Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗེ་ནག་པོ་སྐུ་མཆོག་གི་སྐུ་ཚེ་དང་མཛད་རྗེས་ལ་འཁྱུག་ཙམ་ལྟ་བ།

Posted on 2009-11-06 By དབང་ཕྱུག་ 9 Comments on རྗེ་ནག་པོ་སྐུ་མཆོག་གི་སྐུ་ཚེ་དང་མཛད་རྗེས་ལ་འཁྱུག་ཙམ་ལྟ་བ།

ཟླ་བ་གཞོན་ནུས་བསྒྱུར།

ཀྲྀཥ྄ཎམཱུརྟི་(ནག་པོ་སྐུ)མཆོག་ནི་སྤྱི་ལོ་༡༨༩༥ལོའི་ཟླ་༥བའི་ཚེས་༡༡ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་ཨཱན་དྷ་ར་མངའ་སྡེའི་(Anthara pradesh)མ་ད་ནཱ་པལ་ལིའི་(Mandanapalle)གྲོང་སྡེར་སྐུ་འཁྲུངས་ཤིང༌། ཁོང་དང་ཁོང་གི་སྐུ་མཆེད་གཉིས་ཆུང་དུས་ནས་སྐབས་དེའི་ལྷ་ལམ་མཐུན་ཚོགས་(Theosophical Society)ཀྱི་ཚོགས་གཙོ་ཌོག་ཊར་ཨན་ནེ་བྷེ་སཱན་ཊི་(Dr Annie Besant)ནས་བུ་ཚབ་ཏུ་ཉར། བྷེ་སཱན་ཊི་དང་རོགས་པ་གཞན་དག་གིས་ཀྲྀཥ྄ཎམཱུརྟི་མཆོག་ནི་ལྷ་ལམ་པ་རྣམས་ཀྱིས་ལུང་བསྟན་ལྟར་གྱི་འཛམ་གླིང་གི་སློབ་དཔོན་ཡིན་ངེས་པའི་བསྒྲགས་གཏམ་སྤེལ་ལ། ཡོངས་འགྱུར་གྱི་འཇིག་རྟེན་འདིའི་ཉེར་བསྡོགས་སུ། ཤར་ཕྱོགས་སྐར་མའི་བཀའ་བཀོད(The Order of the Star in the East)ཅེས་པའི་འཛམ་གླིང་རྒྱ་ཁྱབ་ཀྱི་སྒྲིག་འཛུགས་ཤིག་བཙུགས་ཤིང༌། དགུང་ལོ་ཆུང་བའི་ཀྲྀཥ྄ཎམཱུརྟི་མཆོག་ནས་ཀྱང་དེའི་དབུ་བརྩམས་པ་རེད།
གང་ལྟར་ཡང༌། སྤྱི་ལོ་༡༩༢༩ལོར། ཀྲྀཥ྄ཎམཱུརྟི་མཆོག་གིས་བཀའ་བཀོད་དེ་དེའི་རྗེས་འཇུག་འབོར་ཆེན་དང་བཅས་ཏེ་རྩ་གྲོལ་བཏང་ཞིང༌། བྱ་བཞག་འདིར་ཞལ་འདེབས་གནང་བའི་མ་དངུལ་དང་རྒྱུ་ནོར་ཡོད་ཚད་ཕྱིར་སློག་གནང་སྟེ། ཁོང་ལ་བསྒྲུབ་རེ་བཅངས་པའི་བྱ་གཞག་དེའང་ཞལ་བཞེས་མ་གནང་བ་རེད།
དེ་ནས་བཟུང༌། ཁོང་གི་སྐུ་གཤེགས་དུས་ཏེ་སྤྱི་ལོ་༡༩༨༦ལོའི་ཟླ་༢པའི་ཚེས་༡༧བར་གྱི་ལོ་ངོ་དྲུག་ཅུ་མ་ཟིན་ཙམ་ལ་འཛམ་གླིང་ཡུལ་ཁམས་གང་མང་དུ་འགྲུལ་བཞུད་གནང་ནས་ཉན་མཁན་འབོར་ཆེན་དང་མི་སྒེར་བ་གང་མང་ལ་མིའི་རིགས་ལ་དགོས་ངེས་ཀྱི་གཞིརྩིའི་འགྱུར་བ་སྐོར་གྱི་བཀའ་མོལ་གནང༌།
ཀྲྀཥ྄ཎམཱུརྟི་མཆོག་ཐོག་མཐའ་བར་གསུམ་དུ་འཛམ་གླིང་སྤྱི་ཡོངས་ཀྱིས་ཆེས་རླབས་ཆེན་གྱི་བསམ་བློ་བ་དང་ཆོས་ཀྱི་སློབ་དཔོན་གྱི་གྲས་སུ་ཆ་འཇོག་བྱེད།
ཁོང་གིས་ང་ཚོའི་ཉིན་རྒྱུན་གྱི་འཚོ་བར་འབྲེལ་ཡོད་ཀྱི་གནད་དོན་དག་སྟེ། དེང་རབས་དྲག་སྤྱོད་དང་རུལ་སུངས་ཀྱི་སྤྱི་ཚོགས་སུ་འཚོ་བའི་རྙོག་དྲ་དང༌། མི་སྒེར་གྱི་བདེ་འཇགས་དང་བདེ་སྐྱིད་ཀྱི་འཚོལ་སྙེག མིའི་རིགས་ཀྱིས་རང་ཉིད་རང་གི་ནང་སེམས་ཀྱི་དངངས་སྐྲག་དང༌། ཁོང་ཁྲོ། ན་ཟུག སྡུག་བསྔལ་གྱི་ཁུར་བོ་དག་ལས་བྲལ་བར་བྱེད་དགོས་ཚུལ་གྱི་བཀའ་མོལ་གནང་བ་ལས། མཚན་ཉིད་རིག་པ་དང་ཆོས་ལུགས་གང་རུང་ཞིག་ལ་རྒྱས་འགྲེལ་གནང་གི་མེད། ཁོང་གིས་མིའི་རིགས་ཀྱི་ནང་སེམས་ཀྱི་བྱེད་ལས་ཕྲ་མོ་དག་ལ་ཆེས་ཡང་དག་པའི་ལམ་ནས་འགྲེལ་བཤད་གནང་ཞིང༌། ང་ཚོའི་ཉིན་རྒྱུན་གྱི་འཚོ་བར་སྒོམ་དང་བསམ་པའི་ཁྱད་ཆོས་གཏིང་ཟབ་ཅིག་དགོས་ངེས་ཀྱི་མཛུབ་སྟོན་ཡང་གནང༌།

ཀྲྀཥ྄ཎམཱུརྟི་མཆོག་ཆོས་ཚོགས་དང༌། ཕྱོགས་ཁག རྒྱལ་ཁོངས་གང་གི་ཁོངས་སུ་མི་གཏོགས་པར་མ་ཟད། ཆབ་སྲིད་དང་ལྟ་བའི་བསམ་བློ་ཡི་གྲུབ་མཐའ་གང་དང་ཡང་མོས་མཐུན་མེད་ལ། དེ་ལས་ལྡོག་སྟེ། འདི་དག་ནི་ཏག་ཏག་མིའི་རིགས་དབྱེ་འབྱེད་དང༌། རྩོད་རྙོག འཐབ་འཁྲུག་གི་འབྱུང་རྐྱེན་དངོས་དེ་ཡིན་པའི་ལྟ་བ་རྒྱུན་འཁྱོངས་བྱེད། ཁོང་གིས་རང་གི་ཉན་མཁན་རྣམས་ལ་ང་ཚོ་ཚང་མ་ཐོག་དང་པོ་ནས་མི་ཡིན་པ་ལས་ཧིན་དྷུ་དང༌། ཁ་ཆེ། ཡེ་ཤུ་བ་གང་ཡང་མིན་པར་འགྲོ་བ་མིའི་རིགས་གཞན་དག་དང་ཁྱད་པར་མེད་ཅིང༌། ཕན་ཚུན་འདྲ་མཚུངས་ཡིན་ཚུལ་ཡང་དང་བསྐྱར་དུ་དྲན་སྐུལ་གནང་ལ། འཛམ་གླིང་འདིའི་སྒང་དུ་རང་ཅག་དང་ཁོར་ཡུག་ལ་གཏོར་བཤིག་མེད་པའི་སྒོ་ནས་གོམ་པ་ཡང་མོར་ལེན་རོགས་ཞེས་རེ་སྐུལ་ཡང་ཞུས་ཤིང༌། རང་གི་ཉན་མཁན་རྣམས་ལ་རང་བྱུང་ཁམས་ལ་བརྩེ་བ་ཟབ་མོས་གུས་བརྩི་ཞུ་དགོས་ཞེས་དགོངས་ཚུལ་སྤེལ། ཁོང་གི་བསླབ་བྱ་དག་ནི་མིས་བཟོས་ཡིད་ཆེས་ཀྱི་ལམ་ལུགས་དང༌། རྒྱལ་ཞེན་གྱི་འདུ་ཤེས། གྲུབ་མཐའི་ཕྱོགས་རིས་དག་ལས་ཕུལ་དུ་བྱུང་ཡོད་པ་དང་སྦྲགས། མིའི་རིགས་ཀྱི་བདེན་པ་འཚོལ་བ་ལ་དོན་སྙིང་དང་ཁ་ཕྱོགས་གསར་བ་སྦྱིན་པར་བྱེད་ལ། དེང་གི་དུས་དང་འཚམས་པ་ཙམ་མ་ཟད། དེ་ལ་དུས་ཀྱི་བཀག་རྒྱ་མེད་ཅིང་ཡོངས་ཁྱབ་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད།

ཀྲྀཥ྄ཎམཱུརྟི་མཆོག་གིས་བླ་མ་ལྟ་བུ་ཙམ་མ་ཡིན་པར་གྲོགས་པོ་ཞིག་གི་ཚུལ་དུ་བཀའ་མོལ་གནང་བ་དང༌། ཁོང་གི་བཀའ་མོལ་དང་གྲོས་བསྡུར་དེ་དག་སྲོལ་རྒྱུན་གྱི་ཤེས་ཡོན་གཞི་རྩ་བྱས་པ་མིན་པར་ཁོང་རང་ཉིད་ཀྱི་མིའི་ནང་སེམས་ལ་འཛུལ་བའི་རྣམ་དཔྱོད་དང་ཁོང་གི་བྱིན་རླབས་ཅན་གྱི་འཆར་སྣང་དག་ཡིན་པས། ཁོང་གི་བརྗོད་བྱའི་སྙིང་དོན་དེ་ལོ་མང་རིང་འགྱུར་མེད་དུ་གནས་ནའང་དེ་ནི་གསར་བ་དང་ཁ་རུ་ཁ་ཐུག་ཉིད་ཀྱི་ལམ་ནས་གསུང་བར་བྱེད། ཁོང་གིས་ཉན་མཁན་འབོར་ཆེན་དང་མཉམ་དུ་གསུང་བཤད་གནང་དུས། མི་རྣམས་ཀྱིས་ཁོང་གིས་ཁོ་ཚོ་མི་སྒེར་རེ་རེ་རེ་རེར་བཀའ་མོལ་གནང་གིན་པར་ཚོར་ལ། ཁོ་བོ་དང་ཁོ་མོ་ཚོའི་དཀའ་ངལ་བྱེ་བྲག་པ་རེ་གསུང་གིན་པའི་སྣང་བའང་སྐྱེས་ངེས། ཁོང་གི་སྒེར་གྱི་བཅར་འདྲི་དག་གི་སྐབས་སུ། ཁོང་ནི་བྱམས་བརྩེའི་སློབ་དཔོན་ཞིག་སྟེ། དོ་སྣང་ཆེན་པོས་ཁོང་གི་དྲུང་ལ་བཅར་བའི་སྐྱེས་པ་དང་བུད་མེད་དག་གི་སྡུག་བསྔལ་གསན་རྗེས། ཁོང་ཚོར་ཁོ་རང་ཚོའི་གོ་སྟོབས་བརྒྱུད་དེ་ཁོ་རང་ཚོར་རང་ཉིད་བཅོ་བའི་སྐུལ་མ་གཏོང༌། ཆོས་ལུགས་མཁས་པ་རྣམས་ཀྱིས་ཀྱང་ཁོང་གི་གཏམ་བཤད་དག་གིས་སྲོལ་རྒྱུན་གྱི་ལྟ་ཚུལ་ལ་འོད་མདངས་གསར་བ་རེ་འཕངས་ཡོད་པར་ཤེས་རྟོགས་བྱུང་ཡོད། ཀྲྀཥ྄ཎམཱུརྟི་མཆོག་ནས་དེང་རབས་ཚན་རིག་པ་དང་སེམས་ཁམས་རིག་པ་བ་ཚོའི་དོ་ཟླར་ལངས་ཏེ། ཁོ་ཚོ་དང་མཉམ་དུ་ཁོང་ཚོའི་གཞུང་ལུགས་ལ་རེ་རེ་བཞིན་གོ་བསྡུར་བྱས་ཏེ། སྐབས་རེར་ཁོང་ཚོར་གཞུང་ལུགས་དེ་དག་གི་ཚད་འཛིན་དག་ཀྱང་ཐག་གཅོད་བྱེད་ནུས་པར་བྱས། ཁོང་གིས་རྩོམ་རིག་བརྩམས་ཆོས་འབོར་ཆེན་ཞིག་ཤུལ་དུ་བཞག་ཡོད་པ་སྟེ། དམངས་དང་གཏམ་བཤད་ཀྱི་རྣམ་པ་དང༌། བྲིས་རྩོམ། དགེ་སློབ་དང་ལྷན་དུ་གནང་བའི་གོ་བསྡུར་ཁག་དང༌། ཚན་རིག་དང་ཆོས་ལུགས་མི་སྣ་ཁག་དང་མཉམ་དུ་གོ་བསྡུར་གནང་བ་ཁག ད་དུང་མི་སྒེར་དང་མཉམ་དུ་བཀའ་མོལ་གནང་བ་དང་བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་གནང་བའི་བཅར་འདྲིའི་ཁག་དང་ཕྱག་འཕྲིན་སོགས་ཡོད་པ་དེ་དག་ལས་གང་མང་ཞིག་དེབ་གཟུགས་སུ་དཔར་སྐྲུན་དང༌། སྒྲ་ཐག་དང་འོད་སྡེར་དུ་ཕབ་འཇོག་བྱས་ཡོད་པ་རེད།

༢༠༠༩།༡༠།༡༨ལ་དབྱིན་ཡིག་ལས་བསྒྱུར།

འགྱུར་རྩོམ།

Post navigation

Previous Post: ལྷ་སའི་སྦྲགས་ཐམ་རེད་དམ་བོད་ཀྱི་སྦྲགས་རྟགས་རེད?
Next Post: འཚོ་བ་སྐྱིད་པོ་ཡོད། སེམས་པ་སྐྱིད་པོ་མེད།

Comments (9) on “རྗེ་ནག་པོ་སྐུ་མཆོག་གི་སྐུ་ཚེ་དང་མཛད་རྗེས་ལ་འཁྱུག་ཙམ་ལྟ་བ།”

  1. གཅན་བཟོད་རྒྱམ། says:
    2009-11-06 at 1:29 pm

    མར་ལ་ཉལ་དགོས་བསམ་བཞིན་བསམ་བཞིན་དྲ་ཁ་གཅིག་བསྔོགས་དུས་ཏག་ཏག་དྲ་གྲོགས་ཟླ་གཞོན་ལགས་ཀྱི་བསྒྱུར་རྩོམ་འདི་བཀོད་འདུག དངོས་གནས་ཐུགས་རྗེ་ཆེ་ཞུ། ད་ནི་ཁོང་གི་གསུང་རྩོམ་གང་ཞིག་བསྒྱུར་རྩིས་ཡོད་ན། ངས་ནི་སྒུག་ནས་བསྡད་ཡོད་དོ།།

  2. དགེ་འདུན་རབ་གསལ says:
    2009-11-06 at 1:34 pm

    མཁས་པ་འདིའི་མཚན་ཡང་ཡང་གོ་མྱོང་། ད་ལན་ཁོང་གི་རྣམ་ཐར་ཞིག་བཀླགས་པ་ཐེངས་དང་པོ་ཡིན། ཐུགས་རྗེ་ཆེའོ༎

  3. མདའ་ཚན་པ། says:
    2009-11-06 at 1:38 pm

    ཆི་འདྲ་འདྲའི་སྐྱེས་ཆེན་ཡ་མཚན་ཞིག་འཁྲུངས་འདུག ང་ཚོའི་འཛམ་གླིང་འདིའི་སྒང་སྐྱེས་ཆེན་འདི་འདྲ་མང་ཞིག་བྱོན་པ་ཡིན་ན་ཕྱོགས་ཞེན་གྱི་ས་རིས་གྲུབ་མཐའ་མང་དུ་ཆད་པའི་སྲིན་པོ་མི་ཡི་འཇིག་རྟེན་འདིའི་གཅིག་གྱུར་དང་དམ་ཚིག་ལ་ཕན་ཐོགས་ཆེ་ངེས།
    ཁྱེད་རང་གི་འགྱུར་འདི་བོད་ཡིག་ཡིན་པར་བལྟས་ན་ཕལ་ཆེར་བོད་མི་ཚོའི་ཆེད་ཡིན་པ་འདྲ་སྟེ། ངས་མནའ་བསྐྱལ་ནས་བཤད་ཐུབ་པ་ཞིག་ནི་ཉུང་མཐའ་ཡང་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་གྲངས་ཆུང་དགུ ༩༩.༩ ཡིས་སྐྱེས་ཆེན་དམ་པ་འདིའི་མིང་ལ་ཅི་ཟེར་ད་རུང་གསང་བ་ཞིག་ལས་མ་འདས།
    འདིར་ཅིག་ལྟོས་དང་། ཀྲྀཥ྄ཎམཱུརྟི སྲིན་བུའི་སུག་རྗེས་ཟེར་བ་དེ་འདི་འདྲ་ཞིག་ཡིན་རྒྱུ་རེད་འདོད། དེ་མིན་སྡོམ་ནག་ས་ནག་ནང་ཕྱིན་པའི་རྗེས་ཤུལ་དག་ཀྱང་འདི་དང་འདྲ་སེ་ཡོད། རྗེས་མ་ནས་བོད་མི་བྱིངས་ཀྱིས་ཀློག་མི་ཐུབ་པ་འདི་འདྲར་གཟབ་གཟབ་གནང་རོགས།

  4. ཟླ་བ་གཞོན་ནུ། says:
    2009-11-07 at 3:51 am

    གཅན་བཟོད་རྒྱམ་དང་དགེ་འདུན་རབ་གསལ་སོགས་ཕེབས་པར་དགའ་བསུ་ཞུ།
    དགེ་རབ་ལགས་ལ་ཞུ་རྒྱུ་ཞིག་ལ། ངའི་སྒྱུར་རྩོམ་འདི་ཁྱེད་ཀྱི་ཨེ་མེལ་ལ་ཐེངས་གཉིས་སྐུར་ཡང་གྲགས་འགུལ་ཅི་ཡང་མི་འདུག་པས། མཐའ་མར་རྡོར་དབང་ལ་བསྐུར་བ་ཡིན།
    ཁྱེད་ཀྱིས་ཨེ་མེལ་སྔོག་གནང་གི་མེད་དམ།

  5. ཟླ་བ་གཞོན་ནུ། says:
    2009-11-07 at 4:06 am

    མདའ་ཚན་པ་ལགས། ཁྱེད་ཀྱི་གང་གསུངས་པ་དེར་བདག་གིས་ཀྱང་སྔོན་མ་ནས་བསམ་བློ་བཏང་མྱོང༌།
    འདིར་མཚན་དེ་འདི་ལྟར་བཀོད་པའང་བསམ་བློ་སྔ་གཞུག་མང་བོ་བཏང་ནས་བཀོད་པ་ཡིན།
    སྔོན་གྱི་སྐྱེས་ཆེན་དག་གིས་སྔོན་མ་ནས་འདིའི་ལུགས་སྲོལ་ཡག་པོ་ཞིག་བཏོད་ཡོད་པ་དེ་དོན་མེད་དུ་གཡུག་མ་འདོད་པས་ཡིན། དེ་བྱས་པས་སྔོན་གྱི་བཀའ་བསྟན་དག་ལ་སློབ་གཉེར་བྱེད་དུས་རྔོ་ཐོགས་པ་ཙམ་མ་ཟད། ད་ལྟའི་ཕྱིའི་རིག་གནས་ནང་འདྲེན་ལ་མངོན་དུ་ཕྱོགས་པའི་སྐབས་འདི་ལའང་དམིགས་བསལ་གྱིས་ཕན་ཐོགས་ཤིག་ཡོད་པར་འདོད་པས་ཡིན།
    གསར་དུ་བཟོ་མ་དགོས་པར་སྔོན་མ་ནས་ཡོད་པའི་ལུགས་སྲོལ་དེའི་རྒྱུན་བཟུང་ན་སྔ་ཕྱི་ཚང་མར་ཕན་ལས་གནོད་མི་འདུག་པ་ལེགས་ཆར་རྩི་བཞིན་ཡོད།
    སྔོན་མ་ཞིག་ལའང་ཀླུ་སྨྱོན་མཆོག་ནས་འདི་སྐོར་ནས་རྩོམ་ཡིག་ཅིག་བྲིས་སོང༌། དེ་ཚོ་གཅིག་པ་རེད།
    བོད་ཡིག་ལ་ཤ་ཞེན་ཡོད་ན། དེ་ལ་སློབ་སྦྱོང་ཡང་འོས་འཚམ་ཞིག་བྱེད་དགོས་པ་ནི་ངེས་གཏན་རེད།
    ད་མ་འགྱངས་པར། ང་ཚོ་བོད་པ་མང་བོ་ཞིག་གིས་སྔགས་བཀླག་ཐབས་ཞེས་པ་དེ་སྦྱང་དགོས་ཀྱི་འདུག འདིའི་སྐོར་ལ་༧གོང་ས་མཆོག་གིས་ཀྱང་བཀའ་སློབ་གནང་མྱོང་བ་དྲན་གྱི་འདུག
    གང་ལྟར་དེ་ལ་ཕན་ལས་གནོད་མེད་པར་འདོད་དོ།།
    སྦྱོང་བ་མ་བྱས་པར་ཁག་པོ་འདུག་ཅེས་པ་དེ་ལ་ང་རང་གཏན་ནས་འཐད་པ་མེད་ལ། དེའི་རིགས་ལ་ནམ་ཡང་བདེན་ཁ་སྤྲད་མི་ཐུབ་བོ།།

  6. གཅན་བཟོད་རྒྱམ། says:
    2009-11-07 at 4:32 am

    རབ་གསལ་གྱིས་འདིའི་མིང་ཡང་གོ་མ་མྱོང་ཟེར་ག བདེན་པ་ཨེ་ཡིན་ནམ། རྗེ་ནག་པོ་སྐུ་མཆོག་ནི་དུས་རབས་ཉི་ཤུ་བའི་ནང་གི་རྒྱ་གར་མཁས་པའི་དབང་པོ་ཞིག་རེད། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ནའང་ཁོང་ལ་བསྟོད་བསྔགས་གནང་མི་འདུག་གམ། དཔེ་ཀློག་བྱེད་དུས་ཞིབ་ཚགས་ཡིན་ས་མ་རེད་ཨེ་གནང་།ཧ་ཧ་ཧ་ཧ ཀུ་རེ་ཡིན་དཱ།

  7. དགེ་འདུན་རབ་གསལ་ says:
    2009-11-07 at 8:51 am

    ཟླ་བ་གཞོན་ནུ་ལགས། ཁྱེད་ཀྱིས་ཨིས་མེལ་ཡང་ཡང་བཏང་གསུངས་འདུག་མོད། ངེད་ཀྱི་ཡིག་སྒམ་ནང་འབྱོར་མི་འདུག ཁ་བརྡའི་ཁ་བྱང་ཐོག་བཏང་ཡོད་ན་ང་ལ་སྔོག་ལོང་ཁྱོན་ནས་མ་བྱུང་། གང་ལྟར་འདིར་བཀོད་པ་ལ་དགའ་ནས་ཡོད། ཐུགས་རྗེ་ཆེ།
    གཅན་བཟོད་རྒྱམ་ལགས་ཀྱིས་་”རབ་གསལ་གྱིས་འདིའི་མིང་ཡང་གོ་མ་མྱོང་ཟེར་ག བདེན་པ་ཨེ་ཡིན་ནམ།” སོགས་གསུངས་འདུག ངས་ཡང་ཡང་གོ་མྱོང་ཞེས་བྲིས་ཡོད། དེ་ཡང་ཕྲན་ཝཪ་ཎར་སྡོད་སྐབས་ཞི་འཚོའི་དཔེ་མཛོད་ཁང་ན་ཁོང་གི་གསུང་བཤད་སྒྲ་ཐག་ལ་བཅུག་པ་མང་པོ་ཡོད། དེ་ནས་ཟམ་གདོང་རིན་པོ་ཆེས་ཀྱང་ཁོང་གི་སྐོར་ཡང་ཡང་གསུངས་གི་རེད། དེ་ལྟར་ངས་གོ་བ་རེད། དེ་གསལ་བཤད་ཙམ་ཡིན།

  8. གཅན་བཟོད་རྒྱམ། says:
    2009-11-07 at 1:20 pm

    ཨོ་ཨོ་ཨོ། བཀའ་འགྱུར་འདོན་མགོ་ལོག་བཟོས་མེད་ཀི་ན། དོན་མེད་ལ་མི་ལ་བསྐུར་བ་ཆེན་པོ་ཞིག་བཏབས་འདུག དཀོན་མཆོག་དཔང་ལ་བཙུགས་ནས་དགོངས་དྭངས་ཞུས་པ་ཡིན།

  9. ཀླུ་སྨྱོན། says:
    2009-11-07 at 2:00 pm

    གཤམ་གྱི་དྲ་ཚིགས་སུ་ཕེབས་དང་མཁས་དབང་འདིའི་གསུང་བཤད་ཁག་ཅིག་ལ་བལྟ་རྒྱུ་དང་ཉན་རྒྱུ་གཉིས་ཀ་འདུག
    http://www.jkrishnamurti.org/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme