Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོར་དྲིལ་གྱི་འགྲེལ་བཤད་དང་མཚོན་དོན།

Posted on 2009-09-222009-09-22 By དགེ་རབ་ 21 Comments on རྡོར་དྲིལ་གྱི་འགྲེལ་བཤད་དང་མཚོན་དོན།

སྒོམ་སྡེ་ལྷ་རམས་པ།

bell-imageརྡོ་རྗེས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས། དྲིལ་བུས་སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན། རྒྱས་པར་བཤད་ན། རྡོར་དྲིལ་གྱིས་བསྐྱེད་རྫོགས་ཀྱི་ལམ་ཡོངས་རྫོགས་མཚོན་པ་ཡིན་ཏེ། (དང་པོ་བསྐྱེད་རིམ་གྱི་ལྷ་ཡི་དཀྱིལ་འཁོར་མཚོན་ཚུལ་ལ) ༼ཐོག་མར་རྡོ་རྗེའི་མཚོན་དོན་ནི༽ རྡོ་རྗེས་རྡོ་རྗེ་སེམས་དཔའ་དང་། དྲིལ་བུས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་མཚོན། ཞིབ་ཏུ་བཤད་ན། རྡོ་རྗེ་ལྟེ་བས་རྡོ་རྗེ་སེམས་དཔའ། སྟེང་རྭ་ལྔས་རྣམ་སྣང་སོགས་ལྔ་སྟེ། དབུས་རྭས་རྣམ་སྣང་། ཤར་རྭས་མི་བསྐྱོད་པ། ལྷོ་རྭས་རིན་འབྱུང་། ནུབ་རྭས་འོད་དཔག་མེད། བྱང་རྭས་དོན་གྲུབ་བཅས་མཚོན་ནོ། །

(གཉིས་པ་རྫོགས་རིམ་གྱི་ལམ་མཚོན་ཚུལ་ལ) རྡོ་རྗེའི་རྩེ་མོ་ལྔས་ཡེ་ཤེས་ལྔ་ཡང་མཚོན་པར་གསུངས་ཏེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་ཞེས་གསུངས་པ་ལྟར་རོ། །སྟེང་གི་པད་འདབ་བརྒྱད་ཀྱིས་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་བྱམས་པ་སོགས་སེམས་དཔའ་བརྒྱད། འོག་རྭ་ལྔས་མཁའ་འགྲོ་སྡེ། འོག་གི་པད་འདབ་བརྒྱད་ཀྱིས་སྒོ་མ་བཞི་དང་། སྐུལ་བྱེད་མ་སོགས་བཞི་སྟེ་ལྷ་མོ་བརྒྱད་མཚོན་ནོ། །རྡོ་རྗེ་ལ་དབྱེ་ན། རྡོ་རྗེ་རྩེ་གཅིག་པ་དང་། རྩེ་གཉིས་པ། རྩེ་གསུམ་པ། རྩེ་ལྔ་པ། རྩེ་དགུ་པ། སྣ་ཚོགས་རྡོ་རྗེ། རྒྱན་གྱི་རྡོ་རྗེ་རྣམས་སུ་ཡོད། (རྒྱན་གྱི་རྡོ་རྗེ་ནི། རྒྱན་གྱིས་ཅི་མཛེས་སུ་བྱས་པའི་རྡོ་རྗེ་ལ་ཟེར། འདི་རྒྱན་ཆས་བརྒྱན་པའི་རྡོ་རྗེ་ལ་ཟེར་བ་ཡིན་འདུག་སྙམ) ཡང་རྡོ་རྗེ་ལ་དབྱེ་ན། ཁྲོ་བོའི་རྡོ་རྗེ་དང་། (ཁྲོ་བོའི་རྡོ་རྗེ་ནི། རྡོ་རྗེ་ནག་པོ་རྭ་རྩེ་རྣམས་སོ་སོར་གདེངས་པའི་རྡོ་རྗེ་ལ་ཟེར) ཞི་བའི་རྡོ་རྗེ་གཉིས་སུ་ཡོད། (ཞི་བའི་རྡོ་རྗེ་ནི། ནམ་རྒྱུན་ཡོངས་གྲགས་ཀྱི་རྡོ་རྗེ་ལ་ཟེར)

༼དྲིལ་བུའི་མཚོན་དོན་ནི༽
དྲིལ་བུའི་སྟེང་གི་རྭ་ལྔའི་མཚོན་དོན་ནི་རྡོ་རྗེ་དང་འདྲ་ལ། དྲིལ་བུའི་ཞལ་གྱིས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་ལྷ་མོའི་རྣམ་པར་ཤར་བའི་ཤེས་རབ་མ་དེ་མཚོན། དེའི་འོག་གི་བདུད་རྩིའི་བུམ་པས་བདེ་བ་དང་སྟོང་པ་དབྱེར་མེད་ཕྱེད་པ་མཚོན། དེང་སང་དྲིལ་བུ་ཕལ་མོ་ཆེར་དྲིལ་ཞལ་གྱི་འོག་ཏུ་བུམ་པའམ་བུམ་པའི་དོད་བུག་པ་མི་སྣང་བ་ནི་ཆད་སྐྱོན་ཡིན། བུམ་པའི་དོད་དུ་བུག་པ་ཡོད་པའི་དྲིལ་བུ་ལ་ཕྱི་དྲིལ་ཟེར། ཕྱི་དྲིལ་ནི་ཡོ་གའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུངས་པར་བཤད། དེའི་འོག་གི་དབྱུ་གུས་འབྲས་དུས་ཀྱི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་མཚོན། པད་འདབ་ལ་གནས་པའི་ཡི་གེ་བརྒྱད་ཀྱིས་ཡུམ་བཞི་དང་ནོར་རྒྱུན་མ་སོགས་བཞི་སྟེ་ལྷ་མོ་བརྒྱད་མཚོན།

(ལྷ་མོ་བརྒྱད་ནི། ༡ ཤར་དུ་(ལྃ)ལོ་ཙ་ནཱ། སྤྱན་མ། ༢ ཤར་ལྷོར་(བྃ)བ་སུ་དྷ་རི། ནོར་རྒྱུན་མ། ༣ ལྷོར་ (མྃ)མཱ་མ་ཀི། བདག་ཉིད་མའམ་སྙེམས་མ། ༤ ལྷོ་ནུབ་ཏུ་(ཙུྃ)ཙུནྡ། སྐུལ་བྱེད་མ། ༥ ནུབ་ཏུ་(པྃ)པཎྡ་རཱ་ཝ་སི་ནི། གོས་དཀར་མོ། ༦ ནུབ་བྱང་དུ་(བྷྲིཾ )བྷྲི་ཀུཊེ། ཁྲོ་གཉེར་ཅན་མ། ༧ བྱང་དུ་(ཏྃ)ཏཱ་ར། སྒྲོལ་མ། ༧ ༨ བྱང་ཤར་ཏུ་(མྃ)མཱ་ལི་ནཱི། ཕྲེང་བ་མ་བཅས་སོ། །ལྷ་མོ་བརྒྱད་པོ་དེ་དག་གི་མིང་ཡིག་དང་པོ། ལ། བ། མ། ཙུ། པ། བྷྲི། ཏ། མ། བཅས་ལ་ཟླ་ཚེས་དང་ཐིག་ལེས་བརྒྱན་པ་ནི། ཐིག་ལེས་སྟོང་པ་ཉིད་དང་། ཟླ་ཚེས་ཀྱིས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པས། ངེས་དོན་དུ་ལྷ་མོ་དེ་དག་བདེ་སྟོང་གི་ཡེ་ཤེས་ཉིད་ལྷ་མོའི་གཟུགས་སུ་ཤར་བར་མཚོན་པའམ་གོ་བའི་ཆེད་དུ་ཡིན་ནོ། །དེས་སྐབས་གཞན་དུའང་རིགས་འགྲེའོ། །

<རྡོར་ཕྲེང་དང་མན་སྙེའི་ལུགས་ནི>(མན་ངག་སྙེ་མ་ནི། སཾ་བུ་ཊའི་འགྲེལ་པ་ཡིན་ཞིང་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་ཅེས་བུ་སྟོན་ཆོས་འབྱུང་ན་གསལ) ས་བོན་བརྒྱད་པོ་རྣམས་གཡས་སྐོར་དང་། ཤེས་རབ་མའི་གདོང་སྟེ་དྲིལ་བུའི་ཞལ་དང་། ལྃ། དེའི་འོག་གི་འཁོར་རྣམས་ཐད་ཀར་འཁེལ་བ་དགོས་ཤིང་། རྒྱུ་མཚན་ནི་དེ་དག་ཡབ་ཡུམ་དུ་གོ་བའི་ཆེད་དུ་ཡིན་པར་སྙམ། <སཾ་བུ་ཊའི་ལུགས་ནི> (སཾ་བུ་ཊ་ནི། ཀྱེ་རྡོར་གྱི་རྒྱུད་དང་། གཞན་ཡང་རྒྱུད་མང་པོའི་བཤད་རྒྱུད་
ཐུན་མོང་བ་ཡིན་པར། ཀུན་མཁྱེན་བུ་སྟོན་གསུང་། བདེ་དགྱེས་གཉིས་ཀའི་ཐུན་མོང་བའི་བཤད་རྒྱུད་ཡིན་པར། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གསུང་ངོ) ས་བོན་བརྒྱད་རིམ་བཞིན་གཡོན་སྐོར་དང་། ཤེས་རབ་མ་ཡི་གདོང་པ་དང་། ཏཾ་ཡིག་དང་། འཁོར་ལོ་གསུམ་ཐད་ཀར་འཁེལ་བ་དགོས། པད་འདབ་བརྒྱད་ཀྱི་འོག་ཏུ་ཆུ་སྲིན་གྱི་ཁ་ནས་ཐོན་པའི་དྲ་བའི་ཁུག་པའོ། །དྲ་བའི་ཁུག་པ་དང་པད་འདབ་གཉིས་ཐད་ཀར་བབས་པ་བྱ་དགོས་པར་གསུངས། བར་དུ་དྲ་བ་ཕྱེད་པས་བརྒྱན་པ། དྲ་ཁུག་བརྒྱད་ལ་གཤེགས་པ་བཞི་དང་། (གཤེགས་པ་བཞི་ནི། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ་དང་བཞིའོ། །དེ་དག་མཚོན་པའི་མཚན་མ་བཞི་ནི། རིམ་པ་བཞིན་འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི་དང་བཞིའོ) གཤེགས་མ་བཞིའི་ཕྱག་
མཚན་བཀོད། (གཤེགས་མ་བཞི་ནི། སྤྱན་མ། མཱ་མ་ཀི། གོས་དཀར་མོ། སྒྲོལ་མ་དང་བཞིའོ། །དེ་དག་མཚོན་པའི་མཚན་བཞི་ནི། སྤྱན། རྡོ་རྗེ། ཨུཏྤལ། སྣ་ཚོགས་རྡོ་རྗེ་དང་བཞིའོ) དྲིལ་བུའི་ནང་ཆོས་འབྱུང་གཅིག་བྲིས་ན་ལེགས་ཤིང་། ཆོས་འབྱུང་སྣོལ་མ་འབྲི་བ་དང་ཨོཾ་ཨཱ་ཧཱུྃ་འབྲི་བ་ཚད་ལྡན་གྱི་གཞུང་གང་ནས་ཀྱང་མ་བཤད་པར་གསུངས། དྲིལ་བུ་ལ་དབྱེ་ན། སྤྱིར་དྲིལ་བུ་ལ་ཕྱི་དྲིལ་དང་ནང་དྲིལ་གཉིས་ཀྱི་ཐ་སྙད་སྔ་རབས་པ་རྣམས་མཛད་ལ། ཕྱི་དྲིལ་ནང་དྲིལ་ཞེས་པ་ནི། ཡོ་གའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུངས་པའི་དྲིལ་བུ་ལ་ཕྱི་དྲིལ་དང་། དུས་འཁོར། སྡོམ་འབྱུང་། སཾ་བུ་ཊ་ནས་བཤད་པ་ལ་ནང་དྲིལ་ཞེས་བྱ། དེ་གཉིས་ཀྱི་ཁྱད་པར་ནི། རྩེ་ལྔ་དང་རྩེ་དགུ་གང་ཡིན་ཀྱང་རྭ་རྣམས་ཆུ་སྲིན་གྱི་ཁ་ནས་ཐོན་པ་མ་ཡིན་པར་པདྨ་ལ་གནས་པ་དང་། མཐར་རྭའི་རྩེ་རྣམས་དབུས་རྭ་དངོས་ལ་མ་ཐུག་པར་དབུས་རྭའི་པདྨ་འཁོར་ལོ་ལ་སོགས་པའི་མཚོན་བྱེད་ཀྱིས་བསྐོར་བ་ལ་ཟུག་ཅིང་། རྭ་རྣམས་“པ་དི་རའི”ཚེར་མ་ལྟར་རྣོ་ཞིང་ཟུར་དང་ལྡན་པ་མིན་པར་ཟླུམ་པོར་གནས་པ་དང་། དྲིལ་བུའི་ཚངས་མགོའི་འོག་ཏུ་བུམ་པའི་དོད་དུ་བུག་པ་ཡོད་པ་དང་། རྫ་མར་གྲགས་པའི་སྟེང་གི་པད་འདབ་ཀྱི་ཤར་དུ་སྤྱན་མའི་ས་བོན་ནམ་ཕྱག་མཚན་ཡོད་པ་རྣམས་ཕྱི་དྲིལ་ཡིན་ལ། དེ་ལས་བཟློག་ཅིང་སྒྲོལ་མའི་ས་བོན་ནམ་ཕྱག་མཚན་ཡོད་པ་ནི་ནང་དྲིལ་ཡིན་པར། སྟག་ཚང་ལོ་ཙཱ་བས་གསུངས་པར་བཤད། ཡང་ན་རྡོ་རྗེ་སེམས་དཔའི་དྲིལ་བུ། (བ་ལང་ཁའམ་ཆུ་སྲིན་གྱི་ཁའི་མུ་ཏིག་ཕྲེང་བ་གཉིས་ཀྱི་བར་དུ་རྡོ་རྗེ་ཕྲེང་བས་བསྐོར་བའི་དྲིལ་བུ་ལ་ཟེར) དཔའ་བོའི་དྲིལ་བུ། (དྲ་བ་དྲ་ཕྱེད་ཀྱི་རྒྱན་མེད་པའི་དྲིལ་བུ་ལ་ཟེར) དེ་བཞིན་གཤེགས་པའི་དྲིལ་བུ་རྣམས་སུ་ཡོད། (ཆུ་སྲིན་གྱི་ཁའི་མུ་ཏིག་གི་ཕྲེང་བ་གཉིས་ཀྱི་བར་དུ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲིའི་ཕྲེང་བས་བསྐོར་བའི་དྲིལ་བུ་རྩེ་མོ་ལྔ་པ་ཅན་ལ་རིམ་པ་བཞིན། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ་བཅས་ཀྱི་དྲིལ་བུའམ། དེ་བཞིན་གཤེགས་པའི་དྲིལ་བུ་ཟེར)

རྫོགས་རིམ་གྱི་ལམ་མཚོན་ཚུལ་ལ། རྡོ་རྗེའི་མཚོན་དོན་ནི། རྡོ་རྗེས་སྒྲུབ་པ་པོ་དང་། དེའི་གསང་བའི་རྡོ་རྗེ་གཉིས་ཀ་མཚོན། རྡོ་རྗེའི་རྭ་ལྔས་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ལྡོག་པ་ཕྱེ་ན་ཡེ་ཤེས་ལྔ་ཡོད་པར་མཚོན། རྭ་དེ་རྣམས་ཆུ་སྲིན་གྱི་ཁ་ནས་ཐོན་པ་དེས་སྙིང་རྗེས་སེམས་ཅན་མི་གཏོང་བ་མཚོན། དེའི་འོག་གི་ཉི་གདན་གྱིས་གཏུམ་མོའི་མེ་འབར་བ་མཚོན། དེའི་འོག་གི་པདྨས་འཁོར་ལོ་བཞིའམ་དྲུག་གི་རྩ་འདབ་མཚོན། དེའི་སྟེང་འོག་གི་རིན་པོ་ཆེའི་ཕྲེང་བ་དང་འོད་ཟེར་གྱི་རི་མོས་གདུལ་བྱའི་རེ་བ་བསྐོང་བའི་འཕྲིན་ལས་རྒྱས་པ་མཚོན། རྡོ་རྗེ་ལྟེ་བའི་ཟུར་བརྒྱད་ཀྱིས་ལུགས་འབྱུང་ལྡོག་གི་དགའ་བ་བཞི་བཞི་སྟེ་བརྒྱད་མཚོན། ཡང་ན། རྡོ་རྗེ་ལྟེ་བས་ཡབ་ཀྱི་རྡོ་རྗེའི་དྷཱུ་ཏཱིའི་མར་སྣ། ལྟེ་བ་ཟུར་བརྒྱད་དུ་ཡོད་པ་དེས་ནོར་བུའི་དབུས་ཀྱི་རྩ་འདབ་བརྒྱད་མཚོན། (དེང་
སང་ལྟེ་བ་ཟླུམ་པོ་ཟླུམ་རྐྱང་མ་གཏོགས་ཟུར་བརྒྱད་མི་སྣང་ཡང་། ཟུར་བརྒྱད་ངེས་ཅན་དུ་དགོས)

༼དྲིལ་བུའི་མཚོན་དོན་ནི༽ དྲིལ་བུས་ཕྱག་རྒྱ་མ་དང་། དེའི་བྷ་ག་གཉིས་ཀ་མཚོན། དྲིལ་བུའི་ཡུ་བའི་རྭ་ལྔ་དང་། ཟླ་ཉི་པདྨ་སོགས་ཀྱི་མཚོན་དོན་ནི། རྡོ་རྗེ་དང་འདྲའོ། །དྲིལ་བུའི་ལྕེས་ཡུམ་གྱི་གསང་གནས་མཁའ་འགྲོ་གདོང་ངམ་ཕལ་སྐད་དུ་བྱ་ལེ་ཞེས་པ་དེ་མཚོན། དྲིལ་ལྕེ་ཟུར་བརྒྱད་དུ་ཡོད་པ་དེས་ནང་གི་རྩ་འདབ་བརྒྱད་མཚོན། (དེང་སང་དྲིལ་ལྕེ་ཟུར་བརྒྱད་བྱས་པ་མི་སྣང་ཡང་། ཟུར་བརྒྱད་ངེས་ཅན་དུ་དགོས) དྲིལ་བུའི་སྟེང་དུ་རྡོ་རྗེ་ཕྱེད་པས་མཚན་པས་ནི་ཡབ་ཡུམ་སྙོམས་པར་འཇུག་པ་མཚོན། མདོར་ན་རྡོ་རྗེ་ཕྱོགས་བརྒྱད་དུ་གསོར་ཞིང་། དྲིལ་ལྕེ་ཕྱོགས་བརྒྱད་དུ་བསྐྱོད་ནས་དཀྲོལ་བས་སྒྲུབ་པ་པོའི་རྡོ་རྗེ་ནོར་བུས་ཕྱག་རྒྱའི་དྷཱུ་ཏཱིའི་མར་སྣ་ཁ་འབྱེད་དེ་ནང་གི་རྩ་འདབ་བརྒྱད་བསྐྱོད་པ་དེ་མཚོན་པར་བྱེད་དོ། །རྡོར་དྲིལ་འཇོག་ཚུལ་ནི། རྡོ་རྗེ་རང་གི་གཡོན་
དང་། དྲིལ་བུ་རང་གི་གཡས་སུ་ཞལ་རང་ལ་བསྟན་ནས་བཞག རྡོར་དྲིལ་ལག་ཏུ་ལེན་ཚུལ་ནི། མཚོན་དོན་དྲན་ཞིང་གཙང་སྦྲ་དང་གུས་པའི་སྤྱོད་ལམ་གྱིས། ཐོག་མར་ལག་གཡས་ཀྱིས་རྡོ་རྗེ་བླངས། ལག་པ་དེ་གས་དྲིལ་བུ་བླངས་ཏེ། ལག་པ་གཡོན་པ་ལ་གཏད་དགོས། དམིགས་བསལ་གྱི་སྐབས་རེ་གཉིས་མ་གཏོགས། སྤྱིར་བཏང་གཡོན་པས་དྲིལ་བུ་དང་གཡས་པས་རྡོ་རྗེ་ལེན་པ་ལྟ་བུ་མི་མཛེས་པའི་སྐྱོན་ཡོད་པས་སྤང་བར་བྱའོ། །

གསར་འགྱུར།, རྩོམ་རིག

Post navigation

Previous Post: རྒྱ་གཞུང་གིས་བོད་ས་ཁུལ་དུམ་བུར་དབྱེ་བ་དང་དེའི་ངན་འ྄བྲས།
Next Post: ནང་བཀྲ་མ་ཤིས་ན། ཕྱི་དོན་མི་འགྲུབ།

Comments (21) on “རྡོར་དྲིལ་གྱི་འགྲེལ་བཤད་དང་མཚོན་དོན།”

  1. དཔལ་དགྱེས་པ་རྡོ་རྗེ says:
    2009-09-22 at 4:39 pm

    དགེ་བཤེས་མཆོག་ལ་བཀྲ་ཤིས་བདེ་ལེགས།

  2. གངས་གཡག says:
    2009-09-22 at 5:42 pm

    ལྷ་རབས་བརྒྱ་ལས་ལྷམ་བཟོ་གཅིག་མཁོ་ཞེས།།
    དོན་ལྡན་ཚིག་གིས་བསྔགས་པ་ཅིས་མ་བདེན།།
    དམ་ཉམས་དོལ་ལུགས་སྡིག་བཤེས་འདི་དག་གིས།།
    བསྟན་སྲིད་ཁྲག་བཞིན་དཀྲུགས་པ་ཉུང་ཉུང་མིན།།

    དང་པོར་གྲྭ་སར་གྲྭ་ཕྲུག་བརླ་ཤ་དཀྲུགས།།
    བར་དུ་འདྲེ་ཚང་བཙུགས་ཏེ་ནང་བསྟན་དཀྲུགས།།
    ཐ་མ་དབྱིན་མོ་དང་འགྲོགས་སྡོམ་པ་དཀྲུགས།།
    རྣམ་ཀུན་རྩོམ་འཆལ་བྲིས་ཏེ་ཡོད་ཚད་དཀྲུགས།།

    རྒྱ་སོག་བོད་དུ་དྲངས་ནས་ནང་ཁུལ་དཀྲུགས།།
    སྐྱབས་གནས་འདྲེར་བཅོལ་༧རྒྱལ་བའི་ཐུགས་དགོངས་དཀྲུགས།།
    ཕྱོགས་ཞེན་འོ་དོད་དྲག་པོས་ཆོས་རྒྱུད་དཀྲུགས།།
    མདོར་ན་ཐམས་ཅད་དཀྲུག་མཁན་འདྲེ་ལུགས་ཚང་།།

  3. སྒོམ་སྡེ་ལྷ་རམས་པ། says:
    2009-09-22 at 6:10 pm

    བྱིས་པ་མར་འབྱར་ཅི་ཡང་མི་ནུས་པ། །
    གང་གི་བྱམས་པའི་ནུ་ཞོས་བསྐྱངས་བསྐྱངས་ནས། །
    ངལ་བ་མང་བསྟེན་བཤེས་གཉེན་མ་རྒན་དེའི། །
    བྱས་པ་ཆུད་གཟོན་བྱེད་པའི་བུ་འདི་དམན། །

  4. སྒོམ་སྡེ་ལྷ་རམས་པ། says:
    2009-09-22 at 6:24 pm

    བུ་ཕྲུག་འདི་འདྲ་སྐྱེད་པའི་ཕ་མ་དང་། །
    དགེ་ཕྲུག་འདི་འདྲ་སྐྱོང་བའི་དགེ་རྒན་གཉིས། །
    འཇིག་རྟེན་འདི་རུ་གད་སྙིགས་བཟོ་མཁན་གྱི། །
    སྨད་པར་འོས་པའི་བདུད་ཀྱི་འཕྲུལ་འཁོར་ཡིན། །

  5. གངས་གཡག says:
    2009-09-22 at 6:28 pm

    བློ་གཏད་འདྲེ་ལ་བཅོལ་བའི་སྡིག་བཤེས་དང་།།
    དམར་གསོད་ཁྲག་འཁོར་བསྐོར་བའི་སྡུག་ཕྲུག་གཉིས།།
    གངས་ལྗོངས་མདུན་ལམ་གཏོར་བའི་གཤེད་མ་དང་།།
    རྒྱལ་བའི་ཐུགས་དགོངས་དཀྲུགས་པའི་ཕུང་འདྲེ་ཡིན།།

  6. གངས་གཡག says:
    2009-09-22 at 6:33 pm

    འཇིག་རྟེན་འདུ་རུ་གད་སྙིགས་བཟོ་མཁན་གྱི།།
    བཙོག་རྒུའི་མཐར་ཐུག་སུ་ཡིན་མ་ཤེས་ན།།
    འདོམས་ཀྱི་ཁུ་བ་གང་སར་གཏོར་བ་ཡི།།
    gay ལས་ཆེད་མཁས་ gay ཡི་ལུགས་འཛིན་ནོ།།

  7. ཚུལ་ཁྲིམས་མཐར་ཕྱིན། says:
    2009-09-22 at 7:05 pm

    རྒྱུད་སྡེ་སྤྱི་ཡི་ལུགས་ལ་རྡོར་དྲིལ་གྱིས།།
    ཐབས་ཤེས་བསྐྱེད་རྫོགས་མཚོན་པ་ལོས་ཤེས་ཏེ།།
    ཁྱོད་ཅག་Gayཡི་ལུགས་ལ་གང་ཞིག་གིས།།
    རིགས་བདག་དོལ་རྒྱལ་མཚོན་པ་ངེས་པར་སྨྲོས།།

  8. སྒོམ་སྡེ་ལྷ་རམས་པ། says:
    2009-09-22 at 7:14 pm

    བོང་ལས་རྟེའུ་མི་སྐྱེ་ཞིང་། །
    དུག་ལས་སྨན་འབྲས་མི་སྐྱེ་བས། །
    ངན་ལས་ངན་སྐྱེས་རིགས་པ་འདིས། །
    ཁྱོད་ཀྱི་བཤེས་ཀྱང་བདུད་དུ་ངེས། །

  9. གངས་གཡག says:
    2009-09-22 at 7:15 pm

    རྒྱུད་སྡེར་དུ་མར་ཐབས་ཤེས་སམ་ཡབ་ཡུམ་གྱིས།།
    བདེ་སྟོང་དབྱེར་མེད་མཚོན་པ་ལོས་ཤེས་མོད།།
    gay ལུགས་ཕོ་ཡིས་ཕོ་ལ་རྒྱོ་བ་འདིས།།
    ཅི་ཞིག་མཚོན་ནམ་གཡབ་རམས་པ་ཡིས་ཤོད།།

  10. སྒོམ་སྡེ་ལྷ་རམས་པ། says:
    2009-09-22 at 7:20 pm

    གོང་གི་མཆན་༥༠དེ་གངས་གཡག་དང་ཚུལ་མཐར་གཉིས་ལ་ཡིན་ནོ།།

  11. གངས་གཡག says:
    2009-09-22 at 7:31 pm

    ངའི་བརྒྱུད་པ་རྡོ་རྗེ་འཆང་ཆེན་ནས།།
    ཁྱབ་བདག་སྙིང་གི་ནོར་བུའི་བར།།
    དམ་སེལ་གཡའ་ཡིས་གོས་མ་མྱོང་།།
    འདྲེ་ལ་དད་པ་བྱེད་མ་མྱོང་།།
    དགེ་རྒན་མགོ་སྐེ་བྲེག་མ་མྱོང་།།
    དམར་གསོད་སྡུག་ལས་བྱེད་མ་མྱོང་།།
    བླ་མར་ངོ་རྒོལ་བྱེད་མ་མྱོང་།།
    ཕོ་ཡིས་ཕོ་ལ་གཡབ་མ་མྱོང་།།
    སྐྱག་ཁུང་ནང་དུ་བཙུགས་མ་མྱོང་།།
    དགྲ་སྣ་ནང་ཁྲིད་བྱེད་མ་མྱོང་།།
    རྫ་མ་ཕྱི་ནང་བརྗེ་མ་མྱོང་།།
    ལྷ་ཁང་དགོན་པ་གཏོར་མ་མྱོང་།།
    ལྷ་སྐུ་ཆུ་ལ་གཡུགས་མ་མྱོང་།།
    ལོག་པའི་ལམ་སྟོན་བྱེད་མ་མྱོང་།།
    བོད་དོན་སེམས་ནས་དོར་མ་མྱོང་།།
    ༧རྒྱལ་བར་དད་པ་ལོག་མ་མྱོང་།།
    ངས་མ་མྱོང་མ་བྱས་འདི་དག་གི།
    ལྡོག་ཕྱོགས་ཡོད་ཚད་ཁྱོད་ཀྱིས་བྱས།།
    དེ་ཕྱིར་ཁྱོད་ལ་ gay ལུགས་དང་།།
    འདྲེ་ལུགས་དོལ་ལུགས་ཆོ་ལོ་ཐོབ།།

  12. ཚུལ་ཁྲིམས་མཐར་ཕྱིན། says:
    2009-09-22 at 7:33 pm

    གོང་དུ་མཆན་བུ་དགུ་ལས་མེད་པ་ལ།།
    མཆན་བུ་ལྔ་བཅུ་༥༠པ་དེ་གང་ཞིག་ཡིན།།
    ཧ་ཧ་གཡབ་རམས་འཚབ་ནས་སྨྱོ་ལ་ཁད།།
    སྙིང་རྗེ་དགོས་འཐེ་བོང་སྟོན་དང་ཆོག།

  13. གངས་གཡག says:
    2009-09-22 at 7:36 pm

    གཡབ་རམས་འཚབ་ནས་སྨྱོ་ལ་ཁད།།
    ཁུ་བ་འདོམས་ནས་འཆོར་ལ་ཁད།།
    གློད་ཀླད་ལག་པས་གཅོག་ལ་ཁད།།
    ད་ལྟ་ཉིད་དུ་ཤི་ལ་ཁད།།

  14. ཚུལ་ཁྲིམས་མཐར་ཕྱིན། says:
    2009-09-22 at 8:36 pm

    ཕྱི་ལ་སྨྲོས་ཅི་གྲྭ་ཚང་ནང་ལ་ཡང་།།
    དམ་སེལ་རྒྱ་མཚོ་ལྟ་བུར་འཕྱུར་བས་ན།།
    ཕྱི་ནང་བླ་སློབ་གདན་ས་སློབ་བརྒྱུད་བཅས།།
    དམ་སེལ་ཁོ་ནས་སྤྲིན་ནག་བཞིན་དུ་བསྒྲིབས།།

    རྙིང་ཆོས་བྱས་ན་འདྲེ་ཡིས་གསོད་མོད་དེ།།
    གྲྭ་ཚང་ཕན་ཚུན་ཡིག་ཆར་བལྟས་པ་ན།།
    འདྲེ་ཡིས་གསོད་དམ་མི་གསོད་མི་ཤེས་པས།།
    སྒོམ་མེད་གཡབ་རམས་པ་ཡིས་གསལ་བོར་ཤོད།།

    ཡང་ན་འཇམ་བཞད་ཕར་ཕྱིན་ཉར་བ་དེས།།
    འདྲེ་ཡིས་གནོད་ནས་སྒོམ་མེད་གཡབ་རམས་པས།།
    སྡོམ་པ་སྐྱག་ཁུངས་ནང་ལ་ཤོར་བའམ།།
    ཡང་ན་གྲྭ་ཚང་ནང་ནས་བུད་པ་འདྲ།།

    ལྟོས་དང་། སྒོམ་མེད་གཡབ་རམས་པའི་བྲིས་པའི་རང་མཚང་ཕྱི་ལ་ངོམས་པའི་སྐད་ཆ་འགའ།

    ༼གྲྭ་སའི་སློབ་གཉེར་བར་བསྟོད་པ་བུང་བ་གཞོན་ནུའི་འདབ་གླུ་ཞེས་པའི་ནང་གི་ཤོ་ལོ་ཀ་གཅིག༽

    གཞན་ལུགས་ལྟ་ཞོག་གྲྭ་ཚང་ཕན་ཚུན་གྱི།
    གླེགས་བམ་ཙམ་ཡང་བསྟེན་ལ་དམ་སྲིའི་སེལ། །
    ཞུགས་ཞེས་མགྲིན་པ་སངས་ནས་སྨྲ་བ་ལ། །
    ཡ་ང་བག་ཚ་མེད་འདི་ཡ་རེ་མཚན། །

    ༼ཏུན་ཧོང་དང་དེ་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་སྐོར་ཞེས་པའི་འོག་གི་སྒོམ་མེད་ཀྱི་མཆན་༤༣པ།༽

    སྔོན་མ་སེ་ར་བྱེས་པའི་དྲང་ངེས་ལྟ་མཁན་གྱི་བློ་གསར་བ་རྣམས་ལ་རྗེ་གུང་ཐང་པའི་དྲང་ངེས་མཆན་འགྲེལ་མང་པོ་གདན་འདྲེན་ཞུ་རུ་བཅུག་པ་ཡིན། གྲྭ་པ་བླ་རྒན་ཞིག་གིས་ངའི་དཔེ་སྒྲོམ་ནང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་སྐོར་གྱི་དཔེ་དེབ་ཅིག་ཡོད་པར་གཟིགས་ནས། ཨོ། ཁོས་འཇམ་དབྱངས་བཞད་པའི་དེབ་ཅིག་ཉར་ཁ་བྱེད། ཅེས་ཟུར་ཟ་དང་མ་དགའ་བ་ཡང་བྱས་མྱོང་།

    ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། འདི་ཚོར་གཅིག་ལྟོས་དང་།

  15. ཚུལ་ཁྲིམས་མཐར་ཕྱིན། says:
    2009-09-22 at 8:47 pm

    གསང་སྔགས་སྤྱི་ལ་ཐབས་ཤེས་རྡོར་དྲིལ་གཉིས།།
    ཅིས་ཀྱང་དགོས་མོད་Gayཡི་ལུགས་ལྟར་ན།།
    ལག་པ་གཡས་གཡོན་གཉིས་ལ་རྡོ་རྗེ་གཉིས།།
    བཟུང་ནས་རྡུང་ཁ་གཏུག་ན་བཟང་བ་འདྲ།།

  16. མགོན་ཕྱག་གཉིས་པ། says:
    2009-09-22 at 9:23 pm

    ཁྱེད་ཚོས་ཚིག་གོ་བདེ་བོ་བེད་སྤྱོད་ཐོངས་ར། རྡོ་རྗེས་ཕོ་མཚན་མཚོན། དྲིལ་བུས་མོ་མཚན་མཚོན། དྲིལ་ལྕེས་བྱ་ལེ་མཚོན། རྡོར་དྲིལ་གྱིས་འཇིག་རྟེན་གྱི་བྱ་བ་ལེགས་ཉེས་ཚང་མའི་འབྱུང་ཁུངས་ཕ་ཐབས་དང་མ་ཤེས་རབ་ཀྱི་རང་བཞིན་མཚོན། ཡབ་ཡུམ་གཉིས་ནི་གཅིག་གི་ཕྱེད་ཀ་གཅིག་ཡིན་པས་ཁ་བྲལ་ཐབས་ཡེ་ནས་མེད་པར་བརྟེན་སངས་རྒྱས་ནའང་ཡབ་ཡུམ་གཉིས་སྦྱོར་གྱི་ངང་ནས་སངས་རྒྱས་པ་མ་གཏོགས་ཁ་དགར་ཐབས་ཁྱོད་ནས་ཡོད་པ་མ་རེད། འདི་གཉིས་ནི་བརྩེ་བ་དང་འདོད་པའི་ངོ་བོ་གཅིག་དྲིལ་ཡིན་པ་མ་ཟད་བདག་གཞན་མཉམ་དྲིལ་སོགས་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་གི་མཚོན་དོན་ཡིན་པ་རེད། ཨོ་འདི་ལྟར་འགྲེལ་རྒྱོབས་ད།

  17. སྒོམ་སྡེ་ལྷ་རམས་པ། says:
    2009-09-22 at 9:39 pm

    རྒྱ་མཚོ་ཆེན་པོར་ལེགས་ཉེས་སྣ་ཚོགས་ཤིག །
    ཡོད་པར་ཤེས་ལྡན་སུ་ཞིག་ཡ་མཚན་བྱེད། །
    རྒྱ་མཚོ་མཐོང་ན་ངེས་པར་སྙིང་འགས་པའི། །
    ཁྲོམ་པའི་སྦལ་པའི་ཁྱོད་ཀྱིས་ག་ལ་ཤེས། །

  18. ཚུལ་ཁྲིམས་མཐར་ཕྱིན། says:
    2009-09-22 at 9:52 pm

    རྒྱ་མཚོར་ཆུ་ཐིག་ཅི་ཡོད་ངས་མི་ཤེས།།
    རྒྱ་མཚོའི་གཏིང་ན་གང་ཡོད་ངས་མ་མཐོང་།།
    འོན་ཀྱང་འདྲེ་དང་འདྲེ་ཡི་བླ་བརྒྱུད་ཀྱིས།།
    ཁྲག་གི་ཡུར་ཆུ་འཐེན་པ་གསལ་བོར་ཤེས།།

    རྒྱ་མཚོའི་ཁ་ཞེང་ཆེ་ཆུང་ངས་མ་ཚད།།
    རྒྱ་མཚོའི་གཏིང་གི་ཟབ་ཚད་ངས་མ་གཞལ།།
    འོན་ཀྱང་Gayཡི་ལུགས་ཀྱི་བརླ་རྒྱག་གིས།།
    ནང་པའི་ཞབས་འདྲེན་བྱེད་པ་སུས་ཀྱང་ཤེས།།

  19. ལྷོ་ཕྲུག་སྣ་བོ་ཆེ། says:
    2009-09-23 at 1:14 pm

    སྒོམ་སྡེ་ལྷ་རམས་པས་རྡོལ་དྲིལ་གྱི་རྣམ་བཤད་ཅིག་བྱས་པར་ཤེས་ལྡན་པ་འགས་གནས་ལུགས་དང་བློ་བསྐྱེད་སྟེར་ནུས་ཀྱི་དྭོགས་སློང་དང་གཟུར་གནས་དགག་སྒྲུབ་ཀྱི་རྩོད་གླེང་རྣོ་ངར་ཅན་དེ་འདྲ་སྤེལ་ཡོད་སྙམ་གྱི་རེ་བ་བྱས་ཁུལ་ཡང་། དོན་དངོས་ནི་དེ་ལས་ལྡོག་པ་སྟེ། རྣར་གཟན་པའི་ཁྲོ་སྡང་གི་ཚིག་གིས་བརྩད་དེ་དོན་མེད་ཀྱི་ལས་ངན་གསོག་ཀྱིན་འདུག འདིས་སྤྱི་ཚོགས་ཀྱི་དཔལ་ཡོན་དར་འཕེལ་དང་མི་རིགས་ཀྱི་བསམ་བློའི་གནས་ཚད་གོང་འཕེལ་དུ་འགྲོ་བར་ཕན་རྒྱུ་ཞིག་ཨེ་ཡོད་ན།

    དེང་རབས་ཚན་རིག་དང་། ཆབ་སྲིད། དཔལ་འབྱོར་སོགས་ཐོན་གསར་རིག་གནས་གྲངས་མེད་ཀྱི་གཞི་ལམ་འབྲས་བུའི་ཆ་ཕྱོགས་ཙམ་ཡང་མ་མཐོང་ཞིང་དེ་དག་གི་ཐད་རྔོ་ཐོགས་པའི་གཏམ་རྡུལ་ཕྲན་ཙམ་ཡང་སྨྲ་རྒྱུའི་འཇོན་ནུས་ཀྱིས་རིང་དུ་བཏང་། སྲོལ་རྒྱུན་རིག་པའི་གཞུང་ལུགས་ཀྱི་དཀའ་གནད་རྣམ་པར་འགྲོལ་ལ་ལྕེ་ཡི་རང་བཞིན་འཁྱོག་ལ་རྒྱུ་བ་རྟུལ་ཞིང་འཁོབ། གཞན་གྱིས་ལེགས་བཤད་ཀྱི་སྨྲ་བ་འདོད་རྒུར་སྦྱིན་པར་དགའ་བའི་མདོངས་མཐའ་སྦྲེང་བའི་སྲོལ་ཀ་ཙམ་ཡང་མི་ཤེས་པར་གཏུམ་ཚིག་དང་གཤེ་ཚིག་གིས་ཁ་དམག་བརྒྱག་པ་འདི་རིགས་པ་དང་རྣམ་དཔྱོད་ཅན་གྱི་སྐྱེ་བོའི་ལས་སུ་བྱ་བ་ཡིན་མིན་སོམས་ཤིག གཏན་ཚིགས་ཀྱི་ཐོག་མདའ་བཙན་པོ་དང་ཡང་དག་པའི་ལུང་གི་རྒྱབ་རྟེན་རེ་འཁྱེར་ཏེ་ཕྱི་རྒོལ་གྱི་ཁས་ལེན་ཧྲིལ་གྱིས་བསྙིལ་རྒྱུ་ཞིག་ཡོད་ན་ཞོར་ལ་འཕྲོས་པའི་རྒྱག་གཏམ་དང་བཀའ་བཀྱོན་པའི་ཚིག་སྨྲ་བ་མཛེས་པའི་རྒྱན་ཡིན་གྱི། ཕྱོགས་སྔའི་ཁས་ལེན་ལ་སོང་བའི་གྲུབ་མཐར་གནོད་བྱེད་ཀྱི་ལུང་རིགས་སྲོ་མ་ཙམ་ཞིག་སྟོན་དུ་མེད་པའི་འབྲེལ་མེད་ཁྲོ་སྡང་གི་བསམ་པ་ཁ་ནས་ལུད་པའི་འཆལ་གཏམ་ནི་སྲ་གཟུགས་གྲུབ་མིན་ཙམ་ལས་སྐྱུག་པ་དང་ཁྱད་མེད་པས་ཁོག་ན་སྙིང་ཡོད་ན་ཕྱིན་ཆད་ལམ་ངན་འདིར་མི་ཞུགས་པའི་གསོལ་བ་ལན་བརྒྱར་འདེབས་འདེབས་འདེབས།

    ཐུགས་ལ་མི་ཕོག་པར་ཞུ། རང་གཞན་ཀུན་ལ་འདོད་སྡང་གི་བསམ་པ་བསྐྱེད་རྒྱུ་ཙམ་མ་གཏོགས་ཁེ་མེད་ཕན་མེད་ཀྱི་ཉོག་གཏམ་གླེང་བ་འདི་འདྲ་ད་དུས་ཀྱི་འུ་ཚོ་མཐོ་སྒང་པའི་ལས་དབང་དང་འཚམ་གི་མི་འདུག དྲྭ་གྲོགས་ཚོས་འདི་དགོངས་པ་བཞེས་རོགས།

    གཤམ་དུ་ཀ་རྩོམ་གླང་མཇེ་ས་གཤགས་ཞེས་པའི་ཐད་དུ་ཁོ་བོས་བཏབས་པའི་མཆན་ཞིག་འདིར་ཡང་འབྲེལ་ཆེ་བར་མཐོང་བས་འགོད་རྒྱུ་ཡིན།

  20. ལྷོ་ཕྲུག་སྣ་བོ་ཆེ། says:
    2009-09-23 at 1:17 pm

    རྐུབ། མཇེ། སྟུ།

    ང་ཚོའི་བོད་རིགས་སྨྱུག་འཛིན་པ། ཤི་མ་གསོན་གྱི་མི་རིགས་ཤིག་གཟར་པོའི་གཡང་ས་ལས་སྐྱོབ་པའི་འགན་ཡོད་མི་སྣ། སྐད་ཡིག་ཅིག་འོད་ཀྱི་རྒྱུ་བ་ལས་མགྱོགས་པའི་དཔལ་ཡོན་གསར་པའི་རྗེས་མ་ཆོད་པར་འཇིག་རྟེན་ལ་གྱེས་ཕྱག་ཞུ་བའི་དུས་ངན་འདི་འདྲར་བརྗོད་གཞི་འདི་འདྲ་ཞིག་གི་མུན་ཁུང་ནང་དུ་བློ་གྲོས་ཀྱི་རྩེ་རེ་བསྡུར། སེམས་ལ་སྤྲོ་སྣང་རེ་བསླངས་ནས་སྡོད་པ་ཀྱེ་མ་ཀྱེ་ཧུད།

    ལྷས་རྭ་དང་ཞིང་ཐང་གི་དཀྱིལ་ནས་ཉི་མ་ནུབ་རིར་བསྐྱེལ་ཅིང་། ཤེས་རྨོངས་གྲོག་རོང་གི་གཏིང་རིམ་ནས་འཚོ་བ་རོལ་བའི་མི་རིགས་ཤིག་དང་བྱིས་པ་ཁྲི་ཁྲག་དུ་མར་ལམ་འཁྲིད་འུ་ཚོ་འདྲ་བ་ཞིག་ཐོབ་པ་སྙིང་མ་རྗེ།

  21. གངས་སེང་། says:
    2018-03-30 at 5:02 pm

    བཀྲ་ཤིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme