Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་རམ་ས་ལའི་སྨུག་སྤྲིན་གྱི་གསེང་ནས་ གྲོགས་པོ་བོན་རྒྱ་བ་འཚོལ་བ།

Posted on 2010-10-16 By དབང་ཕྱུག་ 1 Comment on རྡ་རམ་ས་ལའི་སྨུག་སྤྲིན་གྱི་གསེང་ནས་ གྲོགས་པོ་བོན་རྒྱ་བ་འཚོལ་བ།

gangwo-copy

དགའ་དགའ།

རྡ་སའི་སྨུག་སྤྲིན་གྱི་གསེང་ན། །
མཆིན་པ་སེམས་པ་ལ་འབྱར་བའི། །
སྙན་ངག་ལྕགས་མདོག་དེའི་ཕག་ན། །
གཟི་བརྗིད་འོད་གོར་གྱིས་བསྒྲིབས་པའི། །
མཐོང་ན་མི་དགའ་ནི་མེད་པ། །
ཐོས་ན་འཛུམ་དགོད་ནི་རང་འཆོར། །
ང་ཡི་གྲོགས་པོ་ཡི་དྭངས་མ། །
བསྟན་རབ་བོན་རྒྱ་བ་བདེ་འམ། །
ཟུར་ལ་ལེབ་ཁ་ཡི་ཁ་སྤྲོད། །
ལེབ་མོར་མདུང་ཚུགས་ཀྱིས་བསྣུན་པ། །
རང་གཤིས་ངར་ཤུགས་ཀྱིས་མདེའུ། །
བཀའ་བློན་ཁྲི་བ་ལ་འཕང་ངམ། །
སྡོང་བོ་ལོ་མ་ཡི་གསེབ་ཏུ། །
ལྐོག་ལྐོག་སུད་སུད་ཀྱི་མི་ཚོགས། །
རེ་དོགས་མིག་ཟུང་གི་འགྱུ་བ། །
འགྱུར་བ་སྐྱེན་ཙམ་ནི་གདའ་མོད། །
རིགས་པའི་དཔའ་བོ་ཡི་གོ་ཆ། །
བདེན་པའི་ཡ་ལད་ནི་བསྒོས་ཏེ། །
ང་རོས་རི་ལུང་ཀུན་འགེངས་པ། །
ང་ཚོའི་ཁ་དན་ན་ལུས་ཡོད། །
ལབ་ནི་དེ་འདྲ་བ་ལབ་མོད། །
སོ་ཚིས་ལྟོ་གོས་ཀྱིས་གཅིར་ན། །
གཅིན་སྐྱག་ཉལ་ས་ན་འཆོར་བ། །
བདེན་པ་འདི་ལས་གང་འདུག་གམ། །
ཡིན་ཡང་རྡ་སྨུག་གྱི་གསེང་ནས། །
སེམས་ངལ་གསོ་བྱེད་ཀྱི་སྙན་ངག །
བུམ་པ་གང་ཙམ་ནི་འཐོར་བ། །
ཡིད་ཀྱི་བྱབས་ཁྲུས་སུ་ཆོག་གོ །
ཡིན་ཡང་རྡ་སྨུག་གི་གསེང་ནས། །
མེ་སྟག་ཕྲན་ཙམ་ནི་མཆེད་པ། །
གྲོགས་པོ་བོན་རྒྱ་བའི་གཙུབས་པའི། །
བརྡར་ཤིང་མཁྲེགས་པོ་དེར་གོ་ཆོག །
ཁོ་བོ་སྲོག་བདག་གི་རྨུགས་ནས། །
ཅང་མེད་ཀེང་རུས་སུ་ལྟ་ཡང་། །
གཞོན་པའི་སེམས་པ་ཡི་རྒྱུན་ཞིག །
ཡོད་པ་ཉུང་ཉུང་འདི་མགུ་ཨང། །
མདུན་གྱི་སྨུག་སྤྲིན་འདི་འཐིབས་ནས། །
ལམ་ཕྱོགས་གསལ་བོ་ནི་མི་འདུག །
འགག་མ་ཆད་པ་ཡི་ཚེ་སྲོག །
སྒྱུ་མའི་དབྱིངས་རིམ་ནས་ཆད་ཤོག །

ཉིས་སྟོང་བཅུ་ལོའི་ཟླ་བདུན་པའི་ཚེས་བཅུ་གཉིས་དགོང་མོར།

སྙན་ངག

Post navigation

Previous Post: ༄༅། །བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་གསར་བསྡུའི་གསལ་བསྒྲགས།
Next Post: དཔའ་བོ་ཞོགས་དུང་ལ་ཕུལ་བའི་འབེལ་རྩོམ་བཀྲ་ཤིས་དགུ་འཕྱུར།

Comment (1) on “རྡ་རམ་ས་ལའི་སྨུག་སྤྲིན་གྱི་གསེང་ནས་ གྲོགས་པོ་བོན་རྒྱ་བ་འཚོལ་བ།”

  1. རྡོ་ཤུལ་ཚང་། says:
    2010-10-21 at 6:02 am

    བོད་ནི་རང་དབང་གི་རྒྱལ་ཁབ་ཡིན་པ་ཙམ་དུ་མ་ཟད་རྒྱལ་ས་དང་རྒྱལ་དར་ནི་ལོས་ཡོད།
    ཁྱིམ་མཚེས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་དེ་ཤེས་རྒྱུ་དེ་གལ་ཆེན་པོ་རེད།
    འོན་ཀྱང་བོད་ཀྱི་རང་དབང་ཤོར་བ་ནི་བོད་རང་གི་མ་འབྱོན་པ་ལས་གཞན་ལ་ཁག་འདོག་ས་མེད་པ་རེད།
    མི་རབས་གསར་པ་ཚོས་ཤེས་དགོས་པ་ནི་བོད་ཀྱི་རང་དབང་སླར་གསོའི་ཆ་རྐྱེན་གང་དགོས་པ་དེེ་ཤེས་དགོསཔ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme