Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོར་གླིང་ལྕཊ་པོ་རིའི་བོད་ཀྱི་གསོ་རིག་མཐོ་སློབ་ནང་སྨན་སློབ་གསར་བསྡུའི་གསལ་བསྒྲཊ།

Posted on 2013-02-132013-02-13 By ཁ་བརྡ་ 6 Comments on རྡོར་གླིང་ལྕཊ་པོ་རིའི་བོད་ཀྱི་གསོ་རིག་མཐོ་སློབ་ནང་སྨན་སློབ་གསར་བསྡུའི་གསལ་བསྒྲཊ།

གནས་ཚུལ་མཁོ་འདོན་པ། དོལ་སྨྱོན།

བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་ངོས་བཞེས་ཐོབ་པའི་ལྕགས་པོ་རིའི་དྲན་རྟེན་བོད་ཀྱི་གསོ་རིག་མཐོ་སློབ་ཁང་དུ་འདི་ལོ་ ༢༠༡༣ ནང་སྨན་སློབ་སྐབས་བདུན་པའི་ཁོངས་སློབ་མ་ཕོ་མོ་གྲྭ་བཙུན་ཁྱད་མེད་གྲངས་༢༠ བསྡུ་བཞེས་བྱ་རྒྱུ་ཡིན་ན། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་གནང་བློ་ཡོད་པ་དང༌། གཤམ་གསལ་ཆ་རྐྱེན་ཚང་བ་རྣམས་ནས་སོ་སོའི་འབྲེལ་བ་ཞུ་ཡུལ་ཞལ་བྱང་དང༌། གློག་འཕྲིན་ཁ་བྱང༌། ཁ་པར་ཨང་གི་གང་ཡོད་གསལ་བཀོད་ཀྱིས་ཡིག་ཆའི་འདྲ་བཤུས་བཅས་སྙན་ཤོག་གཤམ་གསལ་ཁ་བྱང་ཐོག་གློག་འཕྲིན་ནམ། སྦྲགས་ཡིག་གང་རུང་བརྒྱུད་གཏོང་གནང་དགོས་རྒྱུ་བཅས་དེ་དོན་དགོངས་འཇགས་ཞུ།

ཀ༽ ཆ་རྐྱེན་དགོས་མཁོ།
༡། བོད་མི་ཡིན་ཚེ་དཔྱ་དངུལ་འབུལ་འབབ་གཙང་ཕུལ་ཟིན་པའི་དཔང་རྟགས་དཔྱ་དེབ་ཤོག་ངོས་དང་པོ་དང༌། མཐའ་མའི་དཔར་བཤུས།
༢། ཧི་མ་ལ་ཡའི་མི་རིགས་ཡིན་ཚེ་འབྲེལ་ཡོད་རྒྱ་གར་གཞུང་གི་ས་གནས་ལས་ཁུངས་ནས་རྒྱབ་གཉེར་ཕྱག་བྲིས་དགོས་པ་ཡིན།
༣། འཛིན་རིམ་བཅུ་གཉིས་ངེས་པར་ཐོན་དགོས་པ་དང༌། འཛིན་རིམ་བཅུ་པ་དང་བཅུ་གཉིས་གཉིས་ཀྱི་ཁུངས་སྐྱེལ་སློབ་ཐོན་ལག་འཁྱེར་དང༌། ཨང་ཐོབ་ངོ་བཤུས་ངེས་པར་མཉམ་འབུལ་དགོས།
༤། མཐའ་མའི་ཐོན་རྒྱུགས་ཀྱི་སློབ་ཚན་བོད་ཡིག་དང༌། དབྱིན་ཇིར་བརྒྱ་ཆ་ ༥༠ རེ་ལོན་པ་དགོས་པ་མ་ཟད། ཚུད་རྒྱུགས་སུའང་བརྒྱ་ཆ་ ༥༠ རེ་ངེས་པར་ལེན་དགོས་པ་ཡིན།
༥། ཆོས་སྡེ་ཁག་གི་གྲྭ་བཙུན་དང་བོད་ནས་གསར་དུ་འབྱོར་བ་ཡིན་ཚེ་འཛིན་རིམ་བཅུ་གཉིས་དང་ཤེས་ཚད་མཉམ་པའི་ངོས་སྦྱོར་ཚད་ལྡན་དགོས་རྒྱུ།
༦། ལོ་ཚད་ ༢༥ ལས་མ་བརྒལ་བ་དགོས་རྒྱུ་དང༌། སྐྱེས་ཚེས་ཁུངས་སྐྱེལ་ཡིག་ཆའི་ངོ་བཤུས།
༧། གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༨། སྒྲིག་འཛུགས་ཁག་གི་ནང་ཕྱག་ལས་གནང་བཞིན་པ་ཡིན་ཚེ་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་དགོས།
༩། ཕྱེད་དཔར་ཁ་གསར་རེ་དགོས།
༡༠། ཟླ་རེའི་སློབ་ཡོན་ཧིན་སྒོར་ ༢༥༠༠།༠༠ འབུལ་དགོས་པ་ལས་དེ་མིན་འགྲོ་གྲོན་ཁག་འདི་ག་ལས་ཁུངས་ནས་ཐབས་འཚོལ་བྱ་རྒྱུ་དང༌། ཉམ་ཐག་འབུལ་མི་ཐུབ་པ་ཡིན་ཚེ་ཉམ་ཐག་ཡིན་པའི་ངོས་སྦྱོར་ས་གནས་འགོ་འཛིན་ལས་ཁང་ངམ། རྒྱ་གར་གཞུང་གིས་ངོས་འཛིན་ཞུས་པའི་ཚད་ལྡན་ཡིག་ཆའི་ངོ་བཤུས་དགོས་རྒྱུ། འདི་ག་ལས་ཁུངས་ནས་སློབ་མ་ལྔ་ལ་སློབ་ཡོན་ཆ་ཚང་སྦྱིན་བདག་འཚོལ་སྒྲུབ་བྱ་རྒྱུར་དེའི་དབང་ཚད་འདི་གའི་འཛིན་སྐྱོང་ལ་ཡོད།
༡༡། འདི་ལོ་གཞི་རིམ་འཛིན་གྲྭ་བཅུ་གཉིས་པའི་ཡིག་རྒྱུགས་གཏོང་མཁན་རྣམས་ཀྱང་ཞུ་སྙན་འབུལ་ཆོག་པ་ཡིན། འོན་ཀྱང་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་རྗེས་ཨང་ཐོབ་ཚད་ལོན་མ་བྱུང་ཚེ་ཕྱིར་འཐེན་བྱ་དབང་འདི་གའི་ཚོགས་ཆུང་ལ་ཡོད་པ་ཡིན།
༡༢། མཐའ་མའི་སློབ་འཇུག་གི་དབང་ཚད་དང་ཐག་གཅོད་བྱ་དབང་སློབ་བཅུག་ཚོགས་ཆུང་ལ་ཡོད་པ་ཡིན།

ཁ༽ རྒྱུགས་གཞི་དང་དེའི་བརྒྱ་ཆའི་ཆ་བགོས་ཐོབ་གྲངས།
སུམ་ཅུ་པར་ཐོབ། ༡༥%
རྟགས་འཇུག་ལ་ཐོབ། ༡༥%
སྤྱིའི་ཤེས་བྱར་ཐོབ། ༢༠%
རྩོམ་ཡིག་ལ་ཐོབ། ༣༠%
དབྱིན་ཇིར་ཐོབ། ༢༠%
ངག་རྩལ་ལ་ཐོབ། ༣༠%
ངོ་གཏུགས་བཅར་འདྲིར་ཐོབ། ༡༠%
ཚན་རིག་སློབ་ཚན་བཞེས་མཁན་ལ་དམིཊ་བསལ་ཐོབ་གྲངས། ༡༠%

འཚང་སྙན་འབྱོར་ཚེས་མཐའ་མ། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༥
འཚང་རྒྱུགས་བཞེས་ཚེས། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡ རེས་གཟའ་སྤེན་པ་དང་ཚེས་ ༢ རེས་གཟའ་ཉི་མ།
ཡིག་རྒྱུགས་བཞེས་ཡུལ། རྡོར་གླིང་ལྕགས་པོ་རིའི་ཡིག་ཚང༌།

ཐུགས་སྣང༌།
འཚང་སྙན་དུས་ཚེས་ནང་མ་འབྱོར་ཚེ་རྩིས་མེད་ཞུ་རྒྱུ་དང༌། འཚང་རྒྱུགས་གྲུབ་འབྲས་གསལ་བསྒྲགས་ཉིན་གྲངས་ ༡༥ ནང་དོ་བདག་སོ་སོའི་ཁ་བྱང་ཐོག་འབུལ་རྒྱུ། འཛིན་གྲྭ་ཕྱི་ཟླ་དགུ་པ་ནས་དབུ་འཛུགས་བྱ་རྒྱུ།

འབྲེལ་བ་ཞུ་ཡུལ་ཁ་བྱང༌།
Principal
Chagpori Tibetan Medical Institute
10, Burdwan Road, West View
P.O. Darjeeling-734 101, West Bengal
e-mail:chagpori@sify.com,
website:www.chagpori-tibetan-medical-institute.com

གསལ་བསྒྲགས།

Post navigation

Previous Post: ཐོག་མཐའ་ལ་དུས་ཀྱི་བསྐལ་ཞིང༌། ཕ་མཐའ་ལ་ཡུལ་གྱིས་བསྐལ་པའི་སྐོར།
Next Post: རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་གྱིས་རང་ལུས་མེར་བསྲེགས་བཏང་གནས།

Comments (6) on “རྡོར་གླིང་ལྕཊ་པོ་རིའི་བོད་ཀྱི་གསོ་རིག་མཐོ་སློབ་ནང་སྨན་སློབ་གསར་བསྡུའི་གསལ་བསྒྲཊ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-14 at 6:18 am

    ལྷ་རྗེ་བསོད་ནམས་རིན་ཆེན་གྱི་བྱིན་རླབས་ཀྱིས་བོད་ཀྱི་གསོ་བ་རིག་པ་གོང་ནས་གོང་འཕེལ་འབྱུང་བར་སྨོན་འདུན་ཞུ། ལ་དྭགས་ཀྱི་གྲོང་ཡུལ་རྣམས་སུ་སྔོན་ང་ལོ་གཞོན་ཡིན་པའི་སྐབས་སུ། ལྷ་རྗེ་པ་ཟེར་བའི་གྲོང་པ་རེ་དཔྱ་ཁྲལ་མེད་པ་སྨན་གྱི་ལས་བྱེད་པར་མཐོང་། གྲོང་པ་དཀྱུས་མ་དང་ལྷ་རྗེའི་བར་ལ་འབྲེལ་པ་ལེགས་པས་ལྷ་རྗེ་ལ་གུས་བཀུར་བྱེད། བར་ལམ་དུ་བོད་དུ་ལྷ་རྗེ་ཞེས་པ་མ་བཀོལ་བར་ཨེམ་ཆི་ཞེས་པ་སོག་ཡུལ་བརྒྱུད་བོད་དུ་དར་ནས། དིང་སང་ལ་དྭགས་སུ་ཡང་ལྷ་རྗེ་ཞེས་མ་བཀོལ་བར་ཨེམ་ཆི་ཞེས་བཀོལ་བར་ཐོས། དྷ་ས་དང་། རྡོ་གླིང་སོགས་སུ་ཡང་ལྷ་རྗེ་ཞེས་པའི་སྒྲ་མེད་པར་སོང་ནས། ཨེམ་ཆི་ཞེས་ཡོངས་གྲགས་ཡིན་ངེས། ཨེམ་ཆི། ཞེས་པ་བོད་ཀྱི་ཚིག་མཛོད་གོ་རིམས་སྒྲིག་སྟངས་སྲོལ་གཏོད་པ་པོ། ཇར་མན་པ་མཁས་དབང་། ཞསེ་ཀེ་མཆོག་གིས་ཏར་ཀིཤ་ཀྱི་སྒྲ་ཡིན་པར་བཤད་དོ།།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-02-14 at 6:57 am

    སྨན་པ་འདི་ཚིག་ཁྱབ་ཆེ་དྲགས་པས། བོད་སྨན་སྨན་པའམ། བོད་སྨན་ལྷ་རྗེ། ལྷ་ནི་རྒྱལ་པོ་ལ་བྱས་ནས། རྒྱལ་པོ་ན་དུས་སྨན་པར་གཏུགས་དགོས་པས། རྒྱལ་པོའི་རྒྱལ་པོའམ་རྒྱལ་པོ་རྗེ་ཞེས་གྲགས་པ་བདེན་ཡང་། དེང་སང་ལྷ་རྗེ་ཙམ་གྱིས་མི་མངས་ཀྱིས་གོ་མི་ཐུབ་སྙམ་ལགས། ཨམ་ཆི་ཞེས་བོད་སྐད་ནང་གོ་དོན་ཁྱོན་ནས་མེད་པའི་ཚིག་འདི་རྩ་བའི་འབྱང་ཁུངས་ཏར་ཀིཤ་ཀྱི་ཚིག་ཡིན་སྲིད་ཀྱང་། བོད་ལ་ནི་སོག་སྐད་ཀྱི་གཡར་ཚིག་གཅིག་རེད་འདུག

  3. དོལ་སྨྱོན། says:
    2013-02-14 at 7:20 am

    ཨེམ་ཆི་ཞེས་པ་ནི་སོག་པོའི་སྐད་ལས་བོད་སྐད་ཅིག་ནམ་ཡང་མིན་མོད་ཀརྡོས་གསུངས་པ་ལྟར་གོ་བདེ་བའམ་ཁྱབ་ཆེ་བས་དེང་སང་གང་དུ་ཕྱིན་ཡང་ཨེམ་ཆི་ཞེས་འབོད་པ་ལས་ལྷ་རྗེ་ཞེས་འབོད་མཁན་ཤིན་ཏུ་དཀོན།

    བོད་སྐད་དུ་ཡོངས་སུ་གྲགས་པའི་ཐ་སྙད་ནི་ལྷ་རྗེ་དང་སྨན་པ་ཞེས་པ་འདི་ཡིན། ལྷ་རྗེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྨན་པ་རྣམས་ལ་ཆེ་བསྟོད་ཀྱི་ཚུལ་དུ་ཕུལ་བ་སྟེ། རྒྱལ་པོས། མགོ་ནག་ཡོངས་ཀྱི་ལྷ་ནི་བཙན་པོ་སྟེ།། ང་ཡིས་བཀུར་བས་མིང་ཡང་བཙན་པོ་ཐོགས།། ཞེས་གསུངས་པ་ལྟར་རོ།།

    སྨན་པ་ཞེས་པའི་ཐ་སྙད་འདི་སུས་ཐོག་མར་བཏགས་པ་དང་དུས་རབས་གང་དུ་བྱུང་བ་ཆ་མ་འཚལ་མོད་ཅུང་ཁྱབ་ཆེ་བའི་ཐ་སྙད་ངེས་ཚིག་བཤད་དུ་ཡོད་པ་ཞིག་གོ།།

  4. དོལ་སྨྱོན། says:
    2013-02-14 at 7:32 am

    ནོར་བཅོས།
    ལྷ་རྗེ་ཞེས་པའི་ཐ་སྙད་འདི་ཁྲི་སྲོང་ལྡེའུ་བཙན་གྱིས་གནང་བ་ལས་སྲོང་བཙན་སྒམ་པོས་གནང་མིན།

  5. དོལ་སྨྱོན། says:
    2013-02-14 at 7:37 am

    སྲོང་བཙན་སྒམ་པོའི་སྐབས་སུ་སྨན་དཔྱད་ཐམས་ཅད་ལུགས་ཆེན་གསུམ་དུ་བསྡུས་ནས་སློབ་སྦྱོང་བྱེད་དགོས་ཚུལ་དང་། མིང་དུ་འཚོ་བྱེད་སྨན་པར་བཏགས་ཤིང་། བྱ་དགའ་ལ་གཙིགས་ཆེན་དགུ་དང་གཙིགས་ཆུང་གསུམ་བཅས་བཅུ་གཉིས་གནང་ཏེ་གསོ་རིག་ཀྱི་བསྟན་པ་ཕྱོགས་མཐར་སྤེལ་བར་མཛད་དོ།།

  6. མེ་ཏོག་དཀར་པོ་ says:
    2013-02-14 at 10:27 pm

    འབྲུག་པས་དྲུང་འཚོ་ཟེར་དྲན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme