Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗེ་མི་ལའི་མགུར་དབྱངས་ཐོས་པ་དགའ།

Posted on 2014-04-082014-04-08 By ཁ་བརྡ་ 19 Comments on རྗེ་མི་ལའི་མགུར་དབྱངས་ཐོས་པ་དགའ།

སྐྱོ་བྲག་དགའ་དབང་།

??.PNGགནའ་བོའི་བོད་ཀྱི་ཡུལ་སྲོལ་ལ། ཕན་ཚུན་གནས་ཚུལ་བརྡ་སྤྲོད་པ་ན་གླུ་བླངས་རབས་ཀྱི་ལོ་རྒྱུས་ཆེས་མང་ལ། ཞི་བྱེད་རས་པས་བཤད་པ་ལྟར་ན། རྗེ་བཙུན་མི་ལ་རས་པས་ཆུང་དུས་གླུ་རིགས་བརྒྱད་ཁྲི་བརྒྱད་བཞི་སྟོང་ཙམ་ཤེས་ནས་ལེན་མྱོང་སྐད། གང་ལྟར་བོད་ཀྱི་གླུ་ལེན་པའི་ལུགས་སྲོལ་མ་ཉམས་པ་དང་། བཀའ་བརྒྱུད་པ་ནི་རང་གི་ཉམས་རྟོགས་མགུར་དུ་ལེན་པའི་ལུགས་སྲོལ་ཅན་གྱི་བརྒྱུད་པ་ཡིན་པ་དང་། མི་ལ་རས་པ་རང་ཉིད་གླུ་ལེན་པ་ལ་ཆེས་མཁས་པ་ཡིན་པའི་དབང་གིས། ཁོང་གི་ཐུགས་ལ་ཤར་བའི་གནས་ཚུལ་བཟང་ངན་རྣམས་ཐད་ཀར་གླུ་རུ་ལེན་པ་ལ་ཐོགས་པ་མེད་པས། ཚིག་སྦྱོར་སྙན་ལ་བརྗོད་དོན་ཟབ་པའི་མགུར་གླུ་ཆེས་མང་པོ་བླངས་པ་ཁོང་ལྟ་བུ་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཡིན།

ཁོང་གིས་བླངས་པའི་མགུར་གླུ་ལ་མཁས་བླུན་ཐུན་མོང་གི་ཡིད་དབང་འཕྲོག་པའི་ནུས་པ་དམིགས་བསལ་བ་ཡོད་པས་དགའ་མོས་བྱ་མཁན་ཆེས་མང་བ་ལས། ཡུལ་སྐྱོ་བྲག་ཏུ་སྐྱེས་ཚར་བྱུང་ཞིང་འཛམ་གླིང་གི་གནས་ཚུལ་མཐོང་རྒྱ་ཡངས་པའི་མཁན་པོ་དཔའ་བརྟན་མཆོག་ནི་དད་མོས་ལྷག་པར་ཆེ་བའི་གང་ཟག་ཅིག་ཡིན་ཕྱིར། སྔར་རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་ཕལ་མོ་ཆེར་བསྐྱོད་དེ་བརྙན་པར་བླངས་པའི་འོད་སྡེར་ཞིག་འགྲེམ་སྤེལ་གནང་བ་ལ་རྒྱལ་ཕྱི་ནང་གི་མཁས་བླུན་མང་པོའི་སེམས་པ་ཤོར་ཡོད།
ད་ཐེངས་ཁོང་གིས། རྗེ་མི་ལའི་མགུར་དབྱངས་ཐོས་པ་དགའ། ཞེས་བྱ་བའི་འོད་སྡེར་གཟུགས་མེད་སྒྲ་དབྱངས་ཅན་ཞིག་སྤྱི་ཚོགས་ཐོག་བཀྲམ་གནང་ཤག །ཚིག་ནི་རྗེ་བཙུན་མི་ལ་རས་པའི་མགུར་གླུ་ཡིད་དབང་འཕྲོག་པ་དག་ཡིན་ཅིང་། དབྱངས་མཁན་ནི། ཤར་མི་ཉག་གི་མཁས་པ་གང་བསམ་ལྷུན་གྲུབ། ཅེས་དཔལ་བླ་རུང་ཆོས་སྒར་ཆེན་མོ་ནའང་མིང་དུ་གྲགས་པ། ལྷན་སྐྱེས་ཀྱི་སྐད་ངག་བདེ་ལ། མཛད་པ་རླབས་སུ་ཆེ་བའི་སྐྱེས་བུ་མཆོག་རབ་ད་ེཡིན་པས་ན། འཚང་ཁ་ཆེན་པོས་ཉོ་ཚོང་དང་དཔེ་བཤུ་བྱེད་ཀྱིན་ཡོད་འདུག །མགུར་དབྱངས་ཀྱི་འོད་སྡེར་འགྲེམ་སྤེལ་དང་ཉོ་ཚོང་། ཉན་འཇོག་བྱ་མཁན་ཡོད་དོ་ཅོག་རྣམས་འདི་བདེ་ཕྱི་སྐྱིད་ཀྱི་མི་ཚེ་དོན་ཡོད་ཡིན་པ་ནི། རྗེ་བཙུན་མི་ལ་རས་པས། སེམས་ཅན་སུ་གང་གི་རྣ་བར་ངའི་མིང་ལན་གཅིག་ཐོས་པ་ལ་དད་པ་སྐྱེས་པ་དེ་རྣམས་ལ། སྐྱེ་བ་བདུན་གྱི་བར་དུ་ངན་སོང་མེད་ཅིང་། ཚེ་རབས་བདུན་དྲན་པར་འགྱུར་བ་རྒྱལ་བ་གོང་མ་རྣམས་ཀྱི་ལུང་བསྟན་ཡིན་ནོ། །ཞེས་གསུངས་པ་ལས་ཤེས་སོ། །

སྣ་ཚོགས།

Post navigation

Previous Post: དགུ་བཅུ་གསུམ་གྱི་སློབ་བསྡུའི་གསལ་བསྒྲགས།
Next Post: དྲ་བའི་མེ་ལོང་གི་བརྙན་གཟུགས།

Comments (19) on “རྗེ་མི་ལའི་མགུར་དབྱངས་ཐོས་པ་དགའ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-04-08 at 4:14 pm

    ་་་་་་་་ རྗེ་བཙུན་མི་ལ་རས་པས། སེམས་ཅན་སུ་གང་གི་རྣ་བར་ངའི་མིང་ལན་གཅིག་ཐོས་པ་ལ་དད་པ་སྐྱེས་པ་དེ་རྣམས་ལ། སྐྱེ་བ་བདུན་གྱི་བར་དུ་ངན་སོང་མེད་ཅིང་། ཚེ་རབས་བདུན་དྲན་པར་འགྱུར་བ་རྒྱལ་བ་གོང་མ་རྣམས་ཀྱི་ལུང་བསྟན་ཡིན་ནོ། །ཞེས་གསུངས་པ་ལས་ཤེས་སོ། །་་་་་་

  2. བཙག་རོང་འཇོལ་མོ། says:
    2014-04-08 at 8:48 pm

    ལགས་སོ

  3. lobsang199 says:
    2014-04-08 at 10:32 pm

    དེ་དྲ་རྒྱ་ཐོག་ནས་ལེན་རྒྱུ་ཡོད་ན་ཡག་པོ་འདུག ང་ལན་མང་ཉན་གྱི་ཡིན།

  4. ཤར་པ་ says:
    2014-04-09 at 12:03 am

    ༄།་རྗེ་མི་ལ་རས་པ། ཚེ་གཅིག་ལ་སྐྱེ་འཆི་བར་དོ་གསུམ་སྦྱང་ནས་སྐུ་གསུམ་གོང་འཕང་མངོན་དུ་གྱུར་པའི་ཐོས་པ་དགའ་བ་ཡིད་པར་ཡིད་ཆས་་དང་དད་མོས་ཤིན་ཏུ། འོན་ཀྱང་རྗེ་མི་ལས་རས་པའི་མཚན་ལེན་བདུན་ཐོས་པས་སྐྱེ་བ་བདུན་ངན་མི་སྐྱེ་བ་སོགས་ནི། དོན་གཞན་དང། དུས་གཞན་དང་། གང་ཟག་གི་བསམ་ལ་དགོངས་ནས་གསུངས་པ་མ་ཏོག་། ཐུབ་ན་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང། འགྲོ་བའི་སྡུག་སྔལ་ཕྱག་གིས་མི་སེལ་ལ། ཞེས་སོགས་དང་འགལ་ལོ། དེ་འདྲ་བའི་ཕན་ཡོན་མང་པོ་ཞིག་གཟུངས་སྡུས་ནང་ཤིན་ཏུ་མང་ལ། སྔགས་ཅིག་ཟླས་ནས་ཆུ་ལ་ཕུ་རྒྱབ་ནས་རང་གི་ལུས་ལ་བྱུག་ན་། མི་གཞན་གྱིས་རང་ཉིད་མི་མཐོང་བ་གསུངས་པ་ཞིག་གདའ་ན། ཁྱོད་རང་སྔགས་དེ་་ཟླས་ནས་ལུས་དམར་ཧྲང་ལ་ཕྱིན་ན་དེ་ནས་ཡིན་ན་ཧཧཧཧཧ།སྨྱོ་པའི་སྨན་ཁང་ནང་ལ་སླེབས་ཉེ་ཆེ།

  5. ཤར་པ་ says:
    2014-04-09 at 12:30 am

    ༄།་ཁ་སྐོང་ལ་གོང་དུ་གང་ཟག་གི་བསམ་པ་ལ་དགོངས་ནས་ཞེས་བཅོས། ཡང་རྒྱ་བ་ཀརྨ་པ་རིན་པོ་ཆེའི་དབུ་ཞྭ་དེ་མཁའ་འགྲོ་མ་བྱེ་བ་འབུམ་གྱི་དབུ་སྐྲ་ལས་གྲུབ་པས་གལ་སྲིད་དབུ་ལ་གྱོན་སྐབས་ཕྱག་གིས་མ་ཟིན་ན་གནམ་ལ་འཕུར་བ་བཤད། ཀརྨ་པ་སྐུ་གོང་མ་ཕྱི་རྒྱལ་ལ་། ཕྱི་རྒྱལ་བ་ཚོས་དེ་ལ་སྒོ་དང་སྒིའུ་ཁུང་ཐབས་ཅད་རྒྱབ་ནས་རིན་པོ་ཆེ་ནས་ཕྱག་གིས་མ་ཟིན་སྐབས་དབུ་ཞྭ་དབུ་གང་ལ་རང་འཇག་སྡད་པའི་སྒྲུང་ཞིག་ཡོད། འདི་ཚོའི་རིགས་འདི་། དོན་གཞན་དང། དུས་གཞན་དང་། གང་ཟག་གི་བསམ་པ་ལ་། ལྡེམ་པོར་འགྲེལ་མ་ཤེས་ན་བོད་རྒྱུད་ནང་བསྟན་དྲི་མ་ཅན་དུ་བཟོ་ཉེན་ཆེ། དོན་དུ་བཀའ་རྒྱུད་བསྟན་པའི་གསལ་བྱེད་ཆེན་པོ་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་དབུ་ཞྭ་དེ་རྒྱ་ནག་གོང་མས་། བོད་རྒྱ་ཁུངས་སུ་བཅུག་རྒྱུའི་རེ་ངན་འཆང་བའི་འཐོམ་ཞྭ་ཞིག་ཡིན་པར་སེམས། དེ་འདྲ་བའི་དབུ་ཞྭ་གཅིག་། གདན་ས་ཆེན་པོ་གསུམ་གྱི་ནང་ཚན། སེར་ར་བྱམས་ཆེན་ཆོས་རྗེ་ལ་ཡང་ཅིག་ཡོད་པར་བཤད། སེར་ར་བ་ཚོས་འཐོམ་ཞྭ་ཡིན་པར་ཚོར་ནས་ད་སྐབས་བྱམས་ཆེན་ཆོས་རྗེའི་དབུ་ཞྭ་དེ་པན་ཞྭ་ཞིག་ལ་རྒྱུར་རབ་འདུག། རྗེ་ཀརྨ་པ་མཆོག་ནས་དབུ་ཞྭ་དེ་གནམ་ལ་འཕུར་དྭོགས་ཀྱི་སྡ་རམ་སའི་རི་འདབས་ལ་ད་དུང་ཕྱག་གིས་འཇུས་ནས་འགྲོ་བ་ཡོངས་ཀྱི་མགོན་དཔོན་དུ། ལྷང་ངེར་བཞུགས་ཡོད། དེ་དང་འདྲ་བ་བོད་ཀྱི་བླ་ཆེན་ཧོ་ཐོག་ཐོག་གི་མིང་ཡོད་པ་ཚང་མ་ལ་རྒྱ་ནག་གོང་མས་འཐོམ་ཞྭ་རེ་གཡོག་རབས་གདའ། ད་དགོངས་དག་སྡིག་པ་བསགས་སོང། ཡིན་ན་ཡང་རྗེ་མི་ལའི་མཚན་ལེན་བདུན་བསགས་ན་ཨོ་ཙི་མིན་འགྲོ།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-04-09 at 12:47 am

    ཀརྨ་པའི་་་་་་ ་་་་་་་ དབུ་ཞྭ་དབུ་གང་ལ་རང་འཇག་སྡད་པའི་སྒྲུང་ཞིག་ཡོད། འདི་ཚོའི་རིགས་འདི་། དོན་གཞན་དང། དུས་གཞན་དང་། གང་ཟག་གི་བསམ་པ་ལ་། ལྡེམ་པོར་འགྲེལ་མ་ཤེས་ན་བོད་རྒྱུད་ནང་བསྟན་དྲི་མ་ཅན་དུ་བཟོ་ཉེན་ཆེ། དོན་དུ་བཀའ་རྒྱུད་བསྟན་པའི་གསལ་བྱེད་ཆེན་པོ་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་དབུ་ཞྭ་དེ་རྒྱ་ནག་གོང་མས་། བོད་རྒྱ་ཁུངས་སུ་བཅུག་རྒྱུའི་རེ་ངན་འཆང་བའི་འཐོམ་ཞྭ་ཞིག་ཡིན་པར་སེམས། ་་་་་་་་

  7. བཙན་བྱོལ་བ་ says:
    2014-04-09 at 1:59 am

    ང་ཡང་ཉན་འདོད་ཆེ། བོད་སྟོད་མངའ་རིས་རྫོང་དགའ་ནས་འཁྲུངས་པའི་སྙིང་སྟོབས་ཅན་རྗེ་མི་ལ་རས་པ་ལ་སྙིང་ནས་འདུད་དོ།།

  8. ལྷ་སྡེ་གནམ་ལོ་ཡག says:
    2014-04-10 at 12:10 am

    ལྷན་རྒྱས་བཀའ་འདྲི་ཞུ་ཡ་གཅིག་འདུག དུས་རབས་བརྒྱད་པའི་ནང་བོད་ནས་རྒྱ་གར་བ་ཀ་མ་ལ་ཤི་དང་རྒྱ་ནག་པ་ཧྭ་ཤང་གིས་ཆོས་རྩོད་རྒྱག་དུས་ཀྱི་ལྟ་བ་དབྱིན་ཡིག་ནང་མགྱོགས་དལ་གྱི་དབྱེ་བ་ཕྱེ་ནས་བསྒྱུར་འདུག རྒྱ་ཡིག་ནང་༼顿门巴༽དང༼渐门巴༽ཟེར་གྱི་འདུག་པས། བོད་སྐད་ནང་ཧ་ཤང་གི་ལྟ་བ༼སྟོང་མིན་པ༽དང་ཀ་མ་ལ་ཤི་ལའི་ལྟ་བ༼ལྡན་མིན་པ༽རེད་དམ།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-04-10 at 12:35 am

    ་་་་་་ ད་སྐད་ནང་ཧ་ཤང་གི་ལྟ་བ༼སྟོང་མིན་པ༽དང་ཀ་མ་ལ་ཤི་ལའི་ལྟ་བ༼ལྡན་མིན་པ༽རེད་དམ། ་་་་་་

  10. ཀརྡོ་གཉེར་ཕྱག་པ་ says:
    2014-04-10 at 12:38 am

    ཧ་ཤང་གི་ལྟ་བ། ཅང་གི་སྒོམ། ཛེན་གྱི་སྒོམ་སོགས་ལ་གསལ་བཤད་ཅིག་བྱུང་ན་། ཕན་ཐོགས་ཆེ།

  11. ཀརྡོ་གཉེར་ཕྱག་པ་ says:
    2014-04-10 at 12:45 am

    རྒྱ་ནག་རྙིང་པའི་ཧ་ཤང་གི་སྒོམ། དིང་གི་རྒྱ་ཡི་ཅང་གི་སྒོམ། ཉི་ཧོང་གི་ཛེན་གྱི་སྒོམ་སོགས་གྲགས་ཀྱང་ཁ་མི་གསལ་བས་་་་་

  12. ཀརྡོ་གཉེར་ཕྱག་པ་ says:
    2014-04-10 at 12:50 am

    རྗེ་མི་ལའི་མགུར་དང་། རྒྱ་གར་གྲུབ་ཆེན་ཚོའི་དོ་ཧ་གཉིས་ལ་ཁྱད་པར་ཡོད་དམ། མེད། དཔྱད་དགོས་པ་མང་ངོ་།།

  13. ལྷ་སྡེ་གནམ་ལོ་ཡག says:
    2014-04-10 at 4:03 am

    དགེ་བཤེས་ཀརྡོ་གཉེར་ཕྱག་ལགས། མ་གཞི་ཧ་ཤང་མ་ཧཱ་ཡ་ན་དང་ཀ་མ་ལ་ཤི་ལའི་རྩོད་པ་དེ་སྒོམ་རིམ་ལ་ཐུག་ཡོད་པས། ཀ་མ་ལ་ཤི་ལའི་སྒོམ་རིམ་ལ་ཉམས་ལེན་བྱེད་སྟངས་ཇི་ལྟར་གསུངས་ཡོད་པ་རེད་དམ། དེ་ནས་ཧ་ལམ་ཤེས་ཐུབ་པ་འདྲ།

  14. སྤོབས་པ་མཐའ་ཡས། says:
    2014-04-10 at 4:18 am

    ལྷ་སྡེ་གནམ་ལོ་ཡག་ལགས། ཧ་ཤང་གིས་རྟོག་དཔྱོད་མ་བྱས་པར་སྒོམ་དགོས། རྟོག་དཔྱོད་ཡིན་ན་ནོར་འཁྲུལ་ཡིན་པས་ཁྱབ་གསུངས་པ་རེད། ཀ་མ་ལ་ཤཱི་ལས་རྟོག་དཔྱོད་ལ་མ་བརྟེན་པར་ཡང་དག་པའི་ལྟ་བ་རྟོགས་ཐབས་མེད་གསུངས་པ་རེད། གཞི་རྩའི་རྩོད་གཞི་དེ་ཙམ་རེད།

  15. སྤོབས་པ་མཐའ་ཡས། says:
    2014-04-10 at 4:39 am

    ཁྱེད་ཀྱིས་གསུངས་པའི་’སྟོན་མིན་པ་’དང་’བརྩེ་མིན་པ་’ཞེས་པའི་སྐོར་ལ་བོད་ཡིག་གི་ལོ་རྒྱུས་སུ་འགྲེལ་བཤད་འདྲ་བོ་འདུག ཡིན་ན་ཡང་།་དེའི་སྐོར་ལ་སྔོན་མ་སྦྲང་ཆར་དུས་དེབ་ཏུ་ཤེས་རབ་རྒན་པོའི་འབ྄ེལ་གཏམ་ལེ་ཚན་ལ་དེའི་མིང་བརྡ་དེའི་སྐོར་ལ་དྲི་བ་དང་ལན་ཡང་སླེབས་སོང་། ན་ནིང་ཁ་བརྡ་དྲ་ཐོག་འདིར་ཐའེ་ཝན་དུ་བཞུགས་པའི་མཁན་པོ་ཚེ་རིང་བཀྲ་ཤིས་ཀྱིས་ཀྱང་བཀའ་མོལ་ཞིག་གནང་སོང་། མིང་བརྡ་དེ་གཉིས་ལ་རྒྱ་སྐད་ཀྱི་ནང་དོན་ལྟར་བཀྲལ་ན་’རིམ་ཀྱིས་འཇུག་པའི་སྒོ་’དང’ཅིག་ཆར་འཇུག་པའི་སྒོ་’ཟེར་བའི་དོན་ལ་འཇུག་གི་འདུག་གསུངས་སོང་བསམ། དེ་ཡིན་ཡང་ཆོག་པ་རེད། ཧ་ཤང་གིས་ད་ལྟ་ནས་ཅི་ཡང་མི་རྟོག་པའི་སྒོམ་ལ་འཇུག་དགོས་པར་གསུངས་པས་ཅིག་ཆར་བ་དང་། ཀ་མ་ལ་ཤཱི་ལས་དང་པོར་རྟོག་དཔྱོད་ཀྱི་གཏན་ལ་ཕབ་པའི་རྗེས་སུ་རྟོག་མེད་ཀྱི་དོན་སྒོམ་དགོས་གསུངས་པས་རིམ་གྱིས་པའི་དོན་ཡོད་པ་རེད་ལགས།
    བོད་ཀྱི་ཆོས་འབྱུང་ཁ་ཤས་ཀྱི་ནང་ན། ཧ་ཤང་ཕྱོགས་གཏོགས་ལ་’སྟོན་མིན་པ་’ཐོགས་དོན་ནི་བཙན་པོས་རྒྱའི་ཧ་ཤང་གི་ཆོས་དེ་སྟོན་པའི་ཆོས་མིན་གསུངས་པས་’སྟོན་མིན་པ་’ཞེས་ཐོགས་པ་དང་། ཀ་མ་ལ་ཤི་ལའི་ཕྱོགས་གཏོགས་ཀྱིས་སེམས་ཅན་ལ་’བརྩེ་’བས་ཚོགས་བསགས་པ་གལ་ཆེ་ཟེར་ནས་རང་གི་ལུས་ལ་མེ་སྦར་ནས་མར་མེར་ཕུལ་བས། བཙན་པོས་དེ་ལ་ཡང་དོག་པ་ཟོས་ནས། ལུས་ལ་མེ་སྦར་བ་དེ་བརྩེ་བ་མིན་གསུངས་པས་’བརྩེ་མིན་པར་’གྲགས་ཞེས་འཁོད་འདུག འོན་ཀྱང་བོད་ཀྱི་ཡིག་ཆ་རྙིང་གྲས་ན་ཡང་ཀ་མ་ལ་ཤཱི་ལ་སོགས་ལ་རིམ་གྱིས་པ་དང་ཧ་ཤང་གི་ཕྱོགས་གཏོགས་ལ་ཅིག་ཅར་བ་ཞེས་བཏགས་འདུག་པས་སྟོན་མིན་བརྩེ་མིན་གི་རྒྱ་སྐད་སོར་བཞག་ཡིན་པ་ལ་རྒྱུ་མཚན་ཆེ་བ་འདྲ་བས་རྒྱ་སྐད་ཀྱི་གོ་དོན་ལ་སྦྱར་ནས་དཔྱད་པར་ཞུ།

  16. པདྨ says:
    2014-04-10 at 5:16 am

    སྙན་ངག་པ་རུས་པས་རྟོག་རྩོམ་དེས་བོད་མི་ཕལ་ཆེར་རྨོངས་པར་བསྒྱུར་མི་འདུག་གམ། གང་བསམ་ལྷུན་གྲུབ་ཀྱིས་ཡག་པོ་བླངས་ཡོད་པར་རེད་སྙམ། ལོ་རྒྱུས་དང་དངོས་དང་མི་མཐུན་པའི་རྟོག་བཏགས་གཙོ་བོ་བྱས་ན་ཡག་རྟགས་ཅི་མི་འདུག

  17. ལྷ་སྡེ་གནམ་ལོ་ཡག says:
    2014-04-10 at 7:49 am

    ཐུགས་རྗེ་ཆེ། མིང་དེ་གཉིས་ཡིན་ས་རེད། དབྱིན་ཡིག་ནང “sudden”དང “gradual”ལབ་བཞིན་པས། ཅིག་ཅར་འཇུག་པའི་སྒོ། རིམ་གྱིས་འཇུག་པའི་སྒོ་དང་མཐུན་གྱི་འདུག མ་གཞི་རྒྱ་བརྒྱུད་སངས་རྒྱས་ཆོས་ལུགས་ནང་སྒོམ་ལུགས་གཙོ་བོར་འཛིན་བཞིན་ནའང་། ལག་ལེན་ཐད་ནས་བྱེད་ཐབས་འདི་གཉིས་བར་རྩོད་པ་འདུག་མ་གཏོགས་སྒོམ་ལ་འཇུག་སྟངས་ཡིན་པར་ངོས་ལེན་གཅིག་གྱུར་འདུག དེ་མིན་སྐབས་དེར་ཧ་ཤང་གི་འཁོར་དུའང་རང་ལུས་མེར་མཆོད་ཕུལ་མཁན་བྱུང་འདུག ད་རེས་མ་གཏིགས་ཀ་མ་ལ་ཤི་ལའི་འཁོར་ནང་རང་ལུས་མེར་མཆོད་ཕུལ་མཁན་བྱུང་ཡོད་མེད་ཤེས་མེད།

  18. ཀརྡོ་གཉེར་ཕྱག་པ་ says:
    2014-04-10 at 12:27 pm

    ༡༽རྒྱ་ཡིག་ནང་༼顿门巴༽དང༼渐门巴༽ཟེར།

    ༢༽ ༼སྟོང་མིན་པ༽དང་༼ལྡན་མིན་པ༽

    ༣༽སྟོན་མིན་པ་’དང་’བརྩེ་མིན་པ།

    ༤༽ཧ་ཤང་གིས་རྟོག་དཔྱོད་མ་བྱས་པར་སྒོམ་དགོས།
    ཀ་མ་ལ་ཤཱི་ལས་རྟོག་དཔྱོད་ལ་མ་བརྟེན་པར་ཡང་དག་པའི་ལྟ་བ་རྟོགས་ཐབས་མེད་པས་རྟོག་བྱས་ན་
    སྒོམ་དགོས།

    ༥༽ཧ་ཤང་གིས་ད་ལྟ་ནས་ཅི་ཡང་མི་རྟོག་པའི་སྒོམ་ལ་འཇུག་དགོས་པར་གསུངས་པས་ཅིག་ཆར་བ་དང་། ཀ་མ་ལ་ཤཱི་ལས་དང་པོར་རྟོག་དཔྱོད་ཀྱི་གཏན་ལ་ཕབ་པའི་རྗེས་སུ་རྟོག་མེད་ཀྱི་དོན་སྒོམ་དགོས་གསུངས་པས་རིམ་གྱིས་པའི་དོན་ཡོད་པ་རེད་ལགས།

    ༦༽དབྱིན་ཡིག་ནང “sudden”དང “gradual”ལབ་བཞིན་པ།

    དཔྱད་གཞིར་བྱས་སོ།།

  19. ལྷ་སྡེ་གནམ་ལོ་ཡག says:
    2014-04-10 at 8:42 pm

    དགེ་བཤེས་ལགས་སློབ་སྦྱོང་ལ་མོས་པ་ཡོད་མཁན་ཞིག་ཡིན་པར་དགའ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme