Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་རམ་ས་ལ་ངོ་སྤྲོད། 

Posted on 2017-05-03 By ཁ་བརྡ 2 Comments on རྡ་རམ་ས་ལ་ངོ་སྤྲོད། 

རྭ་རྒྱ་གངས་རྡེའུ།

 

རྡ་སའི་རྐང་ལམ་དེད་ནས་རི་ལ་སོང་།།
མེག་ལོར་ཟེར་བའི་རི་མགོའི་གྲོང་ཞིག་ཡོད།།
བོད་མི་རྣམས་ཀྱིས་རྒྱལ་ས་གཉིས་པ་ཞེས།།
སྙན་ངག་ལྕེ་བརྒྱ་ཅན་ཚོས་ཡང་ཡང་བསྔགས།།

སྲང་མདོ་གསུམ་དང་ལམ་ཕྲན་ཉིས་རྐྱ་ཞིག།།
རྐང་སྣམ་འདོམས་ནས་དར་གྱི་ཁུག་པ་བཞིན།།
གཡས་དང་གཡོན་དུ་ར་བཟིའི་རྐང་རྗེས་ལྟར།།
འཐེན་པ་དེ་ནི་བོད་མིའི་ཁྲོམ་ར་ཡིན།།

རེ་སྒུག་ཐང་དང་བླ་ཅོལ་རྐུབ་བཀྱག་སོགས།།
ཉུལ་བའི་རྣམ་ཐར་ལས་མེད་ཅན་ལ་དབང་།།
ཆབ་སྲིད་འཐེན་འཁྱེར་བླ་ཅོལ་གླུ་དབྱངས་རྣམས།།
ཉི་མ་རིང་པ་ཅན་ཚོས་ཉིན་རྒྱུན་ལེན།།

རྐང་ཤག་གཉིས་པ་བཅད་ནས་མར་ལ་ཕེབས།།
འཛམ་གླིང་མིག་གཅིག་ཞི་བདེ་དེད་དཔོན་མཆོག།
བཞུགས་གནས་གཙུག་ལག་དགའ་ལྡན་ཕོ་བྲང་སོགས།།
གཅིག་ལས་གཅིག་ལྷག་ཡོན་ཏན་བརྗོད་མཐའ་བྲལ།།

དེ་ཡི་མདུན་དུ་འཛམ་གླིང་ཡུལ་གྲུའི་མགྲོན།།
ཉིན་མཚན་ཀུན་ཏུ་རེ་བའི་མིག་ཟུང་ནས།།
དད་པའི་ཕྱག་དང་དོགས་པའི་རྣ་རིང་ཡང་།།
གཞན་ཕན་བྱམས་བརྩེས་འཛུམ་མེར་ཀུན་ལ་གཟིགས།།

དེ་ཡི་གཡས་སུ་རི་ངོས་གཙུག་ལག་ཁང་།།
རྔམ་བརྗིད་རི་བོར་ལ་ཐོད་བཅིངས་པ་དེ།།
རོང་ཆེན་བསྟན་པའི་མངའ་བདག་ཅེས་གྲགས་པའི།
གདན་ས་ཆེན་པོ་བྱེས་པ་གྲྭ་ཚང་ཡིན།།

དེ་ནས་གདོང་ཁ་བཅད་ནས་མར་ལ་ཕེབས།།
ཕྱི་སྡོད་བོད་མིའི་སྒྲིག་འཛུགས་གངས་སྐྱིད་ཅེས།།
འཛམ་གླིང་ཀུན་ལ་གྲགས་པའི་བཙན་བྱོལ་གཞུང་།།
དཔེ་མཛོད་སྨན་རྩིས་བཀའ་སྤྱི་རིམ་གྱིས་བསྒྲིགས།།

ཆབ་སྲིད་མིག་དང་དོགས་པའི་རྣ་མེད་ཚེ།།
ཕྱག་གསུམ་འཚལ་ནས་རྡ་ཤོད་གཞོང་ལ་ཕེབས།།
གྱ་གྱུ་ལམ་ཕྲན་བརྒྱུད་ནས་ཡར་ཕེབས་དང་།།
ནོར་གླིང་སྐལ་བཟང་ཕོ་བྲང་གཉིས་པ་མཇལ།།

གཙུག་ལག་རིན་ཆེན་ནོར་དང་ལག་ཤེས་སོགས།།
བོད་དྲིའི་སྣུམ་ཞག་ད་དུང་ཡལ་མེད་ངང་།།
འཛུམ་མེར་མཛེས་སེ་འབར་པའི་འོད་སྣང་གིས།།
བོད་མིའི་ལོ་རྒྱུས་སྐས་ཚིགས་འདོམ་ལ་གཞལ།།

དེ་ནས་ཡར་ཙམ་སོང་བའི་སུ་ངྷའི་བྷིར།།
རྒྱལ་དབང་ཀརྨའི་འཚུར་ཕུ་བླ་བྲང་དང་།།
དཔལ་ལྡན་སྟོད་བརྒྱུད་གཙུག་ལག་ཆེན་མོ་སོགས།།
ལོ་རྒྱུས་རང་བཞིན་ལྡན་པའི་ས་གནས་ཡིན།།

བྱིན་རླབས་ངོ་མཚར་འཆད་པའི་ལྕེ་བརྒྱ་དང་།།
ཡོན་ཏན་རབ་བཏགས་བརྗོད་པའི་ཚིག་སྦྱོར་སོགས།།
ཀུན་ལ་དཔྱིས་ཕྱིན་ཆུད་པའི་གཏམ་མེད་ཀྱང་།།
ཡོན་ཏན་རང་བཞིན་བརྗོད་པ་དེ་ཙམ་མོ།།

ཕྱི་ལོ་ 2017 ལོ་ 3 པའི་ཚེས་ 1 ལ་བྲིས།

སྙན་ངག

Post navigation

Previous Post: ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༡)
Next Post: འགྱོད་སེམས་ཀྱི་རྒྱང་ཤེལ་དཀར་པོ།

Comments (2) on “རྡ་རམ་ས་ལ་ངོ་སྤྲོད། ”

  1. སྤྱན་ཆེན་པོ། says:
    2017-05-05 at 11:49 am

    ཡག་པོ་བྲིས་འདུག

  2. རྭ་རྒྱ་གངས་རྡེའུ། says:
    2017-05-06 at 11:21 am

    སྤྱན་ཆེན་པོ་ལགས་ཡག་པོ་ད་ཕྲིས་མ་སོང་ད། བཟོ་ཅིག་བྱས་ཡོད། གང་ལྟར་ཀློག་པར་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme