Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོ་དཀར་ས་ཆའི་ཁ་སང་ཕྱི་དྲོ་དང་དེ་རིང་གི་ཛ་དྲག་གནས་ཚུལ།

Posted on 2012-10-072012-10-07 By ཁ་བརྡ་ 5 Comments on རྡོ་དཀར་ས་ཆའི་ཁ་སང་ཕྱི་དྲོ་དང་དེ་རིང་གི་ཛ་དྲག་གནས་ཚུལ།

གནས་ཚུལ་མཁོ་གཏོང་བ་བསོད་ནམས།

༢༠༡༢ལོའི་ཟླ་༡༠ཚེས་༦ཉིན་གྱི་ཕྱི་དྲོར་འབྱོར་བའི་གནས་ཚུལ། ད་ལྟ་རང་རྒྱུས་ལོན་བྱུང་བ་ལྟར་ན། གཙོའི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་དང་སྤྱི་བདེ་མི་སྣ། དེ་བཞིན་སྣ་བུག་ཞང་གི་ལས་བྱེད་བཅས་ཀྱིས་རྡོ་དཀར་དགོན་པའི་གྲྭ་མང་སྐོང་འགུག་བྱས་ནས་ཐོག་མར་ཤེས་རྟོགས་བྱུང་མཁན་འདྲི་བརྩད་དང་། གཙོ་བོ་དཔར་དང་གནས་ཚུལ་བྱུང་རིམ་ཁག་རྒྱལ་སྤྱིའི་ཐོག་ལ་ཁྱབ་བསྒྲགས་མི་བྱེད་རྒྱུ་གལ་ཆེན་ཡིན་སྐོར་སོགས་ཀྱི་ཐ་ཚིག་བསྒྲགས་ནས་བོད་ནང་གི་དགོང་མོའི་དུས་ཚོད་༨པའི་སྟེང་ད་དུང་སོ་སོའི་རང་ཤག་ཏུ་བཏང་མི་འདུག
ཟླ་༡༠བའི་ཚེས་༧ཉིན། དེ་རིང་འབྱོར་བའི་གནས་ཚུལ། འབྲེལ་ཡོད་སྲིད་གཞུང་གི་མི་སྣ་ཚོས་དགོན་པའི་གྲྭ་མང་ལ་འཇིགས་སྐུལ་དོགས་འདྲི་སྣ་ཚོགས་བྱས་མཐར། དགེ་འདུན་པ་ཁ་ཤས་ལ་འདས་པོའི་སྐུ་ཕུང་བདག་གཉེར་བྱེད་མཁན་དང་། པར་རྒྱག་མཁན། ཐོག་དང་བོར་ཁ་པར་བཏང་སྟེ་ནང་མིར་འདས་བོའི་གནས་ཚུལ་བཤད་མཁན་རེད་ཟེར་ནས་ཉེས་འཛུག་བྱས་ཏེ་དགེ་འདུག་པ་ཁ་ཤས་འཛིན་བཟུང་བྱེད་རྩིས་བྱས་ཀྱང་། དགོན་པ་དང་ཚོ་བའི་མི་སྣ་ཚོས་སྲིད་གཞུང་ལ་བཙན་ཁྲིད་བྱེད་དུ་མ་བཅུག་པར་བར་སྐབས་དགོན་པའི་དོན་དམ་ཁང་དུ་བཀག་ཉར་བྱས་ཡོད་འདུག རྡོ་དཀར་ཚོ་བ་གསུམ་གྱིས་མི་མང་གིས་མེ་སྲེག་གི་ངོ་རྒོལ་དང་དགོན་པའི་བར་དུ་འབྲེལ་བ་མེད་པས་དགོན་པའི་གྲྭ་བ་གཅིག་ཀྱང་འཛིན་བཟུང་བྱས་མི་ཆོག གལ་སྲིད་འཛིན་བཟུང་བྱས་ཚེ་ང་ཚོར་ཉེས་མེད་ཉེས་འཛུགས་བྱས་པ་ཡིན་པས། ང་ཚོ་ཡང་མཐའ་གཅིག་ཏུ་ཁོང་ཚོའི་རྒྱབ་རྩར་ལང་གི་ཡིན་ཟེར་ནས་སྲིད་གཞུང་གི་མི་སྣར་བརྡ་སྤྲད་འདུག ཁ་སང་ཕྱི་དྲོ་དང་ལྷག་པར་དེ་རིང་ཞོགས་པ་ནས་ས་ཕྱོགས་གཞན་དང་གཞན་ནས་འདས་པོ་ཁོང་ཚང་ལ་འདས་མཆོད་ཀྱི་མཆོད་མེ་འཁྱེར་ཡོང་མཁན་ཧ་ཅང་མང་བོ་འབྱོར་དང་འབྱོར་བཞིན་ཡོད་པ་དང་། ཁོང་ཚོས་ནང་མིར་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཤུགས་ཆེན་བྱེད་བཞིན་ཡོད་པས། འབྲེལ་ཡོད་ས་གནས་སྲིད་གཞུང་གི་མི་སྣ་དང་སྤྱི་བདེ་ཅུས་ཀྱིས་འདས་བོའི་ནང་མི་ཚོར་མྱུར་དུ་སྐུ་ཕུང་ཞུགས་འབུལ་བྱ་དགོས་པ་མ་ཟད། ད་ཕྱིན་ཆད་ཕྱོགས་མཐའ་ཁག་ནས་འདས་མཆོད་དུ་ཕེབས་མཁན་ཚོར་སྣེ་ལེན་བྱས་མི་ཆོག་ཟེར་ནས་བཙན་བཀའ་དྲག་པོ་བཏང་འདུག ད་ལྟ་གནས་སྐབས་རིང་དགོན་པ་དང་སྲིད་གཞུང་གི་བར་འདི་ལྟར་ཛ་དྲགས་ངང་ལྷག་འདུག་པས་གནས་ཚུལ་ཅི་འབྱུང་ཆ་མི་ཚལ་བས་གཞུག་ནས་དུས་ཐོག་ཏུ་བརྒྱུད་ལམ་ཁག་ཏུ་གཏོང་ངེས་ཡིན།
འདི་དང་མཉམ་དུ་པར་ཞིག་ཡོད་པ་དེ་དགོན་པའི་ནང་འབྱོར་ཡོད་པའི་ཉེན་རྟོག་པ་དང་སྲིད་གཞུང་གི་མི་སྣ་ཚོའི་རླངས་འཁོར་རེད། འདིའི་སྐོར་ལ་ད་དུང་དྲི་བ་ཡོད་ན་ཨང་གྲངས་ ༩༩༠༡༧༧༥༡༩༡ འདིའི་སྟེང་འབྲེལ་བ་གནང་རོགས།

གསར་འགྱུར།

Post navigation

Previous Post: གདུང་གླུ
Next Post: ༼ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་༽ཁྱབ་བསྒྲགས་ཚོགས་ཆེན་ཐེངས་གཉིས་པ་ཐའེ་ཝན་དུ་འཚོགས་པ།

Comments (5) on “རྡོ་དཀར་ས་ཆའི་ཁ་སང་ཕྱི་དྲོ་དང་དེ་རིང་གི་ཛ་དྲག་གནས་ཚུལ།”

  1. གནམ says:
    2012-10-08 at 3:02 am

    དགོན་པ་དེའི་མདུན་ཐང་ན་མེ་ལ་སྲེག་རྒྱུའི་རླངས་འཁོར་ཆུང་ཆུང་གསུམ། རླངས་འཁོར་དེ་འདྲ་དང་གཞང་བཙོང་མ་དེ་འདྲ་དགོན་པའི་ནང་མ་དགོས་མཐའ་ལ་ཡང་ཡོང་མི་ཆོག་པ་ཞིག་བྱེད་དགོས་པ་རེད། ཁ་འཁོར་རྒྱུ་དེ་ཚོ།

  2. སྦྲ་དཔལ་ལྡན། says:
    2012-10-08 at 1:44 pm

    ངོ་མ་རྡོ་དཀར་དགོན་པའི་གྲྭ་མང་དེ་སྡེ་མི་ཚོར་ཐུགས་རྗེ་ཆེ་ཞུ། ང་ཚོ་སྒང་བ་བོད་པ་ཚང་གི་གཏམ་དཔེ་ཞིག་ལ སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་ སྡུག་གི་ཁུར་བོར་མཉམ་ཁུར་བྱས་ན་ རྒྱ་དམར་ཚང་ར་ཅི་ལས་ཤིག་མེད་ཀ་ ངོ་མ་རྡོ་དཀར་དགོན་གྲོང་ཡོང་ལ་ཐུགས་རྗེ་ཆེ་ཞུ

  3. དྲ་གཉིད་ says:
    2012-10-08 at 3:39 pm

    མི་མང་འདི་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་མུ་འཐུས་ནས་འདས་པོའི་ནང་མི་དང་དགེ་འདུན་པ་ཚོར་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། དངོས་གནས་སེམས་སྐྱོ་དགོས་པ་རང་རེད།།

  4. མཁར་རྔ། says:
    2012-10-09 at 10:21 am

    རྡོག་རྩ་གཅིག་ཏུ་སྒྲིལ་བའི་ནུས་ཤུགས་འདི་འདྲ་རེད། དེར་ནང་བཞིན་བོད་མི་ཚང་མིའི་ནམ་ཡིན་ན་རྡོག་རྩ་གཅིག་སྒྲིལ་བྱེད་རོགས། གལ་སྲིད་རྡོ་དཀར་ཚོ་བ་གསུམ་ལ་གཅིག་སྒྲིལ་མེད་ན་རྒྱ་དམར་གཞུང་གིས་གང་བྱུང་བྱེད་སྲིད།
    དཔེ་འདི་ལ་བཞག་ནས་ད་ཕྱིན་ཆད་ཆོལ་ཁ་དང་ཆོས་ལུགས་ཀྱིས་ཕྱོགས་རེས་མི་བྱེད་པ་ནུས་ཤུགས་གཅིག་ཏུ་སྒྲིལ་རོགས། ཕྱོགས་རེས་དང་ཐེན་འཁྱེར་ནི་རང་ཉིད་གསོད་པའི་དུག་ཡིན་པ་ནམ་ཡང་ཤེས་བར་མཛོད་ཅིག་བོད་མི་ཚོ།

  5. ཇ་མ་ says:
    2012-10-09 at 11:56 am

    རྡོག་རྩ་གཅིག་ཏུ་སྒྲིལ་ལ་ནུས་བ་ཆེན་པོ་འདུག ད་དུང་ནུས་ཤུགས་འདོན་གང་ཐུབ་གནང་རོགས་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme