Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྟ་ཐོག་སྤོ་ལོ།

Posted on 2011-08-192011-08-19 By ཁ་བརྡ་ 2 Comments on རྟ་ཐོག་སྤོ་ལོ།

254612_2321985531230_1297320940_32858550_1009308_n
རུ་ཤུལ་ཆོས་གྲུབ་ཀྱིས

གོ་ལར་ཟླུམ་པོ་འདིའི་ཐོག་རྩེད་མོའི་རྣམ་གྲངས་གྲངས་ལས་འདས་པ་ཞིག་ཡོད་ལ་རྩེད་མོ་དེ་དང་དེའི་འབྱུང་ཁུང་དང་རྩེད་སྟངས་སོགས་མི་རིགས་རང་གི་འཚོ་བ་དང་འབྲེལ་བྱུང་རིམ་གྱི་ལོ་རྒྱས་རེ་བཤད་རྒྱུ་ཡོད་པ་སྨྲ་མ་དགོས། འུ་ཅག་བོད་པ་ཚང་ཡང་དེ་མཚུངས་ཀྱི་རྩེད་རིགས་སྣ་ཚོགས་ཞིག་ཡོད་མོད་ལོ་རྒྱས་དང་དུས་ཀྱི་དབང་གིས་མང་པོ་ཞིག་ཉམ་རྒུད་དུ་སོང་ཡོད་ཀྱང་ད་དུང་ཡང་མ་ཉམ་པའི་རྩེས་མོའི་རིགས་མདའ་རྩལ་འགྲན་པ། འགྱོག་རྡོ། ཐག་འཐེན། རྐང་རྒྱུགས། རྟ་རྒྱུགས། གཡག་རྒྱུགས། ཆུ་གཤིབ་སོགས་རྩེད་དང་རྩེད་བཞིན་ཡོད། ད་དུང་དེ་ལས་ཀྱང་དགའ་སྤོབས་སྐྱེ་དགོས་པ་ཞིག་ལ་ཉེ་སྔོན་རྨ་ཆུའི་རྟ་རྒྱུགས་འགྲན་ཚོགས་ཆེན་མོའི་ཉིན་གསུམ་གྱི་ཡར་སྔོན་ལ་རྟ་ཐོག་སྤོ་ལོའི་རྩེད་འགྲན་ཞིག་ཕྱི་ཟླ་༨པའི་ཚེས༡༠ཉིན་དངོས་སུ་སྤེལ་ཅིང་ཚེས་༡༡ཉིན་མཇུག་བསྡུས་ཏེ་ཉིན་གཉིས་རིང་རྩེས་ཡོད་འདུག ཐེངས་འདིའི་འགྲན་ཚོགས་སུ་རྨ་ཁུགས་རྟ་རའི་རྟ་ཐོག་སྤོ་ལོའི་རུ་ཁག་དྲུག་ཞུགས་པ་དང་། ཉིན་གཉིས་རིང་གི་ཛ་དྲག་གི་འགྲན་སྡུར་བརྒྱུད་ནས་མཐར་རུ་ཁག་གཉིས་པར་བྱ་དགའ་ཨང་དང་པོ་ཐོབ་ཅིང་བྱ་དགའི་གཟེངས་རྟགས་ལ་དངུལ་དམངས་སྒོར་ཆིག་ཁྲི་ཐོབ་འདུག དེའི་དོན་དྲ་ལམ་འགའ་རེ་ནས་ཤེས་གསལ་ལྟར་ན་“ན་ནིང་ནས་བཟུང་། རྨ་ཆུ་རྫོང་གི་རྨ་ཁུགས་རྟ་རས་མདོ་སྨད་རྟའི་ཆོལ་ཀའི་རིགས་བཟང་རྒྱུད་གཙང་གི་རྟའི་རིག་གནས་གོང་སྤེལ་གཏོང་བ་དང་། གནའ་བོའི་ལུས་རྩལ་དེ་བོད་ཡུལ་ནས་ཉམས་པ་སླར་གསོ་བྱ་ཆེད་ནང་སོག་ནས་ཆེད་ལས་མཁས་པ་གདན་དྲངས་ཏེ། ཡུལ་དེ་གའི་རྟ་རྩལ་ལ་བྱངས་པའི་གཞོན་ནུ་ལོ་ཆུང་ཚོར་ལུས་རྩལ་དེ་ཇི་ལྟར་རྩེ་བའི་སྐོར་གྱི་ཡུལ་དངོས་སློབ་སྟོན་བྱས་ནས་རྟ་ཐོག་སྤོ་ལོའི་རུ་ཁག་བརྒྱད་རྩ་འཛུགས་བྱས་ཤིང་།298567_2321985811237_1297320940_32858552_7140382_n ད་ལོ་ནས་བཟུང་འགྲན་སྡུར་དངོས་སུ་མགོ་བརྩམས་པ་དང་རྗེས་མར་ཡང་ལོ་རེ་བཞིན་འགྲན་ཚོགས་དེ་བསྡུ་བའི་འཆར་གཞི་ཡོད་འདུག”ཟེར། ཕྱིར་རྩེད་མོའི་རིགས་ཤིག་ཡིན་ཕྱིན་དེའི་རྩེད་སྟངས་དང་འགྲིག་ལམ་བཅས་ཤེས་དགོས་རྒྱུ་ནིཧ་ཅང་གི་གལ་ཆེན་ཡིན་ན་ད་ཐེངས་ཀྱི་རྩེད་མོ་དེའི་རྩེད་སྟངས་དང་སྤོ་ལོ་ཇི་ལྟར་འཕྲོགཔ། རྟ་ཁ་ཇི་ལྟར་དཀྱུ་པ། འགྲིག་ལམ་དང་མི་འགལ་བའི་སྒོ་ནས་ལུས་རྩལ་ཇི་ལྟར་ངོམ་པ། སྤོ་གཡུག་ཇི་ལྟར་གཡུག་པ་སོགས་ཀྱི་ཤེས་བྱ་མང་པོ་ཞིག་ལོ་ངོ་གཅིག་གི་སྔོན་ནས་སྦྱོང་བརྡར་དང་ལག་ལེན་བྱས་རྗེས་སྦྱང་བ་ལ་བྱང་ཆུབ་སྐད། འབྲོག་པའི་ན་གནོན་ཁོ་ཚོས་འབྲོག་པའི་སྤང་ཐང་ལ་ཤིན་ཏུ་འཚམ་པའི་གནའ་བོའི་ལུས་རྩལ་དེའི་རྒྱུན་ལེགས་པོར་བཟུང་སྟེ་རྗེས་མར་ཕྱོགས་སོ་སོའི་འབྲོག་སྡེ་མང་པོའི་ནང་སྤེལ་ཐུབ་ཚེ་གསར་བུ་མང་པོ་ཞིག་རྒྱན་པོ་འགྱེད་པ་དང་། དོན་མེད་དུ་སྲང་ལམ་འཁྱམ་པའི་ལས་དང་རྦད་དེ་གྱེས་ཐུབ་པའི་རེ་བ་བཟུང་འདུག་ཟེར། རྩེད་མོ་འདི་དར་སའི་ཡུལ་རོ་མན་སོགས་ཡུལ་ལུང་སྣ་ཚོགས་ཤིག་བཤད་རྒྱུ་ཡོད་ཀྱང་རེ་རེ་བྱས་ནས་བགྲང་ན་ཧ་ཅང་གི་མང་། ཞིབ་མོ་ཤེས་འདོད་ན་ google ནང་དུ་གཟིགས། ཡང་དཔྱད་གཞིའི་ཡིག་ཆ་འགའ་རེའི་ནང་ཤེས་གསལ་ལྟར་ན་རྩེད་མོ་འདི་རྒྱ་ནག་བརྒྱུད་བོད་ནས་དར་ཟེར། བོད་རྒྱལ་གདུང་རབས་སོ་གསུམ་པ་སྲོང་བཙན་སྒམ་པོས་རྒྱ་ཟ་ཀོང་ཇོ་བོད་དུ་བསུ་སྐབས་རྟ་ཐོག་སྤོ་ལོ་འདི་རྩེས་རྗེས་རྒྱ་ནག་ཏུ་དར། དེ་ནས་ཕྱི་གླིང་གི་རྒྱལ་ཁབ་གཞན་དང་གཞན་དུ་དར་ཏེ་མིང་ལ་སྤོ་ལོ་ཟེར། དེང་སྐབས་ཀྱང་རྩེད་མོ་འདི་ལ་སྤོ་ལོ་ཟེར་བཞིན་ཡོད་པ་ལ་དཔག་ན་སྐད་ཆ་དེ་ལ་ཅུང་བདེན་ཁ་མེད་དམ་སྙམ་མོ།

སྣ་ཚོགས།

Post navigation

Previous Post: རྫ་དྲེལ་དགོན་དུ་འཚོགས་པའི་འདི་ལོའི་གངས་ལྗོངས་མཁས་པའི་ལྷན་ཚོགས་སྐབས་བརྒྱད་པའི་ཐོག་མཐའི་གནས་ཚུལ་ཆ་ཚང་།
Next Post: འཇམ་དབྱངས་ནོར་བུའི་རང་བཙན་གཏམ་བཤད་།

Comments (2) on “རྟ་ཐོག་སྤོ་ལོ།”

  1. ཨ་ར་དཀར་པོ says:
    2011-08-19 at 7:10 am

    ཤིན་ཏུ་ལེགས། རྟ་ཐོག་གི་མི་རིགས་སུ་འབོད་པའི་བོད་གངས་ཅན་པ་ལའང་རང་གི་ཡུལ་སྲོལ་གོམས་གཤིས་དང་འཚམ་པའི་རྩེད་མོའི་རིགས་དགོས་པ་ཡིན། རྩེད་མོ་འདི་རིགས་མང་ཙམ་དར་ན་རྩ་ས་བརྩད་ནས་རྒྱག་རེས་རྒྱག་རྒྱུའང་ཅུང་ཉུང་དུ་འགྲོ་སྲིད་ལ་རྒྱན་འཛུགས་འཁྱམ་ཉུལ་སོགས་ཀྱང་དེ་བཞིན་ནོ།

  2. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2011-08-19 at 2:59 pm

    ཡག་པོ་རེད། ཁྱེད་རང་ངའི་གྲོགས་པོ་ཆོས་གྲུབ་ཡིན་ནམ། ཡིན་ན་ཁྱེད་ཀྱི་རྩོམ་འབྲིའི་བྱ་བ་རྒྱུན་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme