Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗེས་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པའི་རྒྱབ་ལྗོངས་ཁག

Posted on 2020-10-032020-10-05 By ཁ་བརྡ 16 Comments on རྗེས་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པའི་རྒྱབ་ལྗོངས་ཁག

གཞུང་པ་ཚེ་དབང་བསོད་ནམས།
 
དང་པོ་    དུས་ཀྱི་འཕོ་འགྱུར་དང་  སྤྱི་ཚོགས་ཀྱི་འཕེལ་རིམ་  རྒྱལ་སྤྱིའི་གནས་བབ་   བོད་རྒྱའི་འབྲེལ་ལམ་  དབུ་མའི་ལམ་གྱི་དགོས་འདུན་   བཙན་བྱོལ་བོད་མིའི་ཆིག་སྒྲིལ་  ཕོ་མོ་འདྲ་མཉམ་གྱི་འགན་ཁུར་སོགས་ལ་ང་ཚོའི་འགན་ཁུར་ནས་བུད་མེད་སྲིད་སྐྱོང་ལ་སླེབ་དགོས་པ།

གཉིས་པ་     འདས་པའི་བཙན་བྱོལ་སྤྱི་ཚོགས་ནང་བཀའ་ཁྲི་འམ་སྲིད་སྐྱོང་ལ་སྐྱ་སེར་གཉིས་ནས་འགན་ཁུར་བཞེས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་བཟང་ངན་གྱི་སྒྲུབ་འབྲས་གང་བྱུང་བ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་པ་ནས་རྗེས་ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་དེ་བཅའ་ཁྲིམས་ནང་གསལ་བའི་ཕོ་མོ་འདྲ་མཉམ་ལ་ང་ཚོའི་འགན་བཀུར་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

གསུམ་པ་    བོད་ནང་རྒྱ་མིའི་དབང་བསྒྱུར་འོག་བོད་མི་མང་ལ་རང་དབང་སྤུ་ཙམ་མེད་པ་དུད་འགྲོ་ཇི་བཞིན་བོད་མི་ཚོ་སོ་སོའི་ལུང་པའི་ནང་ཡུལ་མིི་གཉིས་པའི་འདུ་ཤེས་འོག་མི་གཡོག་རྒྱུགས་ནས་འཚོ་བ་སྐྱེལ་དགོས་པ་ནས་བོད་ཀྱི་བུད་མེད་ཚོར་བོད་མི་རིགས་སྲུང་སྐྱོབས་ཆེད་ཕྲུ་གུ་སྐྱེ་རྒྱུའི་རང་དབང་མེད་པ་སོགས་ལ་ང་ཚོའི་འགན་ཁུར་ནས་བོད་ཀྱི་བུད་མེད་འཛམ་གླིང་སྟེང་མངོན་ཐུབ་པ་དང་རྒྱ་ནག་ལ་བོད་ཀྱི་བུད་མེད་ཀྱི་ནུས་པ་དང་འཇོན་སྟངས་འགན་ཁུར་དང་ལྷག་བསམ་རྣམ་སྤྱོད་སོགས་ངོ་སྤྲོད་དགོས་པ་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

བཞི་པ་  དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་རིམ་པའི་ལས་འཆར་བཀོད་སྒྲིག་ནང་བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུ་ཟེར་བའི་དམ་ངག་དེ་ཁ་སྟོང་ཚིག་སྟོང་མིན་པ་ལག་ལྟར་བྱ་རྒྱུ་ཡིན་ན་བཀོད་སྒྲིག་ཟིན་པའི་ལས་འཆར་དམ་བཅའ་ལ་ང་ཚོའི་འགན་ཁུར་ནས་བོད་ཀྱི་བུད་མེད་ཀྱི་འཇོན་སྟངས་དང་ནུས་པ་ལྷག་བསམ་་དང་འགན་ཁུར་རྣམ་སྤྱོད་སོགས་འཛམ་གླིང་རྒྱལ་སྤྱིའི་ཆབ་སྲིད་གདེངས་ཆའི་སྟེངས་གྲགས་ཐུབ་པའི་ཆེད་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

ལྔ་པ་    འདས་པའི་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་བརྒྱུད་ནས་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ལ་ཉམས་ཆགས་ཆེན་པོ་བཟོས་པའི་བརྒྱུད་རིམ་ལ་ཕྱི་མིག་བལྟ་སྐབས་སྐྱེས་པ་ལས་བུད་མེད་བག་ཡོད་དང་ཞི་དུལ་འགྲན་སེམས་ཆུང་བ་གཤིས་རྒྱུད་བཟང་བ་ཆོལ་གསུམ་བོད་མིའི་མཐུན་འབྲེལ་ལ་བརྟན་ལྷིངས་ཀྱི་འགན་ཁུར་ཆེ་བ་ཕྱོགས་གཏོགས་དང་འགོ་འདྲེན་གྱི་གཡོ་བྱུས་ཉུང་བ་སོགས་ལ་ང་ཚོའི་འགན་ཁུར་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

དྲུག་པ་   བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཕོ་མོ་འདྲ་མཉམ་ཟེར་བའི་ཐ་སྙད་ལ་འགན་ཁུར་ནས་སྤྱི་འཐུས་ཀྱི་འོས་བསྡུའི་ས་མིག་ནང་ཆོལ་ཁ་རེ་ནས་བུད་མེད་གཉིས་རེ་དམིགས་བསལ་ས་མིག་ཟུར་དུ་བཞག་པ་ནས་མང་གཙོ་དང་དྲང་བདེན་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་ལ་ང་ཚོའི་འགན་ཁུར་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

བདུན་པ་    ༸གོང་ས་མཆོག་ནས་རྒྱལ་སྤྱིའི་ཚོགས་སྡེ་མང་པོའི་སྟེང་རྒྱལ་ཁབ་ཚོའི་འགོ་འཁྲིད་ལ་བུད་མེད་མང་ཙམ་སླེབ་ཐུབ་ན་འཛམ་གླིང་ནང་ཞི་བདེ་དང་ལྷིངས་འཇགས་ཐུབ་པར་དགེ་ཚན་ཆེན་པོ་ཡོད་པའི་སྐོར་གལ་ཆེའི་བཀའ་སློབ་མང་པོ་ཕེབས་པ་ལ་བོད་མི་ཚོས་སྔོན་འཐོན་གྱི་འགན་ཁུར་འོག་ནས་འཛམ་གླིང་ལ་མིག་དཔེ་བཟང་པོ་སྟོན་ཆེད་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

བརྒྱད་པ་   སྐྱ་སེར་གཉིས་ཀྱི་མི་ལོ་བཅུ་ཕྲག་གཉིས་ཀྱི་རིང་བཀའ་ཁྲི་འམ་སྲིད་སྐྱོང་གནང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་དོན་བདེན་མཐའ་སེལ་ཐབས་ལ་དབུ་མའི་ལམ་རྒྱུད་ནས་བོད་རྒྱའི་འབྲེལ་ལམ་ལ་ནུས་པ་ཐོན་པའི་སྒྲུབ་འབྲས་འདི་ཡིན་སྟོན་རྒྱུ་མེད་པ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་དོན་བདེན་མཐའ་སེལ་ཐབས་ལ་དབུ་མའི་ལམ་རྒྱུད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་འཁྲིད་མཉམ་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་རྒྱུད་ནས་བུད་མེད་ཀྱི་འགན་ཁུར་དང་ནུས་པ་འདོན་དགོས་པ་དེ་དུས་ལ་བབ་པ་ནས་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ།

གོང་གི་རྒྱུ་ཚན་དང་གནས་ལུགས་ཁྲིམས་མཐུན་སོགས་ལ་ཞིབ་ཏུ་དཔྱད་པ་བྱས་ནས་རྗེས་ལོ་ ༢༠༢༡  ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་དེ་གཞིས་བྱེས་བོད་མི་མང་ལ་བསམ་ན་ཤིན་ཏུ་ནས་གལ་ཆེན་དོན་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་ ༢༠༢༠  སྤྱི་ཟླ་ ༡༠  ཚེས་ ༢  རྒྱ་གར་གྱི་མེས་སྤོ་དམ་པ་གྷན་རྡིའི་འཁྲུངས་སྐར་བརྒྱ་དང་ལྔ་བཅུ་ང་གཅིག་སྲུང་བརྩི་ཞུ་བའི་དུས་ཚེས་བཟང་པོའི་ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post: བོད། ཆེས་བཟང་བའི་དགྲ་བོ།
Next Post: བྱིས་དེབ་ག་འདྲ་ཞིག་ཡིན་ཡང་བྱིས་པའི་རྒྱུད་ལ་དཔེ་ཀློག་གི་བག་ཆགས་འཇོག་པའི་ནུས་པ་ཡོད།

Comments (16) on “རྗེས་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པའི་རྒྱབ་ལྗོངས་ཁག”

  1. བསོད་ནམས་སྟོབས་རྒྱལ says:
    2020-10-03 at 12:43 pm

    གཞུང་པ་ཚེ་དབང་ལགས་ཀྱི་རྒྱབ་ལྗོངས་སུ་དེ་ཙམ་མོས་མ་ཆེ་ཀྱང་༢༠༢༡ གི་སྲིད་སྐྱོང་འོས་མི་རྒྱ་རི་སྒྲོལ་མ་ལགས་སུ་སྲིད་སྐྱོང་དུ་འོས་པའི་ང་རང་ཚོ་ཚང་མིའི་མངོན་འདོད་ཞུ་བའི་ཆོལ་གསུམ་བོད་མིའི་མཐུན་སྒྲིལ་དེ་ཡོད་ངེས་ཡིན། དེའི་ཐོག་ཁོང་ལ་སེམས་ཤུགས་དང་སྲིད་དང་འཛིན་སྐྱོང་གི་ལས་འཆར་ཡོད་འདུག་ དེ་བཞིན་ཁོ་མོར་རྒྱ་གར་དང་ཕྱི་རྒྱལ་ཆབ་སྲིད་པ་དང་མི་མང་གིས་ཆེ་མཐོང་ཡོད། དེ་བརྟེན་ཁོ་མོ་བུད་མེད་སྲིད་སྐྱོང་དང་པོར་འཁོད་རྒྱུའི་ཆ་རྐྱེན་ཆ་ཚང་འདུག་སྟབས་ཚང་མས་ཤུགས་རྒྱབ་ཤོག།

  2. ཀརྡོ་རབ་འབྱམས་པ་ says:
    2020-10-03 at 4:12 pm

    བོད་ཀྱི་བུད་མེད་མ་འོངས་པར་སྲིད་སྐྱོང་ལངས་ཡ་ཆེད་དུ། ཆེ་དུ་གཉེར་ནས་དེང་དུས་མཐོ་སློབ་ཐོན་པ་ཙམ་མ་ཡིན་པར། འདབ་ཤོག་གཉིས་ལྡན་དུས་ད་ལྟ་ནས་བཟོ་དགོས་རེད། བློ་སེང་ཡང་བོད་ཡིག་ཡག་པོ་མི་ཤེས་པའི་དང་ཐོག་འདབ་ཤོག་གཉིས་ཆགས་ནས་སྲིད་སྐྱོང་ལངས་པ་མ་རེད།
    ལྔ་དང་ལྔ་བཅུ་རྐྱང་རྐྱང་ལབ་ནས་མི་རབས་ནས་མི་རབས་བཙན་བྱོལ་དུ་སྡོད་འདོད་དངོས་ནས་མེད་ན། བོད་སྐད་། ཨིན་སྐད་ཙམ་མ་ཟད། རྒྱ་ནག་སྐད་ཀྱང་ཤེས་མཁན་གྱི་སྲིད་སྐྱོང་ད་ལྟ་ནས་མ་འོངས་བོད་ཀྱི་སོན་རྩ་བསྐྲུན་དགོས་རེད།
    བློ་སེང་བཀའ་ཤག་གིས། རང་རིགས་ལས་བྱེད་རྙིང་པ་སྤེ་པ་ཚེ་རིང་ལགས་ལ། གནས་དབྱུང་བཏང་ནས་དྲང་པོ་བྱས་མེད་པར་བརྟེན། ད་ལན་མི་མང་གིས་སྤེན་ཚེ་ཁོང་ལ་འོས་འཕེན་ནས་གོ་སྐབས་ཞིག་ངེས་པར་དུ་བསྐྲུན་དགོས་འདུག
    ད་ལན་སྤེན་ཚེར་འོས་མ་ཐོབ་ན། མ་འོངས་པར་ཨ་མདོའམ། ཕྱེད་ཨ་མདོའི་སྲིད་སྐྱོང་འོངས་མི་ཐུབ་པ་ངེས་འདུག་པས། ད་ལན་སྤེན་པར་འོས་ངེས་པར་དུ་འཕེན་དགོས། གྲྭ་པ་དང་བུད་མེད་སྲིད་སྐྱོང་དགོས་ཡ་དེ་ད་ལྟ་སྔ་དྲགས་པ་མ་རེད་དམ། སྙམ་པས་་་་་་་ ཁ་ཆེ་ཕ་ལུས་བཤད་ཡོད་དོ། ཉན་དང་མི་ཉན་སོ་སོས་རང་དབང་རེད།

  3. Abharu Jigwang says:
    2020-10-03 at 10:51 pm

    དངོས་གནས་རྒྱབ་སྐྱོར་ཡོད། བེུད་གཅིག་ངེས་པར་སྲིད་སྐྱོང་ལ་ཐོབ་དགོས་འདུག།
    བུད་མེད་ཚོ་ད་ལེན་ལོངས་ཤོག།

  4. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-10-03 at 11:40 pm

    དྲང་པོའི་གཏམ་དང་འགྲོང་པོའི་མདའ།
    བཤོད་མཁན་འཕེན་མཁན་རེ་རེ་ཙམ།
    རྟགས་ཤིང་དཔྱད་ན་མཁས་པ་ཡིན།
    འཐོམ་ཞིང་རྒྱུགས་ན་བླུན་པོ་རེད།

  5. ཀརྡོ་རབ་འབྱམས་པ་ says:
    2020-10-04 at 1:19 am

    བོད་ཀྱི་བུད་མེད་དཔའ་མོ་ཡིན་པ་རྩོད་པ་མེད། །
    འོནད་ཀྱང་སྲིད་སྐྱོང་འོས་པའི་བུད་མེད་ཡོད་དམ་ཀྱེ། །
    ་
    བོད་ཀྱི་བུད་མེད་ཆོས་རིག་ཕྱུགས་པ་རྩོད་པ་མེད། །
    རྒྱ་གཞུང་གུང་བྲན་ཀླ་ཀློ་བཏུལ་བའི་ནུས་ཡོད་དམ། །
    ་
    བོད་ཀྱི་བུད་མེད་མཛེས་མ་ཡིན་པ་རྩོད་པ་མེད། །
    ཞི་ཅིང་ལ་སོགས་བློ་སྒུགས་ནུས་པའི་རྩལ་ཡོད་དམ། །
    ་
    བོད་ཀྱི་བུད་མེད་བདེན་ཚིག་སྒྲོགས་ནུས་རྩོད་པ་མེད། །
    བདེན་པ་བདེན་མཐར་བསྐྱལ་བའི་ནུས་པ་ཡོད་དམ་ལགས། །

  6. ཀརྡོ་རབ་འབྱམས་པ་ says:
    2020-10-04 at 1:33 am

    བློ་སེང་སྙིང་འདར་བཟོ་མཁན་སྤེན་ཚེ་རེད། །
    རྒྱ་རིའི་མགོ་ལ་སྡོད་མཁན་སྤེན་ཚེ་རེད། །
    འབྲོང་ཆུང་འགྲན་རྩོད་ཐུབ་མཁན་སྤེན་ཚེ་རེད། །
    རྒྱ་གཞུང་ཐོ་ནག་བཀོད་ས་སྤེན་ཚེ་རེད། །
    ་
    ཆུང་ནས་ལོ་མང་ལས་བྱེད་ལས་ཀར་སྐད་གྲགས་བཞག །
    ལས་ཀ་བྱེད་དུས་ཟམ་གདོང་བླ་མས་བྱིན་གྱིས་བརླབས། །
    ༸གོང་ས་མཆོག་ལ་དད་ལྡན་ཤུགས་ལྡན་མགོ་གནོན་མཛད། །
    རང་བཙན་ཁ་འཁྱེར་སྤྱོད་ངན་འཐེར་འདོན་སྤེན་ཚེ་ལགས། །
    ་
    གཞུང་པ་མོ་དད་ཆེ་དྲགས་སོང་།
    ཚེ་དབང་རྒྱ་རིར་དགའ་དྲགས་སོང་།
    བསོད་ནམས་དབང་ལྡན་བུད་མེད་ཅིག
    ངས་ནི་ད་ལྟ་མཐོང་མ་སོང་།
    དེས་ན་རྒྱབ་སྐྱོར་བྱེད་ནུས་བྲལ།

  7. ཀརྡོ་རབ་འབྱམས་པ་ says:
    2020-10-04 at 1:38 am

    གཞུང་པས་ཆིག་སྒྲིལ་ཐུབ་པའི་བུད་མེད་ཤོད། །
    ཚེ་དབང་རང་རྐྱ་ཐུབ་པའི་བུད་མེད་སུ། །
    བསོད་ནམས་དབང་ཐང་ཚང་བའི་བོད་མོ་སུ། །
    རྒྱ་རིས་ཛམ་གླིང་ཞི་བདེར་ཕན་ཐུབ་བམ། །
    ཀརྡོས།

  8. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-10-04 at 11:39 am

    དུས་རབས་རྗེས་ཟིན་ཐུབ་པ་བོད་མིའི་འགན།
    ཕོ་མོའི་འགན་ཁུར་འདྲ་མཉམ་བཅའ་ཁྲིམས་བསྟན།
    མི་ལོ་བརྒྱ་ཕྲག་རྗེས་ལུས་བོད་ས་ཤོར།
    སླར་ཡང་རྗེས་ལུས་མ་ལྷག་བོད་མིའི་འགན།
    སྲིད་སྐྱོང་ཆོལ་ཁའི་འགན་བཀུར་དྲང་བདེན་མིན་།
    ཧཧཧཧཧ སྐུ་རྩེད་ཞུས་།

  9. པ་སངས་ཚེ་རིང་། says:
    2020-10-04 at 4:52 pm

    ཕོ་མོ་འདྲ་མཉམ་དངོས་པ་བདེན་མོད་ཀྱང་།།
    བོད་རྒྱལ་བཙན་པོའི་གདུང་རྒྱུད་གསེར་རིའི་ཕྲེང་།།
    སྐྱེས་པ་ཕོ་ཡིས་བཟུང་བའི་ལོ་རྒྱུས་ལས།།
    བུད་མེད་ཁྲི་ལ་འཛེགས་པའི་ལོ་རྒྱུས་མེད།།

    ཕོ་ཟད་མོ་ལ་ཐུག་པའི་དུས་ངན་ཞིག།
    བོད་པ་ཚང་ལ་ད་དུང་ཤར་མེད་སྟབས།།
    སྲིད་སྐྱོང་ཁྲི་ལ་སྐྱེས་པ་ཕོ་ཞིག་དགོས།།
    རྟགས་དང་རྟེན་འབྲེལ་མ་འཆུག་བོད་པ་ཚོ།།

  10. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-10-04 at 8:33 pm

    རྟགས་དང་རྟེན་འབྲེལ་བཤད་ནས་བོད་ས་ཤོར།
    རྟགས་དང་རྟེན་འབྲེལ་བཤད་ནས་རྗེས་ལུས་ཐེབས།
    རྟགས་དང་རྟེན་འབྲེལ་བཤད་ནས་དུས་ཚོད་རྫོགས།
    རྟགས་དང་རྟེན་འབྲེལ་བཤད་ནས་མི་ཡུལ་ལྷག།
    ཧཧཧ་ཨ་རོགས་སྐུ་རྩེད་ཞུས་ཡིན་།

  11. ཀརྡོ་རབ་འབྱམས་པ་ says:
    2020-10-05 at 1:31 am

    རྒྱ་རི་སྒྲོལ་མ་ལགས་སུ་སྲིད་སྐྱོང་གི་འོས་ཆོས་མང་།
    བསོད་ནམས་སྟོབས་རྒྱལ།
    http://www.khabdha.org/?p=101347

  12. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-10-06 at 1:29 am

    རྒྱལ་ཁབ་མི་རིགས་རྩ་དོན་སྒྲུབ་ལ་ཕོ་མོ་འདྲ་མཉམ་འགན།
    རྒྱལ་ཁབ་མི་རིགས་རྡོག་རྩ་ཆིག་བསྒྲིལ་ཕོ་མོ་འདྲ་མཉམ་འགན།
    རྒྱལ་ཁབ་མི་རིགས་རིག་གཞུང་སྲུང་སྐྱོབ་ཕོ་མོ་འདྲ་མཉམ་འགན་།
    རྒྱལ་ཁབ་མི་རིགས་མཐུན་འབྲེལ་སྐྱོང་ལ་ཕོ་མོ་འདྲ་མཉམ་འགན།

  13. ཉི་སྣང་། says:
    2020-10-12 at 12:27 am

    Lགཞུང་པ་ཧ་ལོག་ཧོན་ཐོར་རེད། བོད་ཀྱི་ཆབ་སྲིད་གནས་སྟངས་མ་མཁྱེན་ནས། ག་ནས་ཐོན་ཚད་གང་བྱུང་ལབ་རྡོལ་རེད།

  14. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-10-12 at 10:43 pm

    སྨྲ་བརྗོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱིས་བསྟན་།
    ཚད་བཀག་བྱེད་པ་གུང་ཁྲན་དམར་པོའི་ལུགས་།
    རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
    རང་རང་བསམ་ཚུལ་གླེང་སའི་བརྒྱུད་ལམ་མང་།

  15. བསོད་ནམས་སྟོབས་རྒྱལ says:
    2020-10-13 at 12:19 am

    དབྱིན་ཇི་བསླབ་ན་ནང་ཆོས་ཉམ་པའི་རྨོང་ཞེན་ལས།
    ཆོས་རྒྱལ་གོང་མའི་འདབ་གཤོག་གཉིས་ལྡན་ལུགས་བཟང་དོར།
    ལག་བརྡ་བྱེད་པའི་་མི་རིགས་ལྐུག་པ་ལྟ་བུ་ ༥༩ ་ཡུལ་གྱར་གྱུར།
    ད་ཆ་༸རྒྱལ་བའི་དྲིན་ལས་ཕོ་མོ་འདྲ་མཉམ་ལུགས་བཟང་ཡངས་པོའི་མཚམས།
    རྒྱལ་བའི་ཐུགས་དགོངས་མཉེས་པའི་སྲིད་སྐྱོང་བུས་མེད་ཅིག
    འདེམས་ཤོག་ཕ་བཟང་ཕྲུག་གུ་དང་བླ་མ་དམ་པའི་ཆོས་གྲོགས་ཚོ།

    པ་སངས་ཚེ་རིང་རྨོངས་དད་ལས་བསལ་ཐབས་ཆེད་།
    ཆོལ་གསུམ་ཆིག་སྒྲིལ་རྒྱ་གར་དང་རྒྱ་སྤྱིའི་མཐོང་དང་རྒྱབ་སྐྱོར་ཆེད
    ༸ཁོང་གི་དཔུང་འདེགས་དགྲ་ཡི་དཔུང་བཅོམ་རྒྱས་པའི་ཆེད།
    རྒྱ་རི་སྒྲོལ་མ་བོད་གཞུང་དང་འབངས་ཀྱི་ཞབས་ཞུའི་ཆེད།
    སྲིད་སྐྱོང་འོས་མིར་བཞུགས་པ་རྟགས་རྟེན་བཟང་པའི་འོས་གནང་ཤོག།།

  16. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-10-14 at 1:22 am

    དུས་ཀྱིས་འཕོ་འགྱུར་སྤྱི་ཚོགས་འཕེལ་རིམ་ལ་།
    འགན་ཁུར་མ་ཐུབ་རང་ཡུལ་དགྲ་ལ་ཤོར་།
    ཕོ་གཙོ་མོ་དམན་བཤད་ནས་རྗེས་ལུས་ཐེབས་།
    རྟགས་དང་རྟེན་འབྲེལ་བཤད་ནས་གྲལ་རིམ་དར་།
    དུས་རབས་རྗེས་ཟིན་ཐུབ་ལ་སྲིད་སྐྱོང་བུད་མེད་བསྐོ་།
    བཅའ་ཁྲིམས་འགན་ཁུར་ཐུབ་ལ་སྲིད་སྐྱོང་བུད་མེད་བསྐོ་།
    ཕོ་མོ་འདྲ་མཉམ་ཐུབ་ལ་སྲིད་སྐྱོང་བུད་མེད་བསྐོ་།
    ཆོལ་གསུམ་དམ་གཙང་ཐུབ་ལ་སྲིད་སྐྱོང་བུད་མེད་བསྐོ་།
    སྤྱི་ཚོགས་འཆམ་མཐུན་ཐུབ་ལ་སྲིད་སྐྱོང་བུད་མེད་བསྐོ་།
    འདས་པ་རྗེས་འདེད་རྒྱུད་ནས་སྲིད་སྐྱོང་བུད་མེད་བསྐོ་།
    མ་འོངས་མདུན་བསུ་ཐུབ་ལ་སྲིད་སྐྱོང་བུད་མེད་བསྐོ་།
    ད་ལྟ་ལག་བསྟར་ཐུབ་ལ་སྲིད་སྐྱོང་བུད་མེད་བསྐོ་
    བོད་རྒྱའི་འབྲེལ་ལམ་ཐུབ་ལ་སྲིད་སྐྱོང་བུད་མེད་བསྐོ་།
    དབུ་ལམ་དོན་འབྲས་ཐུབ་ལ་སྲིད་སྐྱོང་བུད་མེད་བསྐོ་།
    རྗེས་ལོ་ཉེར་གཅིག་སྲིད་སྐྱོང་བུད་མེད་བསྐོ་།
    བོད་ཀྱི་བུད་མེད་ཉེར་གཅིག་ལོ་ལ་རྒྱལ་ལོ་་།
    རྒྱལ་ལོ་རྒྱལ་ལོ་བོད་ཀྱི་བུད་མེད་རྒྱལ་རྒྱུར་གཅིག་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme