Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོར་གདན་གྱི་བོད་སྐད་ཡིག་གི་ལས་འགུལ་ཁག་ཅིག

Posted on 2012-01-09 By ཁ་བརྡ་ 7 Comments on རྡོར་གདན་གྱི་བོད་སྐད་ཡིག་གི་ལས་འགུལ་ཁག་ཅིག


ཨ་རིག་འགྱུར་མེད །
གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་ཐེངས་ ༣༢ པའི་གོ་སྐབས་འདི་དང་བསྟུན་ཏེ། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང་བོད་སྐད་ལྷན་ཚོགས། ས་རཱ་མཐོ་སློབ་ཀྱི་ཤེས་ཡོན་ལྷན་ཚོགས། ན་གཞོན་ཕ་སྐད་རྒྱུན་འཛིན་ཚོགས་པ་བཅས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་བྱེད་ཆེད་ལས་འགུལ་ཁག་ཅིག་སྤེལ་ཡོད། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཞོན་རྟ་ནག་སྐལ་བཟང་ལུང་རིགས་ལགས་ཀྱིས་གསར་འགོད་པར་བརྗོད་དོན། ཐེངས་འདིར་ངེད་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ངོས་ནས་བོད་ཀྱི་སྐད་ཡིག་གི་ཆེད་དུ་བོད་སྐད་རྒྱུན་ཤེས་ལག་དེབ་ ༥༠༠༠ ཙམ་དང་ཕ་སྐད་གཙང་མའི་གླུ་གཞས་སྤྲོ་ཚོགས། ཕ་སྐད་གཙང་མའི་གླུ་གཞས་འགྲན་བསྡུར། སྐད་ཡིག་ཚགས་པར་བཅས་འགྲེམ་སྤེལ་བྱེད་ཀྱིན་ཡོད་ལ། གཞན་ཡང་འཕྲེད་དར་དང་སྦྱོར་ཡིག་སྟེང་བོད་ཀྱི་སྐད་ཡིག་གི་གལ་ཆེན་རང་བཞིན་དང་། བོད་ཀྱི་སྐད་ཡིག་འདི་བཞིན་བོད་མི་རྣམས་ཀྱིས་བེད་སྤྱོད་མ་བཏང་ཚེ། གཞན་གྱིས་བེད་སྤྱོད་གཏོང་མི་སྲིད་པས་བོད་མི་རང་གིས་བེད་སྤྱོད་དང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱིན་ཡོད་ཟེར།
བོད་སྐད་ལྷན་ཚོགས་ཀྱི་ཚོགས་གཙོ་དམ་ཆོས་ལགས་ཀྱིས་ཀྱང་། ངེད་བོད་སྐད་ལྷན་ཚོགས་ཀྱི་ངོས་ནས་ཐེངས་འདིར་བོད་མི་རེ་རེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུར་འོས་འགན་ཡོད་པ་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་ཆེ་བ་མི་ཆེན་དཔོན་ཆེན་ནས་ཆུང་མ་ཁྱིམ་ཚང་གི་ཕ་མ་ཚུན་ཆད་ལ་འགན་ཡོད་པ་ལྟར། མི་ཚང་མས་རང་རང་ས་ནས་བོད་སྐད་གཙང་མ་བཤད་རྒྱུ་དང་། རང་གི་ཁོར་ཡུག་ནས་བོད་སྐད་གཙང་མ་བཤད་སའི་ཁོར་ཡུག་ཅིག་བསྐྲུན་པར་འབད་བརྩོན་བྱ་ཆེད་ “འབོད་སྐུལ།” ཡིག་ཆ་ལྔ་ཁྲི་ལྷག་དཔར་སྐྲུན་འགྲེམ་སྤེལ་དང་། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་པས་སྲུང་སྐྱོབ་བྱེད་དགོས་ཞེས་པ་ལྟ་བུའི་འཕྲེད་དར་འཕྱར་བ། མཚན་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་ཁག་ཅིག་སྤེལ་ཡོད་ཟེར།

གཞན་ཡང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་ཀྱང་། ཐེངས་འདིར་འཕྲེད་དར་འཕྱར་བ་དང་བོད་སྐད་གཙང་མ་ཤོད་དང་ཞེས་པའི་བྱང་བུ་རེ་བཟོས་ཏེ་བོད་སྐད་གཙང་མ་བཤད་མཁན་གྱི་བོད་མི་རྣམས་ཀྱི་སྐེ་རུ་འདོགས་སུ་བཅུག་ཡོད་ལ། དེ་ནི་བོད་སྐད་གཙང་བ་བཤད་རྒྱུར་དམ་བཅའ་བཞག་སྟེ། ཡང་ཡང་དྲན་གསོ་ཡོང་བའི་ཆེད་དུ་ཡིན་པར་མ་ཟད། མི་གཞན་ལའང་སྐུལ་འདེད་ཡོང་བའི་ཆེད་དུ་ཡིན་འདུག
ཚོགས་གཙོ་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་སྤྱིར་བཏང་ཤེས་ཡོན་ལྷན་ཚོགས་འདི་བཙུགས་ཏེ་ལོ་གཉིས་གསུམ་ཞིག་འགོར་བ་དང་། ང་ཚོས་གཙོ་ཆེ་ཤོས་སློབ་གྲྭའི་ནང་དུ་ཕྱི་ལོག་གི་ཤེས་ཡོན་ཅན་དེ་འདྲ་གདན་ཞུ་བྱས་ཏེ་བོད་ཀྱི་སྐད་ཡིག་གི་བགྲོ་གླེང་རིགས་གོ་སྒྲིག་དང་། ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ལས་ཀ་བྱེད་ཀྱིན་ཡོད་ལ། ད་ཐེངས་དུས་འཁོར་དབང་ཆེན་དང་སྟབས་བསྟུན་སྐེར་འདོགས་རྒྱུའི་བྱང་བུ་ལྔ་སྟོང་ལྷག་བཟོས་ཏེ། དེའི་སྟེང་དུ་ “བོད་སྐད་གཙང་མ་ཤོད་དང་” ཞེས་འབོད་སྐུལ་ཞུས་ཡོད། དེ་བཞིན་བོད་ཀྱི་སྐད་ཡིག་ལ་ཤ་ཚ་ཞེན་ཁོག་ཅན་དེ་འདྲས་ཞལ་འདེབས་རྒྱག་བཞིན་པ་རེད། ང་ཚོ་དངུལ་གྱི་མ་རྩ་གང་ཡང་མེད་སྟབས་ཞལ་འདེབས་གང་བྱུང་བའི་དངུལ་དེས་མུ་མཐུད་དེ་བྱང་བུ་འདིའི་རིགས་བཟོས་ཏེ་དགྲམ་རྩིས་ཡོད་ཟེར།
དེ་བཞིན་ན་གཞོན་ཕ་སྐད་རྒྱུན་འཛིན་ཚོགས་པས་ཀྱང་། སྲང་བར་དང་རྩིག་གྱང་གང་སར་ “བོད་སྐད་གཙང་མ་བསྐྱོན།” ཞེས་པའི་སྦྱོར་ཡིག་གང་མང་སྦྱར་ཏེ་མང་ཚོགས་ལ་སྐུལ་འདེད་དང་། བོད་སྐད་གཙང་མ་བཤད་རྒྱུར་འབོད་སྐུལ་བྱེད་ཀྱིན་ཡོད་འདུག
དེ་བཞིན་བོད་ཀྱི་ཁག་གཙེགས་རི་མོ་བ་རྟ་མགྲིན་ཚེ་བརྟན་ལགས་ཀྱིས་ཀྱང་འོག་འཇུག་གི་སྟེང་དུ་ “བོད་མི་རིགས་དགོས་ན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་དགོས། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན།” ཞེས་པ་སོགས་ཀྱི་ལས་འགུལ་སྤེལ་ཡོད།
འདི་ནི་ཐེངས་འདིའི་དུས་འཁོར་དབང་ཆེན་ཐེངས་ ༣༢ པའི་སྐབས་ཀྱི་བོད་ཀྱི་སྐད་ཡིག་གི་ལས་འགུལ་ཁག་ཅིག་ཡིན་ལ། འདི་ལྟར་བོད་ཀྱི་སྐད་ཡིག་རྒྱུན་བསྲིང་གི་ཆེད་དུ་འབད་བརྩོན་བྱེད་ཀྱིན་པའི་ཚོགས་པ་ཁག་ཅིག་གིས་རང་རང་ས་ནས་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་གྱིན་ཡོད་འདུག
གཞན་ཡང་བོད་ཀྱི་སྐད་ཡིག་སྟེང་གི་ཚགས་ཤོག་དང་དུས་དེབ། སྒེར་དེབ་སོགས་ནི་བཀླག་མི་ཚར་བ་དང་ཉོས་མི་ཚར་བའི་ཚོད་དུ་གྱུར་འདུག་པས། བོད་ཀྱི་སྐད་ཡིག་གི་ཁྲོམ་ར་ཆེན་པོ་ཞིག་ཀྱང་འདི་ན་ཆགས་འདུག

གསར་འགྱུར།

Post navigation

Previous Post: ད་ནས་བཟུང་ངས་སྙན་ངག་འབྲི་ངེས་ཡིན།
Next Post: མི་སྣ་བཞིས་ཞི་བདེ་དང་རང་དབང་ཆེད་གོམ་བགྲོད།

Comments (7) on “རྡོར་གདན་གྱི་བོད་སྐད་ཡིག་གི་ལས་འགུལ་ཁག་ཅིག”

  1. རིན་ཆེན་དར་རྒྱས། says:
    2012-01-10 at 5:02 am

    བོད་མི་རིགས་དགོས་ན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་དགོས། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན། ལས་འགུལ་འདི་འདྲ་སྤེལ་བ་བཀའ་དྲིན་ཆེ།

  2. ཚེ་རིང་ནོར་བུ། says:
    2012-01-10 at 6:15 am

    དེ་དག་ལ་རྗེས་སུ་ཡི་རང་དང་རང་ཉིད་ཀྱང་རང་མི་རིགས་ཀྱི་སྐད་ཡིག་ལ་ཤ་ཞེན་ཡོད་པ་ཞིག་ཡིན་པས་ན་དེ་ལྟ་བུའི་ལས་འགུལ་སྤེལ་མ་ཐུབ་ཀྱང་སྒེར་སོ་སོ་ནས་རྒྱུན་ལྡན་འཚོ་བའི་ཁྲོད་དུ་སྤྱོད་རྒྱུ་གལ་ཆེ་སྙམ།

  3. རྫ་ཚེ་རིང་བཀྲ་ཤིས། says:
    2012-01-10 at 6:17 am

    ལག་ཟུང་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུ།

  4. བསྟན་འཇམ་དབྱངས་ says:
    2012-01-10 at 8:39 am

    ཐུ་མིའི་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །

  5. དྲང་སྲོང་ says:
    2012-01-10 at 9:57 am

    ༄། སློབ་དཔོན་ཐོན་མིས་མཛད་པའི་ཀ་ལི་གསལ་བྱེད་སུམ་ཅུའི་ཀྭ་གདུང་དང་། ཨ་ལི་དབྱངས་གསལ་ཁྲོ་ལོ་བཞི་རྣམས་རང་རེའི་བོད་མདོ་དབུས་ཁམས་གསུམ་དང་ཧི་མ་ལ་ཡ་རིགས་སུ་གཏོགས་པའི་ཡོངས་ཀྱི་ཕ་མཁར་གྱི་གཞུང་ལམ་དང་བླ་སྲོག་ཞིག་ལུས་མིན། དེས་ན་ཆོས་ལྡན་གྱི་ཞིང་མང་ཡུལ་ལ་དྭགས་བགྲེས་སོང་བློ་བཟང་ལགས་ནས་རང་རེའི་རྩམ་ཟན་པ་ཡོངས་ཀྱི་དོན་དུ་ཆོས་དང་རིག་གཞུང་ལ་ཐུགས་བརྩེགས་བཛད་ནས་དར་སྤེལ་མཛད་པ་དགའ་སྤྲོ་ཞུ།

    ཆོས་ལྡན་མངའ་རིའི་མང་ཡུལ་བློ་བཟང་གང་།།
    ཆོས་དང་རིག་གཞུང་ཁོ་ནར་བརྩེག་མཛད་ཅིང་།།
    ཆོས་ཀྱི་ཞིང་ཁམས་རང་རེའི་རྩམ་ཟན་པས།།
    ཆོས་རིགས་བསྟན་པ་རྒྱས་པ་ཡི་རང་བརྗོད།།

    ནུབ་ཕྱོགས་མང་ཡུལ་ལ་དྭགས་ནས་བཟུང་ཤར་ཕྱོགས་མདོ་ཁམས་རྒྱལ་མོ་རུང་།།
    ལྷོ་ཕྱོགས་མོན་པ་ཡུལ་གྱི་ནས་བཟུང་བྱང་ཕྱོགས་མདོ་སྨད་སྐུ་འབུམ་ཡུལ།
    དབུས་ཀྱི་ལྷ་ལྡན་ཞིང་ནས་མཆེད་པས་ཆོས་རིག་བསྟན་པ་རིན་ཆེན་འདི།།
    འབྲལ་ཐབས་མེད་ཅིང་ཤ་རུས་གཅིག་པས་དཀྱིལ་འཁོར་དུ་དབྱངས་གསལ་སྒྲོགས།

    མདོ་དབུས་ཁམས་གསུམ་དམར་པོ་རྒྱ་ཡིས་རོལ།།
    མོན་ཡུལ་ལ་དྭགས་དཀར་པོ་རྒྱ་ཡིས་སྤྱོད།།
    ཞི་དྲག་དཀར་ནག་རྣམས་ཀྱི་ལན་ཆགས་འདི།།
    སུ་དང་གང་གི་རྣམ་སྨིན་འདི་ལ་སྐྱོ།།

         སྙིང་སྟོབས་དཔྱོད་ལྡན་རིགས་ཀྱི་བུ།།
         ཆོས་རིག་སྦྲང་རྩི་མ་ཡལ་བར།།
        རྩམ་ཟན་བོད་རིགས་ཡོད་དོ་ཅོག།
        དགའ་བས་དོན་ལ་འཇུག་ཅིག་གུ།།

  6. དྲང་སྲོང་ says:
    2012-01-10 at 10:00 am

    རྩམ་ཟན་བོད་རིགས་ཀྱི་དོན་དེ་མོན་དང་ལ་དགས་ཧི་མ་ཡ་དང་མདོ་དབུས་ཁམས་གསུམ་གྱི་བོད་ཐུན་མོངས་ལ་གོ་དགོས

  7. ཀ་དག་ཆོས་དབྱིངས། says:
    2012-01-10 at 2:56 pm

    བོད་མི་རིགས་ཀྱི་བླ་སྲོག་ལྟ་བུའི་སྐད་ཡིག་ལ་ཐུག་ཡོད་པར་ལགས་ན། དེ་ལྟའི་ལས་འགུལ་འདི་ནི་དགའ་འོས་པ་དང་སྐྱིད་འོས་པ་ཞིག་ཡིན་པས་སྙིང་ནས་རྗེས་སུ་ཡིད་རང་དང་འབྲེལ་བའི་བསྔགས་བརྗོད་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme