Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོ་ཧེན་ཇེས།

Posted on 2015-02-192015-02-19 By ཁ་བརྡ་ 5 Comments on རྡོ་ཧེན་ཇེས།

ཐེ་བོ་སངས་རྒྱས།

འཛམ་གླིང་འདིར་འགྲོ་བ་མིའི་ལོ་རྒྱུས་རིག་པ་མ་དར་བའི་ཡར་སྔོན་གྱི་དྲན་རྟེན་དུ་བརྩི་བའི་གནའ་ཤུལ་གྲགས་ཅན། དབྱིན་སྐད་དུ་ Stone henge, སི་ཐྲོན་ཧེན་ཇེས་ཞེས་འབོད་པ་དེའི་བརྙན་པར་ཐེངས་དང་པོ་ངས་ག་ཤེད་ཅིག་ནས་མཐོང་བ་བཤད་རྒྱུ་མི་འདུག་མོད། ལས་ཁུངས་ག་གེ་མོའི་གློག་ཀླད་ལྟག་རིང་མའི་སྒེའུ་ཁུང་ངོས་སུ་བརྙན་པར་དེ་བཞག་ཡོད་པ་མཐོང་མྱོང་། སྐབས་དེར་ངས་དེའི་སྐོར་དོ་སྣང་མ་བྱུང་བས་དེ་ཡུལ་གང་ན་ཡོད་པའམ་མིང་ལ་གང་ཟེར་སོགས་ཤེས་ཀྱི་མེད།

unnamed-12

ད་ཤེས་དུས་དབྱིན་ཡུལ་གྱི་ཝིལ་ཐྲི་ཤིར་Wiltshire England,ནུབ་ངོས་ནས་ལེ་དབར་གསུམ་བརྒལ་བའི་གནས། སྤང་ཐང་ཉམས་དགའ་བ་ཞིག་ན་རྡོའི་ཀ་བ་ལེབ་མོ་སྲིད་དུ་འདོམ་གཉིས་ཙམ་དང་ཞེང་ལ་མི་གཉིས་ཀྱི་ལག་ཟུང་ཤེད་ཀྱིས་བརྐྱངས་ན་འཁྱུད་ཙམ་ཡོད་པ་རྣམས་སྒོར་སྒོར་གྱིས་བང་སྒྲིག་ཅིང་བསླངས་པའི་ཐོག་རྡོའི་གདུང་མ་རེ་འཕྲེད་དུ་བཞག་ཡོད་ཀྱང་། གདུང་མ་ལ་ལ་སྔོན་དུས་ཤིག་ས་ལ་ལྷུང་བ་ཁ་མལ་ན་ལུས་པར་མ་ཚད་གཅིག་རེའི་ཟུར་ཁ་ས་ནང་དུ་ཟུག་ནས་གདའ། རྡོའི་ཀ་གདུང་དེ་དག་ངོས་སུ་ཡིག་རིགས་ཕར་ཞོག་བརྐོས་རིས་ཙམ་ཡང་ཡོད་ཚོད་མི་འདུག

སྤྱིར་རྡོ་ཡི་ར་བ་ཡོད་སའི་ས་ཅུང་འབུར་ཞིང་མཐའ་སྐོར་འོབས་དོང་ཆུང་ངུས་བསྐོར་འདུག འདི་རྡོ་ཆས་གསར་མ་དང་ལི་ཆས་དུས་རབས་གཉིས་ཀྱི་མཚམས་སུ་བསྐྲུན་པའི་དྲན་རྟེན་ཁག་དང་བང་སོ་བརྒྱ་ཕྲག་ཕྱོགས་བསྡུ་བྱས་པ་ལས་ཆེས་རྟོགས་དཀའ་བ་དེ་ཡིན་སྐད། སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་ནས་ཉིས་སྟོང་བར་བརྩིགས་པར་གནའ་རྫས་རྟོག་ཞིབ་པ་དག་ཡིད་ཆེས་བྱེད། ཉམས་ཞིབ་པ་ཁག་ཅིག་གིས་རྡོ་བ་སྔོན་པོ་དེ་དག་སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་གི་མགོ་སྟོད་ཙམ་བསྐྲུན་པར་འདོད་ཚུལ་བསྟན་ཀྱང་། དོན་དངོས་ཐོག་སུའི་བཀའ་བཞིན་ངལ་རྩོལ་བ་ག་ཚོད་ཀྱིས་རྡོའི་ཀ་གདུང་དེ་དག་ས་ཕྱོགས་གང་ནས་དབོར་ཅིང་ཇི་ལྟར་བསྐྲུན་པ་སོགས་ནི་ལན་ལ་རེ་བ་བྲལ་བའི་དྲི་རྟགས་ཙམ་ཡིན།

རྡོ་ཧེན་ཇེས་ཀྱི་བདག་དབང་ནི་པྲོག་ཞུ་རྩ་འཛུགས་the crown,ལ་ཡོད་པ་དང་། དབྱིན་ཇིའི་གཅེས་ནོར་ཁང་English Heritage, གིས་བདག་སྐྱོང་བྱེད་ཀྱིན་པ་དང་། དེའི་ཉེ་འཁོར་གྱི་ས་བདག་ནི་རྒྱལ་ཡོངས་ཐེབས་རྩ་ཁང་National Trust,ཞེས་པ་དེ་ཡིན། ཕྱི་ལོ་1986ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོའི་ཚོགས་པས(UNESCO)ནས་འཛམ་གླིང་ཤུལ་བཞག་གཅེས་ནོར་དུ་བདམས་པ་བཅས་མདོར་བསྡུས་ཙམ་མོ།།

ངོ་སྤྲོད།

Post navigation

Previous Post: བཀྲིས་བདེ་ལེགས།
Next Post: ལོ་གསར་བཙལ་བ།

Comments (5) on “རྡོ་ཧེན་ཇེས།”

  1. ཇུས་ཏོག says:
    2015-02-19 at 2:19 am

    stone age. རྡོ་གི་དུུས་རབས་།
    brone age. ཟང་གི་དུས་རབས་།
    science age.ཚན་རིག་དུས་རབས་།
    humen age.མི་གི་དུས་རབས་།
    animal age.སེམས་ཅན་དུས་རབས་།
    element age. ས་ཆུ་མེ་རླུང་དུས་རབས་།

  2. དགེ་འདུན་རྒྱ་མཚོ། says:
    2015-02-19 at 11:54 am

    རྡོ་དེ་དག་སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་ནས་ཉིས་སྟོང་བར་བརྩིགས་པར་གནའ་རྫས་རྟོག་ཞིབ་པ་དག་ཡིད་ཆེས་བྱེད་དགོས་པའི་རྒྱུ་མཚན་དང་རྡོ་དེ་དག་ལ་ཁྱད་ཆོས་ཅི་ཞིག་ཡོད་དམ། 

  3. ཀླུ་སྨྱོན། says:
    2015-02-19 at 8:49 pm

    རྡོ་ཧན་མཇེ་་་་་་འདི་ཟོ་ཁ་རྩོག་ཟིག་རེད་ལ། རྡོ་འདྲ་བའི་མཇེ་གིས་ཧན་རྩིས་རེད་ལ།

  4. ཀླུ་སྨྱོན། says:
    2015-02-19 at 8:55 pm

    རྡོ་རྒན་འདི་ཚོ་ལ་ལས་བཤད་ན་འཇིག་རྟེན་གཞན་གྱིས་མིས་བརྩིགས་པ་རེད་ཟེར། དྲ་ཐག་འདི་ནས་ལྟོས།
    https://www.youtube.com/watch?v=LsRfwGj5s-I

  5. ཀརྡོ་གཉེར་ཕྱག་པ་ says:
    2015-02-19 at 11:33 pm

    brone age.ལ། ཟངས་ཀྱི་དུས་རབས་ཟེར་རམ། ལིའི་དུས་རབས་ཟེར། ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme