Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་ས་ས་གནས་དབུ་མའི་ལམ་གྱི་རྒྱུན་ལས་གསར་འདེམས་བྱུང་བ།

Posted on 2012-07-132012-07-13 By ཤར་ཕྱོགས་ཁུག་རྟ། 32 Comments on རྡ་ས་ས་གནས་དབུ་མའི་ལམ་གྱི་རྒྱུན་ལས་གསར་འདེམས་བྱུང་བ།


དབུས་ས་གཉིས་ཀྱི་རྒྱུན་ལས་ལྷན་བཞུགས།

རྡ་རམ་ས་ལ་ས་གནས་དབུ་མའི་ལམ་གྱི་རྒྱུན་ལས་རྣམས་ལྷན་བཞུགས།

དེ་རིང་ཕྱི་དྲོ་ཆུ་ཚོད ༥། ༣༠ སྟེང་རྡ་ས་ས་གནས་དབུ་མའི་ལམ་གྱི་རྒྱུན་ལས་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་ཡོད་ཅིང། ས་གནས་རྒྱུན་ལས་གྲངས ༡༨ ནས། ནོར་གླིང་དང་ཤེས་རབ་དགའ་ཚལ་སློབ་གླིང་གི་ས་གནས་དབུ་མའི་ལམ་གྱི་འགན་འཛིན་བློ་བཟང་རྡོ་རྗེ་ལགས་དང། དྲུང་ཆེ་ཆོས་དབྱིངས་ཆོས་འཚོ། དངུལ་གཉེར་ཀླུ་མཚོ་སྐྱིད། རྒྱུན་ལས་རིག་བྷ་རྒྱ་མཚོ། བཅས་འོས་འདེམས་བྱུང་ཞིང།

གངས་སྐྱིད་དང་མེག་གྷན་ས་གནས་དབུ་མའི་ལམ་གྱི་འགན་འཛིན་བསྟན་འཛིན་པདྨ། དྲུང་ཆེ་འཇམ་དབྱངས་ཐབས་མཁས། དངུལ་གཉེར་བློ་བཟང་ཀུན་མཁྱེན་བཅས་དང་གཞན་རྣམས་ས་རྒྱུན་དུ་འདེམས་ཐོན་བྱུང།

རྡ་ས་ས་གནས་དབུ་མའི་ལམ་གྱི་རྒྱུན་ལས་རྣམས་ནི།

བློ་བཟང་ཀུན་མཁྱེན། བོད་དགེ་དང་དགེ་བཤེས་ཐོན་པ།

བསྟན་འཛིན་མི་འགྱུར། དང་ཟུར།

འཇམ་དབྱངས་ཐབས་མཁས།   སྨན་རྩིས་མཐོ་སློབ་པ།

བསྟན་འཛིན་པད་མ།  ལས་ཞོར་ཨིན་ཡིག་དགེ་རྒན། ༼བུད་མེད། ༽

འཇིགས་མེད་འོད་ལྡན།  ཕར་ཕྱིན་རབ་འབྱམས་པ། ཆབ་སྲིད་དཔྱད་གླེང་གསར་ཤོག་འགྲེམས་སྤེལ་པ།

རིག་བྷ་རྒྱ་མཚོ། ནོར་གླིང་མཐོ་སློབ་པ།

ཀླུ་མཚོ་སྐྱིད། ནོར་གླིང་མཐོ་སློབ་པ། ༼་བུད་མེད། ༽

བློ་བཟང་རྡོ་རྗེ། ནོར་གླིང་མཐོ་སློབ་པ།

བསྟན་འཛིན་མཁའ་འགྲོ། དགེ་རྒན། ༼བུད་མེད། ༽

ཆོས་དབྱིངས་ཆོས་འཚོ། ནོར་གླིང་མཐོ་སློབ་པ། ༼བུད་མེད། ༽

སངས་རྒྱས་མཁར། སྨན་རྩིས་མཐོ་སློབ་པ།

མགོན་པོ་བཀྲ་ཤིས། ས་རཱ་སློབ་ཐོན་པ།

མིག་དམར། ཆབ་སྲིད་བཙོན་ཟུར།

འཕྲིན་ལས་རྣམ་རྒྱལ།  ཤེས་རབ་དགའ་ཚལ་སློབ་གླིང་གི་སྤྱིའི་འགན་བདག་ལས་ཚབ།

དཔལ་ལྡན། དགེ་རྒན་ཟུར་པ།

དཀོན་མཆོག་ནོར་བུ། སྨན་རྩིས་མཐོ་སློབ་པ།

བློ་གྲོས། དང་བླངས་མི་མང་གི་རྒྱུན་ལས།

བསྟན་འཛིན་བསོད་ནམས། མཐོ་རིམ་སློབ་ཐོན་པ། འབྲུག་པ། ༼བུད་མེད། ༽

 

 

གསར་འགྱུར།

Post navigation

Previous Post: སྙན་ངག་མེ་ལོང་མ་སོགས་བོད་དུ་བསྒྱུར་དུས་ལ་དཔྱད་པ།
Next Post: རྒྱོ་བ་ནི་ཐོབ་ཐང་ཡིན་ནམ།

Comments (32) on “རྡ་ས་ས་གནས་དབུ་མའི་ལམ་གྱི་རྒྱུན་ལས་གསར་འདེམས་བྱུང་བ།”

  1. ལོ་མ་ལྗང་ཁུ་། says:
    2012-07-13 at 1:10 pm

    ལྟོས་དང་དེ་དག་ལས་མི་ག་ཚོད་ཅིག་གི་བོད་རང་ལྭ་བ་གྱོན་འདུག

  2. མེ་ཏོག་དཀར་པོ། says:
    2012-07-13 at 1:11 pm

    བུད་མེད་ལ་བུད་མེད་ཅེས་གུད་བཤད་ནང་འཇོག་ན་སྐྱེས་པ་ལ་སྐྱེས་པ་ཞེས་གུད་ཤད་ནང་ཅིའི་ཕྱིར་མི་འཇོག ཁྱད་པར་འབྱེད་མི་དགོས་སར་ཁྱད་པར་ཕྱེ་བ་འདི་ཨ།

  3. མངའ་རིས་ཕོ་ཉ། says:
    2012-07-13 at 1:50 pm

    དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད་བདེ་ཆུང་དེ་ཁྱེད་ཅག་རྣམས་མཁྱེན་གྱི་ཡོད་དམ་གལ་སྲིད་མཁྱེན་གྱི་ཡོད་ན་མི་མང་ལ་གོ་རྟོགས་གང་འདྲ་ཞིག་སྤེལ་བའི་འཆར་གཞིའི་ལས་འགུལ་ངོ་སྤྲོད་མདོར་ཙམ་གནང་རོགས།

  4. ཨ་རུ་ར། says:
    2012-07-13 at 1:55 pm

    ༼ཕོ།༽ ༼མོ།༽

  5. རིག་པའི་བུ says:
    2012-07-13 at 2:41 pm

    དབུ་མའི་བྱུང་འབྱུང་ཁུང་དངོས་ནི་་རྒྱ་ནག་ཡིན་པས་རྒྱ་ནག་གི་གནས་སྟངས་ཡག་པོ་ཤེས་ན་དབུ་མ་ག་འདྲ་ཡིན་མིན་ཤེས་ངེས་རེད། དབུ་མ་གསར་བཏོད་པ་རྒྱ་ནག་གིས་རྩེད་མོ་འདི་ག་འདྲ་རྩེད་དགོས་མིན་གྱི་འཆར་གཞི་དེ་སྔོན་ནས་ཡོད་ཡོད་པ་རེད། རྒྱ་ནག་གི་འཇིག་རྡོ་དབུ་མ་པ་རྣམས་ཀྱིས་འགྲན་རྩོད་ལས་རྒྱལ་ཁ་ཡོང་བ་སྨོན།

  6. འབའ་བློ། says:
    2012-07-13 at 2:51 pm

    འདི་ཚོས་ལས་ཀ་ག་རེ་བྱེད་དགོས་ནི་རེད། ཕོགས་ཡོད་ནི་འུ་རེད། དང་བླངས་རེད་བས། ཚོགས་མི་ག་ཚོད་ཡོད་ནི་རེད། དམུག་ཡུལ་གཞན་ཞིག་མེད་པར་ཤོག བཙན་བྱོད་མི་ཉུང་ཉུང་དང་ཚོགས་པ་འདི་འདྲའི་མང་པོ། ངོ་མགོ་ན་ནི་ཟིག་མ་རེད་ན་ཡུམ་དུམ་པ། ལ་ལ་ལ་ལ།

  7. གསེར་འབྲུག་སྡེར་ལྔ་ says:
    2012-07-13 at 3:29 pm

    ཡང་འཁྲབ་སྟོན་པ་འགའ་ཐོན་བྱུང་ང་། འཁྲབ་ཚན་ལེའུ་དང་པོ་མཇུག་བསྒྲིལ་ནས་ལེའུ་གཉིས་པ་འགོ་ཚུགས་པ་འདྲ། ལྟད་མོ་ཡག་པོ་བལྟོས་ཨ།

  8. འདོད་ལྷ་ཁམས་པ། says:
    2012-07-13 at 3:34 pm

    དབུ་མའི་ལམ་ནི་ཁྲིམས་ཁང་ཞིག་ལ་ཆ་བཞག་ན་ཁྲིམས་ཐག་གཅོད་མཁན་གྱི་ཁྲིམས་དཔོན་ཞིག་དང་མཚུངས་པ་ཡིན།
    དབུ་མའི་ལམ་ནི་རྒྱ་མཚོའམ་གཙང་བོ་ཞིག་ལ་མཚོན་ན་ཕ་རོལ་བགྲོད་བྱེད་ཀྱི་ཟམ་པ་ཞིག་དང་མཚུངས་པ་ཡིན།
    དབུ་མའི་ལམ་ནི་གཡང་གཟར་བྲག་རི་ཞིག་གི་དབང་དུ་བཏང་ན་མུ་སྦྲེལ་ཐེམ་སྐས་ཞིག་དང་འདྲ་བ་ཡིན།

  9. བོད་ཀྱི་བུ། says:
    2012-07-13 at 7:11 pm

    མི་འདི་ཚོས་ཁ་ནས་བོད་སྤྱི་དོན་གྱི་དབུ་མ་ཟེར་གྱི་ཡོད་པ་མ་གཏོགས། དོན་དངོས་ཐོག་སོ་སོའི་ཁེ་ཕན་གྱི་དབུ་ལམ་བཙལ་གྱི་ཡོད་པ་རེད།

  10. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-07-13 at 9:03 pm

    ཡང་ཟློས་གར་བའི་ཚོགས་པ་གཅིག་སླེབས་བྱུང་ངོ་། གླ་ཕོགས་ཚང་མ་ཨ་ཞང་ཚང་གིས་སྤྲོད་ཀྱི་ཡོད་ཀྱི་རེད།

  11. མངའ་རིས་ཕྲིན་ལས། says:
    2012-07-13 at 11:20 pm

    གླ་ཕོག་གང་ནས་ཡིན་མི་ཤེས། དབུ་མའི་ལམ་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། ཆབ་སྲིད་ཀྱི་གྲུབ་འབྲས་དབེན་པའི་དུས་ཚོད་སྐྱལ་རྒྱུ་ཙམ་རྒྱ་དམར་ལ་དགོས་མཁོ་དང་ཕན་ཐོག་ཡོད་པའི་ཆོས་ཕྱོགས་ཀྱི་མིང་ཚིག་ཆབ་སྲིད་ལ་བཏགས་པ་ཞིག་རེད། བོད་མི་རིགས་ལ་དུས་དང་མཐུན་པའི་འགྱུར་བ་ཞིག་དགོས་ན་ལང་ཕྱོགས་དང་མིང་ཚིག་དེ་ངེས་པར་དུ་འགྱུར་བ་གཏོང་དགོས་པའི་དུས་ལ་སླེབས་ཡོད།

  12. སྤྱང་ཤོག says:
    2012-07-14 at 12:23 am

    དབུ་མིའི་ལམ་གྱི་ཤོག་སྒམ་སྦུག་ཏུ་ཤིན་ཏུ་མཉེན་པའི་སྲིད་དོན་འདི་ནི་འཚོ་བ་དུས་ཡུན་རིང་བའི་ཉི་མ་འཕྱོར་ཐབ་རང་རེད།
    ཚེ་བརྟན་རྡོ་རྗེ་བལ་ཡུལ་བཙོན་ཁང་ནང་ལ་མ་བཞག་རོགས།

  13. དྲ་འབུ། says:
    2012-07-14 at 2:08 am

    ཕྲན་གྱིས་དོལ་ཚོགས་དང་དབུ་མའི་ལམ་གྱི་ལས་འགུལ་ཁང་གཉིས་བར་ཁྱེད་པར་གཅིག་ཙམ་ལས་གང་ཡང་མཐོང་མ་བྱུང་། གཅིག་ཤོས་ཀྱིས་༧གོང་ས་མཆོག་ལ་དད་མོས་ཡོད་འདོག་གིས་བེད་སྤྱོད་བཞིན་ཡོད་ལ་གཞན་པས་སྨད་ནས་བེད་སྤྱོད་བཞིན་ཡོད་པ་དེ་རེད། རང་རིགས་དང་རང་རིགས་ལ་ཤ་ཚ་བྱེད་མཁན་རྣམས་ལ་ཀུན་ཏུ་སྡང་ཞིང་རྒྱ་འདྲེ་གུང་ཁྲན་དང་ཐུག་དུས་མགོ་བོ་སྨད་ཅིང་གུས་གུས་ཞུམ་ཞུམ་སྔ་ན་མེད་པ་བྱེད་བཞིན་པའི་ཚོགས་སྡེ་འདི་དག་ལ་ཡིད་བཟབ་གནང་དགོས་པ་ལས་ལྷོད་གཡེངས་སུ་གཏོང་མི་ཉན། འདི་དག་གིས་ལྐོག་གྱུར་གྱི་བྱ་བ་ཅི་ཞིག་སྒྲུབ་བཞིན་ཡོད་པ་ཤེས་རྒྱུ་གལ་ཆེ། འདིར་འདེམས་ཐོན་བྱུང་བའི་ཚོགས་མི་རྣམས་མགོ་སྐོར་དང་བསླུ་ཁྲིད་ཀྱི་འོག་ཏུ་སོང་མེད་པའི་རེ་བ་ཡོད། ངས་བཤད་པའི་གཏམ་འདིར་འདོད་མོས་མེད་མཁན་ཡོང་སྲིད། ཤེས་འདོད་ཡོད་ན་རྒྱུ་མཚན་རེ་རེ་བཞིན་བགྲང་ཆོག

  14. དྲ་འབུ། says:
    2012-07-14 at 3:20 am

    ངས་བརྒྱབས་པའི་མཆན་དེ་ཁ་བརྡ་དྲ་རྒྱར་སྡོད་ཡུན་ཆུ་ཚོད་གཙིག་ཙམ་ཡིན་པ་འདྲ། བོད་དུ་མི་བོར་བ་བཞིན་བོར་ཚར་འདུག ཧཧཧཧཧཧཧཧཧ

  15. ལོག་སྨྲ་ཚར་གཅོད། says:
    2012-07-14 at 8:27 am

    བོད་པ་རྟག་མཐའ་ལ་ལྷུང་། རྒྱ་མི་ཆད་མཐའ་ལ་ལྷུང་། དེ་གཉིས་ཀྱི་བར་ན་ཐུན་མོང་གི་སྲིད་ཇུས་དབུ་མ་ཞིག་མེད་པས་ད་དུང་དེ་ལ་ཤི་འཇུ་རོ་འཐམས་བྱེད་ན་འོ་མ་དོན་གཉེར་གྱིས་རྭ་ཅོ་ལ་འཇོ་བ་བཞིན་ནོ།

  16. ཉི་མ says:
    2012-07-14 at 9:53 am

    མཆན་པ་འདི་ཚོས་ར་སྤྲོད་བྱས་པ་ནི།

    ༼ ཡིན་ནའང་། བཙན་བྱོལ་བ་གང་མང་ཞིག་ནི་སེམས་ཚོར་ཙམ་གྱི་དབང་དུ་སོང་ནས་སོ་སོའི་ཆབ་སྲིད་ལངས་ཕྱོགས་དེ་ཡིན་མིན་དང་སྲིད་མིན་རྩོད་པའི་རྩེད་མོར་གཡེང་བ་མ་གཏོགས། རང་གི་ནུས་པས་ཀྱང་ལྕོགས་པ། འགྲུབ་ཀྱང་སླ་བའི་ནང་གི་རང་བཙན་དང་དེའི་སྲོག་རྟེན་བདག་གིར་འཛིན་པ་ལ་དོ་སྣང་དང་འབད་འབུང་མི་བྱེད་པར། དུས་རྟག་ཏུ་རང་བཙན་དང་དབུ་མའི་ལམ་གྱི་བར་ནས་ཕན་ཚུན་ཕྲག་དོག་དང་ཁ་འཐབ་ཀྱི་གཡུལ་བཤམས་པར་དགའ། མདོར་རྩ་བཤད་ན། རང་བཙན་པ་ཡིན་ནའང་འདྲ། དབུ་མའི་ལམ་པ་ཡིན་ནའང་འདྲ། ནང་གི་རང་བཙན་ནི་ཕྱོགས་གཉིས་ཀར་མེད་དུ་མི་རུང་བའི་སྲོག་རྩ་ཡིན། གལ་སྲིད་ང་རང་བཙན་པ་ཡིན་པས་ནང་གི་རང་བཙན་མི་དགོས་ཟེར་ན། ཁྱོད་ཀྱི་ཕྱིའི་རང་བཙན་ནི་སྲོག་རྟེན་མེད་པའི་རྡོ་སེང་གེ་ཞིག་ཡིན་པ་གོར་མ་ཆགས། གལ་སྲིད་ང་རང་དབུ་མའི་ལམ་པ་ཡིན་པས་ནང་གི་རང་བཙན་མི་དགོས་ཟེར་ན། ཁྱོད་ཀྱི་རང་སྲིད་རང་སྐྱོང་ནི་བླ་སྲོག་བྲལ་བའི་རྡོ་སེང་གེ་ཉག་ཅིག་ཡིན། ནང་གི་རང་བཙན་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡིན་ལ་མ་བལྟོས་པར་བོད་མི་ཐུན་མོང་ལ་ཁྱབ་དགོས་སྙམ། གལ་སྲིད་བླ་སྲོག་ཏུ་གྱུར་བ་འདི་དོར་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་སམ་སྟོང་བསམ་ཁོ་ན་བཅངས་ཏེ། ལན་རེར་གནམ་ལ་འཕུར་གྲབས་དང་། ལན་རེར་ས་ལ་འཛུལ་གྲབས་བྱེད་ན། དེ་ནི་དགོད་ཡང་བྲོ་ལ་ངུ་ཡང་བྲོ་བའི་གནས་ཤིག་ལས་སྙིང་བོ་ཅི་ཡང་མེད། ༽

    གོང་གི་འདི་དུས་བབ་ལས་བཤུས་པ་ཡིན།

  17. ཚངས་པ། says:
    2012-07-14 at 11:17 pm

    དབུ་མའི་ལམ་རྣམ་པར་རྒྱལ་གྱུར་ཅིག་་་་་་་་་་་་་་་་་་་་་་་་་་་་་་་་

  18. སྤྱང་ཤོག says:
    2012-07-14 at 11:49 pm

    དབུ་མའི་ལམ་གྱི་འདོད་དོན་འགྲུབ་་་་་་་་་་་་་་་་་་་་རྒྱ་གུང་ཁྲན་་་་་་་་་་་་་་་་་་་ཤོག

  19. ཁ་བའི་སྒྲོན་མེ། says:
    2012-07-15 at 12:34 am

    དབུ་མའི་ལམ་ཚོགས་པ་འདི་ཐེ་བན་ལ་ཆ་མཚོན་ན་གོང་མིའི་ཏང་ཚོགས་པ་དང་འདྲ་པོ་འདུག གལ་སྲིད་པའི་སྤྱི་ཚོགས་ནང་ཚོགས་པ་འདི་རྒྱུན་གནས་ཐུབ་ན་ལོ་རིམ་བཞིན་ཚོགས་པ་འདིའི་བཙན་བྱོལ་བའི་སྤྱི་ཚོགས་ལ་དཀའ་ངལ་བཟོ་བ་གསལ་པོ་རེད་།

  20. མགར་སྟོང་བཙན། says:
    2012-07-15 at 1:15 am

    དབུ་མའི་ལམ་ཞུགས་པ་ཞིག་ཡིན་ན། རང་བཙན་དང་བསམ་སྤྱོད་དང་དུས་དང་རྣམ་པ་ཀུན་ཏུ་ཐ་དད་པར་འཛིན་དགོས་པ་གསལ་བོ་རེད། བཙན་བྱོལ་སྤྱི་ཚོགས་ནང་དེ་གཉིས་བར་ལ་ཉ་ཉུང་མཉམ་བསྲེས་ཀྱིས་དེ་རིང་བར་ལྷགས་པ་རེད། ཕྱོགས་གཅིག་ནས་བསམ་གཟས་ནས་མཉམ་བསྲེས་བྱེད་ཨེ་ཐུབ་ལྟོས་ཏེ་རྩ་དོན་ཐོག་མདུན་བསྐྱོད་ལ་བར་ཆད་མང་པོ་བརྩམས་འདུག དེ་བས། ༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་ཟིན་རྗེས། སོ་སོའི་ལངས་ཕྱོགས་ཀྱི་ས་མཚམས་གསལ་འབྱེད་ཀྱིས་ན་གཞོན་ཤེས་ཡོན་ཅན་གྱི་དཔུང་སྡེ་ཞིག་འདི་ལྟར་ཐོན་པ་ནི། བོད་གཞུང་གི་ལངས་ཕྱོགས་དང་བོད་ཀྱི་རྩ་དོན་ཐོག་གཞོགས་འདེགས་རླབས་ཆེན་ཞིག་དང། ང་ཚོའི་འཐབ་རྩོད་ཀྱི་ས་མཚམས་གཙང་མ་འབྱེད་པའི་ལེའུ་མགོ་བཙུགས་པའང་རེད་འདུག་པས། རྟེན་འབྲེལ་ཞུ།། བདེན་པ་དང་གནས་ལུགས་ཀྱིས་སོ་སོའི་ལམ་བུར་ཞུགས་ཏེ་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་ཞུ།། དབུ་མའི་ལམ་ཁྲི་ལོར་བརྟན་པར་ཤོག རྒྱ་བོད་མི་རིགས་ཀྱི་འཆམ་མཐུན་ཁྲི་ལོར་བརྟན་པར་ཤོག འཚེ་མེད་ཞི་བ་ཁྲི་ལོར་བརྟན་པར་ཤོག

  21. གནམ says:
    2012-07-15 at 1:48 am

    མཐོ་སློབ་པ་ཆ་ཙིག་གི་ཚུལ་ན་ལྷ་རིམ་པ་ཁ་ཤས་ཤིག་གི་མི་དགའ་འི་ནེ།

  22. ཁ་བ་དཀར་པོ་ཕོ་གསར། says:
    2012-07-15 at 2:38 am

    གོང་༧ས་མཆོག་གི་དབུ་འཁྲིད་པའི་གཞིས་ལུས་རྒྱ་ཆེར་མི་མང་བརྒྱ་ཆ་བརྒྱད་བཅུ་ཙམ་གྱི་གཏན་འབེབས་ཟིན་པའི་དབུ་མའི་ལམ་གྱི་སྲི་བྱུས་ཡིན་བཞིན་དུ་ད་དུང་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་རྫུན་མ་ཞིག་བ་བཙུགས་དགོས་དོན་རྒྱུ་མཚན་ག་རེ་ཡིན་མིན་ཤེས་ཀྱི་མེད།

  23. ཆུ་ཐིགས། says:
    2012-07-15 at 9:20 am

    དབུས་བོད་མི་སྒྲིག་བཙུགས་ཡོད་བཞིན་དུ། ད་དུང་ཚོགས་པ་གྲངས་མེད་གཅིག་བཙུགས་པ་འདི་ནི་བོད་ཀྱི་རྩ་དོན་སྒྲུབ་བྱེད་ཡིན་ནམ་ཡང་ན་གཏོར་བརླག་གཏོང་བྱེད་ཡིན་ནམ་བསམ་པའི་ཚོར་སྣང་ཞིག་ངང་གི་སྐྱེ་བྱུང་། 

  24. ཇ་མ་ says:
    2012-07-15 at 9:59 am

    བོད་མི་རིགས་ལ་ལམ་གཉིས་ཡོད།
    དང་པོ་རང་བཙན་རེད།
    གཉིས་པ་མགོ་སྒུར་ནས་རྒྱ་འོག་ལ་འགྲོ་རྒྱུ་དེ་ཡིན།
    དེ་གཉིས་ལས་ལྷག་པའི་ལམ་དབུས་མ་ཞིག་ཡོད་ན། དེ་ནི་ངོ་གཉིས་མའི་ལམ་རེད། དེར་རྒྱ་དམར་གྱིས་གང་ནས་ཁེས་ལེན། ངས་ཡང་ཁེས་ལེན་མི་བྱེད།

  25. ཁ་བ་དཀར་པོ་ཕོ་གསར། says:
    2012-07-15 at 10:00 am

    སྤྱིར་རྒྱུ་སྒེར་བདག་ཚོགས་པ།

  26. སྲིན་པོ་རྫ་རྒན། says:
    2012-07-15 at 12:08 pm

    ༡༩༩༥ ལོར་དབུ་མའི་ལམ་དང་། རང་བཙན། རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས་བཅས་ཀྱི་གདམ་ག་བཞི་ལ་འོས་བསྡུའི་མཇུག་འབྲས་ལ། དབུ་མའི་ལམ་ལ་མོས་མཐུན་བྱེད་མཁན་གྱི་གྲངས་འབོར་ནི་འོས་བསྡུ་སྤྱིའི་བརྒྱ་ཆ་དྲུག་ཅུ་རེ་བཞི་བརྒལ་ཡོད། འོས་བསྡུ་མ་བྱས་སྔོན་ལ། བཙན་བྱོལ་བོད་པ་གནས་ཡུལ་ཕལ་ཆེ་བ་དང་། བོད་ནང་གི་གནད་ཡོད་མི་སྣ་མང་པོ་ཞིག་ལའང་བརྒྱུད་ལམ་འདྲ་མིན་ནས་འགྲེལ་བཤད་དང་གདམ་གའི་ཐད་འོས་བསྡུ་གནང་ཡོད་པ་རེད། འདིས་སྐབས་དེར་མང་ཚོགས་ཀྱིས་དབུ་མའི་ལམ་འདི་འདམས་པ་ནི་གོ་རྟོགས་ཤིག་གི་ཐོན་འབྲས་ཡིན་པ་བསྟན་ཡོད། དེ་རྗེས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པ་རེད། དེ་ནི་བོད་མི་མང་གི་མངོན་འདོད་དང་། མི་མང་འཐུས་མིས་གཏན་ལ་ཕབ་པ་ཞིག་ཀྱང་ཡིན།

    དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་འདིས་མང་ཚོགས་ལ་གོ་རྟོགས་སྤེལ་གྱི་ཡོད་པ་རེད་དམ་མང་ཚོགས་ནང་དཀྲུག་རྐྱེན་སྤེལ་གྱི་ཡོད་པ་རེད། དབུ་མའི་ལམ་ལས་འགུལ་ཁང་གིས་མང་ཚོགས་ནང་འགྲེལ་བཤད་སྣ་ཚོགས་བརྒྱབ་ནས། མང་ཚོགས་དང་དབུ་མའི་ལམ་གྱི་སྲིད་བྱུས་གཉིས་ཀྱི་བར་ཐག་རིང་དུ་གཏོང་གི་འདུག མ་གཞི་བྱས་ནའང་། གྲོས་ཚོགས་དང་གཞུང་གི་ཕན་ནས་ད་དུང་དབུ་མའི་ལམ་གྱི་ལས་འགུལ་ཁང་ཟེར་བ་བཙུགས་ནས། ཡང་སྙིང་ལས་འགུལ་དེ་ག་རེ་རེད། ད་མང་པོ་མི་བཤད། ངས་དབུ་མའི་ལམ་མི་མང་ལས་འགུལ་ཁང་ཟེར་བར་ཡོངས་ཁྱབ་ཀྱི་ཞུ་ཡིག་ཅིག་འབྲི་གི་ཡོད། དེ་ཚར་བ་དང་དྲ་རྒྱ་ཁག་གཏོང་གི་ཡིན། དེ་དུས་ང་ཚོས་ལས་འགུལ་ཁང་འདི་དགོས་པ་ཞིག་རེད་དང་མི་དགོས་པ་ཞིག་རེད། ད་ལྟའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་འདིས་ཕན་ཐོགས་འདུག་དང་མི་འདུག་སོགས་གླེང་རྒྱུ་བྱེད།

  27. གངས་ལྗོངས་རྒྱལ་སྲས says:
    2012-07-15 at 1:56 pm

    བོད་མི་རིགས་ཀྱི་ལ་རྒྱ་དང་ཐ་ན་ལུས་ལ་གྱོན་པའི་ཆས་གོས་སོགས་ལ་ཡང་གཟབ་ནན་གནང་རྒྱུ་གལ་ཆེན་པོ་མཐོང་། སྤྱིར་དགའ་ཚོར་ཆེན་པོ་བྱུང་ཡིན་ཡང་རྒན་པ་ཉམས་མྱོང་ཅན་ཧ་ཅང་གཙོ་དགོས། མཐར་དབུ་མའི་ལམ་ནས་བོད་མིའི་རང་དབང་ངམ་བདེན་མཐའ་གང་མགྱོག་མགྱོག་སེལ་བའི་སྨོན་ལམ་རྣམ་དག་ཤོག

  28. ཁ་བ་དཀར་པོ་ཕོ་གསར། says:
    2012-07-15 at 11:51 pm

    གངས་ལྗོངས་རྒྱལ་སྲས་ལགས་ཀྱི་གསུངས་པ་དེ་ག་རང་རེད། དབུ་མའི་ལམ་ནས་ཡང་དག་པའི་ལམ་འགག་གཅིག་རེད། དབུ་མའི་ལམ་གྱི་ཚོགས་གཙོ་དེ་སྤྱིར་རྒྱུ་སྒེར་བདག་ཡིན་པ་མ་ཟད། བཙོན་བྱོལ་གཞུང་རྒྱ་གར་གཞུང་གི་ཁྲིམས་ལ་བསྐྱེལ་མཁན་གྱི་མི་ངན་ངོ་ཚར་ཁྲེལ་མེད་རང་རེད། ད་དུང་ཁོང་པའི་བུ་བཅོལ་ཁང་གི་ཨ་མ་གཡུ་སྒྲོན་ཟེར་བ་དེའི་ནག་ཆུ་ས་ཁུལ་སྣུམ་མཛོད་ལས་ཁུངས་ནང་ལ་རྒྱ་སྒོར་ཁྲི་སུམ་བཅུ་རྐུརའཁྱེར་ནས་1999 ལོ
    རྒྱ་གར་ལ་འབྱོར་བ་རེད།

  29. ལྷ་ཆབ། says:
    2012-07-16 at 5:56 am

    དབུ་མའི་ལམ་ཡང་དག་པ་ཡིན་པ་བཤད་ཅི་ལ་དགོས། འོན་ཀྱང་དེ་ཁ་ལ་འཁྱེར་ནས་གཡོ་འཕྲོག་བཙན་འགེབས་བྱེད་མཁན་ཡོད་ན་མི་མང་གིས་ངོ་རྒོལ་བྱ་ཆོག དེ་མིན་བྱ་བ་དང་བྱེད་པ་པོའི་ངོ་བོ་མ་ཕྱེ་བར་ཁ་བརྡུང་བཏང་ན་དེ་ནི་མིའི་བྱ་སྤྱོད་དང་ཀུན་ནས་འགལ་ཡོད།

  30. ཇ་མ་ says:
    2012-07-16 at 11:21 am

    ༢༨༽ ཁ་བ་དཀར་པོ་ཕོ་གསར་ལགས། ཁ་གསལ་ན་གོ་བདེ། ཉི་ཤར་ན་འགྲོ་བདེ་ཟེར།
    བཤད་པ་བདེན་ན་ངོ་མ་དཔེ་སྲེག་འདུག གནའ་དཔེར། ཁྱི་མགོ་ལྡེར་ཐོག་ལ་བཞག་ན་ར་རིགས་བཅོ་བརྒྱད་ཟེར་བ་བཞིན་ནོ།།

  31. ཁ་བ་དཀར་པོ་ཕོ་གསར། says:
    2012-07-17 at 4:26 am

    གོང་༧ས་མཆོག་གི་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་དེ་ཡང་དག་པའི་འགག་རང་རེད།
    དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་དེ་ཟློས་གར་འཁབ་སྟོན་བྱེད་སའི་རེད་མ་གཏོག་གཞན་རྒྱུ་མཚན་གང་ཡང་ཡོད་མ་རེད།

  32. ཇོ་ཇོ། says:
    2012-07-19 at 5:37 am

    ངའི་བསམ་ཚུལ་ལ་ཉེ་ལམ་རང་བཙན་ཚོགས་པ་གསར་པ་ཡང་འབྱུང་ཉེ་བ་དང་། དབུ་མའི་ལམ་གྱི་ཚོགས་པ་ཡང་བྱུང་སོང་། རྩ་བའི་དམིགས་ཡུལ་གཉིས་ཀར་གུས་བཀུར་ཞུ་དགོས་ཀྱང་། དེའི་ཕྱོགས་སུ་ཅལ་འདྲོགས་བྱེད་མི་དགོས། དེ་གཉིས་བོད་མིའི་རྒྱན་དུ་འགྱུར་དང་དུག་ཏུ་འགྱུར། ཚོགས་མི་རྣམས་ལ་རགས་ལུས་ཡོད། འོན་ཀྱང་རོ་མིག་གིས་མ་མཐོང་གོང་། མཆོང་ངེ་འདོན་པ་ ཁ་བ་དཀར་པོའི་ཕོ་གསར་ཟེར་བའི་མཆན་ལ་ལྟོས་དང་། ཁྱི་ངན་བཞིན་ཐམས་ཅད་ལ་ཟུག་མཁན་ཞིག་འདུག མཆན་གཞན་ཞིག་ཏུ་ཁོ་པས་འཇམ་དབྱངས་ནོར་བུར་གཞི་མེད་སྐྱོན་འདོགས་དང་། ད་ལྟ་སྤྱི་འཐུས་ཟླ་བ་ཚེ་རིང་ལ་དམོད་འདུག མི་འདིའི་རིགས་ཀྱི་སྐུལ་སློང་ལ་དོགས་པ་གནང་དགོས་པ་འདུག
    ཁོ་པའི་གཞི་རྩའི་བསམ་བློའི་ཁ་ཕྱོགས་རྦད་དེ་སྐྱོབ་ཐབས་མེད་པའི་གཅོང་རོང་དུ་ལྷུང་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme