Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་སའི་ཁུལ་གྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་གྲངས་ཞིབ་བཤད།

Posted on 2016-01-302016-01-30 By ཁ་བརྡ 19 Comments on རྡ་སའི་ཁུལ་གྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་གྲངས་ཞིབ་བཤད།

སྲོང་བཙན།

 
སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས། གངས་སྐྱིད་ཁུལ་དུ་ཁོང་ལ་སྔོན་འགྲོའི་སྲིད་སྐྱོང་གི་འོས་གྲངས་མང་པོ་ཐོབ་ཡོད་སྐོར་དང་། སྲི་ཞུ་བ་ཚོས་ད་ལྟའི་སྲིད་སྐྱོང་ལ་རྒྱབ་སྐྱོར་མེད་སྐོར་མི་མང་འདུ་འཛོམས་སར་གཏམ་བཤད་བྱས་འདུག་པར་བརྟེན། འདི་ནས་རྡ་སའི་ཁུལ་གྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་གྲངས་སྐོར་ཞིབ་བཤད་བྱ་རྒྱུ།

དང་པོ། གངས་ཅན་ཁུལ་དང་རྡ་སྟེང་བོད་ཁྱིམ་གཉིས་ཀྱི་འོས་སྒམ་མཉམ་བསྡོམས་ཀྱི་གྲངས་བཤེར་སྐབས།

ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་གྲངས། ༥༨༤།

སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་གྲངས། ༥༦༥། (འདི་ཡང་གསང་བའི་འོས་ཤོག་ཡིན་པས་དངོས་གནས་ཡིན་མིན་དོགས་གཞི་རེད།)

གཉིས་པ། གྷོ་པལ་པུར་ས་ཁུལ་དང་རྡ་ཤོད་བོད་ཁྱིམ་གཉིས་ཀྱི་འོས་སྒམ་མཉམ་བསྡོམས་ཀྱི་གྲངས་བཤེར་སྐབས།

སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་གྲངས། ༢༠༨།

ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་གྲངས། ༨༥།

གསུམ་པ། རྡ་ས་ས་གནས་འོས་བསྡུ་ལས་ཁུངས་ཀྱི་ཁྱབ་ཁོངས་རྡ་ས་ཁྱོན་ཡོངས་ཀྱི་འོས་ཀྱི་གྲངས་འབོར།

སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་གྲངས། ༢༦༤༨།

ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་གྲངས། ༡༨༡༦།

གངས་སྐྱིད་ཁུལ་དང་རྡ་སྟེང་བོད་ཁྱིམ་གཉིས་ཀྱི་འོས་སྒམ་མཉམ་བསྡོམས་ཀྱི་གྲངས་བཤེར་ནང་། ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་གྲངས་ ༡༩ ཙམ་མང་བ་ཙམ་གྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་བརྗོད་ཕོད་ཡོད། ཞིབ་འཇུག་ཡག་པོ་བྱས་ན། གངས་ཅན་སྐྱིད་གཤོངས་ནང་ལས་བྱེད་ ༣༤༠ མ་ཟིན་ཙམ་ཡོད་པ་དང་། བརྒྱ་ཆ་ ༣༠ ཙམ་མམ་མི་གྲངས་ ༡༡༥ ལྷག་ཙམ་མེག་ལོར་གྷན་ཇི་དང་ནོར་གླིང་སོགས་སུ་ཁྱིམ་གཞི་ཟིན་ནས་བསྡད་ཡོད། ཉིན་དེར་རེས་གཟའ་ཉི་མ་ཡིན་པས་ལས་བྱེད་ན་གཞོན་མང་པོ་ཞིག་རྒྱུན་ལྡན་བཞིན། མེག་གྷན་དུ་འཁྱམ་འཁྱམ་སོང་བ་དང་སྦྲགས་ནས། ས་གནས་དེར་འོས་འཕེན་གྱི་ཆ་ཤས་ལེན་ཡོད་པ་བརྙན་པར་ཁག་ནས་གསལ་པོ་མཐོང་ཐུབ། གངས་ཅན་ས་ཁུལ་དུ་འོས་འཕེན་མཁན་གྱི་ཁྲོད་ནས། དཔེ་མཛོད་ཁང་དུ་ལས་ཀ་བྱེད་མཁན་དང་སྨན་རྩིས་ཁང་། མཉམ་ལས། ཉེ་འཁོར་དུ་ཁང་པ་གླས་ནས་བསྡད་ཡོད་པའི་མི་སྣ་བཅས། སྲི་ཞུ་བ་ལས་མང་བ་ཡོད་པ་བརྙན་པར་ཁག་ནས་གསལ་པོ་མཐོང་ཐུབ་ལ། ས་གནས་དེར་འོས་འཕེན་མཁན་ཚོས་ཀྱང་གསལ་པོ་ཤེས་ཀྱི་ཡོད།

རྡ་སྟེང་བོད་ཁྱིམ་དུ་ཚོགས་གཙོ་ལགས་ཀྱི་བཟའ་ཟླ་ལས་བྱེད་ཡིན་ཞིང་། ཁོང་བཟའ་ཚང་གཉིས་དེར་གཏན་འཇགས་སྡོད་ཀྱི་ཡོད་པ་དང་། ད་དུང་ཚོགས་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་ཟླ་བ་ཕུན་སྐྱིད་དང་ཐུབ་བསྟན་ལུང་རིག་གཉིས་ཀྱི་བཟའ་ཟླའང་དེར་ལས་བྱེད་ཡིན་པ་དང་། སྤྱི་འཐུས་རྣམ་གཉིས་ཀྱང་དེར་གཏན་འཇགས་སྡོད་ཀྱི་ཡོད་པས། ཚོགས་གཙོ་ལ་འོས་གྲངས་ཧ་ཅང་མང་པོ་ཐོབ་དགོས་ངེས་རེད་དེ། འོས་སྒམ་གཉིས་ཀ་བསྡོམས་ནས་ ༡༩ ཙམ་ཁྱད་པར་སོང་བ་དེས། སྲི་ཞུ་བ་དང་ལས་ཀྱི་སྣེ་མོ་བའི་དབར་འཁྲུགས་ཐེབས་གཞིའི་གཏམ་བཤད་དེ་འགན་མ་འཁུར་བ་རང་ཆགས་ཡོད།

སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀ་རྡ་སའི་ས་གནས་གཅིག་རང་དུ་རྒྱུན་བཞུགས་ཡིན་པ་དང་། རྡ་སའི་མི་མང་གིས་ཁོང་གཉིས་ཀྱི་ཉིན་རེའི་བྱེད་སྒོ་དང་རྒྱུན་ལྡན་གྱི་བྱ་སྤྱོད་སོགས་ཧ་ཅང་གསལ་པོ་ཤེས་རྟོགས་ཐུབ་ཀྱི་ཡོད། དེས་ན་རྡ་ས་ས་གནས་འོས་བསྡུ་ལས་ཁུངས་ཀྱི་ཁྱབ་ཁོངས། རྡ་ས་ཁྱོན་ཡོངས་ཀྱི་འོས་ཀྱི་གྲངས་འབོར་འདིའི་ཐོག་ནས་ཁྱད་པར་གསལ་པོ་མཐོང་ཐུབ།

༼ སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་གྲངས། ༢༦༤༨།༽

༼ ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་གྲངས། ༡༨༡༦།༽

གསལ་བཤད།

Post navigation

Previous Post: བདུད་བྷེ། ངས་ཁྱོད་སྙིང་ཡང་རྗེ་གི
Next Post: བུ་མོ་སྒྲོལ་མ། ༼གླུ་གཞས།༽

Comments (19) on “རྡ་སའི་ཁུལ་གྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་གྲངས་ཞིབ་བཤད།”

  1. བློ་གྲོས་རབ་བརྟན་ says:
    2016-01-30 at 1:20 am

    སྲིད་སྐྱོང་འོས་མི་གྲོས་ཚོགས་ཚོགས་གཙོ་སྤེན་པ་ཚེ་རིང་གི་
    བཀའ་སློབ།

    ” རྒྱ་གར་གྱི་འཛིན་སྐྱོང་འོག་ཡོད་པའི་བོད་སློབ་ཁག་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་ལེན་བྱེད་ཐུབ་ཀྱི་ཡོད་ན་མེད་ན་ཐག་གཅོད་དགོས་ཀྱི་འདུག དེ་ལྟར་མ་བྱས་བར་ལོ་དང་ལོ་བསྟུན་ནས་ཡར་མིན་མར་མིན་གྱིས་བསྡད་ན། སློབ་གྲྭའི་འཛིན་སྐྱོང་དང་སློབ་མའི་སློབ་སྦྱོང་ལ་འཐུས་ཤོར་ཧང་སང་བ་ཆེན་པོ་རེད། ”

    ” ཨ་རིའི་དོན་གཅོད་ལ་རྒྱ་རིགས་འབྲེལ་མཐུད་པ་མེད་པར་ཧ་ལམ་ལོ་འགྲོ་སོང་། སྔོན་མའི་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ཡག་པོ་འདུག་ཅེས་གོང་ས་མཆོག་གིས་གསུངས་སོང་། རེད་དེ་ཁོང་རྡ་ས་ལ་བླངས། ཚབ་ལ་མི་ཡང་མ་བཞག དེ་འདྲ་བྱས་ན། སྔོན་མ་འབྲེལ་བ་ཡོད་པའི་རྒྱ་མི་ཚོ་ཡང་བརླག་འགྲོ་གི་རེད་ལ། མི་གསར་བ་ཞིག་བསླེབས་པའི་དབང་དུ་བཏང་ནའང་། གཞི་ནས་འབྲེལ་བ་བྱེད་ས་འཚོལ་དགོས་ཀྱི་རེད། དེ་འདྲའི་བར་ནས་འཐུས་ཤོར་འགྲོ་བ་གཏན་འཁེལ་བ་རེད། ”

    ” འཛིན་སྐྱོང་གི་ལས་ཀ་ག་འདྲ་བྱེད་བཞིན་ཡོད་མེད་གསལ་བོ་བཟོ་ས་གྲོས་ཚོགས་འཚོགས་འདུ་རེད། སྤྱི་འཐུས་རྣམ་པས་འདྲི་བ་ལྔ་དྲིས་ན། ལན་གསུམ་རྒྱག་གི་རེད། དེ་ལྟར་བྱས་ན་གནད་དོན་གང་ཡིན་ཡང་ཁྱོན་ནས་གསལ་བོ་ཆགས་ཐུབ་ཀྱི་མི་འདུག དེ་ནི་འཛིན་སྐྱོང་དང་གྲོས་ཚོགས་ཡང་ན་མི་མང་བར་གྱི་དཀའ་ངལ་ཞིག་རེད། “

  2. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 1:46 am

    སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་གྲངས། །།༢༦༤༨།།
    ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་གྲངས། །།༡༨༡༦།།
    ་
    ད་ལོ་ལན་ཅིག་བློ་སེང་སྲིད་སྐྱོང་སླེབས་ཐབས་སུ། །
    སྨྱུག་འཛིན་ང་ཡི་སྨྱུ་གུ་བྲེལ་ཞིང་འབྲི་བཞིན་ཡོད། །

  3. སྟོད་པ་ཚེ་རིང་། says:
    2016-01-30 at 2:19 am

    གངས་སྐྱིད་ཀྱི་ཨོ་འཕེན་མཁན་ནང་། སྦི་རེ་དང་ཅོང་ཏ་ར་སོགས་ནས་མི་མང་ནང་འདྲེན་བྱས་པ་དང་། གངས་སྐྱིད་ཀྱི་ལས་བྱེད་ཀྱི་རྒྱབ་རྐྱོར་ལ་འཇིགས་ནས་བུ་ཁྱིམ་དང་བསྲེས་ཡོད་ན་ཡང་། སྐུ་ངོ་སྤེན་ཚེ་ལ་འཐོབས་ཡོད་པ་ཧ་ལས་པ་རེད། ད་ལྟ་ཡང་། བློ་སེང་གིས་རྒྱབ་རྐྱོར་བ་ལ་དངུལ་སྤྲད་ཀི་ཡོད་པའི་གནས་ཚུལ་གོ་རྒྱུ་མང་། སྲིད་དོན་དང་ནང་ཉོག་གི་དབང་གིས་དུས་འཁོར་དབང་ཆེན་ཕྱིར་བསྒྱང་བྱས་ཡོད། དགའ་ལྡན་ཕོ་བྲང་གིས་ཕྱི་རྒྱལ་གི་དོན་གཅོད་ཁང་ཚང་མའི་རྒྱལ་བ་རིན་པོ་ཆེའི་མཚན་གནས་བསྒྱུར་དགོས་གསུངས་ཀྱང་། བློ་སེང་གིས་འོས་ཤོག་ལ་བསམ་ནས་འགྱུར་བ་མ་བཏང་བར་ཁུ་སིམ་མེར་བཞག་ཡོད། གཡོ་རྒྱུ་ཆེ། མི་མང་འགོ་རྐོར་གཏོང་། ངོ་ཚ་རྒྱུ་མེད་པ་་་་་

  4. ཇུང་ཏོག་ says:
    2016-01-30 at 3:00 am

    བཙན་བྱོལ་སྤྱི་ཚོགས་འདི་དཀྲུགས་དཀྲུགས་མང་པོ་མ་བཏང་ན་ཡག་ལི་རེད་དོ་།

  5. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 4:58 am

    བློ་སེང་གིས་འོས་ཤོག་ལ་བསམ་ནས་འགྱུར་བ་མ་བཏང་བར་ཁུ་སིམ་མེར་བཞག་ཡོད། གཡོ་རྒྱུ་ཆེ། མི་མང་འགོ་རྐོར་གཏོང་།

    འདི།

    བློ་སེང་གིས་འོས་ཤོག་ལ་བསམས་ནས་འགྱུར་བ་མ་བཏང་བར་ཁུ་སིམ་མེར་བཞག་ཡོད། གཡོ་སྒྱུ་ཆེ། མི་མང་མགོ་སྐོར་གཏོང་།

    ལ་བཅོས།

  6. བཀྲ་ཤིས། says:
    2016-01-30 at 6:02 am

    གངས་སྐྱིད་ལ་འབིར་དང་ཅོན་ཏ་ར་ནས་མི་སྐད་བཏང་ཡང་ཚོགས་གཙོ་ལས་རྣམ་པར་རྒྱལ་མ་ཐུབ་པས། མཐར་རྡ་སྟེང་བོད་ཁྱིམ་དང་འོས་མཉམ་བསྲེས་བྱས་པ་རེད། ད་དུང་ཡང་རྣམ་པར་རྒྱལ་ཐུབ་ཡོད་པ་མ་རེད། གངས་སྐྱིད་རང་གི་འོས་གྲངས་དེ་མི་དམངས་ཀྱིས་མཐོང་ན་བློ་སེང་ངུ་དགོས་པ་འདྲ་ཞིག་ཡོད་རེད། དེ་ཚོ་གདན་གྲྭ་དང་གཞིས་མི་ཚོས་ཤེས་ལེ་མ་རེད།

  7. རང་བཙན་བུ། says:
    2016-01-30 at 6:07 am

    སྤེན་ཚེའི་རྒྱབ་ལ་མི་དྲག་འགའ།།
    བློ་སེང་རྒྱབ་ལ་གྲྭ་བ་འགའ།།
    གཉིས་ཀར་འོས་བབ་མི་འདུག་ན།།
    བོད་ལྗོངས་རྒྱལ་ཁབ་སུ་ཡིས་སྐྱོང་།།

  8. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 7:36 am

    བློ་སེང་གིས་ལོ་བཞི་ལྷིང་འཇགས་བཟོས་པ་ཡིན། ད་ཁང་བརྩེགས་ཅིག་བརྒྱབ་བཅུག་དང་།
    http://vhpd.rfa.org.edgesuite.net/20151015/1251/1_xoi79qeo_1_j9w6gtun_1.mp4

  9. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 7:42 am

    ང་འཛིན་གྲྭ་དགུ་པ་ནས་རྒན་བདག་དང་། མཐར་ཚོགས་གཙོ་ཆགས་པར་བརྟེན་ང་ལ་འོས་ཤོག་བླུགས་ན་་་་ཞེས་སོགས་ཀྱིས་་་་
    http://vhpd.rfa.org.edgesuite.net/20151008/1251/1_4mjlcmmt_1_tbbox0c3_1.mp4

  10. ཨ་གུ་རྡོ་རྗེ་ལགས་ says:
    2016-01-30 at 8:17 am

    ཀརྡོ་གཉེར་ཕྱག་པའམ་ཆག་པ་ལགས་།

    དྲ་རྒྱ་དེའི་ཐོག་དཀྲུངས་ཤིང་གི་རྒྱལ་པོ་ཞིག་ཡོད་ན་དེ་ནི་ཁྱོད་དོ་།

    དྲ་གྲོགས་གཞན་ཚོས་མཁྱེན་དགོས་པ་ཞིག་ལ་བློ་སེང་དང་བློ་མཐུན་སྙིང་ཉེ་བ་ཁག་ཅིག་གི་བར་གསང་གྲོས་བྱས་པའི་ནང་དོན་སྐད་ཆ་ཞིག་ཕྱིར་གསལ་ཡོང་གི་ཡོད་པ་དེ་ནི་་༧གོང་ས་མཆོག་གི་བློ་སེང་མུ་མཐུད་ནས་ལོ་ལྔ་སྲིད་སྐྱོང་བྱེད་ཐུབ་ན་ལས་མཇུག་སྐྱོང་རྒྱུར་ཡག་པོ་འདུག་ཅེས་པའི་སྐད་ཆ་རྫུན་མ་ཞིག་སྤྲམ་རྒྱུའི་ཇུས་གཏིང་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་ཡོད་པ་རེད་

    ཀརྡོ་གཉེར་ཆག་པས་ལས་འགན་དེ་སྒྲུབ་ཀྱི་ཡོད་པ་རེད་
    མི་གཉིད་ལ་ཤོར་བ་ཞིག་ཡར་ལངས་ཆོག་ཀྱང་གཉིད་རྫུན་ཁུག་ནས་སྡོད་མཁན་ཞིག་རྨོང་གཉིད་སེལ་ཐབས་མེད་པ་རེད་ བོད་མིར་མགོ་བསྐོར་མ་གཏོང་མཁན་ཞིག་རྒྱལ་འགྱུར་ཅིག་།

  11. ཨ་གུ་རྡོ་རྗེ་ལགས་ says:
    2016-01-30 at 8:24 am

    སྲོང་བཙན་ལས་འགན་ཡག་པོ་བསྒྱུབས་འདུག་བློ་སེང་གི་བྱ་དགའ་ལེན་གར་ཤོར་ལན་གཏོང་འདུག་། བེུད་དགོས་དངུལ་དགོས་འདེམས་ཁ་བྱས་ལབ་ཀྱིས་།

  12. བསོད་ནམས། says:
    2016-01-30 at 11:49 am

    སྲོང་བཙན་ཞེས་པ་འདི་ཕྱོགས་རིས་བ་ཞིག་ཡིན་པ་གཏན་འཁེལ་རེད། བློ་སེང་གིས་བྱུས་ངན་མ་བཤམས་པར་གངས་སྐྱིད་ཁ་ཚང་བྱས་པ་ཡིན་ན་སྤེན་ཚེ་ལ་བརྒྱ་ཆ་དགུ་བཅུའི་ཡན་ཐོབ་ཡོད་པ་གསལ་པོ་རེད། གངས་སྐྱིད་ཁུལ་ནས་བློ་སེང་ངོ་ཚར་གཏད་རྒྱུར་དོགས་ནས་བོད་ཁྱིམ་དང་འོས་བསྲེས་པ་འདི་ནི་བྱུས་ངན་ཡིན་པ་སྔར་ནས་ཤེས་སོང་ངོ་། སྲོང་བཙན་ཞེས་པའི་མིང་རྫུན་འོག་ནས་ཁྱོད་བློ་སེང་ལ་ཅི་ཙམ་ཕྱོགས་ཀྱང་གངས་སྐྱིད་ཁུལ་ནས་བློ་སེང་ཕམ་པ་ཉི་ཤར་སྦར་མོས་འགེབ་ཐབས་བྲལ་སོང་བ་རེད། རྗེས་མ་ནས་གནས་ལུགས་མ་རྟོགས་པར་ཕྱོགས་རིས་ཅན་གྱི་རྩོམ་འཆལ་འདི་འདྲ་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་གི་ཡིན།

  13. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 1:38 pm

    སྲིད་སྐྱོང་ཉིད་རྒྱལ་གྱུར་ཅིག །
    བདེན་པ་ཉིད་རྒྱལ་གྱུར་ཅིག །
    ་
    སྐུ་དྲག་རྣམས་ཕམ་གྱུར་ཅིག །
    ཕྱོགས་ལྷུང་རྣམས་ཕམ་གྱུར་ཅིག །

  14. དཔལ་ལྡན says:
    2016-01-31 at 6:11 am

    འདུན་པ།
    དུས་བབ་ཟིན་བྲིས་སུ་འཛུལ་འཇུག
    དམིགས་ཡུལ།
    རྩོམ་ཡིག་འབྲི་སྤེལ།
    དགོས་པ།
    ནུབ་ཕྱོགས་རྒྱལ་ཁབ་ནང་དམིགས་བསལ་བོད་ཡིག་བཀོལ་སྤྱོད་བྱེད་ས་མེད་པས་འདིའི་ནང་ཞུགས་ཏེ་སྔོན་སྦྱངས་མི་བརྗེད་པའི་ཆེད་ཁོ་ནའོ།།

  15. དཔལ་ལྡན། says:
    2016-01-31 at 6:13 am

    སྤེན་ཚེ་ལ་གང་ཟིག་ནས་འོས་མང་བ་དང་ཉུང་བ་དེ་གཙོ་བོ་མ་རེད། ཁོས་བཤད་པའི་སྐད་ཆ་དག་དོན་དངོས་དང་མཐུན་མིན་ལ་བལྟ་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་རེད། བློ་སེང་ལགས་ལའང་དེ་མཚུངས་སོ།།

  16. ཀརྡོ་གཉེར་ཕྱག་པ་ says:
    2016-01-31 at 10:08 am

    སྐུ་དྲག་གསར་པ་དེ་ཚོ་ཕམ་འགྱུར་ཅིག
    གཞོན་སྐྱེས་ལ་རྒྱ་ཅན་ཚོ་རྒྱལ་འགྱུར་ཅིག

  17. ལྷ་སའི་བུ་ says:
    2016-01-31 at 11:41 am

    ༧གོང་ས་༧སྐྱབས་མགོན་ཆེན་པོ་ནི་ཆོས་ཕྱོགས་ནས་བོད་མི་མང་ཆེ་བའི་བླ་མ་ཡིན་པ་དང་། སྲིད་ཕྱོགས་ནས་བོད་མི་ས་ཡ་དྲུག་ལ་བཀའ་དྲིན་ཆེན་པོ་ཡིན་པ་མཐའ་ན་པེ་ཅིང་གིས་ཀྱང་ཤེས་ཏེ་༧གོང་ས་མཆོག་ལ་ཁ་བྲལ་རིང་ལུགས་པ་སོགས་མཚན་དམས་ཞུ་དགོས་དོན་ཡང་དེ་རེད། དེ་མིན་རྒྱ་མི་རིགས་ལ་སྡང་སེམས་གནང་གི་མེད་པ་ནི་འཛམ་གླིང་ཀུན་ཤེས་རེད། ངའི་བརྗོད་དོན་སྙིང་པོ་ནི་ང་འདྲ་བའི་ཆབ་སྲིད་ལ་སློབ་སྦྱོང་གང་ཡང་མེད་པའི་ཆབ་སྲིད་པ་དག་གིས་༧གོང་ས་ཆེན་པོའི་མཚན་ཕར་འཐེན་ཚུར་འཐེན་བྱེད་ཡག་འདི་ཉེན་ཁ་ཆེན་པོ་རེད། བོད་སྤྱི་དོན་ལ་སྨན་པའི་རང་གི་རྣམ་དཔྱོད་འདོན་རྒྱུ་ཡོད་ན་འདོན་རོགས་། དེ་མིན་བོད་མི་ཡོངས་ལ་བཀའ་དྲིན་གྱི་བདག་ཉིད་༧གོང་ས་ཆེན་པོ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་མ་གཏང་རོགས། ཐུགས་རྗེ་ཆེ།།

  18. ཨ་གུ་རྡོ་རྗེ་ལགས་ says:
    2016-01-31 at 12:20 pm

    ༧གོང་ས་མཆོག་རང་གི་ཆབ་སྲིད་ཀྱི་ཁེ་ཕན་ཆེད་བེད་སྤྱོད་གཏོང་མཁན་དེ་བློ་སེང་རེད་།
    ནེའུ་ཡོག་གི་ལྷག་བསམ་ཁ་རི་ཁ་ཐུག་ཟེར་བས་ཁོ་རང་གི་དགའ་ཉེ་གྲོགས་པོ་ཁག་ཅིག་ལ་སྔ་ས་ནས་དུས་འཁོར་དབང་ཆེན་དེ་བློ་སེང་གི་འོས་ཤོག་ཐུབ་རྒྱུའི་ཆབ་སྲིད་སྩལ་ཆེ་ཤོས་དེ་ཡིན་པ་ངོ་སྤྲོད་བྱས་པའི་གནས་ཚུལ་ཡོངས་གྲགས་རེད་།
    བློ་སེང་གི་ཨ་རི་དོན་གཅོད་བསྐོ་སྟངས་དེ་ད་ཆ་མང་ཚོགས་ཀྱི་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད་།

  19. དོན་གླིང། says:
    2016-02-01 at 12:24 pm

    དབྱེ་ཞིབ་དང་ཞིབ་འཇུག་གི་འགྲོ་སྟངས་ཤེས་པའི་ཐོག་ནས་རྩོམ་ཡིག་སྤེལ་ན་ལེགས། ཡི་གེ་འབྲི་ཐུབ་པ་ཙམ་ཞིག་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme