Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗར་མེ་ནི་བོད་ཀྱི་ཁང་པར་༼རྒྱང་ལྟ་བྱ་དགའ༽ཐོབ་པ།

Posted on 2012-11-162012-11-16 By ཁ་བརྡ་ 1 Comment on རྗར་མེ་ནི་བོད་ཀྱི་ཁང་པར་༼རྒྱང་ལྟ་བྱ་དགའ༽ཐོབ་པ།

གནས་ཚུལ་མཁོ་གཏོང་བ། གངས་འདབས།

ཤེས་རིག་དང་། སྒྱུ་རྩལ། སྤྱི་ཚོགས་གཞན་ཕན་བཅས་ཀྱི་ལས་ཀར་འདི་ལོའི་Weitsichtpreisརྒྱང་ལྟའི་བྱ་དགའ་དེ་རྗར་མེ་ནི་བོད་ཀྱི་ཁང་པར་སྤྱི་ཟླ་བཅུ་གཅིག་པའི་ཚེས་དགུའི་དགོང་མོར་སྤྲད་སོང་། Dieter Glogowski ཡིས་བཙུགས་པའི་རྒྱང་ལྟའི་དུས་སྟོན་ཞེས་པ་དེ་ ༡༩༩༢ ནས་ལོ་རེར་གཉེར་སྲོལ་ཡོད་པ་ལས། དུས་སྟོན་དེའི་ཉིན་གཏམ་བཤད་དང་། དཔར་རིས་ Multi-Diashow མཉམ་སྦྱར་གྱིས་མི་རྣམས་ལ་ལྟད་མོ་སྟོན་གྱིན་ཡོད། གཏམ་བཤད་དང་། དཔར་རིས་ཀྱི་བརྗོད་བྱ་གཙོ་བོ་ཡུལ་སྐོར་བ་སོ་སོས་རང་ཉིད་ཡུལ་ཕྱོགས་གཞན་ལ་བསྐྱོད་པའི་མྱོང་བ་དང་། ས་ཕྱོགས་དེ་ཚོའི་ལོ་རྒྱུས། ཡུལ་ལྗོངས། མི་དམངས་ཀྱི་འཚོ་བ་སྐྱལ་སྟངས་ལ་སོགས་པ་རྗར་མན་གྱི་དམངས་ཁྲོད་ལ་སྟོན་པ་དང་། ངོ་སྤྲོད་བྱེད་པའི་རྒྱུན་སྲོལ་ཞིག་ཆགས་ཡོད།

ང་ཚོས་ལོ་རེར་སྤྲོད་བཞིན་པའི་རྒྱང་ལྟའི་དུས་སྟོན་གྱི་བྱ་དགའ་དེ་བཞིན་ད་ལོ་བོད་ཀྱི་ཁང་པར་ཕུལ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། བོད་ཀྱི་ཁང་པས་གཉེར་བཞིན་པའི་བྱེད་སྒོ་ཁག་ལས་བོད་ཀྱི་རིག་གནས་ཤེས་བྱས་རྗར་མན་གྱི་སྤྱི་ཚོགས་དང་། མི་དམངས་ལ་ཕན་པ་རྒྱ་ཆེར་སྒྲུབ་བཞིན་ཡོད་པར་ངོས་འཛིན་མཚོན་ཆེད་ཡིན། ལྷག་པར་དུ་བོད་ཀྱི་ཁང་པས་བོད་ཀྱི་ཤེས་རིག་དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་གོ་རྟོགས་དང་། ཤེས་རྟོགས་གཏིང་ཟབ་ཡོང་བར་བྱས་རྗེས་ངེས་ཅན་ཞིག་སྒྲུབ་བཞིན་འདུག་པས་ན། ང་ཚོས་བྱ་དགའ་འདི་སྤྲོད་རིན་ཡོད་པར་གདམས་པ་ཡིན།༽ཞེས་བོད་ཀྱི་གྲོགས་པོ་དང་། དུས་སྟོན་སྲོལ་གཏོད་པ་ཌི་ཊ་གོ་ལོ་གོ་དེ་ཀི་Dieter Glogowski ཡིས་གསུངས་སོང་།

རྒྱང་ལྟའི་དུས་སྟོན་གྱི་སྡིངས་ཆ་དེ་བརྒྱུད་བོད་དང་། བལ་ཡུལ། རྒྱ་གར་ལ་སོགས་པའི་སྐོར་མི་རྣམས་ལ་རྒྱུས་མངའ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། ད་ལོ་ནི་དུས་སྟོན་དེ་མགོ་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་རྟེན་འབྲེལ་གྱི་ཉིན་མོ་ཡིན་པ་དང་། བྱ་དགའ་སྤྲོད་པའི་དགོང་མོ་དེར་གསོལ་ཚིགས་དང་འབྲེལ་ཏེ་་གཞས་སྣ་ཁག་གཅིག་གོ་སྒྲིག་ཞུས་འདུག བོད་ཀྱི་གྲོགས་པོ་དང་། ལོ་མང་ནས་བོད་ཀྱི་ཁང་པར་ཐུགས་བཀུར་རྒྱབ་སྐྱོར་གནང་མཁན་ཌི་ཊྲར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུའི་མཚོན། བྱ་དགའ་དེ་འདྲ་གནང་བ་དེས་ང་ཚོའི་ལས་ཀར་ཆེ་མཐོང་གནང་བ་དང་། སྤྱི་ཚོགས་ནང་ཕན་ཐོགས་ངེས་ཅན་ཞིག་སྒྲུབ་ཐུབ་ཀྱི་ཡོད་པར་ངོས་ལེན་གནང་གི་ཡོད་པ་མཚོན་གྱི་འདུག་ཅེས་བོད་ཀྱི་ཁང་པའི་དབུ་འཛིན་ནས་ཐུགས་རྗེ་ལེགས་ཕུལ་མཚོན་ཆེད་གསུངས་སོང་།
བྱ་དགའ་དེ་དང་མཉམ་དུ་ཡོ་སྒོར་ལྔ་སྟོང་གནང་སྲོལ་ཡོད་འདུག www.tibethaus.com

གསར་འགྱུར།

Post navigation

Previous Post: ཚེ་སྲོག་རླབས་ཆེན་ཡིན། མེ་ལྕེ་གཟི་བརྗིད་ཡིན།
Next Post: རེབ་གོང་ནས་ན་གཞོན་གཉིས་ཀྱིས་རང་ལུས་མེར་བསྲེགས་བྱས་པའི་གནས་ཚུལ་ཕྱོགས་བསྒྲིགས།

Comment (1) on “རྗར་མེ་ནི་བོད་ཀྱི་ཁང་པར་༼རྒྱང་ལྟ་བྱ་དགའ༽ཐོབ་པ།”

  1. སྤོབས་པ་མཐའ་ཡས། says:
    2012-11-16 at 2:44 am

    བྱ་དགའ་གནང་དགོས་པའི་རྒྱུ་མཚན་གང་ཞིག་གསུངས་སོང་གསལ་བོར་ཤོད་དང་། ཧི་ཐྲི་ལར་བོད་པའི་བླ་མ་ཚོའི་དགེ་ཕྲུག་ཡིན་ཚུལ་ཞིག་ཡོད་འདུག དེང་སང་འཇར་མིན་ནི་ནང་ལ་ན་ཟི་ཚོགས་པ་རོ་ལངས་བརྒྱབ་ཡོང་གི་ཡོད་ལུགས་བཤད་ཀྱིན་འདུག ད་ཁྱོད་ཚོ་ལ་བྱ་དགའ་ཞིག་རག་པ་ཡང་དེ་ཚོ་འབྲེལ་བ་ཡོད་པ་འདྲ་མིན་ནམ། ངས་ཀུ་རེ་ཞུས་པ་ཡིན

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme