Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྟ་མགྲིན་མཚོ་ལགས་ཀྱི་སྐུ་པར་ཁག་ཅིག

Posted on 2012-11-072012-11-07 By ཤར་ཕྱོགས་ཁུག་རྟ། 10 Comments on རྟ་མགྲིན་མཚོ་ལགས་ཀྱི་སྐུ་པར་ཁག་ཅིག

པར་ཡོང་ཁུངས། འཇམ་དབྱངས་དཀར་པོ། 


དེ་རིང་རང་སྲེག་གིས་གཤེགས་ཟིན་པ་རྟ་མགྲིན་མཚོ་ལགས། 

དེ་རིང་རང་སྲེག་གིས་གཤེགས་ཟིན་པ་རྟ་མགྲིན་མཚོ་ལགས།


རྟ་མགྲིན་མཚོ་ལགས་ཀྱི་བུ་སྙིང་བྱམས་ཚེ་རིང། ལོ ༥།


རྟ་མགྲིན་མཚོ་ལགས་ཀྱི་ཕ་མ་གཉིས་དང་ནུ་བོ། ཁོ་མོའི་བུ་བཅས།

རང་སྲེག་བཏང་རྗེས་ཀྱི་སྐུ་ཕུང།

རང་སྲེག་བཏང་རྗེས་སྐུ་པར་སྟེང་མཇལ་དར་སྒྲོན་ཏེ་མྱ་ངན་ཞུས་པ། 

གནས་ཚུལ་ཁ་སྣོན་ཅིག 

མཚན། རྟ་མགྲིན་མཚོ། 

ཕ་ཡུལ། མདོ་སྨད་རེབ་གོང་སྒྲོ་རོང་པོ་སྡེ་བའི་རུ་ཁག་བཞི་པ།

རང་སྲེག་དུས་ཚོད། ༢༠༡༢། ༡༡། ༧། ཉིན་གྱི་ཉིན་རྒྱབ་ཆུ་ཚོད ༤ དང ༥ པའི་བར།

ལོ། ༢༣།

རང་སྲེག་ས་གནས། རྟ་མགྲིན་མཚོ་ལགས་ཀྱི་ནང་གི་མདུན་གད་མར་ཐང། 

སྐད་འབོད། ནང་མི་ནང་དུ་མེད་པ་དང་ཡུད་ཙམ་དོ་སྣང་བྱུང་མི་འདུག་པས་་སྐད་འབོད་མི་གསལ། 

ཤུགས་རྐྱེན། ༢༠༠༩ ནས་བྱུང་བའི་རང་སྲེག་གི་གནས་ཚུལ་ཐོས་རིམ་བཞིན་ཁོ་མོར་དམིགས་བསལ་གྱི་ཚོར་བ་ཞིག་ཡོད་སྐད་འདུག་པ་མ་ཟད། རང་སྲེག་གནས་ཚུལ་ཐོག་མ་ཐོས་ཉིན་ནས་དམར་ཟས་སྤངས་ཏེ་དཀར་ཟས་ཁོ་ན་བསྟེན་པ་སོགས་རྒྱུན་ཏུ་དགེ་སྒྲབ་ལ་གཞོལ་གྱི་འདུག་ཟེར། 

གཤེགས་ཚུལ། ནང་མི་རྣམས་ལས་ཀར་སོང་ཤུལ་ནས་རང་ཁྱིམ་ཕྱི་ནང་ལ་གད་བདར་གཙང་མ་བྱས་རྗེས། ༧གོང་ས་མཆོག་གི་སྐུ་པར་རིན་པོ་ཆེའི་མདུན་དུ་མར་མེ་ཡོན་ཆབ་ཕུལ་རྗེས་ཉལ་ཆས་སྟེང་སྣུམ་བླུགས་ཏེ་སྒོ་ཕྱིར་ཐོན་རྗེས་རང་ལུས་མེར་སྲེག་བཏང་བ་དང་། རང་སྲེག་སྐབས་འཁྲིས་སུ་མི་མེད་པ་དང་འཚིགས་འཚབ་ཆེ་བས་དེ་མ་ཐག་གཤེགས་འདུག

ཁྱིམ་མི། ཁྱིམ་མི་ལྔ་ཡོད་པ་ལས། ཕ་རྟ་མགྲིན་སྐྱབས་རང་ལོ་ ༥༠ ། མ་དཀོན་མཆོག་འཚོ་རང་ལོ་ ༤༣། ནུ་བོ་ལྷ་མོ་སྐྱབས་རང་ལོ་༢༡། ནུ་མོ་རི་ལང་འཚོ་རང་ལོ་ ༡༢ ། ཁོ་མོའི་བུ སྙིང་བྱམས་ཚེ་རིང་རང་ལོ་ ༥ བཅས་ནང་མི་ལྔ་ཡོད་འདུག

གསར་འགྱུར།

Post navigation

Previous Post: དེ་རིང་ཨ་མདོ་རེབ་གོང་ནས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ། ༼པར༽
Next Post: ཨ་མདོ་རྔ་པ་སྔོ་ཤུལ་དགོན་གྱི་གྲྭ་པ་གསུམ་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།

Comments (10) on “རྟ་མགྲིན་མཚོ་ལགས་ཀྱི་སྐུ་པར་ཁག་ཅིག”

  1. སྦྲ་དཔལ་ལྡན། says:
    2012-11-07 at 11:51 am

    དཀོན་མཆོག་མཁྱེན ད་དུང་ཨ་རིའི་རླུང་འཕྲིན་དྲ་གནས་ལ་བལྟས་ན་ དེ་རིང་ཕལ་ཆེར་བོད་ནང་ནས་བོད་མི་ལྔ་ཙམ་རང་ལུས་མེ་སྲེག་བཏང་འདུག་ཟེར་གི ཉི་མ་ཞིག་ལ་བོད་མི་ཚར་རྒྱུ་རེད་ རང་ལོ་བཅོ་ལྔ་དང་བཅུ་དྲུག་ ཉེར་གསུམ་ཅན་ ཆུང་ཆུང་ཏག་ཏག་རེད་ ཨ་རིའི་རླུང་འཕྲིན་ཁང་ལོ་བལྟ་འདོད་ཡོད་ན་འོག་གི་ཁ་བྱང་དེ་བསྣུན་རོགས་རོགས http://www.voatibetanenglish.com/content/article/1539212.html

  2. སངས་དོན། says:
    2012-11-07 at 1:17 pm

    ཤར་ཕྱོགས་ཁུག་རྟས། ༼ནང་མི་ནང་དུ་མེད་པ་དང་ཡུན་ཙམ་དོ་སྣང་བྱུང་མི་འདུག༽ཟེར་བ་བདེན་ན། ས་ཆ་དེ་ན་མི་ཚང་གཅིག་ལས་མེད་པ་འདྲ། གད་མར་ཐང་ཟེར་བ་དེ། སྒྲོ་རོང་པོའི་སློབ་གྲྭ་ཡོད་ས་དེ་ཨེ་རེད། དེ་ཡིན་ན། མི་མེད་ལུང་སྟོང་ཞིག་ཡིན་རབས་མི་འདུག

  3. ཤར་ཕྱོགས་ཁུག་རྟ། says:
    2012-11-07 at 1:35 pm

    གད་མར་ཐང་ནི་རྟ་མགྲིན་མཚོ་ལགས་ཀྱི་ནང་གི་མདུན་རེད། རྟ་མགྲིན་མཚོས་རང་སྲེག་གཏོང་སྐབས་ནང་མི་མེད་པ་དང། སྒོ་ཕྱིར་བུད་ནས་རང་སྲེག་གཏོང་སྐབས་ཀྱང་ཡུད་ཙམ་དོ་སྣང་མ་བྱུང་བས་འཚིགས་འཚབ་ཆེ་བས་དེ་ག་རང་སྐུ་གཤེགས་འདུག རྒྱུ་མཚན་དེས་སྐད་འབོད་གང་ཡིན་གསལ་བོ་བྱུང་མི་འདུག གནས་ཚུལ་འདི་ས་གནས་རང་ནས་འབྱོར་བའི་གནས་ཚུལ་ཡིན།

  4. ཚོགས་ཆེན། says:
    2012-11-07 at 3:59 pm

    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།

  5. བཙན་པོའི་བུ། says:
    2012-11-07 at 8:15 pm

    དཀོན་མཆོག་མཁྱེན། ང་ཚོ་བོད་མིའི་ལས་འདི་ངོ་མ་ཡ་ང་བ་ཞིག་རེད། དཔའ་བོ་དང་དཔའ་མོ་མང་པོ་ཞིག་མདུན་ལ་གཤེགས་ཚོར་སོང་། ཤུལ་དུ་ལུས་པ་ནི་ད་ཕྲུག་དང་ཕ་མ་རྒས་ཁོག་ཚོ་རེད། ཨ་ཚི། ངོ་མ་བྱེད་ཐབས་མེད་པའི་གནས་སྟངས་ཤིག་ལ་ང་ཚོ་ལྷུངས་ཚོར་འདུག

  6. འདྲེ་རྐང་ཐོ། says:
    2012-11-07 at 9:31 pm

    བཟའ་བཏུང་ཅ་དངོས་ཕུད་ཀྱིས་མཆོད་པའི་དཀོན་མཆོག་གསུམ། །
    རྟ་རྒན་བཞིན་དུ་གསོས་པའི་ལྷ་དང་སྲུང་མའི་ཚོགས། །
    གསོད་ཕག་འདྲ་བའི་འཚིམ་མེད་ཡུལ་ལྷ་སྦྱིན་བདག་སོགས། །
    ད་ནི་མཐུ་རྩལ་ནུས་པ་ཡོད་ན་སྟོན་རན་འདུག །

  7. དབང་རྡོར་ says:
    2012-11-08 at 1:24 am

    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།

  8. སྤོབས་པ་མཐའ་ཡས། says:
    2012-11-08 at 3:20 am

    སྔོན་མ་ཞིག་ལ་བོད་ལ་མགོ་ཡོད་ཀྱང་མཇུག་མེད། ཤིན་ཇང་ལ་མཇུག་ཡོད་ཀྱང་མགོ་མེད་ཟེར་སྲོལ་ཞིག་ཡོད་ཨ། དེང་སང་བོད་ལ་ཡང་མགོ་ཡོད་མིན་མི་ཤེས་ཏེ་མཇུག་མེད་ཟེར་ཐབས་མི་འདུག་ག

  9. རྔ་སྒྲ says:
    2012-11-08 at 10:06 am

    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།

  10. གདུགས་དཀར་ཚེ་རིང་། says:
    2012-11-08 at 8:57 pm

    ༄༄། །བོད་མིའི་ཚེ་སྲོག་གི་མཆོད་པ།
    འགྲོ་བ་མི་རུ་སྐྱེས་པའི་གོ་ཆོད་ཅིང་། །རྩམ་གཟན་བོད་མིར་སྐྱེས་པའི་སྒོས་གོ་ཆོད། །ཆོས་ལྡན་ཞིང་དུ་སྐྱེས་པའི་དམིགས་གོ་ཆོད། །གཉན་འཕྲང་དུས་སུ་སྐྱེས་པའི་ཡང་གོ་ཆོད། །སྐྱེས་པའི་རྗེས་ལ་ནམ་ཞིག་འཆི་ངེས་ཡིན། །སྐྱེས་ཡུལ་མཆོག་སྟེ་འཛམ་གླིང་རྩེ་མོ་ཡིན། །རྟེན་གྱི་མཆོག་སྟེ་དལ་འབྱོར་མི་ལུས་ཡིན། །རིགས་ཀྱི་མཆོག་སྟེ་ཐུ་བྷོད་མི་རིགས་ཡིན། །སྟོན་པ་མཆོག་སྟེ་ཤཱཀྱ་ཐུབ་པ་ཡིན། །ལྟ་བ་མཆོག་སྟེ་རྟེན་ཅིང་འབྲེལ་འབྱུང་ཡིན། །སྤྱོད་པ་མཆོག་སྟེ་འཚེ་མེད་ཞི་བ་ཡིན། །འཆི་ལུགས་མཆོག་སྟེ་ལུས་སྲོག་སྲེག་འབུལ་ཡིན། །འཕོ་ཡུལ་མཆོག་སྟེ་བདེ་བ་ཅན་གྱི་ཞིང་། །འདྲེན་པ་མཆོག་སྟེ་སྤྱན་རས་གཟིགས་དབང་ཡིན། །བླ་མ་རྩ་གསུམ་རྒྱ་མཚོ་སྤྱན་འདྲེན་གཤེགས། །ཉི་ཟླ་པདྨའི་གདན་ལ་མངོན་པར་བཞུགས། །ལུས་ངག་ཡིད་གསུམ་ཕྱི་ནང་གསང་མཆོད་བཞེས། །ཉམ་ཐག་འགྲོ་བའི་མགོན་དང་དཔང་དུ་བཞུགས། །སྤྱན་རས་གཟིགས་ཀྱི་གདུལ་ཞིང་གངས་ལྗོངས་ན། །ཡང་ཡང་འབར་ཞིང་ཆེ་ནས་ཆེར་འབར་བའི། །མེ་ཡི་ཕུང་བོ་འདི་དག་གཟིགས་ལགས་སམ། །བླ་མ་སྤྱན་རས་གཟིགས་དབང་གདན་འདྲེན་ཆེད། །ཁ་བ་རི་བའི་ཆོས་སྲིད་རང་དབང་སླད། །རྩ་ཆེའི་སྲོག་གི་མཆོད་པ་འདི་འབུལ་ན། །རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། །ཡོངས་རྫོགས་གངས་ལྗོངས་རང་དབང་བདེ་སྐྱིད་དཔལ། །མྱུར་དུ་འཆར་བའི་ཐུགས་རྗེ་མཐུ་དཔུང་བསྐྱེད། །བོད་རྒྱ་གཙོ་བྱས་ཁམས་གསུམ་སེམས་ཅན་ཀུན། །འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག་དོག་སྟེ། །དུག་གསུམ་དུག་ལྔའི་རྩ་བ་མ་རིག་པའི། །དབང་གྱུར་ལས་ངན་གཏོས་ཆེན་བསགས་པ་རྣམས། །ཚེ་སྲོག་མེ་མཆོད་འདི་ཡིས་བསྲེགས་གྱུར་ཅིག །རྩ་ལྟུང་བཅུ་བཞི་སྦོམ་པོ་རྣམ་པ་བརྒྱད། །སོ་ཐར་བྱང་སེམས་གསང་བ་སྔགས་གསུམ་གྱི། །སྡོམ་པ་བསླབ་པ་དམ་ཚིག་ཉམས་ཆག་ཀུན། །ཚེ་སྲོག་མེ་མཆོད་འདི་ཡིས་དག་གྱུར་ཅིག །ཁྱད་པར་ཆོས་རྒྱལ་སྐུ་ན་རིམ་བྱོན་དང་། །སྤྱན་རས་གཟིགས་དབང་ངུར་སྨྲིག་རྣམ་རོལ་གྱིས། །ཤ་གཟན་གདོང་དམར་འདུལ་དང་འདྲེན་པའི་ཚེ། །བླ་མའི་སྐུ་ལ་ངན་སེམས་ཁྲག་ཕྱུངས་སོགས། །འགྲོ་བ་ཐམས་ཅད་དུས་གཅིག་བསད་པ་ལས། །ལྷག་པའི་ལས་ངན་སྡིག་ལྟུང་ཅི་བསགས་ཀུན། །བོད་མིའི་སྲོག་མཆོད་འདི་ཡིས་དག་གྱུར་ནས། །བདེ་བའི་དབུགས་དབྱུངས་མགོན་སྐྱབས་དཔུང་གཉེན་མཛོད། །དབེན་པར་བསྟེན་ཀྱང་རང་སེམས་མ་ཐུལ་ལ། །ཆོས་གྲྭར་བསྡད་ཀྱང་གནས་ལུགས་མ་རྟོགས་པར། །ཆོས་ལ་བརྟེན་ནས་ཆོས་མིན་ལས་ངན་བསགས། །ཡེ་ཤེས་སྤྱན་ལྡན་འཁྲུགས་ནས་སྡོངས་གྲོགས་ཡལ། །སྤྱོད་ངན་རང་གིས་བྱས་ཀྱང་གནོངས་འགྱོད་མེད། །དགྲ་གྲོགས་འཛིན་སྟངས་འཁྲུལ་ནས་བཟང་བོ་བཅོམ། །བྱས་པ་རྗེས་ཅན་གང་མང་ཕྲ་མས་བསད། །སྟོན་པ་གཅིག་པའི་བསྟན་འཛིན་དབྱེན་ཡང་བྱས། །འདི་འདྲའི་ལས་ངན་ཡང་ཡང་བསགས་པའི་མཐུས། །བོད་ས་ལག་མཐིལ་ཙམ་ཡང་མ་ལྷག་པར། །སྣོད་བཅུད་དུས་གཅིག་རྒྱ་འདྲེའི་ལག་ཏུ་ཤོར། །བོད་མི་ས་ཡ་མང་བོའི་གཅེས་སྲོག་འཕྲོགས། །དགོན་སྡེ་གྲངས་མེད་གྱང་གོག་འཇག་སྐྱ་འཕྱུར། །རི་བོ་གྲུ་འཛིན་གསེར་ཁྲི་རེ་ཞིག་སྟོང་། །འདི་ནི་ལས་འབྲས་བསླུ་མེད་བདེན་པ་དེ། །འདི་ལས་ལྷག་པའི་ཆོས་་ཤིག་རྙེད་དུ་མེད། །འདི་ལས་ལྷག་པའི་བསླབ་བྱ་གང་ནས་འཚོལ། །འདི་ལས་ལྷག་པའི་མེ་ལོང་གང་ན་མཆིས། །འདི་ལས་འགོངས་ནུས་སུ་གང་ཡོད་མ་ཡིན། །ས་ཆུ་མེ་རླུང་ནམ་མཁའ་གང་ལའང་། །སྨིན་པར་མི་འགྱུར་རང་བྱས་རང་ལ་སྨིན། །བཅོམ་ལྡན་འདས་ཀྱི་བཀའ་སྟེ་རྡོ་རྗེའི་གསུང་། །ཡང་ཡང་བསྒྲགས་ཀྱང་ད་དུང་མི་གོ་བ། །ཀྱེ་མ་ལས་ངན་ནང་གི་ལས་ངན་སྟེ། །ཐུགས་རྗེ་ལྕགས་ཀྱུས་གཟུང་ལ་ངལ་བ་ཆེ། །སྲིད་པའི་སྡུག་བསྔལ་མ་ལུས་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་སེལ་བར་བརྩོན་པ་དང་། །འགྲོ་བ་ཐམས་ཅད་བདེ་ཞིང་སྐྱིད་འདོད་རྣམས། །བྱང་ཆུབ་སེམས་ཀྱི་མེ་ལྕེ་སྦར་བར་བྱ། །འདི་ནི་ཚད་མེད་སྙིང་རྗེའི་མེ་ཆེན་སྟེ། །འགྲོ་ཁམས་རྒྱ་མཚོའི་སྙིང་གི་དུ་ཁཿབསྲེགས། །འདི་ནི་བྱམས་པའི་མེ་དཔུང་འབར་བ་སྟེ། །རང་གི་བདེ་བས་གཞན་གྱི་སྡུག་བསྔལ་བསྲེགས། །འདི་ནི་བཏང་སྙོམས་ཆེན་པོའི་མེ་ལྕེ་སྟེ། །ཚར་གཅོད་རྗེས་འཛིན་ཉེ་རིང་ཆགས་སྡང་མེད། །གཟུང་འཛིན་འཁྲུལ་བའི་ཚང་ཚིང་ལྷག་མེད་བསྲེགས། །འདི་ནི་གངས་ཀྱི་ཡུལ་ན་འབར་བའི་མེ། །སྙིང་རྗེའི་མེ་དང་ཤེས་རབ་ཆེན་པོའི་མེ། །བྱམས་པའི་མེ་དང་སྙིང་སྟོབས་ཆེན་པོའི་མེ། །བདེན་པའི་མེ་དང་རང་བཞིན་དག་པའི་མེ། །འདི་ནི་ལས་ངན་སྡིག་སྒྲིབ་སྲེག་པའི་མེ། །འདི་ནི་ཞི་བདེའི་སྐྱ་རེངས་བསུ་བའི་མེ། །འདི་ནི་རང་དབང་ཉིན་བྱེད་འདྲེན་པའི་མེ། །འདི་ནི་འཇིག་རྟེན་ཞི་བདེའི་སྒྲོན་མེ་སྟེ། །མེ་མཆོད་འདི་ཡི་རྟེན་དུ་གྱུར་བ་རྣམས། །འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་སྟེ། །རྣམ་དག་བདེ་ཆེན་ཞིང་དུ་བརྫུས་འཁྲུངས་ནས། །འགྲོ་བ་འདྲེན་པའི་དེད་དཔོན་ཉིད་གྱུར་ཅིག །ཅེས་པ་འདི་ནི། བོད་ཆུ་འབྲུག་ལོའི་དབྱུག་ཟླའི་ཚེས་ཉེར་གཉིས་ཉིན། རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་ཁྱད་པར་ཅན་གྱི་ཐོ་རེངས་དང་བོར་འདི་འདྲ་ཞིག་འབྲི་འདུན་ཤར་བ་དང་། དྲ་གྲོགས་ལྷག་བསམ་དད་བརྩོན་དང་ལྡན་པ་དགེ་སློང་ཕུན་ཚོགས་དབང་འདུས་ལགས་ནས། རྩོམ་སྐུལ་བྱུང་བ་བཞིན། བར་གསེང་གི་དུས་ཚོད་ལ་གང་ཤར་ལྷུགས་པར་གཟུགས་སུ་བསྟར་བ་འདིས་ཀྱང་། བར་ལམ་མདོ་སྨད་རྔ་བ་ནས་རིམ་པས་མཆེད་པའི་བོད་གངས་ཅན་གྱི་བདེན་པའི་མེ་ལྕེ་བསྒྲོན་མཁན་སྐུ་གཤེགས་རྒྱལ་གཅེས་སེམས་དཔའ་སེམས་མ་རྣམས་ལ་བླ་མེད་གུས་འདུད་དང་མྱ་ངན་ཟབ་མོ་མཚོན་པར་བྱེད་འདོད་ཅིང་། ཁོང་རྣམ་པའི་ཚེ་གྲོགས་དང་ཕ་མ་བུ་ཕྲུག ཕུ་ནུ་མིང་སྲིང་། ཤ་ཉེ་རིང་ཐམས་ཅད་ལ་སྡུག་བསྔལ་གྱི་ཚོར་བ་དཔག་ཏུ་མེད་པས་རབ་ཏུ་མནར་བཞིན། མྱ་ངན་གུས་འདུད་དང་། ཐུགས་གསོ་ཞུ་བ་དང་འབྲེལ། བོད་མི་འདས་གསོན་ཐམས་ཅད་ཀྱིས་རིང་ནས་སེམས་ལ་བརྣག་པའི་འདོད་དོན། ༧གོང་ས་ལྷ་མིའི་རྣམ་འདྲེན། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ་མཆོག རིང་བོར་མི་ཐོགས་པར་རང་ཡུལ་གངས་ཅན་ལྗོངས་སུ་ཆིབས་ཁ་མངོན་པར་བསྒྱུར་ཏེ། མི་འགྱུར་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སེན་བཀྲ་ཤིས་རི་མོ་ལེགས་པར་འཁོད་ནས། བོད་གཞིས་བྱེས་མཉམ་འཛོམས་ཀྱི་བདེ་བ་དང་སྐྱིད་པའི་དཔལ་ཐམས་ཅད་ཉེ་བར་བསུ་བའི་རྒྱུར་སྨོན་པའོ། །ས་མཐའི་སྤྲང་འཁྱམས་སྔགས་མིང་ཨོ་རྒྱན་ཆེ་མཆོག་ཧེ་རུ་ཀའམ། སྐྱེས་མིང་གདུགས་དཀར་ཚེ་རིང་དུ་འབོད་པས་བོད་ཆུ་འབྲུག་དབྱུག་ཟླའི་ཚེས་༢༥ལ། བྱང་ཨ་རིའི་མཚོ་གླིང་མཱ་ཝེ་ནས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། བཀྲ་ཤིས། དགེ་ལེགས་འཕེལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme