Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗེ་ཙོང་ཁ་བ་ལ་བསྟོད་པ་ཕར་ཕྱིན་དྲུག་ལ་སྦྱར་བའི་འགལ་རྒྱན།

Posted on 2019-12-10 By ཁ་བརྡ 1 Comment on རྗེ་ཙོང་ཁ་བ་ལ་བསྟོད་པ་ཕར་ཕྱིན་དྲུག་ལ་སྦྱར་བའི་འགལ་རྒྱན།

ནམ་མཁའ།

སེར་སྣའི་འཆིང་ཐག་གྲོལ་ཀྱང་ཆགས་མེད་གཏོང་བའི་སེམས་ཀྱིས་བཅིངས།།
འཇིག་རྟེན་ཞེན་ཆགས་སྤངས་ཀྱང་བརྩེ་བའི་ཐུགས་ཀྱིས་ཀུན་ཆགས་ཏེ།།
ཟང་ཟིང་འདུ་འཛི་བཀག་ཀྱང་ཆོས་ཀྱི་སྦྱིན་པའི་ཚོགས་རྒྱས་བའི།།
སྦྱིན་པའི་མཆོག་གྱུར་ཆོས་སྦྱིན་རྫོགས་པ་དེ་ལ་གུས་ཕྱག་འཚལ།།


གཉའ་ཤིང་གང་ལས་བལྟ་བར་མི་ནུས་ཐུགས་རྗེ་སྤྱན་གྱིས་འགྲོ་ཀུན་གཟིགས།།
ལོངས་སྤྱོད་ནོར་གྱིས་དབུལ་ཡང་གཞུང་ལུགས་ཐོས་བའི་རབ་ཏུ་ཕྱུག།
འཇིག་རྟེན་ཞེན་པའི་འཆིང་ཐག་གྲོལ་ཀྱང་སྒོ་གསུམ་ཚུལ་ཁྲིམས་བསྡམས།།
ཚུལ་ཁྲིམས་མིག་འབྲས་བཞིན་དུ་སྲུང་བའི་བཙུན་པ་དེ་ལ་འདུད།།

སྙིང་རྗེ་ཆབ་ཀྱིས་བརླན་ཡང་ཞེ་སྡང་བུད་ཤིང་བསྲེགས་པ་ཡི།།
དུག་གསུམ་གཡུལ་འགྱེད་དཔའ་ཡང་ཚིག་རྩུབ་སྨྲ་ལ་སྡར་མར་གྱུར།།
ལུས་ཀྱི་དཀའ་བ་རི་རྒྱལ་འགུལ་ཡང་དམ་བཅའ་མི་གཡོ་བའི།།
ལུས་སེམས་དཀའ་སྤྱད་བཟོད་པའི་སྐྱེས་མཆོག་དེ་ལ་གུས་ཕྱག་འཚལ།།

བག་མེད་གཉིད་ཀྱི་མདུད་པ་གྲོལ་ཀྱང་ཏིང་འཛིན་སེམས་ཀྱིས་ཤིན་ཏུ་བཅིངས།།
སྒྱུད་ལུག་ངན་ཞེན་རྩྭ་ཕུང་བསྲེགས་ཀྱང་བརྩོན་པའི་ཆུ་བོས་རྒྱུན་ཏུ་བརླན།།
ལེ་ལོ་གཡེང་བའི་རོལ་མོ་བཀག་ཀྱང་ཆོས་རྔ་ཆེན་པོའི་སྒྲ་ཆེན་གསན།།
སྐུ་ཚེ་གཅིག་ལ་བརྩོན་འགྲུས་ཕ་རོལ་ཕྱིན་པ་དེ་ལ་གུས་ཕྱག་འཚལ།།

འབྲོང་སྨྱོན་ལྟ་བུའི་རྒོད་སེམས་བཟུང་ཡང་སྒོམ་པའི་ལམ་གྱི་གྲོལ་བ་ཐོབ།།
བྱིང་བའི་སེམས་ཀྱི་མུན་པ་སེལ་ཀྱང་ཤེས་རབ་སྒྲོམ་མེ་རབ་ཏུ་སྦར།།
ནག་ཚོགས་ཉོན་མོངས་གཡུལ་འགྱེད་བྱས་ཀྱང་རྩེ་གཅིག་ཏིང་འཛིན་ཞི་བར་གནས།།
ཐོས་དོན་སྒྲུབ་ལ་བརྩོན་པའི་ཏིང་འཛིན་རྒྱལ་བོ་དེ་ལ་གུས་ཕྱག་འཚལ།།

མ་རིག་མུན་པ་བཅོམ་ཀྱང་རྟེན་འབྲེལ་ཟབ་མོའི་སྒྲོན་མེ་བཏགས་པ་ཡིས།།
བདེན་འཛིན་ནགས་ཚལ་བསྲེགས་ཀྱང་བྱམས་པའི་སེམས་ཀྱི་ཆུ་བོས་འགྲོ་ཀུན་བསྐྱངས།།
གཅེས་འཛིན་དགྲ་བོ་རལ་གྲིས་བསད་ཀྱང་མ་འདྲིས་སེམས་ཅན་ཀུན་གྱི་གཉེན།།
ལྟ་སྒོམ་སྤྱོད་གསུམ་ཤེས་རབ་འབར་བའི་གངས་རིའི་གཙུགས་རྒྱན་དེ་ལ་འདུད།།

ཏིང་འཛིན་སེམས་པ་གཡོ་བ་མེད་ཀྱང་སྙིང་རྗེ་རླབས་ཀྱིས་རབ་ཏུ་གཡོ།།
གཞན་དོན་བསྒྲུབ་ལ་འཇིགས་པ་མེད་ཀྱང་ཉེས་བྱེད་ཕྲ་མོ་སྐྲག་པ་ཡི།།
ཉོན་མོངས་ལས་ཀྱི་དབང་པོ་བཀག་ཀྱང་སེམས་ཀྱི་དྲན་ཤེས་སྒོ་ཕྱེ་བའི།།
གངས་རིའི་ལྗོངས་ཀྱི་ཙོང་ཁ་སྐྱེས་མཆོག་དེ་ལ་སྙིང་ནས་གུས་ཕྱག་འཚལ།།

སྲོག་གཅོད་ཕྲ་མོ་ཙམ་ཡང་སྤངས་ཀྱང་བདག་འཛིན་སྲོག་ལ་རལ་གྲིས་བསྣུན།།
མ་བྱིན་ལེན་གྱི་རྩ་ལྟུང་བཅོམ་ཀྱང་འཇམ་དཔལ་དབྱངས་ཀྱི་ཤེས་རབ་ཁྱེར།།
མི་ཚངས་སྤྱོད་ཀྱི་ས་བོན་སྤངས་ཀྱང་ཤེར་ཕྱིན་ཡུམ་ཆེན་བག་མར་བསུས།།
རྨི་ལམ་ལ་ཡང་རྫུན་སྨྲ་སྤངས་ཀྱང་འཇམ་པའི་དབྱངས་ལ་བཀའ་འདྲི་ཞུས།།

མྱོས་ཆང་ཐིག་པ་ཙམ་ཡང་མི་མཆོད་དམ་ཆོས་བདུད་རྩི་ཡང་ཡང་འཐུང་བ་ཡིས།།
བག་མེད་གླུ་གར་རིང་ནས་སྤངས་ཀྱང་འཇམ་དབྱངས་ལ་སོགས་བསྟོད་པའི་གླུ་སྐད་ལ།།
བསྟད་ན་དགའ་བ་སྤངས་བའི་བྱམས་པ་སོགས་ཀྱི་ཞལ་རས་ལས་ཀྱང་འཛུམ་མདངས་ཤོར།།
ནོར་འཛིན་སྒེག་མོའི་སྟེང་གི་སྙན་ངག་མཆོག་གྱུར་ཁྱེད་ལས་གཞན་པ་སུ་ལ་གུས།།

 

ཚིག་གི་མེ་ཏོག་བཞད་པའི་སྒྱུ་རྩལ་མེད་ན་ཡང་།།
དད་པའི་སེམས་ཀྱི་ལྷ་རྫས་མེ་ཏོག་ཞིག།
ཟླ་འོད་ཕོག་པའི་ཆུ་སྐྱེས་གཞོན་ནུ་བཞིན།།
སོར་མོ་སྙིང་གར་སྦྱར་ཏེ་ཕུལ་བ་ལ།།

སྙན་ངག་མཁན་པོའི་མཛུབ་མོས་འཕྱ་ཡང་ཆོག།
གཞུང་ལུགས་མཁས་པའི་འགལ་འདུ་སྒྲུབ་ཀྱང་རུང་།།
ཕྲག་དོག་ཅན་གྱིས་སྣ་གཉེར་གང་བྱས་ཀྱང་།།
བླུན་པོའི་སོར་མོའི་རྩེ་ནས་ཤོར་བ་ལགས།།

གསལ་བཤད་ཞིག་ལ།དབུ་ཞྭ་ཞིག་ཡོད་པ་དེ་རྗེ་མནབས་པའི་དབུ་ཞྭ་ཡིན་ཚུལ་བཤད་རྒྱུན་འདུག
གངས་རིའི་ལྗོངས་སུ་དབུ་མའི་ལྟ་གྲུབ་ལེགས་པར་ཕྱེ་བའི་ཤིང་རྟ་བ་རྗེ་ཙོང་ཁ་བ་ཆེན་མོ་དགོངས་པ་ཆོས་དབྱིངས་སུ་ཐིམ་སྟེ། ལོ་ངོ༦༠༠འཁོར་བའི་རྗེས་དྲན་དུ་ཕུལ།

༨ /༡༢/༢༠༡༩ལ་ཡོ་རུབ་ནས་བྲིས།

སྙན་ངག

Post navigation

Previous Post: མི། ཕུག་རོན། གསེར། ཁྲག མཆི་མ། མེ། ཤི་གསོན།
Next Post: འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་དུས་དྲན་ལ་བསྟོད་པ་།

Comment (1) on “རྗེ་ཙོང་ཁ་བ་ལ་བསྟོད་པ་ཕར་ཕྱིན་དྲུག་ལ་སྦྱར་བའི་འགལ་རྒྱན།”

  1. ཀརྡོ་རབ་འབྱམས་པ་ says:
    2019-12-15 at 10:02 am

    དྲུག་བརྒྱའི་སྔ་རོལ་ཕེབས་པའི་མཚན། །
    བླ་མ་ཙོང་ཁ་པ་ཞེས་གྲགས། །
    སྦྱིན་ལས་ལྷག་འགྱུར་ཚུལ་ཁྲིམས་བསྲུངས། །
    ཚུལ་ཁྲིམས་དག་ཤིང་བཟོད་ལ་བརྩོནད།
    བཟོད་སྒོམ་མཐར་ཐོན་བརྩོན་མ་དོར། །
    བརྩོན་འགྲུས་གཡེང་མེད་བསམ་གཏམ་བསྒོམས། །
    བསྒྲོམས་པས་འབྲས་བུར་ཤེས་རྒྱས་ནས། །
    དགེ་ལྡན་སྲོལ་གཏོད་ཁྱེད་ལ་འདུད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme