་གཉིས་བྱུང་ཚེ་སུས་འཇོན་པ་དེ་ཁས་ལེན་བྱེད་ན་འགྲིག་མོད། འོན་ཀྱང་རྒྱལ་མཚན་ནོར་བུ་ནི་རྒྱ་མའི་བེད་སྤྱོད་ཀྱི་ལག་ཅ་ལྟ་བུ་ཡིན་ཕྱིར་དུས་ནམ་ཡང་ཁས་ལེན་བྱེད་ཐབས་བྲལ། འདི་ནི་ཆབ་སྲིད་ཟློས་གར་ཞིག་ཡིན་པ་ལས་ཆོས་ཕྱོགས་ཤིག་མ་རེད། གལ་ཏེ་མཆོག་ཆབ་སྲིད་པ་ཞིག་བྱེད་འདོད་ཡོད་ཚེ་འདིའི་ཁྱད་པར་ངེས་པར་དུ་མཁྱེན་དགོས་པ་རེད།།

  29. བསོད་ནམས། says:
    2014-04-26 at 1:30 pm

    འཐན་བྱའི་སྐད་ལ་ཞེ་ནས་སུན་སོང་། ད་མདོ་སྨད་པ་ཚོས་རྒྱ་ཁྱི་འདི་ལ་གདོང་ལེན་བྱེད་རན་ཤག པཎ་ཆེན་རྫུན་མ་ངོ་མ་ཆགས་དགོས་ན་རྒྱལ་བ་རིན་པོ་ཆེ་རྫུན་མ་ཆགས་ཚར་རེད། རྒྱ་བྱ་འདིས་རྒྱལ་བ་རིན་པོ་ཆེ་ལ་མཚད་སྨད་བྱེད་ཀྱི་འདུག རྒྱལ་བས་ཡེ་ཤེས་བརྟག་དཔྱད་གནང་བའི་པཎ་ཆེན་མི་དགོས་ངོས་ལེན་མེད་ལབ་འདུག ངོ་མ་རྒྱ་མིའི་སོ་བ་འདི་ལས་སུ་གསོན་པོ་དགོས།

  30. ཤར་པ་ says:
    2014-04-27 at 5:47 am

    ༄༄། ད རིང ་ཤར་ཁུག་ལ་བདེན་ཁ་སྦྱིན་ནོ།་

  31. ས་ལེ་སྦྲམ། says:
    2014-04-27 at 12:41 pm

    ཡང་བསྐྱར་གསལ་འདེབས་ཤིག་བྱེད་འདོད་བྱུང་། བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་འདི་ཆོས་ལུགས་ཀྱི་རྒྱུན་སྲོལ་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་ཟློས་གར་ཞིག་མ་རེད། དེར་བརྟེན་སྤྲུལ་སྐུ་འཁྲུལ་མེད་ཅིག་ཡིན་མིན་དང་། དྲང་བོར་འཁྱོངས་ཡོད་མེད་ཟེར་བ་དེ་ཡང་ཆོས་ལུགས་ཀྱི་བྱེད་སྒོ་ལྟར་ཐག་གཅོད་བྱེད་རྒྱུ་ལས་སུ་ལ་འཇོན་ཐང་ཡོད་མེད་དང་སུ་ལ་ནུས་པ་ཆེ་མིན། སུ་ལ་རྒྱབ་རྩ་ཡོད་མེད་ཀྱིས་ཐག་བཅད་ན་ག་ལ་འགྲིག དེ་ལྟར་འགྲིག་པར་བསམ་ན་གླེན་རྟགས་རང་རེད། སྟབས་ཉེས་པ་ཞིག་ལ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་འདི་ཆབ་སྲིད་ཀྱི་ལག་ཆར་གྱུར་བ་རེད། དེ་ཡང་རྒྱ་ནག་གིས་དགོས་མཁོ་དུ་མར་དམིགས་ནས་གཡོ་ཇུས་ངན་པ་འདི་འདྲ་བཤམས་ཚར་བ་རེད། ད་ང་ཚོ་ལ་བྱ་ཐབས་ག་རེ་འདུག་གམ། ག་རེ་བྱས་ན་དགའ་འམ། ཐབས་ལམ་གང་འདྲ་ཞིག་འཐེན་རྒྱུ་ཡིན་ནམ།

  32. ཨ་ཕྱི་ཆོས་སྒྲོན says:
    2014-04-27 at 5:34 pm

    ཡབ་ཆེན་ཚོང་པ་རྒྱག་པ་ཟེར་ལུགས་ལ་བལྟས་ན་ཚོང་པ་ཤ་སྐམ་དེ་ཟམ་དོང་གྲྭ་རྒྱོ་ཡིན་མིན་འགྲོ། གང་ལྟར་བཤད་འདོད་པ་དེ་ལས་མ་དག་པའམ་ལས་ངན་པའི་ནག་ཆུ་ཁའི་བུ་ཕྲུག་ཆུང་ཆུང་འདི་བུ་ཕྲུག་གཞན་དག་དང་འདྲ་མཉམ་གྱི་རང་དབང་གི་མི་ཚེ་ཞིག་སྐྱེལ་མ་བཅུག་པར། ལོ་ན་མ་སོན་གོང་ནས་འཇིག་རྟེན་དབང་ཕྱུག་གིས་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་མངོན་སུམ་སྒྲིབ་མེད་ཀྱི་སྤྱན་གྱིས་གཟིགས་གནང་ཏེ་སྐེ་ལ་ལྕགས་ལོང་ཞིག་བཏགས་ནས་དགྲ་བོ་རྒྱ་དམར་ཤན་པའི་ཁྱི་ཇག་གྱི་ལག་ལ་བཞག་སོང་། དགྲ་བོ་ཤན་པ་དམར་པོས་བུ་ཕྲུག་འདི་ལྐོག་གསོད་བྱས་པ་ཡིན་དང་། དུག་ཁབ་བརྒྱབ་ནས་མི་མིན་ཟོག་མིན་ཞིག་ཏུ་བསྒྱུར་བ་གང་ཡིན་ནི་སུ་ལའང་སྐྱུ་རུ་ར་སྐམ་པོ་ཁྱུར་མིད་དུ་བཏང་བ་ལྟར་ལྐོག་གྱུར་ཡིན་འདུག། གནས་སྟངས་འདི་འདྲ་ཞིག་ལ་བོར་བའི་མི་དེ་རྩད་གཅོད་བྱེད་དགོས་པ་ལས་སྐྱེས་སྐར་དང་འཁྲུངས་ཀྱི་དགའ་སྟོན་རྒྱས་སྤྲོས་ཀྱི་མཛད་སྒོ་ཟབ་མིན་དེ་གལ་གནད་ཆེ་བར་མི་འདོད། རྡ་ས་ནས་ལྡོག་ཕྱོགས་སྟེ་དགའ་སྤྲོ་ལྷང་ལྷང་གི་ངང་ནས་བུ་ཆུང་ལས་ངན་འདིའི་མུན་ནག་གི་མི་ཚེའི་བརྒྱུད་རིམ་ཁྲོད་ནས་ལོ་འཁོར་ཉེར་ལྔ་འདས་ཙམ་པ་ཡིན་དང་། མི་མངོན་པའི་དབྱིངས་ནས་འཇིག་རྟེན་ཕྱི་མར་ཆས་ཟིམ་པའི་དུར་བྱང་གི་སྒམ་ཆུང་ཡང་མ་མཐོང་ནས་ལོ་འཁོར་ཅི་ཙམ་སོང་མིན་ལ་སྲུང་རྩི་ཞུ་བའམ་དགའ་སྟོན་གྱ་ནོམས་པ་ཞིག་ཚོགས་གནང་མཛད་པ་གང་ཡིན་དང་། དགོས་ཆེད་དང་དམིགས་ཡུལ་གང་ཡིན་མིན་ནི་འཇིག་རྟེན་དབང་ཕྱུག་དང་གཙོ་བོས་ཇི་ལྟར་བཀའ་རྩལ་གྱི་ཧུར་བརྩོན་རྒྱུག་ཁྱི་ཚོའི་རང་སྣང་གི་སྤྱོད་ཡུལ་ཁོ་ནར་གསལ་བ་ལས་གཟུར་གནས་གཞན་སྣང་གི་བློ་ཡུལ་ལས་འདས་པ་འབའ་ཞིག་ལོས་ཡིན་སྙམ།

  33. ཆབ་བྲག་ཕོ་ཉ། says:
    2014-04-28 at 7:23 am

    གང་གིས་གང་གི་མཛད་འཕྲོ་སྐྱོང་ནུས་ན། དེ་ཉིད་དེ་ཡི་ཡང་སྲིད་མིན་ན་ཡང། གང་དེའི་གྲོགས་མཆོག་མིན་ཞེས་སུ་དག་རྒོལ།
    གང་ཞིག་མཛད་འཕྲོ་གང་གིས་མི་ནུས་ན། དེ་ཉིད་དེ་ཡི་ཡང་སྲིད་ཡིན་ན་ཡང། གང་དེར་མི་ཕན་གྲོགས་མིང་ཙམ་དུ་ཟད།
    དེང་སང་ཡང་སྲིད་མཚན་འཛིན་ཧ་ཅང་མང། ཡིན་ཡང་མཛད་འཕྲོ་སྐྱོང་ལས་ཞབས་འདྲེན་མང།
    དེས་ན་གང་དག་སྐྱེས་ཆེན་དམ་པ་ཡི། རྣམ་ཐར་སྐྱོང་བ་དག་ལ་བདག་དད་དོ།

  34. ངག་དབང says:
    2014-04-28 at 12:46 pm

    ཤར་ཁུག་གི་འདི་འདྲ་བཤད་ན་ཡག་པོ་རྩ་བ་ནས་མི་འདུག་

  35. ཀརྡོ་གཉེར་ཕྱག་པ་ says:
    2014-04-29 at 1:15 am

    ཤར་ཁུག་གིས།
    ༡༽ སྲིད་སྐྱོང་ལ་ཕྱ་དམོད།
    ༢༽ རྒྱ་དར་བསྒྲེང་བ།
    ༣༽ པཎ་ཆེན་རྒྱལ་ནོར་ལ་བསྟོད་པ་དང་།
    ༤༽ པཎ་ཆེན་བསྟན་འཛིན་དགེ་འདུན་ལ་དམོད་ཚིག་འབོར་བ་གསུམ་ནི། བོད་མི་མང་གིས་དུས་ནམ་ཡང་བརྗེད་མི་རུང་ངོ་།། །།

  36. ཞུས་ཆེན་པ says:
    2014-04-29 at 6:01 am

    ད་རེ་ཤར་ཁུག་གིས་དཔྱད་མ་ཤེས་པར་དཔྱོད་ཁུལ་བྱས་པའི་གླེན་རྟགས་ལྷང་ང་ཧུད་འདུག པན་ཆེན་དངོས་རྫུན་གཉིས་ཀའི་སུས་འཇོན་ན་དེ་ལ་གུས་བཀུར་དང་བརྩི་འཇོག་ཆེ་མཐོང་བཅས་པན་ཆེན་དངོས་མ་ཡིན་པར་ངོས་ལེན་བྱ་རྒྱུ་ཡིན་ཟེར། འདིའི་ཐོག་ནས་ཁོ་ལ་སྲིད་དོན་གྱི་ལངས་ཕྱོགས་བརྟན་པོ་མེད་པ་དང་དཀར་ནག་གོ་ལྡོག་གི་དགྲ་ཕྱོགས་ལ་དགོས་པའི་སྐད་ཆ་བཤད་པ། རང་རེའི་བླ་མ་ཐམས་ཅད་མཁྱེན་པས་ངོས་འཛིན་གནང་བའི་ཡང་སྲིད་ལ་དོན་གྱིས་མཐོང་ཆུང་ཁྱད་གསོད་བྱས་པར་སོང་འདུག ཁོའི་སྐད་ཆ་འདིས་རྩ་བའི་བླ་མར་བཀའ་ལོག་བྱས་པ་མ་ཟད། གར་ཡོད་ཅི་བྱུང་མ་ཤེས་པར་ལྷག་པའི་ཡང་སྲིད་ངོ་མས་གུན་ཁྲན་ཏང་གི་ཆེད་དུ་བྱ་སྒོང་བཞིན་གསོ་སྐྱོང་བྱེད་བཞིན་པའི་རྒྱལ་ཁབ་ཞིག་གི་སྲིད་དོན་ལག་ཆར་སྤྱོད་པའི་ཆེད་ལས་བླ་རྫུན་ཞིག་ལ་བསྡུར་རྒྱུས་ཟེར་ན་ཁོའི་སྐད་ཆ་འདི་ཀླད་པ་མ་དྭངས་པའི་སྐད་ཆར་ངོས་འཛིན་མི་བྱས་རང་བྱས་རེད། ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཤིག་ཕར་ཟད། ཤི་གསོན་ངེས་མེད་ཀྱི་གནས་ལ་ལྷག་པའི་ཡང་སྲིད་ལ་ཏང་གི་དགོས་མཁོའི་ཆེད་དུ་གསོ་གཉེར་བྱས་པའི་གང་དགའ་ཅི་དྲགས་ཀྱི་ཤེས་ཡོན་སློབ་གསོ་མྱོང་བའི་གོ་སྐབས་དང་ཐོབ་ཐང་ཅི་དགར་སྤྱོད་ཆོག་པའི་སྤྲུལ་རྫུན་གོ་གནས་ཅན་ཞིག་ལ། རང་དབང་མེད་པ་དང་གར་ཡོད་མི་ཤེས་པའི་ཡང་སྲིད་ངོ་མས་ཅི་ལྟར་ཤེས་ཡོན་སློབ་སྦྱོང་གི་འགྲན་བཟོད་དམ། ཁྱོས་སྐད་ཆ་འདི་འདྲ་ཇི་ལྟར་བཤད་ཕོད། ཁྱོའི་སེམས་ཁམས་ཐང་ཐང་ཡིན་ནམ།  ཁྱོའི་བསམ་བློའི་ཁ་ཕྱོགས་གང་ལ་འཁོར་ཡོད་དམ། ཁྱོད་རྩ་བའི་བླ་མའི་དམ་ཚིག་སྲུང་མཁན་ཞིག་ཡིན་ནམ། ཡང་སྲིད་ངོ་མའི་རྩ་བའི་སྐྱིད་སྡུག་ཙམ་ཡང་སེམས་ལ་མ་འཁོར་བར་ཏང་ལ་དགོས་པའི་སྐད་ཆ་འདི་དག་ནི་ཧ་ཅང་ཐལ་ཆ་ཆེ་དྲགས་པ་ཟད། པན་ཆེན་ངོ་མ་ལ་མཐོང་ཆུང་གི་སྐད་ཆ་རང་རེད། 

  37. ཀརྡོ་གཉེར་ཕྱག་པ་ says:
    2014-04-29 at 9:08 am

    ཤར་ཁུག་གིས། རྒྱ་དར་འོག་ལ། པཎ་ཆེན་ཆུང་སྲིན་པོ་ཆེར། ཕྱ་དམོད་བྱས་པར། ངོ་རྒོལ་མཐར་ཕྱིན་ཡོད་དོ།།

  38. ཉི་འོད། says:
    2014-05-18 at 10:48 pm

    ཚང་མས་རང་བློར་འཆར་བའི་རྒྱུ་མཚན་རེ་བཀོད་གི་ན།

  39. ཀརྡོ་གཉེར་ཕྱག་པ་ says:
    2014-05-19 at 12:56 am

    སྤོབས་མཐའི་ཡང་སྲིད་རྫུན་མ་དང་། དངོས་གནས་སུས་འཇོན་ན། དེ་སྤོབས་མཐའི་ཡང་སྲིད་དངོས་གནས་དེ་རེད་ཟེར་བ་དང་གཅིག་པར་སོང་འདུག སྤོབས་མཐས་མང་པོ་ཅིག་གནི། ཆང་རག་འཐུང་ནས་འབྲི་བགྱིད་ཡོད་པ་འདྲ། ཧཧཧ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme