Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོ་ཐབ་གསུམ་གྱི་བར་དུ་འོས་ཤོག་མེ་ལ་བསྲེག་རྒྱུ་ཡིན།

Posted on 2016-02-142016-02-14 By ཁ་བརྡ 4 Comments on རྡོ་ཐབ་གསུམ་གྱི་བར་དུ་འོས་ཤོག་མེ་ལ་བསྲེག་རྒྱུ་ཡིན།

གཙང་མེ་ལྕེ།

 
འུར་ཤོབ་ཆེན་པོའི་སྐད་ཆ་ཞིག་གིས་འགྲམ་ལྕག་གཞུས་པའི་ཉམས་མྱོང་ང་ཚོར་ཡོད་པ་རེད། ངས་ནི་མི་ལོ་བཞིའི་ཡར་སྔོན་ཞིག་ཏུ་དམངས་གཙོའི་འོས་བསྡུ་བྱས་པའི་བརྒྱུད་རིམ་ཆ་ཚང་མཐོང་ཡོད། འོས་ཤོག་ཡོད་ཚད་ཧུབ་ཀྱིས་མིད་པའི་ཁ་སྟབས་ཤིག་ལ་དམ་བཅའ་གསུམ་གྱིས་ལྷན་པ་བརྒྱབ་ཀྱང་མ་འཁེབ་པའི་འདི་ལོ་ཟེར་ན་ངས་ནི་འོས་མི་ལྡུད་པའི་ལོ་ནག་སྣ་ནག་ཅིག་ཡིན།

ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་བར་དུ་ང་ལ་དངོས་གཞིའི་འོས་མི་འོས་པ་ཞིག་མ་རྙེད་ཅིང་འོས་བསྡུ་འགན་འཛིན་འོས་པ་ཞིག་དེ་བས་ཀྱང་མ་རྙེད་པས་ངས་ནི་འོས་མི་ལྡུག་ཟེར་བ་ཡིན། སྔོན་འགྲོའི་འོས་ཤོག་རྒྱལ་ཁབ་གཅིག་ནས་བླུགས་ཤིང་འོས་སྒམ་རྒྱལ་ཁབ་གཞན་དུ་ཁྱེར་བའི་ལམ་བར་དག་ཏུ་ཨ་སྒོར་ཡོ་སྒོར་དག་གིས་བཅོམ་ཚུལ་ཐོས་པ་ལ་ཡང་བདེན་ཤས་ཆེ་བས་འོས་ཤོག་ཆུ་ལ་གཡུག་གི་མིན། མེ་ལ་སྒྲོན་རྒྱུ་ཡིན་ཟེར་བ་ཡིན།

གཅིག་བྱས་ན་ཆོལ་ཁ་དང་ཆོས་ལུགས་ལ་ཞེན་ཁོག་ཆེ་བའི་སྲང་བར་གྱི་རྒྱུགས་ཁྱི་དང་འདོགས་ཁྱི་གང་ཡིན་ཡང་རྒྱུ་མཚན་མེད་པར་ཟུག་ཤས་ཆེ་སྟེ། ཁྱོད་ཚོར་མྱི་སྐད་ཀྱི་ལམ་ནས་གསལ་བཤད་ཅིག་བྱས་ན། འདི་ལོའི་སྔོན་འགྲོའི་འོས་བསྡུ་བྱས་པའི་བརྒྱུད་རིམ་ནས་སྒེར་གཅོད་ཟེར་བ་དེ་དང་རུལ་སུངས་ཞེས་པ་གཉིས་ཀ་རྡ་སའི་རི་སྒང་ནས་གངས་ཅན་སྐྱིད་གཤོང་བར་དུ་ཁྱབ་ནས་ཡོད་པ་ཤེས་སོང་ཟེར་བ་ཡིན། ད་དུང་ངས་འོས་ལྡུད་མི་འདོད་པའི་རྒྱུ་མཚན་གཅིག་ནི་བཙན་བྱོལ་བོད་མིའི་སྲིད་གཞུང་གི་སྒྲོམ་གཞི་ཙམ་ལ་གུས་བསྐུར་ཞུ་སྟངས་ཤིག་ཡིན་པ་ལས་རྒོ་ངོལ་བྱ་སྟངས་ཤིག་མིན་པ་ཤེས་དགོས་པ་ཞིག་གོ།

གསལ་བཤད།

Post navigation

Previous Post: ངའི་ཕྱི་ལོ་༢༠༡༦ སྲིད་སྐྱོང་གི་འོས་ཤོག་དེ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འཕེན་རྒྱུ་ཡིན།
Next Post: སྲིད་སྐྱོང་ལས་ཐོག་པ་བློ་བཟང་སེངྒེ་ལགས་སུ་བཅར་འདྲི།

Comments (4) on “རྡོ་ཐབ་གསུམ་གྱི་བར་དུ་འོས་ཤོག་མེ་ལ་བསྲེག་རྒྱུ་ཡིན།”

  1. སྟོབས་ལྡན། says:
    2016-02-14 at 7:02 pm

    སྐད་ཆ་དྲི་ངན་ཅན་འདི་ཚོར་གད་མོ་ཤོར་ཡ་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-02-15 at 1:09 am

    ཨ་ལས་དང་པོ། བཙན་བྱོལ་ནང་ལ། རྡོ་ཐབ་གསུམ་འཛུགས་སའི་ས་ཆ་ག་ན་ཡོད། ལགས།

  3. གཙང་མེ་ལྕེ། says:
    2016-02-17 at 6:40 am

    ལར་ནས་ཁྱོད་ཚོས་སེམས་ཚེགས་བྱ་མི་དགོས་པ་ཞིག་ལ་ང་ལ་དབང་བའི་འོས་ཤོག་འདི་ནི་སྒེར་གཅོད་པ་གཅིག་གི་རྒྱབ་བརྟེན་ཉན་པ་ལས་རྡོ་ཐབ་གསུམ་གྱི་བར་དུ་ཚག་སྒྲ་དང་བཅས་ཆོལ་ཁ་གསུམ་རེ་མཚོན་པར་བྱས་ཏེ་མེ་ལ་སྒྲོན་རྒྱུ་ཡིན་ཟེར་བ་ཡིན།

  4. གཙང་མེ་ལྕེ། says:
    2016-02-17 at 6:48 am

    ཉིན་ཤས་སྔོན་དུ་ངས་རྡོ་ཐབ་གསུམ་གྱི་བར་དུ་འོས་ཤོག་མེ་ལ་བསྲེག་གི་ཡིན་ཞེས་པའི་རྒྱུ་མཚན་ཁ་ཤས་བྱས་པའི་རྩོམ་ཐུང་ཞིག་ཁ་བརྡ་དྲྭ་ཚིགས་སོགས་སུ་བཀོད་པ་ཡིན། དེ་དང་འབྲེལ་བའི་སྐད་ཆ་འགའ་ཞིག་འདིར་བརྗོད་འདོད་པ་ཡིན། མི་ཚོ་རྒྱལ་ཁབ་གཞན་པ་ཚོ་ཇི་ལྟར་ཡིན་ཡང་ང་ཚོ་བཙན་བྱོལ་ཡུལ་དུ་འོས་ཤོག་ལྡུག་པའི་ལས་སྐལ་འཛོམས་ཏེ་མི་ལོ་ཁ་ཤས་ཤིག་ལས་སོང་མེད་པ་རེད་ལ་འོས་མི་སླེབས་ནས་ཀྱང་ལོ་ཤས་དེ་ག་ལས་སོང་མེད་པ་རེད། སྐབས་འདི་འདྲ་ཞིག་ལ་འོས་མིས་འོས་མི་ཞིག་གི་ཚད་ནས་ལང་། འོས་ལྡུག་པ་ཚོས་ཀྱས་འོས་ལྡུག་པ་ཞིག་གི་ཚད་ནས་བལྟས། འོས་བསྡུ་ལྷན་ཁང་གིས་ཀྱང་འོས་བསྡུ་ལྷན་ཁང་ཞིག་གི་ཚད་ནས་འོས་བསྡུའི་ལས་རིམ་སོགས་ཏན་ཏན་ཏིག་ཏིག་ཅིག་སོང་པ་ཡིན་ན། འོས་བསྡུ་དྲང་མོ་ཞིག་ལས་འོས་མི་དྲང་མོ་ཞིག་ང་ཚོ་རང་ལ་རག་གི་རེད་མ་གཏོགས་ལུང་ཚན་དང་ཆོལ་ཁ་འཐེན་ཁྱེར་གྱི་བསླུས་པའི་སྲིད་སྐྱོང་ཞིག་ང་ཚོར་རེག་སྲིད་ཀྱི་མ་རེད། དེ་བས་དེང་སང་མི་བུ་བློ་མིག་མེད་པ་སྐོར་ཞིག་གིས་ནི་ཅི་ཞིག་བྱུང་ན་འབྱུང་དུ་ཆུགས་བློ་སེང་ལ་འོས་ལྡུག་གི་ཡིན་ཟེར་བ་དང་། ཅི་ཞིག་བྱུང་ན་འབྱུང་དུ་ཆུགས་སྤེན་ཚེ་ལ་འོ་ལྡུག་གི་ཡིན་ཟེར་བ་སོགས་ནི་ཁྱོད་རང་གི་རང་མདོག་ཐལ་མདོག་དེ་བསྟན་པ་རེད་མ་གཏོགས་གཞན་གང་ཡང་མ་རེད། ངས་ནི་འདི་ལོའི་དངོས་གཞིའི་འོས་ཤོག་སུ་ལའང་མི་ལྡུག་པའི་ནག་ཉེས་ནི་འོས་བསྡུ་ལྷན་ཁང་ལ་ཡོད་ཟེར་བ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme