Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་རམ་ས་ལར་བོད་པའི་ཉེན་རྟོག་སྐོར་སྲུང་བ་ཡོད་ཆོག་པ།

Posted on 2015-11-162015-11-16 By ཁ་བརྡ 2 Comments on རྡ་རམ་ས་ལར་བོད་པའི་ཉེན་རྟོག་སྐོར་སྲུང་བ་ཡོད་ཆོག་པ།

འབྲོང་རྒན།

བཙན་གཡེམ་དང་། རྐུན་འཕྲོག དམར་གསོད་བཅས་ནི་སྤྱི་ཚོགས་གང་དུའང་འབྱུང་བཞིན་ཡོད་ཀྱང་། རྡ་རམ་ས་ལར་འབྱུང་བཞིན་པའི་དོན་རྐྱེན་དག་ལ་བཏང་སྙོམས་གྱི་ཐག་གཅོད་ཅིག་ད་རག་བར་འབྱུང་གིན་མེད་པ་འདིས། རྡ་རམ་ས་ལ་ས་གནས་ཀྱིས་ཁྲིམས་ལུགས་ཀྱི་དབང་ཤུགས་ལག་བསྟར་བྱེད་ཐུབ་ཀྱི་མེད་པ་དང་། མི་དམངས་ལ་རང་ཉིད་བདེ་འཇགས་སྲུང་སྐྱོང་བྱེད་པའི་བསམ་བློའི་བག་ཆགས་དེ་ཙམ་མེད་པའི་རྐྱེན་གྱིས་ཡིན་པར་འདོད།

མ་འོངས་པར་རྡ་རམ་ས་ལའི་བདེ་འཇགས་སྲུང་སྐྱོབ་བྱེད་པ་ལ་གཞུང་དམངས་གཉིས་ཀྱིས་མཉམ་རུབ་ཐོག་འཁུར་ལེན་དགོས་པར་འདུག་ལ། བོད་པ་རང་ལ་ཉེན་རྟོག་སྐོར་སྲུང་བ་ཡོད་ན་ས་གནས་འདིའི་བདེ་འཇགས་ལ་ཐུགས་ཕན་གསོ་ཐུབ་པར་འདོད།

ཉེ་བའི་ལོ་འགའི་གུང་ནས་རྡ་རམ་ས་ལར་བཙན་གཡེམ་དང་། དམར་གསོད་ཐེངས་ཁ་ཤས་བྱུང་ཡོད་མོད། ཉེས་དོན་རེ་རེ་ལ་ཐག་གཅོད་གཙང་མ་ཞིག་བྱས་མྱོང་མེད།

སྤྱི་ལོ་༡༩༩༧ ལོར་མཚན་ཉིད་རྒན་ལགས་དང་དགེ་ཕྲུག་གཉིས་བཀྲོངས། ལག་དམར་འཛིན་བཟུང་དང་ཐག་གཅོད་བྱེད་ཐུབ་་མེད།

སྤྱི་ལོ་་༢༠༠༦ ལོར་དབྱིན་ཇུ་བ་མེ་ཁེལ་བཀྲོངས། ལག་དམར་འཛིན་བཟུང་དང་ཐག་གཅོད་བྱེད་ཐུབ་མེད།

ད་ལོ་གཅིག་པུར་བུད་མེད་གཉིས་ལ་བཙན་གཡེམ་བྱས་ཡོད། ཉེས་ཅན་འཛིན་བཟུང་དང་ཐག་གཅོད་བྱེད་ཐུབ་མེད།

བདུན་ཕྲག་སྔོན་མའི་དགོང་མོའི་ཆུ་ཚོད་བཅུ་གཅིག་ཐོག ལོ་ཉེར་དགུ་ཅན་གྱི་ཕོ་གསར་ཞིག་རྡ་སའི་མེག་གྷན་གྱི་ཁྲོམ་གཞུང་ནས་གྲི་བཙུགས་ཏེ་དམར་གསོད་བྱས་ཡོད། ལག་དམར་གསུམ་འཛིན་བཟུང་བྱས་ཡོད་ཀྱང་མཐའ་མའི་ཐག་གཅོད་ཇི་ལྟར་བྱེད་རྒྱུ་ད་དུང་ཡང་ཚོད་དཔག་བྱེད་པར་དཀའ།

འདས་ཟིན་པའི་ས་གནས་འདིའི་ཁྲིམས་ཁང་གི་ཐག་གཅོད་བྱེད་སྟངས་ལ་ལྟོས་ན་ད་རབ་བྱུང་བའི་གནད་དོན་འདིའང་ཁྲིམས་ཐོག་ནས་ཐག་གཅོད་ནན་མོ་ཞིག་བྱེད་ཐུབ་རྒྱུ་བཤད་དཀའ།

ཁྲིམས་ལུགས་ཀྱི་དབང་ཤུགས་སྤྱོད་པ་ལ་མིག་ཐོག་ལག་ཟིན་གྱི་བདེན་དཔང་ནི་ཁྲིམས་ཀྱི་ཀ་བ་དེ་ཡིན། གསར་འགྱུར་ལས་བཤད་ན། བདུན་ཕྲག་སྔོན་མའི་དོན་རྐྱེན་འདི་ལ་བུ་མོ་ཞིག་དང་། མེག་གྷན་སྲང་ལམ་གྱི་བརྙན་འཕྲིན། ལག་དམར་གྱི་གྲི་རྙེད་པ་བཅས་ཀྱི་བདེན་དཔང་ཁག་གསུམ་ཙམ་ཡོད་པར་བརྗོད་ཡོད་ཅིང་། རྡ་སའི་ཉེན་རྟོག་པས་དོན་རྐྱེན་འདི་ལ་ད་དུང་ཞིབ་དཔྱོད་བྱེད་བཞིན་ཡོད་ཅེས་པ་ལས་ཁྲིམས་ཀྱི་སྣེ་འཛིན་ཆོག་པའི་གསུང་འཕྲིན་གང་ཡང་བཤད་ཡོད་པ་མཐོང་མ་སོང་། གལ་སྲིད་སྲང་ལམ་ཐོག་བཙུགས་ཡོད་པའི་བརྙན་འཕྲིན་འདིས་བྱུང་རིམ་མཐའ་དག་བརྙན་དཔར་བླངས་ཡོད་པ་ཡིན་ན། ལག་དམར་ཁྲིམས་ལ་སྦྱོར་བར་དཀའ་ངལ་དེ་ཙམ་ཕྲད་མི་སྲིད་སྙམ།

གོང་གི་གནས་སྟངས་འདི་དག་ལས་རྡ་སའི་ས་གནས་བདེ་འཇགས་དེ། རྒྱ་གར་གྱི་ཉེད་རྟོག་པ་ཁ་ཤས་ལ་བཅོལ་རྒྱུ་ལས་བོད་པའི་སྤྱི་ཚོགས་རང་ཉིད་ནས་ཧ་ལམ་འགན་གང་ཡང་ལེན་གྱི་མེད་པ་འདྲ། སྤྱིར་རྡ་སར་བོད་བཙན་བྱོལ་གཞུང་ཐེ་བའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་དུ་ཡོད་མོད། རང་ཉིད་ཀྱི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཚོགས་པ་གཅིག་ཀྱང་མཐོང་མ་མྱོང་།

བོད་པའི་སྤྱི་སྒེར་གྱི་ཚོགས་པ་ཚང་མ་བོད་པའི་སྐྱིད་སྡུག་གི་ཆེད་དུ་བཙུགས་པ་ཞིག་ཡིན་པ་ཐེ་ཚོམ་མེད་མོད། རང་གི་སྤྱི་ཚོགས་ལ་དགོས་གལ་བྱུང་བའི་སྐབས་སུ་ཕན་ཐོགས་པའི་ཚོགས་པ་ཞིག་ལ་མཛུབ་མོ་འཛུགས་ས་ཧ་ལམ་མེད་པར་སྣང་།

ཁྲོམ་སྐོར་དང་གདུང་སེམས་མཉམ་སྐྱེད་བྱེད་པ་ནི་མི་དམངས་ཀྱི་རེ་ཞིག་གི་བྱ་འགུལ་བསླངས་བ་ཙམ་ལས། རྒྱུན་ལྡན་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བྱ་འགུལ་ཞིག་སྤེལ་མ་ཐུབ་ན་ཡིན་ན། ཁྲོམ་སྐོར་སྐད་འབོད་ཙམ་གྱིས་བོད་པའི་སྤྱི་ཚོགས་བདེ་འཇགས་ལ་མངོན་གསལ་གྱི་ཐུགས་ཕན་སོས་མི་ཡོང་བ་ཁོ་ཐག་རེད།

ཉེས་དོན་འདི་དག་མ་ཡོང་བའི་སྔོན་འགོག་དང་། ས་གནས་འདིའི་ཁྲིམས་ཀྱི་དབང་ཤུགས་མཉམ་སྤྱོད་ཐུབ་པའི་ཆེད་དུ་བོད་པ་རང་ཉིད་ནས་བོད་པའི་སྤྱི་ཚོགས་བདེ་འཇགས་ལ་དོན་དང་ལྡན་པའི་འགན་ཞིག་ལེན་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པ་དང་། བོད་པ་འདུས་སྡོད་བྱེད་སའི་སྤྱི་ཚོགས་ཤིག་ལ་རང་ཉིད་རང་གིས་སྲུང་སྐྱོབ་བྱེད་རྒྱུ་ནི་སྤྱི་ཚོགས་ཤིག་ལ་ཚང་དགོས་པའི་ཆེས་གལ་ཆེ་བའི་ཆ་རྐྱེན་ཞིག་ཡིན།

རྒྱ་གར་གྱི་བདེ་འཇགས་ཀྱི་ཁྲིམས་ལུགས་ལ་མཚོན་ན་ས་གནས་སོ་སོར་སྡོད་པའི་བོད་པ་ཚོ་ལ་རང་སྲུང་རང་གིས་བྱས་ཆོག་པའི་ཐོབ་ཐང་ཡོད། རྒྱ་གར་གཞུང་གི་ཡིན་ཆ་འདི་ལ་ལྟོས་ན The Private Security Agencies Act, 2005

ས་གནས་དེར་སྡོད་པའི་བོད་པ་ཚོས་རང་ཉིད་སྲུང་སྐྱོང་བྱེད་པའི་མི་དམངས་ཀྱི་ཉེན་རྟོག་པ་བསྐོ་འཛུགས་བྱེད་ཆོག་པའི་ཐོབ་ཐང་གསལ་པོར་ཡོད་པ་དང་། དེ་བཞིན་ཏུ་ས་གནས་རྒྱ་གར་གྱི་འཛིན་སྐྱོང་ལས་ཁུངས་དང་མཉམ་རུབ་ཐོག། ས་གནས་དེར་སྡོད་པའི་བོད་པ་ཚོས་དང་བླངས་ཐོག་སྲང་ལམ་སྐོར་གཡེང་དང་། འགྲུམ་འགྲིལ་ཕྱོགས་སྟོན། ཁང་ཁུངས་སྲུང་སྐྱོབ་བཅས་བྱེད་ཆོག་པའི་ཐོབ་དབང་ཡོད། དེ་དང་མཉམ་དུ་ས་གནས་སོ་སོ་ནས་སྲང་ལམ་དང་ཁང་པར་གསང་བའི་བརྙན་ལེན་དཔར་ཆས་རྒྱ་བསྐྱེད་བྱས་ཤིང་། དེ་ལ་བོད་པའི་བདེ་སྡུག་ཚོགས་པ་རང་ཉིད་ཀྱིས་སྟངས་འཛིན་བྱེད་ཐུབ་པ་བྱུང་ན། དེ་ནི་ཁྲིམས་ལུགས་ཀྱི་ཁེ་དབང་སྤྱོད་རྒྱུའི་རིན་ཐང་དང་བོད་པའི་སྤྱི་ཚོགས་བདེ་འཇགས་འགན་སྲུང་ཐུབ་པའི་ནུས་པ་ཆེན་པོ་ཐོན་ཐུབ།

གལ་སྲིད་ང་ཚོའི་ས་གནས་མི་དམངས་ནས་དེ་འདྲའི་འགན་ཞིག་བླངས་ཡོད་པ་ཡིན་ན། སྔོན་ཆད་བྱུང་བའི་དོན་རྐྱེན་དང་། ད་རེབ་ཀྱི་དོན་རྐྱེན་འདི་ལྟ་བུ་ལ་ཕན་མི་ཉུང་བ་ཞིག་ཐོགས་ངེས་ལ། མ་འོངས་ཉེས་དོན་སྔོན་འགོག་གི་ཐད་ལ་དེ་བས་ནུས་བ་ཆེན་པོ་ཐོན་ཐུབ། འདི་ནི་ས་གནས་འདིའི་གཞུང་དམངས་གཉིས་ནས་འགན་ཁུར་འོས་པ་ཞིག་དང་། ཆོག་པ་ཞིག ཐུབ་པ་ཞིག་ཡིན་པར་འདོད། །

སྣ་ཚོགས།

Post navigation

Previous Post: དབུས་འོས་བསྡུ་ལས་ཁང་ལ་ཕུལ་བའི་ཞུ་གཏུག་སྙན་ཞུ།
Next Post: “སྤུན་མཆེད་དྲན་པའི་སེམས་ཁོང་གི་ན་ཟུག”

Comments (2) on “རྡ་རམ་ས་ལར་བོད་པའི་ཉེན་རྟོག་སྐོར་སྲུང་བ་ཡོད་ཆོག་པ།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-11-16 at 2:18 pm

    བསམ་ཚུལ་ཡག་པོ་འདོན་འདུག་ཀྱང་གཅིག་བསྡུད་རིང་ལུགས་ཀྱིས་བདག་པོ་རྒྱག་ཀི་མ་རེད་གདའ། དགོས་སར་ཆད་ནས་མི་དགོས་སར་མང་པོ་ལྷག་ཡོད་པ་མཐོང་ཆོས་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-11-17 at 6:56 am

    ཕྱི་རྒྱལ་ཚོང་ཁང་ཆེན་པོ་གཅིག་རང་ལ་ཡང་། བདེ་སྲུང་རྐུ་འཕྲོག་ལྟ་མཁན་ཟུར་འཛུགས་ཆོག་པ་ལྟར། བོད་མི་རང་ལ་བོད་མི་རིགས་འགའ་ཉེ་སྲུང་བཙུག་ཐུབ་ན། བོ་མི་དང་རྒྱ་གར་མི་རིགས་གཉིས་ཀ་ཕན་པ་ལས་ནོད་པ་འོངས་མི་སྲིད་རེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (73)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme