Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྟག་བརྟན་གྱི་སྙན་ཚིག

Posted on 2012-02-142012-02-14 By ཡེ་ཤེས་ 43 Comments on རྟག་བརྟན་གྱི་སྙན་ཚིག


ཀླུ་སྨྱོན།

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག

སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །

ཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །

དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །

འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །

ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །

ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །

ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །

ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
གདུག་རྩུབ་ཅན་གྱི་རྒྱ་མི་དམར་པོ་དང་། །
བྱམས་སེམས་ཆེ་བའི་གངས་ཅན་སྐྱེ་བོ་རྣམས། །
གཅིག་གིས་གཅིག་ལ་བརྩེ་བའི་མཛའ་གྲོགས་བཞིན། །
ཉིན་མཚན་ཉལ་ས་གཅིག་ཏུ་འཚོ་བར་ཤོག །

སྙན་ངག

Post navigation

Previous Post: མ་འདུག་བོད་ཕྲུག་གཞོན་ནུ ད་ལོངས་ཤིག
Next Post: ཛ་དྲག་གི་བཀའ་སྤྱི་ལྷན་རྒྱས།

Comments (43) on “རྟག་བརྟན་གྱི་སྙན་ཚིག”

  1. བཀྲས་ཁང་། says:
    2012-02-14 at 3:24 am

    ཨ་ལག་ཚང་གི་ཐུགས་སྨོན་གནང་བར་ངོ་མ་བཀྲིན་ཆེ། མཐུ་དང་ནུས་པ་ལོས་ཡོད།

  2. ཁ་འབར says:
    2012-02-14 at 4:25 am

    སྐྱབས་སུ་འཆི ང་ཚོ་བོད་ནས་མྱི་ག་ཚད་ཤི་མིན་གྲངས་ཀ་རྒྱག་ཚེ་ཁོས་བརྩེ་དུངས་ཀྱི་སྐད་ཆ་རེ་བཤད་པར་ངོས་བྱ་ཟི་རྩོག བཀའ་འགྱུར་གླུ་སྨྱོན་གྱི་མཇེ་ནི་གཏུབ་དགོས་ས་མ་ན བྱུང་ལངས་རྒྱུ་མེད་ནི་ཟི་དགོས་ས་རེད

  3. ཐུབ་པ། says:
    2012-02-14 at 4:53 am

    ཡ་ཡ། དོ་དགོང་ཚེ་རིང་སྐྱིད་དང་མཉམ་དུ་སྐྱིད་པོ་ཞིག་གཏང་གི་ཡིན། ད་ཡིན་ན་སྐྱིད་པོ་བཏང་སོང་།

  4. རྒྱ་གར་རྨ་བྱ། says:
    2012-02-14 at 5:05 am

    དུས་སྐབས་འདི་འདྲའི་བར་གསེང་ནས་སྙན་ངག་མཁན་པོའི་མཛའ་གཏམ་རེ་བསྲིངས་བ་ནི། ཡིད་གསོའི་མཆོད་ཆང་དུ་གྱུར་སྟེ། སྐྱོན་དུ་མི་སྣང་པར་དགེ་རུ་མཐོང་བས་མུ་མཐུད་རོགས་གནང་།

  5. རྩམ་དགའ། says:
    2012-02-14 at 6:35 am

    ཕྱི་གླིང་མི་ཡིས་རྩིས་སུ་འཛིན་པ་ཡི། །
    ཉིན་མོ་འདི་ལ་འདོད་ལྡན་སྤུན་ཟླ་ཚོར། །
    རང་རང་ས་ནས་སྟུ་དང་མཇེ་རྒོད་ཀྱི། །
    འཚོ་བའི་བདེ་སྐྱིད་གསར་བ་ཐོབ་པར་ཤོག །

    ཆེ་ན་ཆེ་བའི་ཚོད་ཀྱི་བདེ་བ་དང་། །
    ཆུང་ན་ཆུང་བའི་སྟབས་ཀྱི་བདེ་བ་སོགས། །
    རང་རང་སོ་སོར་གང་དགོས་གང་འདོད་ཀྱིས། །
    མཚན་མའི་བདེ་སྐྱིད་གསར་བ་ཐོབ་པར་ཤོག །

    ང་ལ་སྣང་བའི་ཡིད་འོང་མཛེས་མ་དེ། །
    ཁྱེད་ལ་འདྲེ་མོ་ལྟར་ཞིག་སྣང་ན་ཡང་། །
    རང་རང་སོ་སོའི་མིག་ལ་ཡག་བཙོག་ལས། །
    སྟུ་མཇེའི་བདེ་བ་གཅིག་ཏུ་མཐོང་བར་ཤོག །

  6. རྡ་སའི་གླུ་བ། says:
    2012-02-14 at 6:50 am

    དངོས་གནས་དེ་རིང་ཨ་ཁུ་ཀླུ་སྨྱོན་མིན་རྒྱུ་ན་ངས་དགའ་རོགས་དུས་ཆེན་ཡིན་པ་བརྗེད་འདུག ཨ་ཁུ་ལགས་ཐུགས་རྗེ་ཆེ། དེ་མིན་ངའི་དགའ་རོགས་ཀྱིས་ངའི་རྣ་བ་འཐེན་ཉེན་ཆེ་བས། དོ་ནུབ་དམར་ལམ་ལམ་གྱི་མེ་ཏོག་ཅིག་དང་དྲོད་ལམ་ལམ་གྱི་བདེ་སྟེར་ཞིག་འཁུར་ནས་འགྲོ་རྒྱུ་ཡིན། ད་དུང་ཨ་ཁུ་ལགས་ཀྱིས་གསུངས་པ་ལྟར་ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །

    ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །

    ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །

    ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
    དེ་འདྲ་རང་བྱ་རྒྱུ་ཡིན་དཱ། ཨ་ཁུ་ཀླུ་སྨྱོན།

  7. རྡ་སའི་གླུ་བ། says:
    2012-02-14 at 6:54 am

    ཨ་ཁུ་ཀླུ་སྨྱོན། ཁྱོད་མིན་ན་ངས་དེ་རིང་དགའ་རོགས་དུས་ཆེན་ཡིན་པ་ཤེས་མ་སོང་། ཐུགས་རྗེ་ཆེ། དོ་ནུབ་ངས་དམར་ལམ་ལམ་གྱི་མེ་ཏོག་རྐང་གཅིག་དང་དྲོད་ལམ་ལམ་གྱི་བདེ་སྟེར་འཁྲེགས་པོ་ཞིག་འཁུར་ནས་དོ་ནུབ་དགའ་མའི་སར་སོང་ནས་ཁྱོད་ཀྱིས་གསོལ་སྨོན་བཏབ་པར་ལྟར།
    ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །

    ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །

    ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །

    ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
    ལས་འགུལ་སྤེལ་གྱི་ཡིན་དཱ། ཧཧཧཧ

  8. ལྕགས་འགོར says:
    2012-02-14 at 10:15 am

    དེ་རིང་དགའ་རོགས་དུས་ཆེན་ཉིན་མོ་ལ།།
    ཨ་ཁུ་ཀླུ་སྨྱོན་ཆགས་པའི་སྨྱོ་ལ་ཁད།།
    ཤམ་ཐབས་དམར་པོ་མཇེ་ཡི་ཕུག་ལ་ཁད།།
    སྨན་ཆུང་བུ་མོ་མཐོང་ན་ལྡང་ལ་ཁད།།

  9. མྱི་ལྟིག says:
    2012-02-14 at 10:39 am

    ཁོ་ཚོས་ག་རེ་བཤད་མིན་ལ་མ་བལྟས་པར་ངས་བཀླགས་ཟིན། གང་ལྟར་སེམས་ཚོར་ཡ་མཚན་ཞིག་རེད།

  10. གངས་སེང་། says:
    2012-02-14 at 10:55 am

    ༧ སྲ་ཞིང་འཁྲེགས་པའི་མཇེ་གོག་རིང་པོ་དེ། ཚ་ཞིང་དམ་པའི་སྟུ་མོའི་ཁུང་བུའི་ནང། དྲག་ཏུ་བསྣུན་པའི་བདེ་བའི་ཡེ་ཤེས་དེ། སྐྱེ་འགྲོ་ཀུན་གྱིས་ཡོངས་སུ་མྱོང་བར་ཤོག ། ༧  བུ་མེད་ཀུན་ནི་མཁའ་འགྲོའི་རང་བཞིན་ཏེ། དེ་སྤངས་སྐྱེ་བོ་དགེ་སློང་ཞེས་བྱ་ཡང་། གོང་གི་བདེ་བའི་ཡེ་ཤེས་ཀྱིས་སྟོང་པས། ཡང་དག་སངས་རྒྱས་ས་ལ་རེག་མི་འགྱུར། ༧ འོན་ཀྱང་གནས་སྐབས་མཐོ་རིས་བདེ་བ་ཙམ། ཐོབ་པ་དེ་ནི་ཐམས་ཅད་མཁྱེན་པས་གསུངས། དེ་ནི་ངན་སོང་ལ་ལྟོས་བདེ་བ་ཙམ། ཟད་མི་ཤེས་པའི་བདེ་བ་ག་ལ་འགྱུར། ༧ ཐམས་ཅད་མཁྱེན་པའི་གོ་འཕོང་ལ་འདོད་ན། གཉིས་སྦྱོར་དབང་པོའི་བདེ་བ་དང་དུ་ལོངས། དེ་ནི་བདེ་སྟོང་ཡེ་ཤེས་འདྲེན་པའི་ཕུལ། ཐུབ་པ་མཆོག་གི་རྣམ་ཐར་གཟིགས་དང་ཤེས། 

  11. གངས་སེང་། says:
    2012-02-14 at 11:06 am

    ༧ བུ་མེད་ཟེར་བ་བདེ་བ་བདེ་བའི་འབྱུང་ཁུངས་ཏེ། མཛེས་དང་མི་མཛེས་དབྱིབས་དང་ཁ་དོག་ཙམ། སྟུ་མོའི་བདེ་བ་ཁྱད་པར་མེད་མཐོང་བས། དེ་ནི་ཚད་མའི་རྣམ་དཔྱོད་ལས་འདས་བསམ། 

  12. རྡོ་ཕྲུག says:
    2012-02-14 at 11:21 pm

    གྲྭ་བའི་ཆགས་གཏམ་ལ་ལྟ་འདོད་ཕར་ཞོག ཐ་ན་ཉན་འདོད་ཅིག་ཀྱང་མི་འདུག་མོད། འོན་ཀྱང་དགོན་པ་དོར་སྟེ་ནུབ་ཕྱོགས་ན་དངུལ་ལ་རྔམས་བཞིན་པའི་གྲྭ་མིན་སེར་མིན་རེ་ཟུང་གིས་འདི་འདྲའི་དགོས་མེད་ཀྱི་རྩོམ་ཡིག་སྤེལ་སྟེ་ཆགས་སེམས་ཀྱི་མེ་ལྕེ་འབར་བ་ལས་སྟོན་པ་ཕྱག་གསུམ་འཚལ་ཏེ་སྡོམ་པ་འབུལ་ན་མི་ལེགས་སམ།

  13. བཀྲས་ཁང་། says:
    2012-02-14 at 11:57 pm

    གྲོགས་པོ་རྡོ་ཕྲུག་ལགས། ངོ་མ། ཁྱེད་རང་རྡོའི་ཕྲུ་གུ་རང་རེད་འདུག ཆགས་པའི་སྐོར་གླེང་དུས་དེ་འདྲ་ཞེད་སྣང་བྱེད་དགོས་དོན་ཨེ་ཡོད། ཀླུ་སྨྱོན་ལ་ཟུར་མང་པོ་ཡོད། འདིར་ང་ཚོ་མདུན་དུ་ཡོད་པའི་ཀླུ་སྨྱོན་ནི་འཁྲུལ་མེད་ཀྱི་སྙན་ངག་མཁན་ཞིག་གི་སྣང་བརྙན་རེད། སྙན་ངག་མཁན་ངོ་མ་ཞིག་ཡིན་སོང་ན། བུད་མེད། འདོད་ཡོན་གྱི་བདེ་བ་སོགས་ནི་འཇིག་རྟེན་པའི་སྙན་ངག་མཁན་ཚོར་བརྗོད་བྱ་རྗོད་བྱེད་ཁ་ཡོད་ལག་ཡོད་དང་། ཕུན་སུམ་ཚོགས་ཤོས་ཤིག་རེད། འདི་ནི་སྙན་ངག་གི་འགོག་ཏུ་མེད་པའི་འབྱུང་ཁུངས་ཤིག་ཀྱང་རེད། གྲོགས་པོ་ལགས། སྙན་ངག་སྦྱོངས་དང་། ཁྱེད་རང་ལའང་ཀླུ་སྨྱོན་ཚང་གི་བདེ་བའི་བྲོ་བ་ཞིག་འཐོབ་ངེས། ཁ་བྲོ།

  14. ཀརྡོ་གཉེར་ཕྱག་པ་ says:
    2012-02-15 at 9:44 am

    སྐྱོ་གྲོགས་དུས་དྲན་མེད་པར། །
    དགའ་གྲོགས་ཉིན་མོའི་ཅིས་བྱ། །
    འདོད་པ་སྟོབས་ཀྱིས་མི་གནོན། །
    འདོད་སྒྲིག་ལུགས་སྲོལ་སྲོལ་ངན། །

    བོད་ལ་དགོས་རྒྱུ་རང་དབང་། །
    བོད་མིར་དགོས་རྒྱུ་ཕན་བདེ། །
    སུ་ཡིས་བསྒྲུབས་ཀྱང་དགའ་བསུ། །
    སྲོལ་བཟང་ཡོད་ཚད་དགའ་འོས། །

  15. ཚངས་དབྱངས། says:
    2012-02-15 at 12:39 pm

    དཔེ་ཡག་པོ་འདུག བརྩེ་བའི་ཞར་ལ་ཆོས་ཀྱང་བྱེད་རྒྱུ་འདུག ཡིན་ནའང་། 

    “གདུག་རྩུབ་ཅན་གྱི་རྒྱ་མི་དམར་པོ་དང་། །
    བྱམས་སེམས་ཆེ་བའི་གངས་ཅན་སྐྱེ་བོ་རྣམས། །
    གཅིག་གིས་གཅིག་ལ་བརྩེ་བའི་མཛའ་གྲོགས་བཞིན། །
    ཉིན་མཚན་ཉལ་ས་གཅིག་ཏུ་འཚོ་བར་ཤོག །”

    ཅེས་པ་འདིའི་སྨོན་ལམ་མ་སྒྲུབ་ན་ལེགས་ས་རེད། ང་རྒྱ་མོ་མཉམ་དུ་མཚན་གཅིག་ལྟ་ཅི། ཆུ་ཚོད་གཅིག་ཀྱང་ཉལ་ཐུབ་ས་མ་རེད། 

  16. ལོ་མ་ལྗང་ཁུ says:
    2012-02-15 at 1:56 pm

    ཨ་ལགས་ཚང་གི་ལོ་ན་ཅི་ལྟར་མཐོ་རུ་སོང་ན་དེ་ལྟར་སེམས་པ་ཅེ་གཞོན་རེད་། སྐྱབས་སུ་འཆི་ཁོང་གི་འཇེ་ལ་བོད་ཕྲུག་གཅིག་མང་དུ་གཏོང་བའི་ནུས་བ་ཡོད་ན་ཅི་མ་རུང་།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-02-15 at 3:17 pm

    སྔོན་མངའ་རི་ས་གར་ཞ་་མཁའ་འགྲོའི་གླིང་ལ། མཛའ་བོ་ཞིག་མཛའ་མོ་ཞིག་ལ་ཤིན་ཏུ་ཆགས་པ་ན། མི་གཞན་ཞིག་གིས་མོ་ལ་ཆགས་དགོས་པ་ཅི་ཡོད་དམ། མཛེས་སྡུག་ཅིག་ཅང་མི་འདུག་ཅེས་སྨྲས་པ་ན། ཆགས་ལྡན་གྱི་སྐྱེས་བུ་དེས། ཅི་ཟེར། ངའི་མིག་གི་ལྟ་ཚུལ་གྱིས་མཛེས་མ་དེ་ལ་ལྟོས་དང་། ཞེས་བཤད་ཡོད་པ། བདག་གིས་ཆོས་གྲོགས་མཁས་དབང་དངོས་གྲུབ་ཚེ་རིང་ལས་གྲོང་ཁྱེར་གསལ་ལྡན་དུ་ཐོས་སོ།།

  18. ཀརྡོ་གཉེར་ཕྱག་པ་ says:
    2012-02-15 at 3:30 pm

    གར་ཞྭ་མཁའ་འགྲོའི་གླིང་། ཁ་ལ་བྲ་༼བག་ལེབ་རིགས་ཞིག༽ཝུའི་གླིང་། རྐང་པ་རྩ་༼རྩ་ལས་བཟོས་པའི་ལྷམ་སྣྲིང་མ་༽རས་གླིང་། ཤི་ན་དམྱལ་བའི་གླིང་། ཞེས་ཟེར་སྲོལ་ཡང་འདུག་ལགས། རྒན་དངོས་གྲུབ་ལགས། བཀྲ་ཤིས་དཔལ་འབྱོར་ལགས་གཉིས་དང་། ཡང་ལ་དྭགས་པའི་མཁས་པ་ཁོང་གི་མཚན་ད་ལྟ་ཁ་ཐུག་དྲན་མ་བྱུང་བ་དེ་དག་དང་མཉམ་དུ་བགློ་གྲེང་ཚོགས་འདུ་ཐེངས་འགའ་འཚོགས་རྒྱུ་རག་པས་དགའ་བ་ནི་དུས་ད་ལྟའང་སོས་པར་དྲན་བགྱིན་འདུག དེའི་སྐབས་ཀྱི་འདོད་ལྡན་དེ་ང་ཡིན་མི་སྲིད་པ་མ་རེད་སྙམ་ལགས། ཧ་ཧ། ཀུ་རེ་ཡིན་ནོ། །

  19. རིག་པའི་བུ says:
    2012-02-15 at 4:17 pm

    བུ་མོ་མེད་ན་འཇིག་རྟེན་རིན་ཐང་མེད།།
    རིན་ཐང་མེད་པའི་མི་ལུས་བླངས་དོན་ཅི།།
    དེ་ན་འཇིག་རྟེན་འཚོ་བ་དོན་སྙིང་སླད།།
    ལོ་ཆུང་མཛེས་མ་གནས་འདི་འོང་བ་ངེས།།

    དཀར་གསལ་ཞལ་ངོ་མེ་ཏོག་དོ་ཟླ་རེད།།
    མཆུ་སྒྲོས་པདྨ་མ་དུང་གི་ནོར་བུ་རེད།།
    ནོར་བུས་ཕོ་མཚན་འཇུབ་ཤིང་གདེགས་པའི་ཚེ།།
    ཕོ་ལུས་རིན་ཆེན་ཡིན་པའི་ངེས་བ་རྙེད།།

    མཇེ་མགོ་འོ་རེ་སྐྱེལ་ཞིང་རྔུབ་པའི་དུས།།
    འཇིག་རྟེན་འདི་རུ་ཡོང་བའི་དོན་སྒོ་རྙེད།།
    ཁུ་བ་ལྕེ་ཡིས་འཐུང་བཞིན་འཛུམ་བསྟན་དུས།།
    རྣམ་ཤེས་དག་ཞིག་དྲངས་བ་གཞི་ནས་འཚོར།།

  20. མིག་བརྒྱད་པ། says:
    2012-02-15 at 10:44 pm

    བོད་མཁས་པའི་སྙན་ངག་དཔེ་བརྗོད་དུ།
    མེ་ཏོག་ལམ་དུ་བགྲོད་པར་མ་བྱས་ཤིང་།།
    གཞོན་ནུའི་བརླ་ཡི་འཁྲི་ཤིང་བསྲུབས་མིན་ལ།།
    ཡལ་འདབ་ལྔ་བའང་བསྐྱོད་པ་བྱས་མིན་པར།།
    དྲན་པའི་ཀ་ཆེན་འགྱེལ་འདིས་སྣང་བ་སྐྱོ།།
    ཞེས་པའི་དོན་ཇི་ལྟར་འགྲེལ།

  21. ཀརྡོ་གཉེར་ཕྱག་པ་ says:
    2012-02-16 at 12:04 am

    བོད་མཁས་པའི་འགྲེལ་པ་མིག་བརྒྱད་ལགས་སུ།

    བགྲོད་བྱ་པདྨར་བགྲོད་པར་མ་བྱས་ཤིང་། །
    གཞོན་ནུའི་བརླ་ཡི་བར་ལ་མ་བསྲུབས་ཤིང་། །
    ཡལ་ལག་ལྔ་མཛུབ་བསྐྱོད་པར་བྱས་མིན་པར། །
    དྲན་ཐོར་ཕོ་མཚན་་འགྱེལ་འདིས་སྣང་བ་སྐྱོ། །

    འདི་ནི་རང་སེམས་གསོ་བའི་འགྲེལ་པའོ། །

  22. མིག་བརྒྱད་པ། says:
    2012-02-16 at 12:17 am

    གར་ཞྭ་མཁའ་འགྲོ་གླིང་། ཤམ་བྷ་ལའི་ལམ་ཡིག་ཏུ་གར་ཞྭའི་བུ་མོ་ཞིང་སྐྱེས་མའི་རིགས་ཡིན་ཚུལ་གསུངས་འདུག་ལ། སྔོན་གྱི་དུས་སུ་དེ་ལྟར་ཡོད་སྲིད། ལུང་སྨད་དུ་བྲག་གཏོར་མའི་དབྱིབས་འདྲ་བ་ཡོད་པ་ལ་ཟླ་གཅིག་བསྙེན་སྒྲུབ་ལ་བསྡད་ན་གནོད་སྦྱིན་མས་བྲག་སྒོ་ཕྱེ་ནས་ཡོང་སྟེ་ཤམ་བྷ་ལའི་ཡུལ་དུ་ཁྱེར་འགྲོ་ཟེར། འོ་མ་ཅན་གྱི་མཚོ་ལས་གར་ཞ་འཕགས་པ་འཁྲུངས་ཚུལ་གནས་ཡིག་ཏུ་གསལ། འོན་ཀྱང་ང་རང་མཚོ་དེར་ཡོད་སར་དངོས་སུ་བསྐྱོད་སྐབས་རྫིང་བུ་ཆུང་ཆུང་ཞིག་ལས་མེད་ཀྱང་དེར་ཆུ་འོ་མའི་མདོག་ལྟ་བུ་འདུག་ལ། ཁ་ལ་མྱངས་བས་འོ་མའི་བྲོ་བ་དང་འདྲ་བྱུང་། མཚོ་དེ་རིམ་གྱིས་བྲི་ནས་དེང་སང་ཁང་མིག་ཞིག་གི་རྒྱ་ཁྱོན་ཙམ་ལས་ཕལ་ཆེར་སྐམ་ལ་ཉེ། མཁའ་འགྲོ་མའི་བྷ་ག་ཡིན་ཟེར་བའི་བྱ་ལེ་ལྟ་བུའི་བྲག་འབུར་འབུར་ཞིག་གི་སྟེང་དུ་དགོན་པ་ཞིག་འདུག ། དེ་ནི་ཤ་ཤུར་དགོན་པ་ཟེར། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེའི་འཁོར་གཡོག་རྣམས་དེ་རུ་ལོ་ཁ་ཤས་བཞུགས། །སློབ་མ་མང་པོར་ཆོས་གསུངས་ནས་གནས་དེར་སྐུ་མྱ་ངན་ལས་འདས་ནས་སྐུ་གདུང་ཡང་དེང་སང་མཆོད་རྟེན་བཞེངས་ཡོད། ང་རང་དེ་རུ་དངོས་སུ་སོང་ནས་ལོ་གསུམ་བསྡད་རིང་དཔེ་རྙིང་བྲིས་མ་ཡིག་གཟུགས་ལེགས་པ་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་ས་དགེ་ཀར་རྙིང་གི་བླ་མ་མང་པོའི་རྣམ་ཐར་དཔེ་ཆ་སྣ་རིང་པོད་བརྒྱ་ལྷག་ཅིག་བཞུགས་པ་ལྟ་ཀློག་ཐུབ་ཙམ་བྱུང་། ཤིན་ཏུ་དཀོན་པའི་དག་ཡིག་སྐོར་དང་རྣམ་གླིང་པཎ་ཆེན་གྱི་སུམ་འགྲེལ། ད་དུང་ཁ་བྱང་གསེར་བྲིས་ཡུམ་ཚར་གཉིས་དང་འབྲུག་པ་པདྨ་དཀར་པོའི་གསུང་འབུམ་ཡང་བཞུགས། དགོན་པ་འདིའི་རྒྱབ་རི་དང་ཁོར་ཡུག་ཀུན་ཤུག་སྡོང་གིས་ཁྱབ་ཅིང་དྲི་ཞིམ་ཀུན་ཏུ་ཁྱབ། མཁའ་དབུགས་གཙང་། ཉམས་དགའ་བའི་གནས་འདིར་སྔོན་ཆད་ཡུལ་གཞན་ནས་བཅུད་ལེན་ལ་བཞུགས་མཁན་དང་མཚམས་ལ་སྡོད་མཁན་མང་པོ་འདུག་མོད། དེང་སང་དགོན་པ་འཐོར་ལ་ཉེ་བའི་སྐབས་ཡུལ་མིས་འབྲུག་ཆེན་རིན་པོ་ཆེ་ལ་ཕུལ་ཟིན་ཟེར།

  23. མིག་བརྒྱད་པ། says:
    2012-02-16 at 12:24 am

    རྐ་རྡོ་ལགས། ད་བྱས་ན་དེའི་གོ་དོན་བོད་མཁས་པ་ཁོང་ནི་བཙུན་པ་རྣམ་དག་ཅིག་ཡིན་གསུངས་པ་མ་རེད་དམ།

  24. དྲི་མེད་ལྷག་བསམ། says:
    2012-02-16 at 12:54 am

    བཀུར་འོས་མིག་བརྒྱད་པ་ལགས། རྣམ་ཐར་དེར་དཔེ་དཀོན་ཅི་ཡོད་དང་དཀར་ཆག་མདོར་བསྡུས་ཤིག་གསུང་གནང་རོགས། ཡང་གར་ཞྭའི་གནས་ཡིག་དེ་ཕྱག་ཏུ་ཡོད་ན་བརྒྱུད་འགོད་བརྩེ་གཟིགས་གནང་སྐྱོང་ཡོད་པ་བཅས།

  25. ཀརྡོ་གཉེར་ཕྱག་པ་ says:
    2012-02-16 at 1:04 am

    མིག་བརྒྱད་པ་ལགས།
    ང་ཚོའི་དྲ་གྲོགས་ཀླུ་སྨྱོན་ལྟར་། བོད་མཁས་པ་ཁོང་སྙན་ངག་ལ་བྱང་ཆུབ་པས། དགེ་སློང་ཡིན་ན་ཡང་། ཁོང་གི་ཞལ་དེ་གང་ལས་བཙོག་པ་ཅིག་ཡོད་པ་ཐག་ཆོད། ང་གར་ཞྭར་ལོ་གཉིས་གསུམ་དགེ་རྒན་་བྱས་ནས་བསྡ་དུས་མ་མཐོང་བ་ཅིག་ཁྱེད་ཁྱི་མིག་བརྒྱད་ཀ་བེད་སྤྱད་ནས། ང་ལས་ལྷག་པ་མང་པོ་ཅིག་མཐོང་པ་འདི་ལ་ཡི་རངས་སོ།

  26. ཀླུ་སྨྱོན། says:
    2012-02-16 at 1:51 am

    ངའི་སྙན་ངག་ཡིན་ལ་མིན་ལ་དེར་མཆན་མང་པོ་ཞིག་བཏབ་འདུག ཐུགས་རྗེ་ཆེ། ད་སྙན་ངག་ཡིན་དང་འདོད་བསྟན་ཡིན་མི་ཤེས་པ་ཞིག་བྲིས་ཡོད་པ་དེ་ཡང་འདིར་འགྱངས་མིན་ཁྱེར་ཡོང་གི་ཡིན་ད། ངོ་ཚ་ཟོག་རྫུ་ཅན་ཚོ་རྒྱ་མཚོའི་ཕ་རོལ་ཏུ་ཕེབས་རོགས་ཞུ། ཡང་མིན་ན་མངོན་པ་མཛོད་ལས་གསུངས་པའི་གླིང་བར་གྱི་མུན་ནག་ནང་དུ་ཕེབས་རོགས་ཞུ།

  27. དོལ་སྨྱོན། says:
    2012-02-16 at 2:36 am

    ཡ་ཡ། མགྱོགས་པོ་ཁྱེར་ཤོག་ཨ། ང་ཚོ་སྒུག་ནས་ཡོད་དོ།།

  28. མིག་བརྒྱད་པ། says:
    2012-02-16 at 2:51 am

    དྲི་མེད་ལྷག་བསམ་ལགས། ལོ་རབས་དགུ་ཅུའི་ནང་ང་རང་ཐེངས་དང་པོར་གར་ཞྭ་འཕགས་པ་ལ་མཇལ་དུས་སྐུ་གཉེར་རྒད་པོ་ཞིག་གི་ལག་ཏུ་གཪ་ཞྭའི་གནས་ཡིག་སྣ་ཐུང་སྤོས་ཙམ་མ་རྙིང་ཧྲུལ་དུ་གྱུར་བ་ཞིག་འདུག་ལ། ཤོག་གྲངས་ལྔ་དྲུག་ཙམ་ལས་མི་འདུག །ངས་གཡར་བོ་ཞུས་ཏེ་ཀློག་ཞོར་དུ་དབུ་ནས་མཇུག་བར་ཆ་ཚང་བ་ཞིག་བྲིས་ཡོད། ཡིད་ཕངས་བ་ཞིག་ལ་ལམ་བར་ནས་ངའི་འབྲི་དེབ་བརླགས་སོང་། མི་ཚང་ཁ་ཤས་ན་བོད་ཤོག་དཔེ་ཆ་རྙིང་པ་འགའ་རེ་འདུག་པ་ཁོ་ཚོས་ཡབ་མེས་རྣམས་ཀྱི་ཡིན་ཟེར་ནས་མཆོད་འབུལ་བྱེད་ཅིང་འདུག་པ་ངས་ཁ་ཕྱེ་ནས་བལྟས་བར་དག་ཡིག་ཟ་མ་ཏོག་དང་དག་ཡིག་ངག་སྒྲོན། གཏམ་ཚོགས། འབྲུག་པ་པདྨ་དཀར་བོའི་གསུང་ཐོར་བུ། རྗེ་ཙོང་ཁ་བའི་དགེ་སློང་གི་བསླབ་བྱ་གནམ་རྩེ་ལྡེང་མ་སོགས་སྣ་ཚོགས་ཤིག་འདུག ། ཁ་ནས་བཤད་པ་ཙམ་མིན་པར་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན་ཧི་མ་ལའི་རི་གྲོང་ཉུལ་ན་ལྟད་མོ་ཡོད་གི་ཡ། དེ་རྗེས་ང་རང་བསྐྱར་དུ་འགྲོ་ཁོམ་མ་བྱུང་ལགས།

  29. མིག་བརྒྱད་པ། says:
    2012-02-16 at 3:17 am

    ཀརྡ་ལགས། སྙན་ངག་པ་གླུ་སྨྱོན་གྱིས་གནས་གཅིག་ལ་བསྡད་དེ་སྙན་ངག་འབྲི། དེ་ལ་བསམ་པའི་སྙན་ངག་ཟེར། རོལ་མྱོང་གི་སྙན་ངག་མ་རེད།

  30. ཨ་ར་དཀར་པོ says:
    2012-02-16 at 4:28 am

    མིག་བརྒྱད་ཅན་པོ་ལགས། དེང་སང་ཨ་ཁུ་ཀླུ་སྨྱོན་གྱིས་ནུབ་ཕྱོགས་ཡུལ་ན་ཅི་ཞིག་བྱེད་ཀྱིན་ཡོད་མིན་སུས་ཤེས། བསམ་པའི་སྙན་ངག་ཡིན་དང་རོལ་མྱོང་དམར་རྗེན་མ་ཡིན་ཧ་མི་གོ ཡིན་ནའང་དག་སྣང་ཞིག་སྦྱང་ཁུལ་བྱས་ན་མི་ཆོག་པའང་མི་འདུག

  31. གངས་སེང་། says:
    2012-02-16 at 10:10 am

    ༧་བུད་མེད་རབ་ཀྱི་ཡོན་ཏན་ནི། སྟུ་ཁ་དམ་ཞིང་སྟུ་ཁོག་ཡངས། གཡའ་ཆུ་མང་ཞིང་སྦྱོར་ལ་མཁས། ཁ་རླིག་གང་ཐུག་ལྕེ་ཡིས་འཇེབ། སྦྱོར་ཚེ་འགུལ་མཁས་དགའ་བོར་བྱམས། དེ་ནི་བུད་མེད་ཀུན་གྱི་མཆོག གང་ཞིག་དེ་ཡིས་སྟོང་པ་ན། དབྱིབས་བཟང་ཁ་དོག་ཇི་ལེགས་ཀྱང་། བུད་མེད་མཚན་ཉིད་ཀུན་སྟོང་འགྱུར།  

  32. ཀརྡོ་གཉེར་ཕྱག་པ་ says:
    2012-02-16 at 1:32 pm

    སྙན་ངག་མཁན་པོས།

    གདོང་བཞི་གདོང་གི་པད་ཚལ་གྱི། །
    ངང་པའི་བུ་མོ་ཐམས་ཅད་དཀར། །
    དབྱངས་ཅན་མ་ནི་ཁོ་བོ་ཡི། །
    ཡིད་ལ་རིང་དུ་རོལ་བར་མཛོད། །

    འདི་ཡང་ཚར་གཅིག་ཀློགས་དང་།

  33. མིག་བརྒྱད་པ། says:
    2012-02-16 at 6:04 pm

    བུད་མེད་ཀྱི་ཡོན་ཏན་དེ་ལྟ་བུ་ཞིག་ཨེ་ཡིན་མི་ཤེས།

  34. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-02-16 at 7:22 pm

    གར་ཞ་ཞེས་པ་བུ་སྟོན་ཆོས་འབྱུང་ན་མཐོང་བ་་དྲན། འོན་ཀྱང་གར་ཞ་ཡུལ་གྱི་ཉེ་དུས་ཀྱི་ཧིནད་སྐད་དང་། བོད་སྐད་མཁས་པ་དངོས་གྲུབ་ཚེ་རིང་ལེགས་ཀྱིས་ག་ཤ་ཞེས་བྲིས་ཤིང་། ད་ལྟའི་མཆན་བུ་དག་ཏུ་གར་ཞྭ་ཞེས་ཡོད་པ་དག་ལ་བལྟ་ན། མཁས་པ་སོ་སོ་ལ་ཁུངས་རེ་ཡོད་ངེས། འོན་ཀྱང་གར་ཞ་ཡུལ་དེ་དིང་སང་ཧི་མཱ་ཅ་ལ་མངའ་སྡེའི་ཁུངས་ཡིན། གར་ཞ་དང་ལ་དྭགས་ཡུལ་སོ་སོ་ཡིན། གར་ཞ་འཕགས་པ་ཞུ་བའི་སྤྱན་རས་གཟིགས་ཀྱི་གཟུགས་སྐུ་རྡོ་དཀར་ལས་བཞེངས་པ་བྱིན་རླབས་ཅན་ཞིག་བཞུགས། ཏྲི་ལོ་ཀི་ནཱ་ཐ་སྟེ། འཇིག་རྟེན་གསུམ་གྱི་མགོན་པོ་ཞེས་ཧིན་དུ་རྣམས་ཀྱིས་ཁྱབ་འཇུག་གི་སྐུ་་འདྲར་དམིགས་ཏེ། ཧིན་དུ་མང་པོར་མཇལ་དུ་འོང་། ཕལ་ཆེར་ལོ་ངོ་བདུན་ཅུར་ཉེ་བའི་སྔོན་དུ། བདག་གི་ཨ་ཇོ་བསྟན་འཛིན་རྡོ་རྗེ་ཡང་རང་གི་ཆུང་མ་གྲོངས་པའི་བདེ་འགྲོའི་ཕྱིར་དུ་མཇལ་དུ་སོང་། མིག་བརྒྱད་པས་གསུངས་པ་ལྟར་གར་ཞ་འཕགས་པའི་གནས་ཡིག་ཡོད་ངེས། བདག་རང་གིས་དངོས་སུ་མཇལ་མ་མྱོང་ཡང་། ཆུང་དུས་དེའི་སྐོར་བཤད་པ་མང་པོ་ཞིག་རྒན་པོ་དག་ལས་ཐོས། ༡༩༩༢ ལོར་བདག་གིས་ཀྱང་གར་ཞ་འཕགས་པ་མཇལ་བའི་སྐལ་བཟང་བྱུང་། བོད་ཀྱི་བླ་མ་དགེ་བཤེས་ཤིག་དེར་འཁྲུངས་ནས་བྱིས་པ་ཆུང་ངུས་གཏེར་བཏོན་པའི་གནས་ཚུལ་ཞིག་ཐོས། དེ་ཡིས་ཡུལ་དེའི་སྐྱེ་བོ་རྣམས་བོད་ཀྱི་ཆོས་ལུགས་ལ་དད་པ་ཆེ་བར་གྱུར་པར་སེམས་སོ།།

  35. ཀླུ་སྨྱོན། says:
    2012-02-16 at 8:27 pm

    དགེ་འདུན་ཆོས་འཕེལ་གྱིས་གར་ཞ་འཕགས་པ་མཇལ་སྐབས་སྐུ་དེའི་སྟེང་ནས་རྔུལ་ནག་ལྟ་བུའི་ཐིགས་པ་མང་པོ་ཞིག་བཞུར་བ་མཇལ་ལུགས་གསུངས་ཡོད་སྙམ།

  36. བཀྲས་ཁང་། says:
    2012-02-16 at 9:35 pm

    ག་ཤ་༼ག་ཞྭ༽ཟེར་བའི་དགོན་པ་དེར་འགྲོ་མྱོང་ཡོད། ཐོག་མར་ཧིན་དུའི་དགོན་པ་ཞིག་མིན་ནམ་སྙམ་པའི་ཚོར་བ་ཞིག་བྱུང་། དེའི་ནང་གི་རྟེན་གཙོ་དེ་ཉིད་རིན་གོང་ཆེན་པོ་ཡིན་སྐད་འདུག ཡ་མཚན་པ་ཞིག་ལ། དགོན་པ་ཆུང་ཆུང་དེར་ནང་པའི་གྲྭ་གཟུགས་ཅན་མཐོང་རྒྱུ་མིན་འདུག་ཅིང་། རྒྱ་གར་དམག་མིས་བདག་པོ་རྒྱོབ་ཀྱི་འདུག སྒོས་སུ་རྟེན་གཙོར་གང་འབུལ་བ་དེ་ཉིད་ལ་བལྟ་རྟོགས་བྱེད་མཁན་དང་། གནས་མཇལ་བ་ཚོར་བྱིན་རླབས་གནང་མཁན་ཞིག་འདུག་པ་ནི་དམག་མི་དག་རེད་འདུག ད་ཆ་དེ་ཉིད་དྲག་པོའི་དམག་སྒར་ཆུང་ཆུང་རེད་ཟེར་ནའང་མི་འགྲིགས་པ་ཨེ་ཡོད།
    གོ་ཐོས་ལ་གནས་ཚང་དེར་མཇལ་ན་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་དང་། ཕྲུ་གུ་མེད་པའི་བེུད་དག་ལ་མངལ་ཡོང་རྒྱུའི་དངོས་གྲུབ་ཡོད་ཟེར།

  37. ལྕི་ར། says:
    2012-02-16 at 11:14 pm

    ཨ་ཀླུ་སྨྱོན་ལགས། དེ་འདྲ་དེ་འདིར་ཁྱེར་མ་ཡོང་རོགས། ངོ་ཚ་ནས་འབར་འགྲོ་ས་རེད་ད། ཧེ་ཧེ།

  38. རྡོ་ཕྲུག says:
    2012-02-16 at 11:20 pm

    གྲོགས་པོ་བཀྲས་ཁང་ལགས། ངས་སྙན་ངག་སྦྱངས་མྱོང་ཡང་ཡོད་ལ། བྲིས་མྱོང་ཡང་ཡོད་མོད། འོན་ཀྱང་ཁྱོད་ཀྱིས་ཕལ་ཆེར་ངས་སྐབས་བབ་ཀྱི་བརྗོད་དོན་དངོས་དེ་མ་རྟོགས་པ་འདྲ། དོན་དངོས་ཐོག་ངས་བརྗོད་བྱ་དེ་ནི་སྟོན་པོའི་ན་བཟའ་བཞེས་པའི་གྲྭ་གཟུགས་ཅན་ཞིག་གིས་ཆགས་གཏམ་མམ་ཁྱིམ་པ་ཕོ་མོའི་བར་གྱི་བརྩེ་དུང་གི་སྐད་ཆ་དེ་ཚོ་བཤད་ན་སྙན་པོ་མི་འདུག་སྙམ་སྟེ་བཤད་པ་ལས་ཀླུ་སྨྱོན་གྱི་རྒྱུད་ཀྱི་ཤེས་ཡོན་ལ་སྐུར་འདེབས་བྱས་པ་ཞིག་གཏན་ནས་མིན། ངས་འདི་ལྟར་བཤད་ན། ཁྱེད་ཀྱིས་འོ་ན། རྒྱལ་དབང་ལྔ་བ་དང། བོད་མཁས་པ་སོགས་ཀྱིས་ཀྱང་ཆགས་གཏམ་གྱི་དཔེར་བརྗོད་བཀོད་ཡོད་པར་འདོད་སྲིད་མོད། ཡིན་ཡང་། དེ་དག་མི་གཞན་ལ་ཚིག་འགྲེལ་རྒྱག་དགོས་ཚེ། རྒྱག་མཁན་གྱི་ངོས་ནས་ཀྱང་དོགས་མ་བདེ་བ་ཞིག་འདུག་ལ། ཕ་རོལ་པའི་སེམས་སུ་ཡང་བླ་མ་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ་པའི་བློ་དོགས་ཀྱི་འཆར་སྣང་ཞིག་ཀྱང་རང་བཞིན་གྱིས་སྐྱེས་ངེས་པ་ཞིག་རེད།

  39. ཀརྡོ་གཉེར་ཕྱག་པ་ says:
    2012-02-17 at 1:06 am

    བུ་སྟོན་གྱིས་གར་ཞ་ཞེས་བྲིས་པ་དང་། བོད་ཧིན་སྐད་གཉིས་མཁས་པ་གར་ཤ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གར་ཤའི་ཡུལ་བྲིས་ཡོད་ན། གར་ཞྭ་ཞེས་པ་ནི། གར་ཁྲབ་སྟོན་པའི་ཞྭ་མོ་ཅན་གྱི་མི་རིགས་ལ་གོ་དོན་ཙམ་ལས་ཁུངས་གཞན་མི་འདུག་སྙམ། ཡང་། གར་ཞ་དང་། ག་ཤ་ལ་དེ་བས་ཀྱང་གོ་དོན་ཐད་ལྡན་འགྲེལ་དཀའ་ཙམ་མི་འདུག་གམ།
    རྒྱ་གར་གཞུང་གིས། Lahaul -Spiti ཞེས་པའི་ལྰ་ཧྰུལ་དེ་ཡང་བོད་སྐད་ཟུར་ཆག་ཡིན་པ་སྟེ། ལྷ་ཡུལ་ལས་ལྰ་ཧྰུལ་ཞེས་ཟུར་ཆག་པར་གར་ཞྭ་རང་གི་མཁས་པ་རྣམས་ལ་གྲགས་སོ། །
    བོད་པ་རྣམས་ཀྱི་གར་ཞྭ་འཕགས་པ་ལ་རྒྱ་གར་བས་རྒན་ལ་དྭགས་པའི་གསུངས་པ་ལྟར། སྤྱན་རས་ཀྱི་མདོའི་ནང་ལ་སྤྱན་རས་གཟིགས་ཀྱི་མཚན་གྱི་རྣམ་གྲངས་༤༢ཞེ་གཉིས་ཙམ་ཡོད་པ་ནང་ནས་གཅིག་སྟེ། ཏྲི་ལོ་ཀི་ནཱ་ཐ་སྟེ། འཇིག་རྟེན་གསུམ་མགོན་ཞེས་པ་དང་། ཧིན་དུ་རྣམས་ཀྱིས་ཁྱབ་འཇུག་གི་སྐུ་་འདྲར་ཡིད་འཆེ་ས་བྱེད་ཀྱང་། རྡོ་ཀརྨ་རུ་པ་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་དྲུག་པ་ཅན་དང་། དབུ་ཐོད་དུ་མགོན་པོ་འོད་དཔག་མེད་སྐུ་གསལ་གསལ་ཐིང་ཐིང་ཁུངས་ལྡན་ར་ཁྲོད་ངེས་ཤེས་རྙེད་ཐུབ་པ་ཅིག་འདུག གར་ཞྭ་བ་རྒན་དངོས་གྲུབ་ཚེ་རིང་ལགས་དང་། ཡང་གར་ཞྭ་བ་མཁས་དབང་སློབ་སྤྱི་བཀྲ་ཤིས་དཔལ་འབྱོར་ལགས་གཉིན་ནི། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཆན་མཆོག་གི་ཞལ་སློབ་ཡིན་ཙང་མཁས་་པ་ཚད་ལྡན་གཉིས་རེད། དེས་ན་གར་ཞྭ་པས། གར་ཞྭ་ལ་ག་ཤ་བྲིས་འདོད་ན། འདོད་རྒྱལ་གྱི་མིང་མིན་ན་སྒྲ་དོན་གཅིག་ཀྱང་ཡོད་དགོས་ངེས་པས་སུས་གསུངས་ཐུབ་བམ།
    གར་ཞྭ་འཔགས་པ་ལ་ཡུལ་མི་རྣམས་ཀྱིས་རས་འཕགས་ཞེས་པའི་མཚན་གྱིས་བསྟོད། རྡོ་སྐུ་འདི་ཡང་འཕགས་པ་རང་བྱོན་ཡིན་པའི་སྐོར་སྒརུང་སྙན་པོ་ཅིག་ཤོད་སྲོལ་འདུག འཕགས་པ་རང་ཉིད་འདིར་རང་བྱོན་དུ་ཕེབས་དགོས་དོན་ཡང་། འདི་ནས་ཤར་གྱི་ཕྱོགས་སུ་གཟིགས་ནས།བོད་ཀྱི་ཕྱོགས་ལ་ཞལ་བསྟན་པ་དང་། བོད་དབུས་ལྷ་ས་ནས་ཇོ་བོས་ནུབ་ཀྱི་ཕྱོགས་སུ་ཞལ་བསྟན་པས་འདི་གཉིས་བར་གྱི་འགྲོ་བ་རྣམས་སྲུང་ཞིང་སྒྲོལ་བའི་དོན་མཛད་པ་གསུང་སྲོལ་གཅིག་ཀྱང་འདུག་ལགས།

  40. ཀརྡོ་གཉེར་ཕྱག་པ་ says:
    2012-02-17 at 3:50 am

    བདག་གི་མཆན་བུ་ཨང་༡༨་ཅན་དེའི་ནང་གི མ་ནྰ་་ལི་དང་ལ་དྭགས་སོགས་སུ། སྐབས་སུ་མཇལ་བའི་ལ་དྭགས་པའི་མཁས་དབང་མཚན་མ་དྲན་པ་དེའི་མཚན་ལ་༼བཀྲ་ཤིས་རབ་བརྟན་༽ཟེར་བགྱིད་འདུག་སྙམ་ཡང་ད་དུང་ཡང་གསལ་པོ་མི་དྲན། ཁོང་གི་བཀའ་རྩོམ་ནི་བཀླགས་མ་མྱོང་ལགས།

  41. བཀྲས་ཁང་། says:
    2012-02-17 at 4:53 am

    གྲོགས་པོ་རྡོ་ཕྲུག་ལགས། ཁྱེད་རང་ཡང་སྙན་ངག་མཁན་ཞིག་ཡིན་པར་བཀྲ་ཤིས་བདེ་ལེགས་ཞུ། འོན་ཀྱང་། རིག་པའི་གནས་གང་འདྲ་ཞིག་ཡིན་ཡང་ཤེས་དགོས་པ་དང་། སྦྱོང་དགོས་པ་ལས་ངོ་ཚ་བག་འཁུམས་ཀྱི་གནས་སུ་སྡོད་པ་ནི་ཉམས་ཉེས་འགྲོ་བའི་རྩ་བར་མཐོང་། ཇི་སྐད། རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། །ཞེས་གསུངས་ཡོད་པ་མ་ཡིན་ནམ།

  42. དྲི་མེད་ལྷག་བསམ། says:
    2012-02-17 at 5:16 am

    མཁས་དབང་རྒན་ལ་དྭགས་པ་དང་། མིག་བརྒྱད་པར་ཐུགས་རྗེ་ཆེ་ཞུ། གར་ཞ། འ་ཞ། གར་ཤ། འབྲུ་ཤ། གང་ཡིན་བརྟགས། ལྷོ་རོང་ཆོས་འབྱུང་། གྲུབ་ཐོབ་ཨོ་རྒྱན་པའི་ལམ་ཡིག ཟངས་དཀར་ལོ་ཙཱ་བའི་རྣམ་སྲས་ལོ་རྒྱུས་སོགས་སུ། གར་ཞ་ཞེས་བྲིས་འདུག སྒྱུ་མའི་གར་གྱིས་རྒྱུ་བའི་ཤ་ཟ་མཁའ་འགྲོའི་གླིང་ཡིན་ནམ། བོད་ཡིག་ཤེས་མཁན་ཚོས་བོད་འགྲེལ། རྒྱ་ཡིག་ཤེས་མཁན་ཚོས་རྒྱ་འགྲེལ་གྱིས། ཀ་རྡོ་གཉེར་ཕྱག་ལགས། ལ་དྭགས་མཁས་དབང་༼བཀྲ་ཤིས་རབ་རྒྱས༽མིན་ནམ། ཁོང ༧རྒྱལ་བ་ཡབ་སྲས་རྒྱ་གར་དུ་ཐོག་མར་ཕེབས་སྐབས་དབྱིན་ཇིའི་གསུང་བསྒྱུར་གནང་མྱོང་པ་དང་། པཎ་ཆེན་བཅུ་བ་ཆེན་པོས་ལ་དྭགས་ལོ་ཙཱ་པ་ཞེས་ཆོ་ལོ་གནང་ཡོད་མཁན་ཞིག་རེད།

  43. ཀརྡོ་གཉེར་ཕྱག་པ་ says:
    2012-02-17 at 11:04 am

    ༤༢༽ དྲི་མེད་ལྷག་བསམ་ནས། ངའི་བཀྲ་ཤིས་རབ་བརྟན་ཡིན་མིན་ཐེ་ཚོམ་ཡོད་པ་ལ་བཀྲ་ཤིས་རབ་རྒྱས་ཞེས་བཅོས་པར་ཐུགས་རྗེ་ཆེ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme