Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྔ་བའི་སྐྱ་སེར་མི་མང་ཁྲོད་མེ་མདའ་རྒྱབ་འདུག

Posted on 2012-01-142012-01-14 By ཤར་ཕྱོགས་ཁུག་རྟ། 34 Comments on རྔ་བའི་སྐྱ་སེར་མི་མང་ཁྲོད་མེ་མདའ་རྒྱབ་འདུག

དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡།༣༠ ཙམ་ལ་མདོ་སྨད་རྔ་པ་རྫོང་ཐོག་ཏུ་མི་སྐྱ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་ཡོད་འདུག

རྡོར་གདན་དུས་དབང་ནས་ཕྱིར་ལོག་བཞིན་པའི་ཀིརྟི་དགོན་པའི་བོད་ནས་འབྲེལ་མཐུད་པ་གྲྭ་ཚེ་རིང་ལེགས་ཀྱིས་ཁ་པར་བརྒྱུད་གནས་ཚུལ་བརྗོད་གསལ་ལ། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡།༣༠ ཙམ་ལ། རྔ་པ་རྫོང་ཐོག་ཏུ་མི་སྐྱ་རང་ལོ་ཉི་ཤུ་ཡས་མས་ཅན་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད་འདུག འོན་ཀྱང་། སྐབས་དེའི་ཁོང་གི་འབོད་ཚིག་གི་ནང་དོན་ཅི་ཡིན་དང་། མིང་དང་ལོ་རྒྱུས་ས་ཆ་གང་ནས་ཡིན་པ་སོགས་ད་སྔ་ཤེས་ཐུབ་མ་སོང་ཟེར།

དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོ་འབྱོར་ཏེ། ལྕག་མདུང་གི་སྣེ་རུ་ལྕག་གི་འཛེར་མ་མང་པོ་བསྟར་ཡོད་པའི་མཚོན་ཆ་སོགས་ཀྱིས་ཕྱོགས་སོ་སོ་ནས་རུབ་རྡུང་བྱས་སྐབས། ས་གནས་བོད་རིགས་མང་པོ་འདུ་འཛོམས་ཀྱིས་རེ་ཟུང་གིས་སྐད་འབོད་རྒྱག་པ་དང་རེ་ཟུང་གིས་ཞུ་བ་བྱས་ཏེ། མེར་བསྲེགས་གཏོང་མཁན་དེ་ཚུར་ལེན་ཐབས་བྱས་ཀྱང་དམག་མི་དང་ཉེན་རྟོག་པ་ཧ་ཅང་མང་བའི་དབང་གིས་ལོན་ཐུབ་མི་འདུག

སྐབས་དེར་མང་ཚོགས་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ཏེ་མི་སྐྱ་གཉིས་དང་བཙུན་མ་གཅིག་འཛིན་བཟུང་བྱས་ཡོད་པ་དང་། ལོ་ན་ཅུང་ཐོ་བའི་བུད་མེད་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཤི་ཟིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག ས་གནས་སོ་སོ་ནས་བོད་རིགས་སྐྱ་སེར་ཧ་ཅང་མང་པོ་འཛོམས་ཏེ་གནས་ཚུལ་སྔར་ལས་ཛ་དྲག་ཏུ་ཕྱིན་སྐབས། རྒྱ་དམག་གིས་མང་ཚོགས་ཁྲོད་དུག་རླངས་གཏོར་ཏེ་མི་མང་པོ་ས་རུ་འགྱེད་ཡོད་པ་མ་ཟད། དེའི་རྗེས་མང་ཚོགས་ཁྲོད་གང་བྱུང་དུ་མེ་མདའ་བརྒྱབ་སྟེ། མང་ཚོགས་ཀྱིས་མཐོང་ས་ནས་ཕོ་གསར་གཅིག་དང་བུད་མེད་གཅིག་བཅས་མི་གཉིས་ལ་མེ་མདའ་ཕོག་ཡོད་ཅིང་། བུད་མེད་དེར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གདོང་པ་ཁྲག་གིས་གཡོག་ཡོད་པ་མང་པོ་ཞིག་གིས་མཐོང་འདུག

རྙོག་དྲ་དེ་བྱུང་མ་ཐག་རྒྱ་གཞུང་གིས་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་བརྒྱབ་ཡོད་ཀྱང་། དགེ་འདུན་པ་མང་པོ་ཞིག་ཡུལ་དངོས་ལ་འབྱོར་ཡོད་འདུག་ལ། དེ་མིན། དགོན་པ་གཞན་དག་དང་རྫོང་ཉེན་འཁོར་གྱི་བོད་རིགས་མང་ཚོགས་ས་གནས་དེར་འཛོམ་བཞིན་ཡོད་འདུག ད་ལྟ་ཕྱོགས་གཉིས་ཀའི་མི་འབོར་མང་དུ་འགྲོ་བཞིན་ཡོད་སྟབས་གནས་ཚུལ་ཛ་དྲག་ཆགས་ཡོད་འདུག

ཁ་བྱང་མ་གཏོགས་གསར་འགྱུར་གྱི་ནང་དོན་དུས་བབ་ལས་དྲངས།

གསར་འགྱུར།

Post navigation

Previous Post: རྐང་ལག་གཅོད་འབྲེག་དང་དུག་གིས་བསད་པའི་གནས་ཚུལ་ཐོན་འདུག
Next Post: རང་ལུས་མེ་མཆོད་འབུལ་བའི་འགན་རྒྱ་གཞུང་གིས་འཁྱེར་དགོས་ལ་ཁོང་ཚོའི་མངོན་འདོད་སྒྲུབ་པའི་འགན་ཡང་རྒྱ་གཞུང་ལ་ཡོད།

Comments (34) on “རྔ་བའི་སྐྱ་སེར་མི་མང་ཁྲོད་མེ་མདའ་རྒྱབ་འདུག”

  1. རྒྱུན་ལས་ཞིབ་འཇུག་པ། says:
    2012-01-14 at 11:50 am

    ད་ག་རེ་བྱེད་དགོས་ཀྱི་རེད་དམ། བཀའ་ཤག་གསར་བར་ཐབས་ཤེས་འདྲ་ཨེ་ཡོད་དམ། མེད་ན། ད་ལས་འགུལ་འདི་མཚམས་འཇོག་བྱེད་རྒྱུར་འབོད་སྐུལ་བྱས་ན་དགའ་བ་རེད།

  2. ལྷག་བསམ་ says:
    2012-01-14 at 12:04 pm

    ཨ་ཁཁ། ད་ཅི་བྱེད།

  3. དབྱངས་གསལ་བང་མཛོད། says:
    2012-01-14 at 12:11 pm

    ཨ་ཁཁ། ད་ཅི་བྱེད།

  4. འབའ་གནས། says:
    2012-01-14 at 12:19 pm

    ཨ་མདོ་རྔ་བ་ལྷ་རྒྱལ་ལོ།

  5. འཇམ་དཔལ་རལ་གྲི། says:
    2012-01-14 at 12:54 pm

    བོད་མི་རིགས་དར་རྒུད་ཀྱི་ལྕོགས་མཚམས་ནས་སླར་ཡང་ལ་རྒྱའི་སྙིང་སྟོབས་ཀྱི་མེ་ལྕེ་སོ་མ་དག་ཉིན་རེ་ནས་ཉིན་རེ་བཞིན་མཆེད་པའི་ངའི་ཕ་ཡུལ་ཨ་མདོ་རྔ་བ། ཁྱེད་ནམ་ཡང་སྙིང་སྟོབས་ཀྱི་མེ་ལྕེ་རྔ་བ་ནས་འབར་ཀྱང་མེ་སྟག་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་ཁྱབ་སོང་ལ། ནམ་ཡང་ཞི་བདེ་དང་རང་དབང་ཞིག་མ་བྱུང་བར་དུས་དེ་སྲིད་དུ་རང་དབང་གི་མེ་ལྕེ་ཆད་མེད་འབར་སྲིད་པས་ཀླ་ཀློ་རྒྱ་དམར་གྱིས་གདུག་རྩུབ་ཀྱི་རང་མདོག་དྲོན་མོ་དེ་འཛམ་གླིང་སྐྱེ་བོ་ཡོངས་ཀྱིས་ཤེས་པར་བྱོས་ཤིག

  6. ལྗང་སྨྱུག says:
    2012-01-14 at 1:00 pm

    ཕྱི་བོད་ཚོའི་རྣ་མཆོག་མཛུག་མོས་བཀག་སྟེ་མ་ཤེས་དང་མ་ཚོར་མདོག་བྱས་ནས་ཡུབ་སྡོད་རྒྱུ་རེད། གལ་སྲིད་བསམ་ཕོད་པ་དང་། བྱེད་ཕོད་མཁན་ཞིག་ཡིན་ན་ལངས་རན་འདུག གཞིས་ལུས་བོད་མི་ཚོས་མཛད་སྟངས་ལ་གཅིག་ལྟོས་དང་། ཁྱེད་ཀྱི་ཟས་དང་གཉིད་ལ་བྲོ་བ་ཞིག་འདུག་གས། ལྷག་པར་དུ་མི་དམངས་ཀྱིས་གདམས་བཞག་པའི་མི་སྣ་ཚོས་སྣེ་ཁྲིད་ཅིག་བྱེད་ཕོད་ས་འདུག་བས།

  7. ཨ་རོགས་ཁམས་པ says:
    2012-01-14 at 1:25 pm

    བཙན་བྱོལ་སྒྲིག་འཛུགས་དང་བཙན་བྱོལ་ཚོགས་སྡེ་ཁག ལྷག་པར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་གཞོན་ནུ། བུད་མེད་ལྷན་ཚོགས་སོགས་ཀྱི་འགན་འཁུར་བ་དང་འགོ་འཁྲིད་མཁན་ཚོ། ཁེ་བཟང་ཅུང་ཙམ་དང་རྐུབ་ལྕགས་རྩོད་ལེན་སྐབས་སེམས་ཤུག་དང་འཇོན་ཐང་ཡོད་ཟེར་བ་བདེན་ན། ད་ཆ་བོད་ནང་ཛ་དྲག་དང་། རྒྱལ་སྤྱིས་དོ་སྣང་བྱེད་བཞིན་པའི་གལ་ཆེའི་གོ་སྐབས་འདི་ལྟ་བུ་དམ་བཟུང་བྱས་ཏེ་མི་མང་གི་སྣེ་ཁྲིད་ནས་དོན་སྨིན་གྱི་ལས་འགུལ་འདྲ་མིན་གང་མགྱོགས་ངང་སྤེལ་ཐུབ་དགོས། ངེས་པར་སྤེལ་དགོས། མགྱོགས་པོར་སྤེལ་དགོས། འདི་ལས་གཞན་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ནམ་རྩ་དོན་གལ་ཆེ་བ་དང་རྩ་ཆེ་བ་གང་ཡོད། བཙན་བྱོལ་རང་དབང་བའི་བོད་པ་ཚོ།

  8. ཀརྨ་ཡེ་ཤེས says:
    2012-01-14 at 1:43 pm

    ཨ་ཁ་ཁ། མི་འདི་དང་བོད་མི་ཉི་ཤུ་རྩ་གཅིག་མེ་བསྲེག་བཏང་སོང་། ད་ཡིན་ན་ཏྰ་ལ་བླ་མས་མེ་བསྲེག་བྱེད་འཁན་ཚོས་མཚམས་འཇོག་བྱེད་དགོས་ཞེས་ལབ་རེན་འདུག ངོས་ནས་མི་ལུས་མེ་བསྲེག་བཏང་བ་དེ་དག་ལ་མོས་མཐུན་མེད།

  9. འཇམ་དཔལ་རལ་གྲི། says:
    2012-01-14 at 2:30 pm

    ཀརྨ་ཡེ་ཤེས་ལགས་དེ་ནས་གཅིག་གསུང་དང་། ཁྱེད་བདེ་བོ་ཡིན་པས། ད་ལྟ་ག་བ་ཡོད། ཁྱེད་མི་ཡག་པོ་ཞེ་བོ་གཅིག་ཡིན་ས་རེད་ད།

  10. བོད། ལྷ་ཀླུ་གཉན་གསུམ། says:
    2012-01-14 at 3:11 pm

    http://www.tibettimes.net/blogs.php?id=55&post_id=18854

    སྤུན་ཟླ་ཚོ། བསམ་ཚུལ་འདི་ལ་གཅིག་གཟིགས་རོགས་ཞུ། བོད་ནང་གི་རྒྱལ་གཅེས་དབའ་བོ་དེ་དག་གི་ལས་འགུལ་འདི་རིགས་གང་མགྱོགས་ཅི་མགྱོགས་ཀྱིས་མཚམས་འཇོག་ཡོང་བར་འབད་འབུངས་བྱེད་པའི་འོས་འགན་བོད་མི་ཚང་མར་འགན་ཡོད་པ་ཐུགས་བསམ་ལེགས་པོ་ཞིག་བཞེས་རན་རེད་ལ། བཞེས་པ་དང་མཉམ་དུ་འགུལ་བསྐྱོད་གང་མགྱོགས་ཅི་མགྱོགས་བྱེད་པའི་དུས་ཚོད་འཕྱི་མེད་ན་སྔ་གཏན་ནས་མེད་པ་སྤུན་ཟླ་ཡོངས་ཀྱི་མཁྱེན་གསལ་ཡིན་པར་འདོད།

  11. མིག says:
    2012-01-14 at 3:39 pm

    ད་ངོ་མ་སེམས་ཕམས་ཀྱིན།
    རེད་དེ་རྡ་སར་ནས་ཡང་བྱང་ཆུབ་སེམས་མཆོག་ཅིག་སྐྱོར་ནས་ལྷིང་འཇགས་ཀྱི་ཚོར་བའི་མཇུག་སྐྱོང་ནི་རེད་ཡ།

  12. འཇམ་དཔལ་རལ་གྲི། says:
    2012-01-14 at 3:46 pm

    ལྷ་ཀླུ་གཉན་གསུམ་ཁྱོད་རང་གི་མིང་ལ་རྒྱ་བོད་སོག་གསུམ་ལབ་ན་མིང་དོན་མཚུགས་པར་ངེས།

  13. གཅན་བཟོད་རྒྱམ། says:
    2012-01-14 at 4:00 pm

    རྔ་བའི་ཛ་དྲག་གི་གནས་ཚུལ་འདི་གོ་སྐབས་སེམས་ནང་སྨྲ་མི་ཤེས་ཚོར་བ་ཞིག་གིས་རབ་རིབ་ཏུ་བཏང་བ་ལས་ཅུ་ཞིག་བཤད་དགོས་པའང་མི་ཤེས་ཀི། ད་འདི་ལྟར་མུ་མཐུད་ན་བོད་མི་མང་པོར་སྲོག་སྐྱོན་བྱུང་ས་རེད།

  14. སྦྲ་རིགས་ཐོགས་མེད། says:
    2012-01-14 at 4:33 pm

    ད་དངོས་གནས་ང་ཚོས་ཅི་ཞིག་བྱེད་དགོས་པ་རེད། རང་གཞུང་གི་ངོས་ནས་ཅིག་བྱེད་རྒྱུ་ཡོད་པ་མ་རེད་དམ། རྔ་བའི་ཕུ་ནུ་མིང་སྲིང་ཚོ་རྫོགས་གྲབ་འདུག ད་མར་མེའི་ཁྲོམ་སྐོར་ཙམ་དང་བྱང་ཆུབ་སེམས་མཆོག་གིས་ཤི་བོ་དག་སྐྱེལ་མ་བྱེད་པའི་དུས་ཚོད་ཅིག་མ་རེད། སེམས་མྱ་ངན་གྱིས་ནོན།

  15. ཁྱུང་དཀར says:
    2012-01-14 at 4:56 pm

    རྔ་བའི་མི་དམངས་ཀི་དཀའ་ལས་མྱངས་སོང་། རྔ་བའི་མི་དམངས་ཀི་ཚེ་སྲོག་ཀྱང་རེ་རེ་བྱས་ནས་ཤོར་སོང་། སྤྱིར་ཡིན་ན་ཛ་དྲག་པའི་གནས་སྟངས་འདི་ལ་བོད་ཕྱི་ནང་གཉིས་ནས་རྒྱབ་ལངས་ཀྱི་བདེན་པ་བརྡར་དགོས་ནའང་ཕྱོགས་འགར་གྲགས་མེད་འགུལ་མེད་རེད་ལ་བྱེས་གྱར་བའི་སྡེ་ནས་ཀྱང་གནས་སྟངས་འདི་རིགས་ས་བསྒྲགས་གནམ་བསྒྲགས་རེ་བྱས་ནས་འཛམ་གླིང་ཁྱོན་འདིར་ཁོང་ཚོས་ཚེ་སྲོག་གིས་བཞེངས་པའི་བདེན་དོན་འདི་དུང་ཆེན་བཞིན་དུ་འབུད་སྒྲོག་གང་ཙམ་ཡང་བྱ་ཐུབ་ཀི་མེད།

  16. བོད། ལྷ་ཀླུ་གཉན་གསུམ། says:
    2012-01-14 at 7:15 pm

    འགྲོ་བ་མི་ལ་སྐྱེ་ཁུངས་མང་ན་ཡང་།།
    རང་གི་སྐྱེ་ཁུངས་བོད་ནས་ཡིན་དུས་སུ།།
    བོད་ཀྱི་བདེ་སྡུག་སེམས་དང་སྲོག་ལ་ཞུགས།།
    སྐྱིད་སྡུག་གང་བྱུང་སེམས་ཀྱི་མྱོང་གི་ཡོད།།
    རང་གི་རིགས་ལ་ཞེན་པ་ནོར་མེད་ལ།།
    གཞན་གྱི་རིགས་ལ་སྡང་བ་མེད་པ་ཡི།།
    རྩ་གསུམ་བླ་མས་བསླབས་པའི་གདམས་པ་ལ།།
    ནམ་ཡང་སྙིང་ནས་གུས་པའི་སློབ་མིང་ཙམ།།
    རིགས་ཀྱི་འཆི་གསོན་སྲུང་བའི་འགན་དྲན་ཞོར།།
    བདེན་པའི་སྙིང་སྟོབས་སྒྲོག་པའི་གད་རྒྱངས་ཤིག།
    མེ་ལྕེ་དམར་པོའི་ཁྲོད་ནས་འབྱོར་ཐེངས་རེར།།
    སེམས་ཀྱི་རྩ་བ་འབར་བཞིན་འབར་བཞིན་དུ།།
    བོད་རིགས་ཁ་བ་ཅན་རྣམས་གསོན་དགོས་པའི།།
    བརྡ་དག་འཁྲུལ་མེད་ཚོར་བའི་རྒྱུད་བརླན་དུས།།
    རང་རིགས་ཆེད་དུ་བཞུད་པའི་དབའ་བོ་ཚོ།།
    ནམ་ཡང་དག་པའི་ཞིང་དུ་སྐྱེ་གྱུར་ནས།།
    བསྐལ་བའི་མཐར་ཡང་གཞན་དོན་ཁོ་ན་ཡི།།
    མི་ཚེ་དོན་ལྡན་སྐྱེ་བར་སྨོན་ལམ་འདེབས།།

  17. ཅོ་རི་ཉི་མ། says:
    2012-01-14 at 7:31 pm

    གནད་དོན་འདི་འདྲ་ཡོང་གི་ཡོད་དུས་དྲ་ཐོག་གི་དྲ་པ་ཉམ་ཆུང་ཚོས་འདི་བྱ་དང་འདི་བྱེད་ཀྱི་ལམ་སྟོན་བྱེད་ཀྱང་ཕན་ཐོགས་ཡོད་ཀྱི་མ་རེད། དེ་ལས་འཛམ་གླིང་ཐོག་ཏུ་འབྲུག་ལྟར་གྲགས་ཆེ་བའི་མཁས་དབང་སྲིད་འཛིན་བློ་བཟང་སེང་གེ་དང་སྤྱི་འཐུས་ཚོགས་གཙོ་གཉིས་སུ་འདྲི་རོགས་བྱོས།

    གསར་འགོད་པ་ཚོས་ལས་འགན་རེད། བཙན་བྱོལ་བོད་མིའི་འགོ་འཁྲིད་ནས་ལས་འགན་ག་འདྲ་སྤེལ་གྱི་ཡིན་མིན་དྲིས། ཆ་གཞི་ལྡན་པའི་ཐོག་ནས་འཐབ་རྩོད་ཀྱི་ཁ་ཕྱོགས་འགན་འཁྲིད་ག་འདྲ་ཡོད་མེད་དྲིས། མི་དམངས་འགོ་འཁྲིད་སྟངས་དང་ག་འདྲ་བྱ་རྩིས་ཡོད་མེད་དྲིས།

    ཁོང་གཉིས་ལ་ཆ་གཞི་མེད་ན་དྲ་པ་ཉམ་ཆུང་ཚོས་བཏོན་པའི་འཐབ་རྩོད་ཀྱི་འགོ་འཁྲིད་ན་འགྲིག་མིན་དྲིས། རྒྱབ་སྐྱོར་ཡོད་མེད་དྲིས། གསར་འགོད་པ་ཚོ་མགྱོགས་པོ་རྒྱུགས་རོགས་བྱོས།

  18. ཅོ་རི་ཉི་མ། says:
    2012-01-14 at 7:40 pm

    བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་རང་སྲོག་གཏོང་མ་ནུས་ནའང་་་ནུས་ཤུགས་ལྡན་པའི་འཐབ་རྩོད་བྱེད་ཀྱི་ཡོད་རེད་འདོད། རང་སྲོག་མིན་པ་ཡང་བློ་གཏོང་བྱེད་ཀྱི་ཡོད་རེད་འདོད། ནུས་ཤུགས་ལྡན་པར་ཡོང་ཐབས་བསམ་ཐོངས། གྲལ་འགྲིག་བྱོས། ཚང་མས་མཉམ་དུ་ཤུགས་རྒྱབ་ན་འཐབ་རྩོད་ཀྱི་མེ་ཤུགས་འདིར་ཆེ་རུ་དང་ནུས་པ་ཐོན་ངེས་རེད་འདོད།
    གཅིག་ཤི་་་་གཅིག་གིས་བལྟས་བསྡད་ན་ཡོང་གི་མ་རེད་འདོད་དོ།

  19. ཐུབ་པ། says:
    2012-01-14 at 8:21 pm

    http://woeser.middle-way.net/2012/01/blog-post_14.html
    ཝང་རྒད་པོས་ངེས་པར་དུ་བཙན་བྱོལ་བོད་གཞུང་གིས་བོད་ནང་གི་བོད་མི་ཅི་ཞིག་བྱེད་དགོས་མིན་དང་ཅི་ཞིག་བྱེད་འོས་མིན་གྱི་སྐོར་ནས་བརྡ་ལན་གསལ་བོ་ཞིག་བྱས་ན་ད་གཟོད་ཁོ་ཚོ་མུ་མཐུད་དུ་གསོན་བགྱི་རེད་ཟེར།

    རང་ལུས་མེར་བསྲེགས་ཐེངས་བཅུ་བདུན་བཏང་བ་འདིས་འཚེ་མེད་ཞི་བའི་གྲུབ་འབྲས་དང་ཐབས་ལམ་བླ་ནས་བླ་རུ་བསྐྱལ་ཟིན་ཅིང་། འདི་ལས་ཡན་གྱི་གྲུབ་འབྲས་ཤིག་ཡོད་མི་སྲིད་ཅེས་ཟེར་གྱིན་འདུག

    རང་ལུས་མེར་བསྲེགས་གཏོང་བ་བོད་མི་རིགས་ལ་སེམས་ཤུགས་སློང་བ་ཡིན་ན་ད་ནི་འདི་ཙམ་གྱིས་འཐུས་པར་བཤད་ཅིང་། སེམས་ཤུགས་སློང་བ་ལ་ཐེངས་བཅུ་དྲུག་ལྷག་གི་རང་ལུས་ཞུགས་འབུལ་འདི་མང་མེད་ན་ཉུང་མེད་པར་བཤད།

  20. བོད་པ་སྐྱབས says:
    2012-01-14 at 9:13 pm

    རྔ་བ་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་མ་བྱས་ན་སྡུག་བསྔལ་དེ་འདྲ་ཞིག་མྱང་གི་མརེད་འདོད། ཁོང་ཚོས་གནང་བཞིན་པ་ནི་བོད་སྤྱི་བའི་དོན་རེད་མ་གཏོགས་རྔ་བ་གཅིག་གི་དོན་མ་རེད། ཡིན་ནའང་མི་འགའ་ཤས་ཡི་འདི་ནི་ས་གནས་ཀྱི་གནད་དོན་ཅིག་ལ་བསམ་ནས་རྒྱབ་བཅོལ་གྱི་རྣམ་པ་ཧ་ཅང་ཞན་གི འདི་འདྲ་བྱས་བསྡད་ན་ཡག་པོ་མ་རེད་བསམ་སོང་།

  21. ཅོ་རི་ཉི་མ། says:
    2012-01-14 at 9:27 pm

    ངས་བསམ་ཚུལ་བསམ་བྱས་ན་་་འཐབ་རྩོད་གྲུབ་འབྲས་ཐོན་དང་མི་ཐོན་ཟེར་བ་འདི་གཙོ་བོ་མི་དམངས་ཀྱི་སེམས་ཤུགས་སུ་རག་ལུས་ཡོད་པ་ཞིག་རེད་འདོད། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བློ་གཏང་ཆེན་པོ་གནང་ཐུབ་པས་རྒྱུ་མཚན་གྱིས་བོད་རྒྱ་ཆེན་མི་དམངས་ལ་སེམས་ཤུགས་འཕར་གྱི་ཡོད་པར་གསལ་པོ་རེད།

    གྲུབ་འབྲས་ཐོབ་མིན་ཕྱོགས་ནས་བཤད་ན་རྒྱལ་སྤྱི་ནང་དུ་ལས་འགན་ཆ་གཞི་ལྡན་པའི་ཐོག་ནས་ནུས་ཤུགས་ཡོད་པ་སྤེལ་ཐུབ་མིན་ལ་རག་ལུས་ཡོད་པ་འདོད། བཙན་བྱོལ་མི་དམངས་ཀྱིས་གྱེན་ལང་བྱེད་ཐུབ་མིན་གནད་དོན་གཅིག་རེད། རང་སྲོག་བློ་གཏང་ཟིན་པའི་དཔའ་བོ་དཔའ་མོ་ཚོས་དམིགས་ཡུལ་གཅིག་ཡང་རྒྱལ་སྤྱི་དང་ཨ་རི་ཡུང་རོལ་རྒྱ་གར་བཅས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་རེད་བསམ་ནས་ལས་འགན་སྤེལ་རེད་འདོད།

    མ་གཏོགས་གུང་ཁྲན་ཏང་གིས་ཤ་ཚ་སྙིང་རྗེ་མི་བལྟ་བ་ཤེས་ངེས་རེད། བོད་མི་ཚང་མས་གསོན་སྲེག་བྱེད་ནའང་གུང་ཁྲན་ཏང་དགའ་གི་རེད་མ་གཏོགས་སྡུག་མ་རེད།
    ངས་བསམ་ཚུལ་བྱས་ན་རྒྱལ་སྤྱི་ནང་དུ་འཐབ་རྩོད་ཀྱི་ཁ་ཕྱོགས་གསལ་པོ་དང་བརྟན་པོ་དགོས་ཀྱི་འདུག་འདོད། སྐབས་རེ་ལ་ཆོས་ལུགས་ཐོག་ཏུ་ཡིན་པའི་ཟོལ་འདྲ། སྐབས་རེ་ལ་འགྲོ་མིའི་ཐོབ་ཐང་གི་གནད་དོན་ཡིན་པའི་ཟོལ་འདྲ། སྐབས་རེ་ལ་དྲག་གནོན་བྱས་པས་རྒྱུ་མཚན་གྱིས་ཡིན་པའི་ཟོལ་འདྲ་བཤད་བསྡད་ན་ཕན་ཐོགས་མི་འདུག་སྙམ།

    རང་ས་བདག་དང་རང་དབང་རང་བཙན། རང་མི་རང་དཔོན། རང་རྒྱུ་རང་བདག་བཅས་ཀྱི་ཆེད་དུ་རེད་འདོད། གལ་སྲིད་གུང་ཁྲན་ཏང་གིས་དྲག་གནོན་མ་བྱེད་ནའང་འཐབ་རྩོད་འདི་ཡོང་ངེས་རེད་འདོད།
    ཨོ་ཡ་་་་ད་མང་པོ་མི་བཤད། གཙོ་བོ་བཙན་བྱོལ་བོད་གཞུང་གི་དབུ་འཁྲིད་རྣམས་སུ་དྲིས་ན་དགའ་གི་རེད་འདོད།

  22. ཅོ་རི་ཉི་མ། says:
    2012-01-14 at 9:31 pm

    རང་ས་རང་བདག་དང་རང་དབང་རང་བཙན།ཞེས་བཅོས་རོགས་

  23. ཅོ་རི་ཉི་མ། says:
    2012-01-14 at 9:38 pm

    གུང་ཁྲན་ཏང་གིས་ག་དུས་ཡིན་ནའང་བོད་དོན་འདིར་གུང་ཁྲན་ཏང་གི་ནང་སྲིད་ཡིན་པས་ཕྱིའི་རྒྱལ་ཁབ་ཁག་གིས་ལག་པ་འཆང་ན་འགྲིག་གི་མེད་ཞེས་ལབ་བསྡད་ཀྱི་ཡོད། བཙན་བྱོལ་བོད་གཞུང་གིས་ངོས་ནས་བོད་དོན་འདི་གུང་ཁྲན་ཏང་གི་ནང་སྲིད་མིན་ཞེས་གསལ་བསྟན་བྱེད་དགོས་པར་གནད་འགག་རེད་འདོད། བོད་མི་རིགས་ཀྱི་རང་ས་རང་ཡུལ་བཙན་ཕྲོགས་བྱས་པའི་དངོས་ཡོད་གནས་སྟངས་བཤད་དགོས་པར་འདོད། བདེན་པ་ཉིད་རྒྱལ་དགོས་ན་བདེན་པ་བཤད་དགོས་པ་འདོད།

  24. ཅོ་རི་ཉི་མ། says:
    2012-01-14 at 9:54 pm

    འབར་དགོས་་་ད་རུང་འབར་དགོས། བཙན་བྱོལ་བོད་མི་ཚང་མས་རང་གི་ཁྱིམ་གཞི་བློ་གཏོང་དགོས་ཀྱང་གཏོང་ཐུབ་བསམ་པའི་བར་དུ་འབར་དགོས། རང་ཉིད་བློ་གཏོང་དགོས་ཀྱང་གཏོང་ཐུབ་བསམ་པའི་བར་དུ་འབར་དགོས། མེ་འབར་དུས་ཆུ་བླུག་མི་ཉན། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ག་ཚོད་འབར་ཐུབ་ནའང་འབར་དགོས་པར་འདོད།
    གཞན་མ་ཐུབ་ནའང་ངུ་ཤ་རེ་ཡིན་ནའང་རྒྱབ་དགོས། སེམས་ཤུགས་མ་ཆག་རྩམ་གཟན་ཚོ། བོད་མི་རིགས་འདི་ལ་འདི་འདྲ་དཔའ་བོ་དཔའ་མོ་སྟག་འདྲ་གཟིག་འདྲ་མང་པོ་ཡོད་པ་ནི་དགའ་ཆོག་པའི་གནད་གཅིག་རེད། བོད་ནང་གི་བོད་མི་ཚོས་དུས་སྐབས་འདི་འདྲ་ལ་འཚེ་མེད་ཞིའི་ལྟ་གྲུབ་དང་འགལ་བའི་ལས་དོན་བརྩམ་མི་རུང་།

  25. ཅོ་རི་ཉི་མ། says:
    2012-01-14 at 10:13 pm

    བོད་རྒྱ་ཆེན་དམངས་ཀྱི་ཁོག་གི་སྙིང་དང་སྙིང་གི་ཁྲག་ཚ་པོ་ཆགས་ཆགས་བར་དུ་འབར་དགོས། ལོངས་ཤོག་སྤུན་ཟླ་ཚོ། ང་ཚོ་ཚང་མ་ཁ་ཕྱོགས་གཅིག་དང་ལམ་ཕྱོགས་གཅིག་གི་ཐོག་ཏུ་ཤུགས་རྒྱབ་དགོས། འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོས་ཁ་ཆེམས་ལྟར་བོད་བཙན་ལེན་ཐུབ་པ་བྱེད་དགོས། འདས་པོ་ཚོས་གཅེས་སྲོག་ཆུད་ཟད་མི་འགྲོ་བ་གནང་དགོས། ༢༠༠༨ལོར་ཞི་རྒོལ་ཆེན་མོ་ལྟ་བུ་ཆགས་སོང་ན་ཕམ་པོ་རེད་འདོད།

  26. ཅོ་རི་ཉི་མ། says:
    2012-01-14 at 10:22 pm

    འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོས་ཁ་ཆེམས་ལྟར་བོད་རང་བཙན་ལེན་ཐུབ་པ་བྱེད་དགོས། འདས་པོ་ཚོས་གཅེས་སྲོག་ཆུད་ཟད་མི་འགྲོ་བ་གནང་དགོས་ཞེས་བཅོས་རོགས་བྱོས། ངའི་སེམས་ཁུངས་ཀྱི་སྡུག་ངལ་འདིས་ག་རེ་འབྲི་ཡི་ཡོད་མེད་ཡང་ཡག་པོ་ཞིག་ཤེས་ཀྱི་མི་འདུག་པས་དགོངས་འགལ་མེད་པ་ཞུ། མིག་ནང་གི་ཆུ་འདིས་ཡི་གེ་ཡང་ཡག་པོ་ཞིག་མཐོང་བཅུག་གི་མི་འདུག

  27. WANGCHEN says:
    2012-01-14 at 10:55 pm

    སྤུན་ཟླ་ཚོ་ད་ང་ཚོས་ཅི་ཞིག་བྱས་ན་ནང་མི་སྤུན་ཟླ་ཚོ་སྐྱོབས་ཐུབ།

  28. སྟག་སྨྱོན། says:
    2012-01-14 at 11:06 pm

    ཉེ་དུས་ནས་བོད་ནང་དུ་ཡང་མི་ཞིག་གིས་རང་ལུས་མེར་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག་ཅེས་གསར་འགྱུར་སྐྱི་གཡའ་བ་ཞིག་བྲིས་མེད་འགྲོ་བསམ་ནས། ཉི་མ་རྟག་པ་གསར་འགྱུར་གྱི་ཁ་ཕྱེ་རྒྱུར་ཡང་སྐྱོ་སྣང་དང་སྐྲག་སྣང་སྐྱེས་ཡོང་གི་འདུག གང་ལྟར་སྐྱི་གཡའ་བའི་གསར་འགྱུར་སྡུག་པོ་འདི་རྫང་ཆེན་པོ་ཞིག་རྡོལ་བ་ནང་བཞིན་མཚམས་མི་ཆད་བཞུར་ཡོང་གི་འདུག མ་ཟད་གནས་ཚུལ་སྐྱུར་མོ་འདི་མིག་དང་སྙིང་གི་ནང་དུ་འཛུལ་ནས་མིག་ཆུ་དབང་མེད་བཙུར་ཡོང་བ་མ་ཟད། ཀླད་པའི་དཀྱིལ་ལའང་ཁྱབ་ཏེ་དབང་རྩ་ཡོངས་ཀྱི་བྱེད་ལས་འགག་བཅུག་འདུག ད་ནི་ཁ་ཟས་དང་བྲོ་བ་དང་ཚ་གྲང་གི་དབྱེ་བའང་མི་ཚོར་བའི་ཚད་ལ་ལྷུང་འདུག
    བོད་མི་ཚོས་ལམ་མ་ནོར་ཞིག་འདེམས་རྒྱུ་གལ་ཆེ་བར་མཐོང་། འདི་ལྟར་སོང་ན་ང་ཚོར་མིག་ཆུའི་ཁ་སྣོན་དང་རྒྱ་དམར་གྱི་རེ་འདོད་འགྲུབ་བཞིན་པ་མ་ཡིན་ནམ། བོད་མི་ཚོས་རང་ཤི་བརྒྱབ་ནས་ཕྱི་མ་ལ་མཆིས་སོང་ན། མི་ཡུལ་ནས་བསྡད་ནས་བོད་རང་བཙན་རྩོད་མཁན་སུ་བྱེད་དགོས་སམ།

  29. WANGCHEN says:
    2012-01-14 at 11:08 pm

    གོང་གི་ཀརྨ་ཡེ་ཤེས་ཟེར་བ་འདི་དང་། འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་རྣམས་ཀྱིས
    ་བཤད་སྟངས་གཅིག་པ་རེད། ཁོང་ཚོའི་མཐར་ཐུགས་ཀྱི་དམིགས་ཡུལ་ཅི་ཞིག་ཡིན་ནམ །

  30. སྐྱུྐྱུ་རྩི་ནས། says:
    2012-01-14 at 11:13 pm

    རིན་བྲལ་སྐུ་ལུས་ཞུགས་སུ་ཕུལ་ནས་མི་རིགས་འདི་ཡི་བདེན་མཐའ་རྩོད།
    དགྲ་བོར་མ་ཞུམ་གངས་ཅན་དཔའ་བོའི་སྙིང་སྟོབས་གོ་ལའི་ཁྱོན་ལ་བཀྲམས།
    པུར་རྒྱལ་བོད་ཀྱི་མི་རབས་གསར་པ་དཔའ་བོ་ཀུན་གྱི་གཙུག་ལ་མཛེས།
    འོད་མཚན་མགོན་པོ་གངས་རིར་བཞུགས་ན་དཔའ་བོ་ཁྱེད་རྣམས་སྐྱོབས་པར་ངེས།

  31. སྦྲ་ནག says:
    2012-01-14 at 11:49 pm

    ད་དངོས་གནས་སེམས་པ་སྐྱོ་གིས་འདུག བོད་ནང་ལ་ཡོད་པའི་བོད་པ་ཚོས་རང་སྲོགས་བློས་གཏང་། ཕྱི་ལོག་ལ་ཡོད་པའི་བོད་པ་ཚོ་ལྷོད་ལྷོད་དུ་སྡད་ན་འགྲིག་གི་མི་འདུག རང་དབང་ལུང་པར་ཡོད་པའི་ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་ཚོ། ལོང་ཤོགས། ཐུག་རྗེ་ཆེ།།

  32. ཅོ་རི་ཉི་མ། says:
    2012-01-15 at 12:10 am

    སྟག་སྨྱོ་ལགས་་་་ཁྱེད་སྟག་གི་མིག་ནང་ནས་ཆུ་ཤོར་གི་ཡོད་དུས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བློ་བཏང་གིས་ནུས་པ་ཐོན་གྱི་ཡོད་པའི་དཔང་རྟག་གཅིག་རེད་འདོད། དེང་སང་གི་དུས་ཚོད་འདི་ལ་ཟས་ལ་བྲོ་བ་དང་ཉལ་ན་གཉིད་ཟེར་བ་ཁག་པོ་རེད་འདུག

    ད་ལྟ་ང་ཡོད་སའི་ས་གནས་སུ་མཚན་མོ་ཆུ་ཚོད་དང་པོ་རེད། ཏོག་ཙམ་ཉལ་མདོག་བྱས་ཀྱང་གཉིད་ཡོང་གི་མི་འདུག ངའི་བཟའ་ཟླ་ཇ་བཟོ་མཁན་འགྲོ་སོང་། ངས་ཁྱོད་ལ་མཆན་བུ་འབྲི་བཞིན་ཡོད། ང་རང་ཚོའི་གནས་སྟངས་འདི་འདྲ་རེད།

    ངས་སྐབས་རེ་ལ་དྲན་ཡོང་བ་ནི་བཙན་བྱོལ་བོད་མི་༡༥༠༠༠༠ཡི་ནང་ནས་ཁྲི་ལྔ་ཡིས་རང་སྲོག་བློས་བཏང་ཐུབ་ན་བོད་རང་བཙན་ཐོབ་ཀྱི་རེད་བསམ་གྱི་འདུག ང་ཚོ་ལ་ཁ་ཕྱོགས་ཏན་ཏན་དགོས་པ་བདེན་པ་རེད།
    ༢༠༠༨ལོ་ཡི་ཞི་རྒོལ་ཆེན་མོའི་འཐབ་རྩོད་ཀྱི་ཉམས་མྱོང་བསླབ་བྱ་ལེན་ནས་ད་ལན་གྱི་རང་ལུས་མེ་བསྲེགས་ཀྱི་འཐབ་རྩོད་འདི་ཆུད་ཟད་མི་འགྲོ་བ་གནང་དགོས་ཀྱི་གལ་ཆེན་རེད་འདོད།
    སྤུན་ཟླ་ཚོས་རང་རང་གི་སྙིང་གཏམ་ཡོད་པ་རྣམས་གསུང་རོགས་བྱོས་དང་།

  33. ཆོས་འགྲུབ། says:
    2012-01-15 at 4:10 am

    ཡ་གྲོགས་པོ་ཚོ་ཁྱེད་རྣམ་པས་མང་པོ་མང་པོ་གསུང་འདུག ད་ང་ཚོ་དྲ་ཐོག་ནས་སེམས་ཚོར་བཤད་བསྡད་པས་ཡོང་རྒྱུ་མེད་པ་གསལ་པོ་རེད། དེ་ལས་ད་ནི་བཤད་པ་ནས་ལག་ལེན་ལ་གཞོལ་བའི་དུས་ལ་བབ་པ་རེད། ཆེ་ཆུང་རྒན་གཞོན་དྲག་ཞན་མཐོ་དམན་མེད་པར་ཚང་མས་རང་ནུས་དང་འཚམ་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་ཀྱི་འདུག མི་རེ་གཉིས་རེ་དང་ཚོགས་པ་རེ་གཉིས་ཀྱི་ལས་འགུལ་ལ་གྲུབ་འབྲས་སོན་པ་དཀའ་མོ་རེད། དེར་བརྟེན་ད་ནི་དམིགས་ཡུལ་གཅིག་དང་འབོད་སྒྲ་གཅིག་གི་འོག་བོད་གཞིས་བྱས་གཉིས་ཀ་མཉམ་དུ་གྱེན་ལངས་བྱེད་རྒྱུ་ལས་གཞན་ཡོད་མ་རེད། ད་ནི་དཀའ་ཤག་དང་གྲོས་ཚོགས་གཙོས་པའི་གཞུང་འབྲེལ་གྱི་སྡེ་ཚན་ཡིན་མིན་སུ་ཡིན་ཡང་། ཡག་མདོག་དང་སྤམ་མདོག་མ་གནང་བར་མི་མང་གི་སྣེ་འཁྲིད་དེ་འཆི་བ་རླབ་ཆེ་ཞིང་གསོན་པ་གཟི་བརྗིད་ཆེ་བའི་ལས་འགུལ་གྱི་སྟ་གོན་དང་དངོས་གཞིའི་ལས་རིམ་མགྱོགས་ནས་མྱུར་དུ་ལག་སྟར་ཡོང་བ་ཞིག་དགོས་ཀྱི་འདུག་དེ་ལྟ་བུའི་ལས་འགུལ་ལ་སྒུག་ནས་ཡོད།

  34. ཀརྡོ་གཉེར་ཕྱག་པ་ says:
    2012-01-15 at 5:08 am

    རྒྱ་མི་ལས་བྱེད་ལས་བྱེད་ཚོས་རང་གི་ཕ་མར་མེ་མདའ་བརྒྱབས་སྡར་མའོའི་དུས་ལྟར། རང་གི་ཕ་མ་གསོད་པའི་གསར་བརྗེ་གྱིས། བོད་ནང་གི་བོད་མི་གསོད་པའི་གསོད་དབང་རྒྱ་རིགས་ཁྱེད་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme