Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗེས་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པའི་རྒྱབ་ལྗོངས་ཚན་པ་གཉིས་པ།

Posted on 2020-12-252020-12-25 By ཁ་བརྡ 3 Comments on རྗེས་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པའི་རྒྱབ་ལྗོངས་ཚན་པ་གཉིས་པ།

གཞུང་པ་ཚེ་དབང་བསོད་ནམས་།
 
དང་པོ་ དུས་ཀྱི་འཕོ་འགྱུར་དང་ སྤྱི་ཚོགས་ཀྱི་འཕེལ་རིམ་ རྒྱལ་སྤྱིའི་གནས་བབ་ བོད་རྒྱའི་འབྲེལ་ལམ་ དབུ་མའི་ལམ་གྱི་དགོས་འདུན་ བཙན་བྱོལ་བོད་མིའི་ཆིག་སྒྲིལ་ ཕོ་མོ་འདྲ་མཉམ་གྱི་འགན་ཁུར་སོགས་ལ་ང་ཚོའི་འགན་ཁུར་ནས་བུད་མེད་སྲིད་སྐྱོང་ལ་སླེབ་དགོས་པ།

གཉིས་པ་ འདས་པའི་བཙན་བྱོལ་སྤྱི་ཚོགས་ནང་བཀའ་ཁྲི་འམ་སྲིད་སྐྱོང་ལ་སྐྱ་སེར་གཉིས་ནས་འགན་ཁུར་བཞེས་ནས་བཙན་བྱོལ་བོད་མིའི་ཆིག་སྒྲིལ་དང་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་བཟང་ངན་གྱི་སྒྲུབ་འབྲས་གང་བྱུང་བ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་པ་ནས་རྗེས་ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་དེ་བཅའ་ཁྲིམས་ནང་གསལ་བའི་ཕོ་མོ་འདྲ་མཉམ་ལ་ང་ཚོའི་འགན་བཀུར་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

གསུམ་པ་ བོད་ནང་རྒྱ་མིའི་དབང་བསྒྱུར་འོག་བོད་མི་མང་ལ་རང་དབང་སྤུ་ཙམ་མེད་པ་དུད་འགྲོ་ཇི་བཞིན་བོད་མི་ཚོ་སོ་སོའི་ལུང་པའི་ནང་ཡུལ་མིི་གཉིས་པའི་འདུ་ཤེས་འོག་མི་གཡོག་རྒྱུགས་ནས་འཚོ་བ་སྐྱེལ་དགོས་པ་ནས་བོད་ཀྱི་བུད་མེད་ཚོར་བོད་མི་རིགས་སྲུང་སྐྱོབས་ཆེད་ཕྲུ་གུ་སྐྱེ་རྒྱུའི་རང་དབང་མེད་པ་སོགས་ལ་ང་ཚོའི་འགན་ཁུར་ནས་བོད་ཀྱི་བུད་མེད་འཛམ་གླིང་སྟེང་མངོན་ཐུབ་པ་དང་རྒྱ་ནག་ལ་བོད་ཀྱི་བུད་མེད་ཀྱི་ནུས་པ་དང་འཇོན་སྟངས་འགན་ཁུར་དང་ལྷག་བསམ་རྣམ་སྤྱོད་སོགས་ངོ་སྤྲོད་དགོས་པ་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

བཞི་པ་ དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་རིམ་པའི་ལས་འཆར་བཀོད་སྒྲིག་ནང་བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུ་ཟེར་བའི་དམ་ངག་དེ་ཁ་སྟོང་ཚིག་སྟོང་མིན་པ་དོན་དངོས་ལག་ལྟར་བྱ་རྒྱུ་ཡིན་ན་བཀོད་སྒྲིག་ཟིན་པའི་ལས་འཆར་དམ་བཅའ་ལ་ང་ཚོའི་འགན་ཁུར་ནས་བོད་ཀྱི་བུད་མེད་ཀྱི་འཇོན་སྟངས་དང་ནུས་པ་ལྷག་བསམ་་དང་འགན་ཁུར་རྣམ་སྤྱོད་སོགས་འཛམ་གླིང་རྒྱལ་སྤྱིའི་ཆབ་སྲིད་གདེངས་ཆའི་སྟེངས་གྲགས་ཐུབ་པའི་ཆེད་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

ལྔ་པ་ འདས་པའི་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་བརྒྱུད་ནས་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ལ་ཉམས་ཆགས་ཆེན་པོ་བཟོས་པའི་བརྒྱུད་རིམ་ལ་ཕྱི་མིག་བལྟ་སྐབས་སྐྱེས་པ་ལས་བུད་མེད་བག་ཡོད་དང་ཞི་དུལ་འགྲན་སེམས་ཆུང་བ་གཤིས་རྒྱུད་བཟང་བ་ཆོལ་གསུམ་བོད་མིའི་མཐུན་འབྲེལ་ལ་བརྟན་ལྷིངས་ཀྱི་འགན་ཁུར་ཆེ་བ་ཕྱོགས་གཏོགས་དང་འགོ་འདྲེན་གྱི་གཡོ་བྱུས་ཉུང་བ་སོགས་ལ་ང་ཚོའི་འགན་ཁུར་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

དྲུག་པ་ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཕོ་མོ་འདྲ་མཉམ་ཟེར་བའི་ཐ་སྙད་ལ་འགན་ཁུར་ནས་སྤྱི་འཐུས་ཀྱི་འོས་བསྡུའི་ས་མིག་ནང་ཆོལ་ཁ་རེ་ནས་བུད་མེད་གཉིས་རེ་དམིགས་བསལ་ས་མིག་ཟུར་དུ་བཞག་པ་ནས་མང་གཙོ་དང་དྲང་བདེན་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་ལ་ང་ཚོའི་འགན་ཁུར་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

བདུན་པ་ ༸གོང་ས་མཆོག་ནས་རྒྱལ་སྤྱིའི་ཚོགས་སྡེ་མང་པོའི་སྟེང་རྒྱལ་ཁབ་ཚོའི་འགོ་འཁྲིད་ལ་བུད་མེད་མང་ཙམ་སླེབ་ཐུབ་ན་འཛམ་གླིང་ནང་ཞི་བདེ་དང་ལྷིངས་འཇགས་ཐུབ་པར་དགེ་ཚན་ཆེན་པོ་ཡོད་པའི་སྐོར་གལ་ཆེའི་བཀའ་སློབ་མང་པོ་ཕེབས་པ་ལ་བོད་མི་ཚོས་སྔོན་འཐོན་གྱི་འགན་ཁུར་འོག་ནས་འཛམ་གླིང་ལ་མིག་དཔེ་བཟང་པོ་སྟོན་ཆེད་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

བརྒྱད་པ་ སྐྱ་སེར་གཉིས་ཀྱི་མི་ལོ་བཅུ་ཕྲག་གཉིས་ཀྱི་རིང་བཀའ་ཁྲི་འམ་སྲིད་སྐྱོང་གནང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་དོན་བདེན་མཐའ་སེལ་ཐབས་ལ་དབུ་མའི་ལམ་རྒྱུད་ནས་བོད་རྒྱའི་འབྲེལ་ལམ་ལ་ནུས་པ་ཐོན་པའི་སྒྲུབ་འབྲས་འདི་ཡིན་སྟོན་རྒྱུ་མེད་པ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་དོན་བདེན་མཐའ་སེལ་ཐབས་ལ་དབུ་མའི་ལམ་རྒྱུད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་འཁྲིད་མཉམ་མི་དང་མི་གདོང་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་རྒྱུད་ནས་བོད་དོན་བདེན་མཐའ་སེལ་ཐུབ་པ་ལ་བུད་མེད་ཀྱི་འགན་ཁུར་དང་ནུས་པ་འདོན་དགོས་པ་དེ་དུས་ལ་བབ་པ་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

དགུ་པ་ ཕྱི་ལོ་ ༢༠༡༧ / ༣ / ༡༢ ཉིན་དཔལ་ལྡ་སྲིད་སྐྱོང་མཆོག་ནས,བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་སྲུང་བརྩི་ཞུ་སྐབས་གསུང་བཤད་ཕེབས་པའི་ནང་༸གོང་ས་མཆོག་གི་བཀའ་སློབ་ལུང་འདྲེན་གྱིས་མ་འོངས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་དང་སྤྱི་འཐུས་ཚོགས་གཙོ་ལ་བུད་མེད་སླེབ་དགོས་པ་དང་ཆེས་མཐོའི་ཁྲིམས་དཔོན་ལ་བུད་མེད་སླེབ་དགོས་པ་དེ་ང་ཚོའི་རེ་བ་ཡིན་ལ་འབད་བརྩོན་ཡང་གནང་གི་ཡིན་གསུང་པ་ལ་ང་ཚོའི་འགན་ཁུར་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་།

བཅུ་པ་ སྲིད་སྐྱོང་གི་འོས་མི་ལ་བཞེངས་མཁན་ཚོའི་གཏམ་བཤད་ནང་བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུ་གལ་ཆེན་ཡིན་པ་དང་བཀའ་བློན་ནང་བུད་མེད་མང་དུ་གཏོང་རྒྱུ་སོགས་ལ་ང་ཚོའི་འགན་ཁུར་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་།

བཅུ་གཅིག་ འདས་པའི་བོད་ཀྱི་རྒྱལ་རབས་དང་། ལོ་རྒྱུས་། སྤྱི་ཚོགས་ཀྱི་འཕེལ་རིམས་སོགས་ལ་ང་ཚོའི་འགན་ཁུར་ནས་སླར་ཡང་ང་ཚོ་འཛམ་གླིང་རྒྱལ་སྤྱིའི་མདུན་རྗེས་ལུས་མ་ཐེབས་པའི་ཆེད་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་།

བཅུ་གཉིས་པ་ ཆོལ་ཁ་དང་། ལུང་ཚན་། གྲལ་རིམ་། སྤྱི་ཚོགས་ཀྱི་འབྱུང་ཁུངས་སོགས་ལས་མ་འོངས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་བསམ་དེ་གལ་ཆེན་དོན་ཆེན་ལ་ངོས་འཛིན་གནང་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་།

གོང་གི་རྒྱུ་ཚན་དང་། གནས་ལུགས་། ཁྲིམས་མཐུན་། རྒྱལ་སྤྱིའི་གནས་བབས་སོགས་ལ་ཞིབ་ཏུ་དཔྱད་པ་བྱས་ནས་རྗེས་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་དེ་གཞིས་བྱེས་བོད་མི་མང་ལ་བསམ་ན་ཤིན་ཏུ་ནས་གལ་ཆེན་དོན་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༢ ཚེས་ ༢༤ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post: སྐུ་ངོ་འབྲོང་ཆུང་ལ་རྒྱབ་སྐྱོར་བའི་ཁོངས་ནས་ཕྱིར་འཐེན། ད་དུང་འབོད་སྐུལ།
Next Post: སྲིད་སྐྱོང་༢༠༢༡ ནི་ཇི་འདྲ་ཞིག་ཡིན་དགོས་སམ།

Comments (3) on “རྗེས་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པའི་རྒྱབ་ལྗོངས་ཚན་པ་གཉིས་པ།”

  1. བོད་ཡིག་སྐྱབས། says:
    2020-12-25 at 4:55 am

    བདེན་ནོ། བུད་མེད་ལ་ཆེ་མཐོང་དང་ཐོབ་ཐང་སྤྲོད་དགོས་པ་ཅིས་མི་བདེན། ཡིན་ན་ཡང་དེ་དག་ནི་གཙོ་བོ་བུད་མེད་རང་ཉིད་ཀྱིས་འཇོན་ཐང་ངོམ་ནས་སླེབས་ཐུབ་དགོས། ལྷག་པར་སྲིད་སྐྱོང་གི་ཁྲི་ལ་དེ་ལྟར་ཡིན་དགོས། འདི་ལ་དམིགས་བསལ་གྱི་ཐོབ་ཐང་ཞིག་སྤྲོད་འོས་མ་མཆིས་སོ།།

  2. བན་དེ་བ། says:
    2020-12-25 at 8:06 am

    སྲིད་སྐྱོང་ལ་བུད་མེད་ཅིག་དགོས་ན་འདི་ལོར་རྒྱ་རི་སྒྲོལ་མར་འོས་འཕེན་རོགས། མོ་ནི་བུད་མེད་འཇོན་སྟངས་ཅན་ཞིག་ཏུ་མཐོང།

  3. བསོད་ནམས་སྟོབས་རྒྱལ says:
    2020-12-26 at 12:28 pm

    ༸གོང་ས་མཆོག་གི་ཐུགས་བཞེད་འགྲུབ་ཐབས་སུ་ད་རེས་སྲིད་སྐྱོིང་དེ་བུད་མེད་ཞིག་ལ་ཐོབ་རྒྱུ་དེ་གལ་ཆེན་ཡིན་སྙམ། སྲིད་སྐྱོང་འོས་མིར་བུད་མེད་ཅིག་འདུག་པ་རྒྱ་རི་སྒྲོལ་མ་ལགས་རེད་འདུག ཁོང་ནི་ངས་འོས་མི་ཚང་མས་ནང་ནས་འོས་ཆོས་ལྡན་ཤོས་དེ་ཡིན་པ་ངོས་ལེན་ཞུ་བ་མ་ཟད་བོད་མིའི་དཀའ་གནད་སྤྱི་དང་ལྷག་དོན་ལམ་དབུ་མའི་ཐོག་ནས་བོད་རྒྱའི་གནད་དོན་སེལ་རྒྱུ་ལ་ད་ཡོད་སྲིད་སྐྱོང་འོས་མིའི་ནང་ནས་ཁོང་མདུན་སྐྱོད་ལམ་ནས་སེལ་མཁན་ཞིག་ཡིན་འདུག་པས་རེ་བ་བཟང་། གཞན་འོས་མི་རྣམས་རྒྱ་དམར་ནས་གསོལ་རས་ནམ་ཐོབ་པ་སྒུག་རེས་ནམ་རྐྱལ་མཁན་ཤ་གཅིག་ཡིན་འདུག རྒྱ་གར་དང་རྒྱལ་སྤྱིའི་ནང་བོད་མིའི་བདེ་དོན་སེལ་ཐབས་ལའང་ཁོང་ལས་རེ་བསམ་ལྡན་པ་གཞན་ཁག་པོ་ཡིན་འདུག

    ༢༠༢༡ དེ་ང་ཚོའི་ཨ་མ་ལགས་དང་གཅེན་མོ་ལགས། གཅུང་མོ་དེ་བཞིན་བཟའ་ཚང་བཅས་པའི་བོད་ཀྱི་བུད་མེད་ཀྱི་ལོ་རུ་ལོ་རྒྱུས་ནང་འཁོད་ཆེད་ཚང་མས་འོས་གནང་ཤོག ཐུགས་རྗེ་ཆེ་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme