Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྟེན་འབྲེལ་ཞུ་ཡིག་ཕྱིར་དྲན་མ།

Posted on 2015-12-102015-12-10 By ཁ་བརྡ 1 Comment on རྟེན་འབྲེལ་ཞུ་ཡིག་ཕྱིར་དྲན་མ།

སོག་མདའ།

 
སྤྱི་ལོ་༡༩༨༩ ལོར་ང་རང་རྨ་ལྷོ་སོག་རྫོང་གི་མི་རིགས་སློབ་འབྲིང་གི་ལོ་རིམ་དང་པོའི་སློབ་མ་ཡིན་ཞིང་། ང་ཚོས་འཛིན་གྲྭའི་ནང་སློབ་བུ་ཉི་ཤུ་ལྷག་ཡོད། འཛིན་གྲྭའི་འགན་ཁུར་མཁན་གྱི་དགེ་རྒན་རྒན་འབྲུག་ལྷ་ཡིན། ང་ཚོའི་འཛིན་གྲྭ་དང་ལོ་རིམ་གཉིས་པའི་འཛིན་གྲྭ་གཉིས་ཀྱི་ཁང་ཤུར་གཅིག་ཡིན། དེ་དུས་མཐོང་མྱོང་བའི་ལོ་རིམ་གཉིས་པའི་སློབ་གྲོགས་རྣམས་ཀྱི་ནང་ཡོད་པ་གཅིག་ནི་ད་ལྟའི་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་དབྱིན་ལན་ཨོ་སི་ཧྥོ་ཏི་སློབ་གྲྭར་ཆེན་མོར་འབུམ་རམས་པའི་ཕྱག་འཁྱེར་ཐོབ་པའི་སྐུ་ཞབས་བླ་མ་སྐྱབས་རེད།

དེ་དུས་ཁོང་གི་རྣམ་དཔྱོད་དང་སློབ་སྦྱོང་གི་སྐོར་ལ་ང་ལ་གསལ་ཆ་མེད་ཡང་། ཕོ་གསར་ཧ་ཅང་གི་མཛེས་ཉམས་ལྡན་པ་ཞིག་ཡོད་པ་སློབ་གྲོགས་ཀུན་གྱི་བསྔགས་བརྗོད་བྱེད་ཡུལ་ཞིག་ཡིན། དེ་ནས་ལོ་གཅིག་གཉིས་ལྷག་གི་རྗེས་སུ་ཉིན་ཞིག་སློབ་གྲྭའི་ནང་གསར་འགྱུར་ཧ་ཅང་གི་ཆེན་པོ་བྱུང་བ་ནི། སློབ་བུ་བླ་མ་སྐྱབས་དང་དགེ་རྒན་ལྷ་ཅ་དགེ་རྒན་མགོན་པོ་ཚེ་རིང་གསུམ་རྒྱ་གར་ལ་བྲོས་སོང་བས། གསར་འགྱུར་སློབ་གྲྭ་ནས་རྫོང་མཁར་དང་། རྫོང་མཁར་ནས་རུ་འབྲོག་ཀུན་ལ་ཁྱབ་པར་གྱུར།
unnamedང་ཚོའི་སློབ་གྲོགས་ཚོས་བཤད་ན་དགེ་རྒན་ལྷ་ཅ་དང་དགེ་རྒན་མགོན་པོ་ཚེ་རིང་གཉིས་གསང་བའི་སྒོ་ནས་རྒྱ་གར་ལ་འགྲོ་རྩིས་བྱེད་ཀྱི་ཡོད་པ་བླ་མ་སྐྱབས་ཀྱིས་ཤེས་ནས། ཁྱེད་གཉིས་ཀྱིས་ང་མཉམ་ཏུ་མི་འཁྲིད་ན་ངས་ཕ་མར་བཤད་རྒྱུ་ཡིན་ཞེས་བཤད་པས། ཁོང་གཉིས་ཀྱིས་བླ་མ་སྐྱབས་མི་ཁྲིད་ག་མེད་བྱུང་ནས་ཁྲིད་པ་རེད་ཟེར། འདི་ནི་ང་ཚོའི་སློབ་གྲོགས་རྣམས་ཀྱིས་ཕན་ཚུན་ལ་བཤད་པའི་་གསར་འགྱུར་རེད། དངོས་ཡོད་དེ་ལྟར་མིན་པ་ནི་དགེ་རྒན་ལྷ་ཅ་ལགས་ཀྱིས་བྲིས་པའི་”རྨི་ལམ་མངོན་གྱུར་པའི་སྐྱེས་བུ་ཞིག་”ཞེས་པར་གསལ།

འདི་ལྟར་ཕོ་ཉམས་ཡག་པའི་གསར་རུ་ཆུང་ཆུང་ཁོང་གིས་དམ་བཅའ་བརྟན་པོ་ཞིག་དང་རྨི་ལམ་དྲོན་པོ་ཞིག་རུམ་ལ་བཅུག་ནས་ལམ་ལ་ཆས། རིམ་གྱིས་རྒྱལ་ཁམས་རིག་པས་བསྐོར་ནས་དབྱིན་ལན་ཨོ་སི་ཧྥོ་ཏྲི་སློབ་གྲྭ་འབུམ་རམས་པའི་ཕྱག་འཁྱེར་ཐོབ་པ་དང་། འབུམ་རམས་པ་ཉི་ཤུ་ལྷག་གི་ཁྲོད་ནས་བདམས་ཐོན་གྱིས་སློབ་ཆེན་དེ་ཡི་ཆེད་མཁས་ཞིབ་འཇུག་པ་དང་དགེ་རྒན་གཅིག་ལྕོགས་ཀྱི་ཁྲི་སྟེགས་ན་འགྱིང་འདུག

དེ་རིང་སྟེ་སྤྱི་ལོ་༢༠༡༥ ལོའི་ཟླ་༡༢ ཚེས་༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༧ ནས་༩་༣༠ ཕྱེད་ཀ་བར་དུ་སྐུ་ཞབས་བླ་མ་སྐྱབས་ལགས་ཀྱིས་༼བོད་ཀྱི་དེང་རབས་རྩོམ་རིག་གི་ཡིག་ངག་གི་རྩོམ་རྒྱུན་ཏེ། གཡོལ་ཐབས་མེད་པའི་བོད་ཡུལ་༽ཞེས་པའི་དཔེ་དེབ་དཔར་སྐྲུན་ལེགས་འགྲུབ་ཀྱིས་དཔེ་སྟོན་མཛད་སྒོ་་Haldane Room Wolfson collgege oxford རུ་འཚོགས་འདུག་པ་ལ་སྤྲོ་སེམས་འཁོལ་བའི་འཚམས་འདྲི་དང་ལྷན། སྐུ་ཉིད་ཀྱི་བྱ་གཞག་ལྷུན་འགྲུབ་ཡོང་བའི་ཁ་གཡང་དང་བཅས། བཀྲ་ཤིས་ཤོག །

སྤྱི་ལོ་༢༠༡༥་༡༢་༩་ ཉིན་རང་ཤག་ནས་བྲིས།

དྲན་ཐོ།

Post navigation

Previous Post: གངས་རིའི་མིག་གཅིག་སྐུ་དྲིན་ཆེ།
Next Post: སྤྲུལ་སྐུ་དགོས་པའི་མན་ངག་བཅུ་བ་འཁོར་འདས་གསལ་བའི་མེ་ལོང་།

Comment (1) on “རྟེན་འབྲེལ་ཞུ་ཡིག་ཕྱིར་དྲན་མ།”

  1. ཇ་མ says:
    2015-12-12 at 4:25 pm

    འགོ་རྔ་གཉིས་མེད་པའི་ཁྱབ་བསྒྲགས་འདྲ་བོའམ་ཡང་ན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme