Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྔ་བའི་བུ་ཆུང་མེ་རུ་འབར་ལ་ཁད།

Posted on 2012-01-21 By ཁ་བརྡ་ 3 Comments on རྔ་བའི་བུ་ཆུང་མེ་རུ་འབར་ལ་ཁད།

རས་པ།
ནམ་རྒྱུན་བསང་དུད་ཀྱི་དྲི་བསུང་ཞིམ་པོ་ཞིག་གམ་ཡང་ན་གོམ་ལོབས་སུ་སོང་བའི་དྲི་མ་དེ་ཡལ་ནས་ཤ་མེ་ལ་བསྲེགས་པའི་རྫོབ་དྲི་ཞིག་སྣ་ལམ་དུ་ཁྱབ་འདུག་པའི་ལོ་ངོ་འདི་དག་གི་རིང་ལ་རྔ་ཡུལ་གྱི་བྱིས་པ་ཚོར་རྒྱུན་ལྡན་གྱི་རྩེད་མོ་མཚམས་ཆད་ནས་མི་རྒན་གྱི་བྱ་སྤྱོད་ལ་ཉེན་ཁ་ཅན་གྱི་ལད་ཟློས་བྱེད་པའི་དུས་ཚིགས་ཤིག་ཏུ་བསྐྱལ་ཡོད་པ་དང་། ཡང་གཅིག་བཤད་ན་དུས་རྒྱུན་གྱི་རྩེད་མོ་རྩེད་ཡུལ་གྱི་ས་སྟོང་ཡོད་ཚད་དམག་མིས་བཙན་བཟུང་བྱས་ཏེ་འཇིགས་སུ་རུང་བའི་མཚོན་ཆས་ཁེངས་ཡོད་པས། བྱིས་པ་རྣམས་རྩེད་བསམ་རུང་སྔོན་མའི་རྩེད་རྭ་ཆེན་པོ་དེ་དག་དེང་སང་ཧ་ཅང་འཚང་ཁ་ཆེ་བའི་དམག་ས་རུ་གྱུར་ཡོད།
ཉིན་གཅིག་གི་ནུབ་ཁའི་སྲང་ལམ་དུ་མི་ཁག་ཅིག་འཚོགས་འཚོགས་རུབ་རུབ་དང་། གཅིག་ལས་གཅིག་གི་སྐད་མགོ་མཐོ་བའི་འུར་ཟིང་ཞིག་ལངས་པ་དང་། བྱིས་པ་ཁོང་གིས་རང་ལུས་སུ་ཤན་བཞག་པ་ལྟ་བུའི་གཟན་ཕྲག་ལ་འཕང་ནས་ཁང་བའི་ཟུར་ཞིག་ནས་བལྟ་དུས་མཐོང་མི་འདོད་པའི་བླ་འཁྱེར་དམག་རྒན་དེ་ཚོས་ཡང་གཅིག་བཟུང་ནས་འགྲོ་བ་མཐོང་སོང་། དགུང་ཟས་སྐབས་ཀྱི་ལབ་གླེང་ཁྲོད་དུ་”དེ་རིང་ཡང་བུ་སྟག་འདྲ་བ་ཞིག་གིས་བསྲེགས་བཏང་རྫིག་”ཟེར་བའི་ཨ་ཕའི་སྡུག་སྐད་དེ་སླར་ཡང་གོ་བ་དང་། ཨ་མ་ལགས་དང་མཉམ་དུ་ཇི་ལྟར་བསྲེགས་པའི་བྱུང་བ་རྣམས་གླེང་མོལ་བྱེད་ཞོར་སྡུག་གི་གཉེར་རིས་ཁ་ཤས་ཐོད་པར་ཁ་སྣོན་བྱེད་པ་བཞིན་གདོང་གནག་ནས་བསྡད་པས་བུ་ཆུང་ཉལ་ཁར་ཡང་རྣམ་པ་དེ་མིག་ལམ་དུ་མ་ཡལ་བར་གཉིད་ཁུགས་དགོས་བྱུང་།
ཞོགས་པའི་སྐྱ་རེངས་བཀྱགས་པ་དང་མཉམ་དུ་ལོ་ངོ་ཁ་ཤས་རིང་རྒྱུན་ལྡན་ལྟ་བུའི་མེ་མདའི་སྐད་དེ་ཁོས་ཡང་བསྐྱར་གོ་བས་སེམས་ལ་ཞེད་སྣང་ཞིག་སྐྱེས་པ་དང་། རང་གི་སྔོན་མའི་རྩེད་རྭར་འགྲོ་འདོད་དེ་ལས་ཀྱང་ཆེ་བ་ཞིག་བྱུང་། འོན་ཀྱང་། ཁོ་ཨ་ཕས་ནམ་རྒྱུད་བཤད་པའི་”བུ་སྟག་འདྲ་བ་”དེ་དག་ལ་ཡིད་སྨོན་སྐྱེས་པ་ལྟར་ རང་ཉིད་ཀྱིས་ཀྱང་དེ་འདྲ་ཞིག་བྱེད་འདོད་སྐྱེས་པས་ཨ་ཕའི་རླངས་འཁོར་གྱི་སྣུམ་དམ་བུ་གང་བླངས་ཏེ་ཤམ་ཐབས་ཀྱི་སྟེང་དུ་བླུགས་པ་དང་། གཟན་འོག་ཏུ་དམ་བུ་ཕྱེད་ཀ་ལྷག་ཡོད་པའི་རླངས་སྣུམ་བཟུང་ནས་སྒོའི་ཕྱི་རུ་སོང་། ལམ་དེད་ནས་ཅུང་ཙམ་སོང་བ་དང་བླ་འཁྱེར་དམག་རྒན་ཁག་ཅིག་གིས་ཁོང་བཀག་བྱུང་བ་དང་། བློ་རིག་ལྡན་པའི་བྱིས་པ་ཁོང་གིས་མྱུར་མོར་ཨ་མ་ལགས་ཀྱིས་གཙུག་ལག་ཁང་ལ་སྐོར་བ་བྱེད་ཀྱིན་ཡོད་པས་ང་དེ་རུ་འགྲོ་གི་ཡིན་ཟེར་བས་ཁོའི་འགྲོ་ལམ་གྱི་བར་ཆད་དེ་སེལ་ཐུབ་སོང་།
ཕར་ཙམ་སོང་བ་དང་ཁོས་ཕ་མ་གཉིས་ཀྱིས་བཤད་པའི་མེར་བསྲེགས་ཀྱི་བྱུང་བའི་ལས་ཀ་དེ་དག་མཇུག་གྲུབ་མེད་པ་དྲན་ནས་གཟན་འོག་གི་རླངས་སྣུམ་འཐུང་མགོ་བརྩམས་པ་དང་། ཕྱེད་ཀ་ལྷག་ཙམ་འཐུང་ནས་དགོན་པའི་འདབས་འབྲེལ་གྱི་བླ་འཁྱེར་དམག་རྒན་ཁག་ཅིག་གི་རྒྱུད་སྡོད་ཁང་བའི་ཕྱོགས་སུ་རྒྱུགས་པ་དང་རྨེ་སྲིབ་དགོན་པའི་གྲྭ་བ་མང་དག་ཅིག་གིས་མཐོང་བས་བྱིས་པའི་བྱ་སྤྱོད་ལ་དོགས་པ་ཟས་ཏེ་གྲྭ་བ་ཁག་ཅིག་ཁོང་དང་ཉེ་སར་སོང་། བྱིས་པ་ཁོང་གིས་རང་ཉིད་དང་ཉེ་སར་ཨ་ཁུ་ཁག་ཅིག་ཡོང་བཞིན་པ་མཐོང་བས་ལས་ཀ་མགྱོགས་པོ་བྱེད་ཆེད་སྣུམ་ལྷག་འཕྲོས་ཆུ་འཐུང་འཐུང་བྱས་པས་མེར་མ་སྒྲོན་པའི་དུས་ཚོད་ཐུང་ཐུང་དེའི་ནང་དུ་གྲྭ་བ་མང་ཙམ་ཞིག་ཁོའི་འཁྲིས་སུ་སླེབས་པ་དང་ཁོང་ཡང་རླངས་སྣུམ་མང་པོ་འཐུང་བས་གཟུགས་པོས་ཨར་མ་བརྟེན་པར་དྲན་པོ་འཐོར་སོང་།
” ༸སྐྱབས་མགོན་༸རྒྱལ་བོའི་དབང་པོས་མཁྱེན། ཁ་སང་གི་བན་ཕྲུག་དེ་ལོ་དགུ་རེད་ཟེར། ཅུང་མིན་ན་མེ་ལ་བསྲེགས་བཏང་རྫིག” “ཨོ་ལེས། དཀོན་མཆོག་གསུམ་པོས་སྐྱབས་བཏང་ནི་རེད། རླངས་སྣུམ་དམ་བུ་བཀང་འཐུང་བཞག་རྫིག ” སྐོར་མཐའི་བགྲེས་སོང་ཚོར་སྡུག་བསྔལ་ཁྲོད་དུ་འཇིགས་སྐྲག་ཅིག་ཀྱང་བྱུང་བ་དང་། ཨ་མ་སྐྱིད་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་ཚ་བོ་ཞིག་གིས་ཀྱང་ནམ་ཞིག་ལ་བསྲེགས་ འོང་། མ་བསྲེགས་ནའང་རྒྱ་རོ་འདི་ཚོས་སྡོད་དུ་འཇུག་ས་མ་རེད་བསམ་ཞོར། མདུན་ལྗོངས་རིང་མོར་རྒྱང་མིག་ཅིག་འཕེན་ཞོར་མིག་ཟུང་ལ་རེ་སྒུག་གི་རྣམ་པ་གསལ་ ལ་མི་གསལ་བ་ཞིག་འཁྱིལ་ཡོད་པ་དང་། རླུང་བུ་མ་མནོན་པའམ་སེམས་པ་སྐྱོ་བ་གང་ཡིན་མི་ཤེས་མོད་རིན་ཐང་ཆེན་པའི་རྡོ་ རྗེ་ཕ་ལམ་དང་འདྲ་བའི་འོད་འཚེར་འཚེར་གྱི་མིག་ཆུ་རྡོག་གཅིག་མཁུར་ཚོས་བརྒྱུད་ ནས་མར་ཟགས་སོང་།
༢༠༡༢།༡།༢༡ཉིན།

རྩོམ་རིག

Post navigation

Previous Post: མེ་ལྕེའི་ཁྲོད་ཀྱི་རྒྱ་བྱ་དང་པདྨ་དམར་པོ།
Next Post: བཀྲ་བྷེ་མ་བརླག ཤོག་བུའི་སེང་གེ་ལགས།

Comments (3) on “རྔ་བའི་བུ་ཆུང་མེ་རུ་འབར་ལ་ཁད།”

  1. སྦྲ་རིགས་ཐོགས་མེད། says:
    2012-01-22 at 3:27 am

    སྐད་ཆ་འདི་དག་རྟོག་སྒྲུང་རེད་དམ་དངོས་གནས་རེད། ངས་ཉེ་སྔོན་ཕ་ཡུལ་གྱི་མཇལ་སྐོར་བ་ཞིག་གི་ས་ནས་སྐད་ཆ་འདི་དང་གཅིག་པ་ཞིག་གོ་སོང་། འོན་ཀྱང་། གནས་ཚུལ་གསལ་བོ་ཞིག་བཤད་རྒྱུ་མི་འདུག

  2. ཐོར་རྒོད་པ་སྤྱན་ཆབ། says:
    2012-01-22 at 8:06 am

    རྟོག་དངོས་ཅི་ཡིན་ཆ་མི་འཚལ་བ་ཞིག་བཞེངས་འདུག་པ་དེ་ནི་རྩོམ་པ་པོ་རང་གི་རྩལ་དང་སྟབས་ཁོ་ན་རེད་ལ། ལྷག་པར་འདི་གའི་རྟོག་བཏགས་ཡོད་ཚད་ལ་དེ་རུ་དངོས་སྒྱུང་རེ་བགྲང་རྒྱུ་ཡོད་མ་ཡིན་པས་རྩོམ་ཡིག་འདི་ཉིད་ཀྱིས་རང་གི་གཟས་སའི་འབེན་ལ་ཕོག་པ་མིན་ནམ་སྙམ།
    ཞར་དུ།གནམ་ལོ་གསར་བའི་ནང་དྲ་གྲོགས་རས་པ་དང་ཐོགས་མེད་གཉིས་ཀྱི་བསམ་དོན་འགྲུབ་པར་སྨོན།

  3. བྱེ་རླུང་འཚུབ་མ། says:
    2012-01-22 at 9:42 am

    སྤྱི་ཚོགས་སྟེང་གི་དངོས་ཡོད་གནས་ཚུལ་མང་དག་ཅིག་སྨྱུ་གུ་འཛིན་པོ་ཚོས་རང་རང་གི་རྩོམ་ལུགས་ཀྱི་ངོས་སུ་འཁྱེར་གྱི་ཡོད་པས་དངོས་ཡོད་དང་རྟོག་སྒྲུང་གི་དབྱེ་བས་གནད་དོན་གང་ཡང་ཐག་གཅོད་བྱེད་ཀྱི་མ་རེད།
    འོན་ཀྱང་། སྤྱི་ཚོགས་ཀྱི་གནས་ཚུལ་གང་དེའི་རྩོམ་ལུགས་སུ་གསལ་བོ་ཡིན་པ་དེའང་དངོས་ཡོད་གནས་ཚུལ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme