Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྔ་བ། འཛམ་གླིང་སྟེང་གི་དམྱལ་བ།

Posted on 2011-12-022011-12-02 By ཁ་བརྡ་ 45 Comments on རྔ་བ། འཛམ་གླིང་སྟེང་གི་དམྱལ་བ།

ཨ་མདོ་རྔ་བ་རུ་། རྒྱ་གཞུང་གིས་བོད་མི་འཛིན་བཟུང་དང་དྲག་གནོན་བྱེད་བཞིན་པའི་འདྲ་པར་སྐོར་ཞིག ད་དུང་། གནས་ཚུལ་ཤེས་གསལ་ལ། ཟླ་བཅུ་གཅིག་པའི་ནང་ལ་རྒྱ་ནག་དབུས་གཞུང་གི་སྤྱི་བདེ་བློན་ཆེན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློན་ཆེན་གཞོན་པ་སྲི་ཐར་སོགས་རྔ་པ་ལ་ཡོང་ནས་གཟིགས་སྐོར་བྱས་པའི་གནས་ཚུལ་འདུག
ཁུངས།

གསར་འགྱུར།

Post navigation

Previous Post: གྲྭ་བའི་སྤྱི་ཚོགས་ལ་རྒྱང་ལྟ་བྱས་བ།
Next Post: བཀའ་བློན་འདི་གཉིས་ངར་༧པཎ་ཆེན་རིན་པོ་ཆེ་དྲན་དུ་བཅུག་སོང་།

Comments (45) on “རྔ་བ། འཛམ་གླིང་སྟེང་གི་དམྱལ་བ།”

  1. ཀ་ཉག་ཚེ་རིང་། says:
    2011-12-02 at 3:10 am

    དཔར་འདི་དག་མཁོ་སྤྲོད་གནང་མཁན་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། མི་ཚང་མས་རང་རང་ས་ནས་དཔར་འདི་དག་བེད་སྤྱོད་ཡག་པོ་ཞིག་གཏོང་རྒྱུར་རེ་བ་ཡོད།

  2. ཀ་ཉག་ཚེ་རིང་། says:
    2011-12-02 at 3:24 am

    དཔར་འདི་དག་གིས་འགྲེལ་བརྗོད་གནང་བཞིན་པའི་གནས་སྟངས་དེ་ནི་ཨ་མདོ་རྔ་པའི་གནས་སྟངས་ཙམ་མ་ཡིན་པར་འདི་ནི་བོད་ས་ཡོངས་ལ་ཁྱབ་པའི་གནས་སྟངས་ཤིག་དང་། བོད་མི་ཡོངས་ཀྱིས་བཟོད་ཐབས་བྲལ་བའི་དཀའ་སྡུག་རེ་རེའི་དཔེ་མཚོན་ཙམ་ཡིན་པ་ཆེས་མང་མང་ཞིག་ལ་ཤེས་སུ་འཇུག་རྒྱུ་འུ་ཅག་ཚང་མའི་ལས་འགན་རེད། རང་ལུས་མེར་སྲེག་གི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་ཡོང་དགོས་པའི་རྒྱུ་རྐྱེན་ཡང་འདི་དང་འདི་འདྲ་བ་མང་དྲགས་པ་དང་། འདི་དང་འདི་འདྲ་བ་དག་གི་རྒྱུན་རིང་དྲགས་པས་མ་རེད་དམ།

  3. རེབ་གོང་བཀྲ་ཤིས། says:
    2011-12-02 at 4:18 am

    དཀོན་མཆོག་མཁྱེན། རིག་གནས་གསར་བརྗེའི་དུས་སྐབས་ཀྱང་འདི་འདྲ་ཞིག་ལོས་ཡིན་བསམ། དངོས་གནས་འཛམ་གླིང་སྟེང་གི་དམྱལ་བ་རང་རེད། རང་རིགས་སྤུན་ཟླ་དེ་དག་གིས་ཇི་འདྲའི་མནར་གཅོད་ཡ་ང་བ་ཞིག་མྱོང་གིན་མེད་དམ། རྒྱ་ཇག་ཚོ་ནི་ནམ་ཡང་བོད་ཀྱི་སྟེང་ལ་འདི་འདྲ་ཞེ་ཅིག་ཡིན། བོད་ཐོག་དྲག་ལས་སྤྱད་ནས་མི་ཚེ་གཅིག་རྫོགས་གྲབས་འདུག ད་དུང་སྔར་བཞིན་རེད། སྤྱང་ལུག་གཉིས་མཉམ་གནས་མི་ཡོང་བ་དེ་བཞིན། བོད་རྒྱ་གཉིས་མཉམ་གནས་མི་ཡོང་བ་ཡང་དངོས་གཤིས་ལ་གྲུབ། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཟེར་བའི་བོད་བཙན་པོའི་གསུང་ཚིག་འདི་ལུང་བསྟན་ཚད་མར་གྲུབ་ཡོད། དེས་ན་ཀླད་ཀོར་ཡིན་པའི་འབྲེལ་མོལ་དེ་གང་ནས་ཡོང་། ལས་ཀྱི་སྣེ་མོར་གཏོགས་པ་ཚོ། མིག་སྔར་ཡོད་པའི་པར་རིས་འདི་དག་ལ་མིག་ཅེར་ནས་བསམ་གཞིག་ཅིག་བྱོས་དང་།

  4. ཁ་བའི་བུ། says:
    2011-12-02 at 4:25 am

    རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གུ་ཡངས་ཡོད་ཟེར་བ་དང་། ཆོས་དད་རང་དབང་དང་། མི་རིགས་འཐོབ་ཐང་འདྲ་མཉམ་ཟེར་བའི་བརྫུན་གྱིས་གདོང་ལྤགས་གོང་གིས་དཔར་ལས་བཤུས་སོང་བས་དཔར་མཁོན་འདོན་གནང་མཁན་ལ་བཀའ་དྲིན་ཆེ་བ་ཞུ་རྒྱུ་ཡིན།

  5. ཅོག་རོང་གི་མྱི། says:
    2011-12-02 at 4:28 am

    རྒྱ་ནག་ལ་རྒྱ་མ་འཁྲིགས་གོང་ལ་ཟི་ཁྲོན་འཁྲིགས་ཞེས་ཟེར་སྲོལ་ཞིག་ཡོད། འོད་ཟེར་གྱིས་རྒྱ་ནག་ཟི་ཁྲོན་གྱི་དཔོན་པོ་ཁ་ཤས་ཀྱིས་རྔ་བའི་གྱེན་ལངས་དྲག་གནོན་ལ་བརྟེན་ནས་གོ་གནས་སྤར་བའི་ལམ་ཀ་ཞིག་ཡོད་རབས་གླེང་བ་གོ་མྱོང་ཡོད། ད་ལྟ་རྒྱ་ནག་རྒྱལ་ཁབ་གྱི་ཉེན་རྟོགས་པའི་བློན་ཆེན་དང་འཐབ་ཕྱོགས་གཅིག་སྒྲིལ་གྱི་བློན་ཆེན་གཉི་ག་རྔ་བ’དང་འབྲེལ་བ་ཡོད་མྱོང་བ་མ་ཟད་ཡང་གླིང་རྡོ་རྗེའི་གོ་གནས་ཀྱང་རྔ་བ་མི་མང་གི་གཤིན་ཕུང་གི་སྟེང་ནས་འཕེར་བ་རེད། དེ་བས་རྔ་བའི་ཛ་དྲག་གི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་རྒྱུ་གལ་ཆེ།

  6. སེམས'དཔའ' says:
    2011-12-02 at 5:16 am

    རྒྱ’གུང’ཁྲན’བོད’ནས’མཐར’སྐྲོད’མ’བཏང’བར’བོད’ལ’བདེ’སྐྱིད’ཞིག’མེད’ཐག’ཆོད’རེད།

  7. ཆོས་འཕེལ་དར་རྒྱས་ says:
    2011-12-02 at 5:39 am

    འདིར་པར་དང་འབྲེལ་བཤད་སོགས་རྒྱ་ཡིག་ཐོག་མཐོང་ཐུབ། http://www.wenxuecity.com/news/2011/12/01/1552827.html

  8. རྒྱ་མཚོ་ཆེན་པོ་ནས་ says:
    2011-12-02 at 5:41 am

    གང་མྱུར་རྒྱ་དམར་སྲིད་གཞུང་མགོ་རྟིང་སློག་པར་ཤོག ལས་འབྲས་མྱུར་དུ་སྨིན་པར་ཤོག བདེན་པ་རྒྱལ་བར་གྱུར་ཅིག རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བསམ་པའི་རེ་བ་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག

  9. ཨ་ར་དཀར་པོ says:
    2011-12-02 at 6:11 am

    བཙན་པོས་ཉམ་ཆུང་ལ་ཐུབ་ཚོད་འདི་ལས་ལྷག་ཅི་ཡོད། རྒྱ་རོ་ཚོ། རྒྱུ་འབྲས་ཤིག་འཁོར་རྒྱུ་ལོས་ཡོད།

  10. བསྟན་འཛིན་ཐོས་བསམ། says:
    2011-12-02 at 6:11 am

    བོད་ས་ཡོངས་སུ་དྲག་གནོན་གནམ་གྱིས་ཁེབས་མི་ཐུབ་པའི་དཔང་རྟགས་འདི་ལྷག་ག་ལ་དགོས། དེ་ཡང་ང་ཚོས་ཤེས་རྟོགས་བྱེད་ཐུབ་དགོས་པ་ནི་འདི་རང་ཡིན་པས། འཛམ་གླིང་དྲང་བདེན་དང་ཞི་བདེ་ལ་དགའ་བའི་འགྲོ་བ་ཡོངས་ཀྱིས་རྒྱབ་སྐྱོར་གནང་རོགས། འདྲ་པར་རིན་ཐང་ཅན་འདི་དག་མཁོ་སྤྲོད་ཁྱབ་སྤེལ་གནང་མཁན་གྱི་རྒྱལ་ཞེན་པ་གང་ཉིད་ལ་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  11. སེམས'དཔའ' says:
    2011-12-02 at 7:40 am

    དཔར’འདི’དག’མཁོ’སྤོད’གནང’མཁན’ལ’སྙིང’ཐག’པ’ནས’ཐུགས’རྗེ’ཆེ’ཞུ’བ’ཡིན། བཙན’བྱོལ’དུ’ཡོད’པའི’
    བོད’མི’རྣམསལ’ཞུ’རྒྱུར།གཞིས’ལུས’བོད’མི’རྣམས’ཀྱིས’རེ’བ’ཆེན’པོ’ཞིག’བརྒྱབ’ནས’རང’སྲོག’ལ’མ’འཛེམ’པར’
    དཔར’འདི’དག’སྐུར’ནས’
    འདིར’བསླེབས’ཚར’བ’རེད།འདི’ནས’འཛམ’གླིང’ཡོངས’ལ’གསལ’བསྒྲགས’བྱ’རྒྱུ’ནི’ང’ཚོའི’ལས’འགན’ཡིན’པ’མ’བརྗེད’ཅིག
    རྒྱ’གུང’ཁྲན’གྱིས’ད’ལྟ’བར’དུ’བོད’ལ’བདེ’སྐྱིད’ཡོད’རབས’བཤད’བཤད’པའི’དཔང’རྟགས’འདི’རེད།
    བོད’རྒྱ’མི’རིགས’གཉིས’ལ’བདེ’སྐྱིད’ཀྱི’ཉི’མ’ཤར’དགོས’ན’གུང’ཁྲན’ངེས’པར’དུ’
    མགོ’རྟིང’སློག’དགོས།

  12. ཆོས་ཟུར་རིན་ཆེན་དོན་གྲུབ། says:
    2011-12-02 at 8:22 am

    འདྲ་པར་འདི་རིགས་མཐོང་བ་ཙམ་གྱིས་ཀྱང་ཡིད་ལ་ཟུག་རྔུ་ལྡང་ཞིང་བཟོད་པར་དཀའ་བ་ཞིག་ལགས་པས། ད་ནི་དངོས་གནས་མགོ་ནག་ཙམ་ཟན་ཡོངས་ཀྱིས་ཞི་དྲག་ཟུང་འབྲེལ་གྱི་ལས་ལ་འཇུག་དགོས་པའི་དུས་ལ་བབ་ཡོད་ས་རེད། རིག་གནས་གསར་རྗེ་སླར་ཡང་གངས་ལྗོངས་སིལ་ལྡན་གྱི་ལྗོངས་སུ་རོ་ལངས་རྒྱག་གིན་ཡོད་པ་འདྲ། དངོས་གནས་བྱས་ན་རིག་གསར་གྱི་རླུང་འཚུབ་འདི་བཞིན་རྒྱ་ནག་ཏུ་ཐེངས་ཤིག་བརྒྱབས་ན་ཏག་ཏག་ཡོང་ས་རེད། ད་ནི་གྲགས་ཅན་རྩོམ་པ་པོ་ཞོགས་དུང་གིས་གསུངས་པ་བཞིན་བོད་ཡུལ་གཤིན་རྗེའི་བཤས་རཱ་ངོ་མ་ཞིག་ཏུ་གྱུར་ཟིན་འདུག།

  13. ལྷོ་མཐའི་ཕོ་ཉ says:
    2011-12-02 at 8:28 am

    ࿌ངོ་མ་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང།

  14. སྒྲོན'མེ' says:
    2011-12-02 at 10:25 am

    དུས’རབས’ཉེར’གཅིག’པ’ཞི’བདེའི’དུས’རབས’ཞིག’ཡིན’ཟེར’གྱིན’ཡོད’རེད།
    རྒྱ’དམར’སྲིད’གཞུང’ལ’མཚོན’ན’འཚེ’བ’ཡི’དུས’རབས’ཞིག’ཡིན’པ’ཐག’ཆོད’རེད།
    དམྱལ’བ’མི’ཡུལ’དུ’མྱོང’བ’ཟེར’བ’དངོས’ནས’བདེན’པར’འདུག
    ད’རུང’མིག’གིས’མི’མཐོང’ས’ནས’གདུག’རྩུབ’ཅན’ཀྱི’བྱ’སྤྱོད’ཅི’འདྲ’ཞིག’ལག’བསྟར’བྱེད’ཀྱིན’ཡོད’ན།

  15. ཀརྡོ་རབ་འབྱམས་པ་ says:
    2011-12-02 at 10:51 am

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །

    འདི་ཕྱི་གཉིས་ཀ་དོན་ལྡན་ཡོང་བའི་སྨོན་འདུན་ཞུ། །

  16. རིག་པའི་བུ says:
    2011-12-02 at 11:10 am

    རིག་གནས་གསར་རྗེས་གཉིས་པ། ངས་ཕ་ཡུལ་ཁ་པར་བཏང་སྐབས་རྔ་བ་ནས་རྒྱ་དམག་ཚང་མ་ཕྱི་འཐེན་བྱས་ཤིང་རྔ་བས་རང་འདོད་ལྟར་བྱེད་ཆོད་པའི་ཁྲིམས་ཡིག་བསྒྲགས་པ་རེད་ཟེར་ཡང་། མང་ཚོགས་མགོ་སྐོར་གྱི་སྐད་ཆ་ཡིན་ས་རེད།

  17. བསོད་ནམས། says:
    2011-12-02 at 11:38 am

    བོད་གངས་ཅན་གྱི་ལོ་རྒྱུས་ནང་གསེར་ཡིག་གི་བྱས་རྗེས་འཇོག་མཁན་རྔ་བ་མི་དམངས་ཀྱི་སྡུག་བསྔལ་འདི་ང་ཚོ་རྩམ་ཟན་བོད་མི་ཚང་མའི་སྡུག་བསྔལ་ཡིན།ནམ་ཞིག་རྒྱ་དམར་ཁྲག་འཐུང་ཚང་གི་ལོ་རྒྱུས་མཇུག་རྫོགས་རན་ཡོད།

  18. སྤོབས་པ་མཐའ་ཡས། says:
    2011-12-02 at 11:50 am

    ཐུགས་རྗེ་ཆེ། ངོ་མ་སེམས་ཤུགས་འཕར་བྱུང་། རྔ་བའི་དཔའ་བོ་ཚོས་ངོ་མ་བྱས་རྗེས་བཞག་སོང་། འཚེ་མེད་ཞི་བ་རང་གི་སྟེང་ནས་ལས་འགུལ་མུ་མཐུད་ནས་སྤེལ་རོགས། འདི་ལྟ་བུའི་པར་འདི་ཚོ་ནི་ཤིན་ཏུ་རིན་ཐང་ཆེ། བོད་བཙན་པོའི་རྒྱལ་རབས་མཇུག་དྲིལ་ནས་བཟུང་བོད་ཀྱི་དཔའ་བོའི་རྒྱུན་ཆད་སོང་བར་རློམ་ཡང་གཏན་ནས་རེད་མི་འདུག རྔ་བ་ལ་བོད་ཀྱི་དཔའ་བོའི་སྡེའི་མཚན་གསོལ་རྒྱུ་ཡིན། རྔ་བའི་མི་མང་རྒྱལ་གྱུར་ཅིག

  19. མངའ་རིས་ཕྲིན་ལས། says:
    2011-12-02 at 11:52 am

    ལྟོས་དང་གཞིས་ལུས་པ་རྣམས་འདི་འདྲ་རེད། བཙན་བྱོལ་རང་དབང་ལུང་པར་གནས་པ་ངེད་ཅག་ལྷོད་ལྷོད་བྱེད་རྒྱུ་གོ་སྐབས་ཡོང་ས་རེད་དམ། ད་དུང་དབུ་མ་དང་དབུ་མ་ཟེར་ནས་སྡད་ན་འགྲིག་ས་རེད་པས་ཕྱོགས་གཅིག་ནས་བྱ་བྱེད་འདི་འདྲ་བྱས། ཕྱོགས་གཅིག་ནས་དབུ་མ་ཟེར་ནས་ངོ་སྲུང་བྱས་སྡད་ན་གཞིས་ལུས་རྣམས་ལྷག་ས་མ་རེད། སྲིད་སྐྱོང་གསར་པས་ཐབས་ལམ་གསར་པ་ཞིག་མགྱོགས་མྱུར་གངས་ཅན་སྐྱིད་གཞུང་ནས་ཁྱབ་སྒྲག་གནང་བར་བསྒུག་ནས་སྡད་ཡོད།

  20. སྤོབས་པ་མཐའ་ཡས། says:
    2011-12-02 at 12:03 pm

    བོད་མི་རིགས་ཟེར་བ་འདི་རྒྱ་དམར་གཞུང་གི་ལག་འོག་ནས་རྩ་མེད་དུ་ཕྱིན་སོང་རུང་རྔ་བིའ་དཔའ་བོ་ཚོའི་བྱས་རྗེས་དེ་ཇི་སྲིད་བར་དུ་འཛམ་གླིང་ལོ་རྒྱུས་ཀྱི་ངོགས་སུ་གནས་ངེས་ཡིན། ཁྱོད་ཚོའི་བློས་བཏང་ཆེན་པོ་དེས་ང་ཚོ་སྐྱོབ་བཞིན་ཡོད་པ་བོད་མི་མང་གིས་ཤེས་ཡོད། རྒྱ་དམར་དམག་དཔུང་གི་དམག་སྦྱོང་ག་ཚོད་བྱེད་ཀྱིན་འདུག མེ་མདའ་ག་ཚོད་བཟུང་འདུག ཡིན་ན་ཡང་ཁྱོད་ཚོས་ད་དུང་ཡང་འཚེ་མེད་ཞི་བའི་སྐད་སྒྲ་མཚམས་མ་བཞག་པར་ཁོང་ཚོས་ཡ་ང་དང་སྙིང་རྗེ། ངོ་ཚ་དང་འཛེམས་དོག་མེད་མི་རེ་རེ་བཞིན་བཤའ་ལུག་དྲུད་སྟངས་བྱེད་སྟངས་དེ་ལས་ཁྱོད་ཚོའི་བློས་བཏང་། ཁྱོད་ཚོའི་གཟི་བརྗིད། ཁྱོད་ཚོའི་དཔའ་ངར། ཁྱོད་ཚོའི་སྙིང་སྟོབས་དེ་གསལ་བར་མཐོང་བྱུང་།

  21. སྤོབས་པ་མཐའ་ཡས། says:
    2011-12-02 at 12:24 pm

    རྒྱ་དམར་དམག་དཔུང་གི་དྲག་ཤུགས་ངོམ་སོ་ག་ཚོད་ཆེ་བ་དེ་ཙམ་གྱིས་ཁྱོད་ཚོའི་གཟི་བརྗིད་དེ་ང་ཚོས་མཐོང་གིན་འདུག སྤུན་ཟླ་ཚོ། ང་ཚོར་འདི་ནས་ཁྱོད་ཚོ་སྐྱོབ་ཐུབ་པའི་ནུས་པ་མི་འདུག ཡིན་ན་ཡང་ཁྱེད་རང་ཚོའི་བློས་བཏང་ཆེན་པོ་དེས་ཁྱེད་རང་ཚོའི་སྐྱེ་བ་ཐེང་གཅིག་དང་འཆི་བ་ཐེང་གཅིག་དེ་རླབས་ཆེ་ཞིང་གཟི་བརྗིད་བླ་ལྷག་དང་ལྡན་པར་གྱུར་པ་རེད། རང་དབང་མེད་པར་གསོན་པ་ལས་རང་དབང་གི་ཆེད་དུ་འཆི་ནུས་མཁན་ཚོ་ནི་ང་ཚོའི་སྙིང་ཁོངས་ན་སྐར་ཆེན་བཞིན་རྟག་ཏུ་འཚེར་བའི་དཔའ་བོ་དེ་ཡིན། ངས་ཁྱོད་ཚོར་ཡིད་ཀྱི་གཏིང་ནས་སྨོན་པ་འཆོར།

  22. རིག་པའི་རལ་གྲི says:
    2011-12-02 at 12:43 pm

    ཁ་བརྡ་དྲྭ་རྒྱར་མ་སླེབས་ནས་ཡུན་རིང་ཙམ་སོང་། འོན་ཀྱང་སྔོན་མཇལ་མྱོང་བའི་དྲྭ་གྲོགས་ཁ་ཤས་ཀྱིས་ད་དུང་མུ་འཐུད་ནས་མཆན་འབྲི་བཞིན་བཞུགས་པ་མཐོང་བས་ཁྱེད་ཅག་གི་ཁ་བརྡ་དྲྭ་རྒྱ་ལ་དགའ་ཞེན་དང་། བོད་ཀྱི་གནས་ཚུལ། བོད་མིའི་བསམ་ཚུལ། གནད་འགག་ཆེ་ཤོས་ཞིག་ལ། བོད་ཀྱི་སྐད་ཡིག་ལ་ཡར་རྒྱས་གཏོང་གནང་མཛད་པ་ལ་སྙིང་ནས་སྤྲོ། མངོན་གསལ་དོད་པོས་མཁྱེན་ཐུབ་པ་ཞིག་ལ། ཁ་བརྡ་དྲྭ་རྒྱར་རྟག་ཏུ་འཛུལ་ཞུགས་བྱེད་མཁན་རྣམས་སྔོན་དང་མ་འདྲ་བ་བོད་ཀྱི་སྐད་ཡིག་ལ་ཡར་རྒྱས་ཕྱིན་འདུག

    འདི་དོན་ཕྱི་དོན་གང་ཡང་སྒྲུབ་མི་ཐུབ་པའི་ཆོས་མིན་སྲིད་མིན་གྱི་ལས་བྲེལ་རླུང་གི་གཞན་དབང་དུ་གྱུར་བའི་མི་བུ་དག་ཀྱང་དྲྭ་རྒྱ་འདིར་ཡང་ཡང་འབྲེལ་འདྲིས་བྱས་ན། ཁྱེད་རྣམས་བཞིན་བོད་ཀྱི་སྐད་ཡིག་ལ་ཡར་རྒྱས་འགྲོ་བ་སྨྲ་མི་དགོས།

    འོན་ཀྱང་དྲྭ་རྒྱ་འདི་དང་འདི་ལྟ་བུར་ཡོང་བའི་སྐབས་སུ། སྤྲོ་སྣང་སྦྱིན་པའི་གནས་ཚུལ་ཞིག་ཕལ་ཆེར་མཐོང་རྒྱུ་མེད། དེའི་ཚབ་ཏུ། རང་གི་རིགས་གཞུང་དང་། ཆོས་ལུགས་ལ་ཕ་མེས་ནས་བཞག་པའི་བག་ཆགས་གཏིང་ཟབ་དང་། ཡུན་རིང་ཆོས་གྲྭར་སྡད་པའི་ཤུགས་རྐྱེན་གྱིས། རང་གི་ཆགས་ཞེན་ཆེ་ས་དེ་དང་འགལ་བའི་ཆབ་སྲིད་ཀྱི་གནས་ཚུལ་དཔེར་ན་མི་ཡུལ་གྱི་དམྱལ་བ་ལྟ་བུ་དང་། བོད་རྒྱུད་ནང་བསྟན་དང་ཕྱི་ནང་གསང་གསུམ་ནས་འགལ་བའི་ཀ་ལུ་བཙན་གཡེམ་གྱི་ཆབ་སྒྲགས་ལྟ་བུ་མཐོང་སྐབས། ངེས་འབྱུངས་སྤུ་སོབ་མ་ཞིག་ངང་གིས་སྐྱེ་བཞིན་འདུག་ལ། དེ་དག་ལ་བཟོད་པར་དཀའ་བའི་ཚོར་བ་ཞིག་ཀྱང་སྐྱེ་ཡོང་གིན་འདུག

    འདི་དག་ནི་འཁོར་བའི་ཆོས་ཉིད་ཡིན་པ་གོར་མ་ཆགས། འོན་ཀྱང་ངེད་ཅག་གིས་ རྡོག་རྩ་གཅིག་ཏུ་གཏད། ལག་ཟུང་མཉམ་དུ་སྦྲེལ། རང་དབང་རྩོད་པའི་ཆེད་དུ། བདེན་དོན་སྨྲ་ཞིང་འཐབ་རྩོད་བྱ་སྙིང་འདོད།

  23. སྣྲོན་ངག་ཁྲི། says:
    2011-12-02 at 12:45 pm

    ལ་ལས་གངས་ཅན་བོད་ལ་ཞེན་ནས་རང་སྲོག་མེ་དང་མཚོན་དུ་བཤམས།།
    ལ་ལས་དེ་ལ་གདུང་སེམས་བཅངས་ནས་ཕྱག་མཆོད་སྨོན་ལམ་གྲངས་མེད་བཏབ།།
    ལ་ལས་གཞིས་ལ་བརྩེ་བའི་ཟོལ་གྱིས་བཙན་བྱོལ་གཞུང་ལ་སྨོད་མོ་འདེབས།།
    ལ་ལས་གོ་མེད་ཚོར་མེད་ངང་ནས་བརྫུ་བག་སྟོན་ཏེ་རང་དོན་གཉེར།།
    གངས་ཅན་ལྗོངས་སུ་ནང་བསྟན་དར་ཁོ་ནས།།
    བོད་ཀྱི་ཆབ་སྲིད་འཕེལ་བ་མ་ཡིན་ཏེ།།
    མདོ་དབུས་ཁམས་གསུམ་དཔའ་བོ་ཇི་སྙེད་ཀྱིས།།
    བསྟན་སྲིད་མི་རིགས་སླད་དུ་འབད་པས་ཀྱང་།།
    སྔར་གྱི་དུས་སུ་གཞན་སྡེ་བཅོམ་ན་རང་རང་ཕྱོགས་ཀྱི་དཔའ་བོར་བགྲངས།།
    དེང་གི་དུས་སུ་རང་སྡེའི་ཁྲོད་ནས་རང་སྲོག་བཏང་ན་དཔའ་བོར་བརྩི།།
    དོན་དུ་དཔའ་བོའི་མཚན་སྙན་དེ་ཡང་སྲོག་དང་གཅིག་གམ་ཡང་ན་གཞན།།
    བཏགས་དོན་བཙལ་ལ་གང་དུ་ཡོད་མེད་ཀུན་སློང་དག་གིས་རྣམ་པར་འབྱེད།།

  24. རིག་པའི་རལ་གྲི says:
    2011-12-02 at 1:04 pm

    བོད་མི་དཔའ་བོ་རེད། དཔའ་བོ་ཡིན་པ་གཅིག་པུས་གང་ཡང་བྱེད་མི་ཐུབ། བོད་མི་རྣམས་རང་རིགས་ལ་ཤ་ཞེན་ཁ་ཞེ་གཉིས་མེད་ཡོད། དེ་ཙམ་གྱིས་མ་ཟད། སྔོན་བྱུང་ལ་ཞིབ་གཤེར། འབྱུངས་འགྱུར་ཀྱི་གནས་ཚུལ་ཚོད་དཔག་ཐུབ་པའི་མཁྱེན་རྒྱ་ཡོད་ལ། བོད་མི་བྱིང་ལ་བོད་དོན་ཆེད་དུ་འབད་པའི་ཤུག་རྐྱེན་ཐེབས་ནུས་ངེས་ཅན་གྱི་ལས་འགུལ་སྤེལ་བའི་ཐབས་ཤེས་ཀྱང་ཡོད། ང་ཚོ་མི་འབོར་ཉུང་ཉུང་། རྒྱ་ཁབ་མེད་མཁན། རྒྱུ་སྟོབས་མེད་མཁན་ཞིག་གི་ཆ་ནས་བཤད་ན། འཛམ་གླིང་ནས་ཕུལ་བྱུང་གི་མི་རིགས་ཤིག་ཡིན། མཁྱེན་དཔྱོད་ལྡན་པའི་མི་རིགས་ཤིག་ཡིན། སྙིང་སྟོབས་ལྡན་པའི་མི་རིགས་ཤིག་ཡིན། བདེན་དོན་གཙོ་བོ་བྱེད་པའི་མི་རིགས་ཤིག་ཡིན། ང་ཚོའི་ཐབས་ཤེས་སྙིང་སྟོབས་ལྷག་བསམ་མཐོང་རྒྱ་བཅས་ལ། མཁྱེན་ལྡན་གྱི་སྐྱེ་བོ་ཡོངས་ཀྱིས་ཡིད་སྨོས་འཆོར་ངེས། བོད་མི་རྣམས་ཀྱི་ཐབས་ཤེས་སྙིང་སྟོབས་ལྷག་བསམ་བཅས་ནི། ཨ་རིའི་གཙན་རྒྱལ་རིངས་ལུགས་ཀྱི་དེང་རབས་ཀྱི་འཕྲུལ་ཆས་ལས་སྟོབས་ཤུགས་བརྟན། རྒྱ་མིའི་ཐེར་འབུམ་ལས་བརྒལ་བའི་མི་ཤུགས་ལས་ནུས་ཤུགས་ཆེ། ང་ཚོའི་རེ་དོན་མ་འགྲུབ་ཀྱི་བར་དུ། ང་ཚོ་ནམ་ཡང་ཡིད་སྟོབས་ཆགས་རྒྱུ་མེད་ལ། ནམ་ཡང་བདེན་པའི་འཐབ་རྩོད་ཀྱི་རྒྱུན་མི་ཆད། ང་ཚོའི་རང་དབང་དེ་ང་ཚོས་ལེན་དགོས་ལ། ང་ཚོ་ལ་ང་ཚོ་ལས་དམར་ཆེ་བའི་རྒྱབ་སྐྱོར་དང་རོག་རམས་བྱེད་མཁན་ཞིག་ཡོང་མི་སྲིད། ང་ཚོའི་རེ་བ་ནི་ང་ཚོ་ལ་བཅོལ་དགོས་ལ། ང་ཚོའི་རེ་བ་ནི་ང་ཚོས་སྒྲུབ་དགོས།

  25. ཅོ་རི་ཉི་མ། says:
    2011-12-02 at 3:25 pm

    གོང་གི་རྩོམ་ཡིག་དང་འབྲེལ་དེ་ཙམ་མེད་ཀྱང་་་དྲ་གྲོགས་ཚོས་རྒྱབ་སྐྱོར་དང་ཁྱབ་བསྒྲག་ཡོང་ཆེད་འདིར་བཀོད་པ་ཡིན། ཁ་བརྡ་ཚང་གིས་ཐུགས་བསམ་བཞེས་རོགས་ཞུ།

    ༧གོང་ས་མཆོག་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཡིན་པར་འཛམ་གླིང་གི་ཐོག་ཏུ་ཡོངས་གྲགས་རེད། གཞན་ཕན་དང་སྙིང་རྗེ། འཚེ་མེད་དང་ཞི་བདེ་ཡི་ལྟ་གྲུབ་དུས་དང་རྣམ་པ་ཀུན་དུ་གསུངས་ཀྱི་ཡོད།

    ཕུ་ནུ་ནང་ཁུལ་དུ་ཆ་བཞག་ན་བསད་རེས་དང་རྡུང་རེས་བྱས་དང་བྱེད་བཞིན་པ་རེད། བོད་མི་རིགས་ནང་ཁུལ་དུ་སྙིང་ལ་གྲི་རྒྱབ་དགོས་ན་དཔའ་པོ་སྟག་འདྲ་གཟིག་འདྲ་མང་པོ་རེད། མ་ཟད་ལོ་ཤས་གོང་ནས་མེ་མདའ་ཉོ་ཡི་ཡོད། དེ་ཡང་རིང་མདའ་དང་ཐུང་མདའ་བཅས་ཉོ་ཡི་ཡོད།

    ཁམས་དང་ཨ་མདོའི་ས་ཁུལ་མང་ཆེ་བ་ལ་བོད་མི་ཚོས་ཡོད་ཚོད་སྤྲད་ནས་མེ་མདའ་ཉོ་གི་ཡོད། དེ་ཡང་བོད་རིགས་སྤུན་ཟླའི་ཐོག་ཏུ་རྒྱབ་ཀྱིས་ཆ་གཞི་དང་དམིགས་ཡུལ་རེད། མེ་དམའ་བརྒྱབས་ནས་ཕུ་ནུ་ནང་བསད་བཏང་བར་ཉུང་ཉུང་རྩ་བ་ནས་མིན། དངོས་ཡོད་གནས་ཚུལ་རེད།

    རི་བོ་སྒང་དྲུག་ཡུལ་གྱི་བོད་མི་རྣམས་སུ་དམ་པའི་ལྷ་ཆོས་དང་བྱམས་སྙིང་རྗེ་བཤད་ཀྱང་མ་ཕན། རྒྱ་ཁྲིམས་མགོ་ཐོག་ཏུ་བཞག་ཀྱང་མ་སྐྲག་པར་ཕུ་ནུ་ནང་བསད་བཏང་བསྡད་པ་རེད། ད་ག་དུས་མཚམས་ཆད་ཀྱི་རེད་དམ། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་འདི་འདྲ་ཡིན་ན་མ་བཞུགས་པའི་སྐབས་སུ་གནས་ཚུལ་སྡུག་རེར་འགྲོ་གི་རེད།

    ད་རིང་དུས་འཁོར་དབང་ཆེན་གྱི་ཆེད་དུ་བོད་ནས་བོད་མི་མང་པོ་ཞིག་ཕེབས་ཀྱི་ཡོད་ཚོད་འདུག་པས་གཙོ་བོར་༧གོང་ས་མཆོག་དང་བཀའ་ཁྲི་བློ་བཟང་སེང་གེ་རྣམ་གཉིས་ཀྱིས་མ་འོང་ཕུ་ནུ་ནང་གསོད་གཏོང་རེས་མི་བྱེད་པའི་བསླབ་བྱ་ཟབ་མོ་ཞིག་རྒྱབ་དགོས་ཀྱི་འདུག་ཞེས་ཞུ་རྒྱུ་ཡིན།

    ཁྱེད་རྣམ་པ་གཉིས་ཀྱིས་བོད་མི་རིགས་ཀྱི་བློ་ཁ་སྒྱུར་མ་ཐུབ་ན་ཕུ་ནུ་ནང་གསོད་ཀྱི་ལུགས་སྲོལ་ངན་པ་འདི་མཚམས་ཆད་ས་མ་རེད། བོད་མི་རིགས་ནང་ཁུལ་དུ་སྙིང་ལ་གྲི་བརྒྱབས་རེས་བྱས་བསྡད་ཀྱི་ཡོད་པའི་གནས་སྟངས་ཀྱི་འོག་ཏུ་འཛམ་གླིང་ཞི་བདེ་ཞེས་གཞན་ལ་བཤད་དུས་སུ་ངོ་ཚ་དགོས་པའི་གནས་སྟངས་དང་མ་ཐུབ་གོང་ཁྲན་ཏང་ལ་འཚེ་མེད་ཞི་བདེ་བཤད་དུས་ཀྱང་ཁོ་ཚོས་ཅི་བསམ་གྱི་རེད་དམ།

    ༧གོང་ས་མཆོག་དང་བཀའ་ཁྲི་གཉིས་ཀྱིས་བོད་མི་རིགས་ཀྱི་ཕུ་ནུ་ནང་བསད་ཀྱི་ལུགས་སྲོལ་ངན་པ་འདི་མཚམས་གཅོད་རོགས་བྱོས་ཞེས་ཆེད་དུ་བྱ་བའི་གདུལ་བྱ་ཅོ་རིས་སྙིང་ནས་རེ་སྐུལ་ཞུ་བཞིན་ཡོད་ལགས། གལ་སྲིད་ད་རིང་དུས་དབང་གི་སྐབས་སུ་བོད་ནས་ཕེབས་པའི་བོད་མི་རྣམས་སུ་ཕུ་ནུ་ནང་གསོད་མི་ཡོང་བའི་ཆེད་དུ་བསླབ་བྱ་གོ་ཐོས་ཡོད་པ་ཞིག་མ་རྒྱབ་ན་དེ་ནས་བཟུང་འཚེ་མེད་ཞི་བདེ་དང་འཛམ་གླིང་ཞི་བདེ་ཞེས་བཤད་ཀྱི་མཚམས་བཞག་དགོས་ཡོད། མ་བཞག་ནའང་ངོ་ལེན་བྱ་རྒྱུ་མིན།

  26. སྐྱུ་རྩི་ནས། says:
    2011-12-02 at 4:42 pm

    རྒྱ་དམར་དུད་འགྲོ་དེ་ཚོས་བོད་མི་མང་ལ་དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་གཏོང་བ་ནི་དེང་རབས་ཀྱི་འཇིག་རྟེན་འདིར་འོས་པ་ཞིག་མིན། མཉམ་འབྲེལ་རྒྱལ་ཚོགས་ལུག་ཞ་རས་རྩ་བཟོས་པ་ལྟར་མིན་པར་གཟུ་བོའི་མིག་ཆེ་ཙམ་བགྲད་དེ་རྒྱ་དམར་ལ་གནོད་ཤུགས་སྤྲོད་པའི་རེ་བ་ཞུ།

  27. སྣྲོན་ངག་ཁྲི། says:
    2011-12-02 at 6:37 pm

    བོར་ས་ཤོར་རྗེས་ཀྱི་མུན་ནག་འཐིབ་པའི་ལོ་ཟླ་དེ་དག་དང་། འདས་པའི་མི་ལོ་ཉི་ཤུའི་སྔོན་གྱི་ལྷ་སའི་ལས་འགུལ་ཐོག་ལ་དྲག་གནོན།།
    ཉེ་བའི་ལོ་ཤས་རིང་དང་ལྷག་པར་ཐེངས་འདིའི་དྲག་གནོན་དང་། སྡུག་རྩུབ་ཆེ་བའི་
    ཀླ་ཀློའི་སྲིད་གཞུང་གི་གདོང་རིས་ངོ་མ་ལ་བལྟས་ཚེ་མ་འོངས་པར་བོད་རྒྱ་ཞི་མོལ་གྱི་
    གཉིས་སྨན་དབུ་མའི་ལམ་ཞེས་པ་ཡང་འཁོན་སེམས་དང་བཅས་པའི་ལམ་ཞིག་ཏུ་
    འགྱུར་ལ་ཉེ།།
    སྔར་གྱི་དུས་སུ་བོད་དམག་མཚོན་གྱིས་གྱིས་བཀྲད།།
    དེ་ཡི་མཇུག་ཏུ་རྒྱལ་འབངས་ཁ་བྲལ་བཏང་།།
    བར་གྱི་དུས་སུ་ལྷ་སར་མནར་གཅོད་ཁྱབ།།
    བོད་ཀྱི་རྒྱལ་སར་ཁྲག་གི་རྒྱ་མཚོ་སྐྱིལ།།
    ཉེ་བའི་ཆ་ལ་བོད་ཀྱི་མཐའ་དབུས་ཀུན།།།།
    མུན་ཡའི་འཇིག་རྟེན་དམྱལ་བ་བསྡུས་འཇོམས་དངོས།།
    དུས་རབས་ཉེར་གཅིག་དུས་འགོར་མྱོང་ལུགས་འདིས།།
    མ་འོངས་མཉམ་གནས་ཐུབ་མིན་བརྡ་ཞིག་སྤྲད།།

  28. མིག་བརྒྱད་པ། says:
    2011-12-02 at 9:38 pm

    དུས་རབས་ཉེར་གཅིག་པའི་ས་སྟེང་གི་དམྱལ་བ་དེ་འདྲ་ཞིག་ད་བར་མཐོང་མྱོང་མེད་ལ། འདྲ་པར་དེ་དག་མཐོང་ན་མིག་ཆུ་ཤོར་རྒྱུ་ལས་གཞན་ཐབས་ཤེས་གང་ཡང་མི་འདུག །དགེ་འདུན་པ་ཁོང་ཚོ་ནི་འཇིགས་སྐུལ་རིང་ལུགས་པ་མ་རེད། དེ་འདྲས་སྡུག་པོ་གཏོང་དགོས་པ་ག་རེ་ཡིན་ནམ། དཀོན་མཆོག་མཁྱེན། དུས་རབས་ཉེར་གཅིག་ལ་བསླེབས་ཟིན་ཀྱང་རིག་གནས་གསར་བརྗེའི་ལྟར་དགོན་པའི་གྲྭ་བ་ཚོ་ཐག་པས་བསྡམས། མེ་མདས་སྡིག་སྐུལ་ཡ་ང་བ་ཞིག་བྱེད་པ་འདི་སྙིང་རྗེ་མེད་པའི་ཀླ་ཀློའི་བྱ་སྤྱོད་རང་རེད། ད་དགོན་པ་ལའང་ཆགས་འཇིག་གི་ཉེན་ཁ་ཆེ་བས་གཟབ་གཟབ་བྱེད་ན་ཡག་ག །

  29. བོད་ལ་ཞེན། says:
    2011-12-03 at 4:50 am

    པར་འདི་དག་འོད་ཟེར་ལགས་ཀྱི་ཟིན་བྲིས་མཐོང་མི་ཐུབ་པའི་བོད་ནང་འདུག འོན་ཀྱང་ཡུལ་ལུང་གང་གི་ཡིན་པ་གསལ་ཁ་མི་འདུག་མོད་གང་ལྟར་བོད་ནང་གི་མནར་གཅོད་ཀྱི་རང་བཞིན་མཚོན་ཐུབ།
    རང་ཉིད་བོད་མི་ཞིག་ཡིན་ན་པར་འདིས་བཟོད་མི་ཐུབ་པའི་ཚོར་བ་ཞིག་སྦྱིན་ངེས།

  30. མངའ་རིས་ཕྲིན་ལས། says:
    2011-12-03 at 6:53 am

    པར་རིས་འདི་དག་རྒྱ་དམར་བཙན་འོག་ཏུ་འཚོ་བཞུགས་ཡོད་པ་བོད་རིགས་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ཟིན་བྲིས་མཐོང་མི་ཐུབ་པའི་བོད་ཟེར་བའི་ཟིན་བྲིས་ནང་ནས་མཁོ་སྤྲོད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྩོམ་པ་པོ་འོད་ཟེར་ལགས་ནི་བོད་ཀྱི་ཐབ་རྩོད་པ་ངོ་མ་ཞིག་རེད། ཁོང་གི་བཟའ་ཟླ་ཝང་ལིས་ཞུང་ནི་བོད་ཀྱི་ཐབས་གྲོགས་ངོ་མ་ཞིག་རེད། ཁོང་གཉིས་ཀྱི་རང་སྲོག་བློས་བཏོང་གིས་བོད་ཀྱི་གསང་བའི་གནས་ཚུལ་དང་པར་རིས་འགྲ་མིན་ཕྱི་ཕྱོགས་སྤེལ་ཐུབ་པ་ལས། བོད་གཞུང་གསང་བའི་ལས་ཁུངས་ནི་བོད་མི་ནང་ཕན་ཚུན་གཟིགས་རྟོག་འདྲ་གནང་། བོད་ནས་ཡོང་བའི་རང་རིགས་སྤུན་ཟླ་དག་ལ་རྗེས་དེད་འདྲ་བྱས་དེ་འདྲ་ཞིག་ལས་རྒྱ་དམར་གྱི་གསང་བ་ཤོག་ལྷེ་གཅིག་དང་། པར་གཅིག་ཕྱི་ཕྱོགས་ལ་ཐོབ་པ་གོ་ཐོས་མི་འདུག

  31. རྒྱ་མཚོ་ཆེན་པོ་ནས་ says:
    2011-12-03 at 7:25 am

    འུ་ཅག་གཞིས་བྱེས་བོད་མི་གནམ་བསྟན་ཡོངས་ནས་མུ་མཐུད་དེ་བདེན་པའི་ཨུ་ཚུགས་ཀྱིས་ཐབས་ལམ་གཞན་པའང་འཚོལ་དགོས། མདོར་ན་རྒྱ་དམར་སྲིད་གཞུང་མགོ་གནོན་ཐུབ་པ་ཞིག་ངེས་པར་དུ་འབད་མཁོ་མཐོང་། རྒྱ་གུང་ཁྲན་གྱིས་ལྔ་བཅུ་ང་གྲངས་ནས་བོད་ས་བཙན་གྱིས་བཟས་ནས་ད་བར་ཚད་ལས་བརྒལ་བའི་མནར་གཅོད་རིམ་པ་སྣ་ཚོགས་ཤིག་བྱས་དང་བྱེད་བཞིན་པ་འདི་མགོ་ནག་རྩམ་ཟན་ཡོངས་ཀྱིས་བཟོད་ཕོད་དམ། གཞིས་བོད་རྣམས་ཀྱིས་རྒྱ་དམར་ལ་རྒོལ་ལན་གཞིར་རྩར་བཟུང་ནས་བྱེས་ཀྱི་བོད་མི་བྱིས་དར་རྒན་གསུམ་ཚང་མས་སྙིང་ཁོང་རུས་པའི་གཏིང་ནས་ཕར་རྒོལ་དང་རྒྱབ་སྐྱོར་ལག་ལེན་དུ་འཁེལ་བ་ཅི་ནས་ཀྱང་གནང་དགོས་པ་དུས་ལ་སླེབས་འདུག་སྙམ། བདག་ནི་ཁ་ཞེ་གཉིས་མེད་ཀྱིས་དུས་ནམ་ཡང་རྒྱབ་སྐྱོརའདོད།། གོང་གི་འདྲ་དཔར་ལ་ཡང་ནས་ཡང་དུ་གཟིགས་དང་སེམས་ལ་ཚོར་བ་མི་འདྲ་བ་ཞིག་སྐྱེ་ཡོང་ངོ་།། །།

  32. ཨ་རིག་དགེ་མཐོང་། says:
    2011-12-03 at 10:25 am

    པར་འདི་དག་ད་ལྟའི་བོད་ཀྱི་གནས་སྟངས་ལ་གཞིག་ན་གསེར་དངུལ་སྟོང་ལས་ལྷག་ཅིག་དང་། འདི་མཁོ་སྤྲོད་བྱེད་མཁན་ལ་དམིགས་བསལ་གྱིས་བྱ་དགའ་འམ་ཐུགས་ལེགས་གསོལ་ཞིག་འབུལ་དགོས་པར་མཐོང་། དེ་ཡང་བོད་གཞུང་དང་སྒེར་ཚོགས་ཆེན་པོ་ཚོས་ཕུལ་ན་དོན་དང་ལྡན་ངེས། བཟང་བ་ལ་བཟང་བསྟོད་དང་ངན་པ་ལ་སྐྱོན་མཚང་ཟེར་བའི་དཔེ་ལྟར་རེད།

  33. ཕྱུགས་རྭ་ཁུ་བྱུག says:
    2011-12-03 at 12:49 pm

    དྲ་གྲོགས་ཚོ་་་་་ལུང་ཁུག་འདི་ལྟ་བུའི་པར་རིས་འདིས་བོད་ས་ཡོངས་སུ་མི་མངོན་པར་འདི་ལྟར་བྱེད་ཀྱིན་ཡོད་པ་མགྱོགས་པོར་བསུབ་མ་ཐུབ་པར་གངས་རིའི་བུ་ཞིག་གི་ལག་ཏུ་རག་འདུག་་་་འདི་ལྟར་ཤུལ་མེད་བཟོ་བཞིན་བཟོ་བཞིན་བགྲོད་ཅིང་མཇུག་མ་ལྷག་འདུག་་་་་་་་་་་་་གྲོགས་པོ་ཚོ་ཚང་མའི་ཆིག་སྒྲིལ་བྱོས།

  34. རྐྱང་ཕྲུག་ says:
    2011-12-03 at 1:45 pm

    པར་འདི་ཚོ་མཐོང་དུས་ང་ཚོ་བོད་མི་རིགས་འདིས་ཐོག་འདི་འདྲ་ཞིག་ཡོང་དགོས་དོན་གང་ཡིན་ནམ་དྲན། ནང་པ་སངས་རྒྱས་པའི་ཆོས་ཕྱོགས་ནས་བཤད་ན་ལས་ཡིན་རྒྱུ་རེད་ལབ་རྒྱུ་ལས་མེད། མཐོང་མ་ཐག་ཏུ་སེམས་ནང་བརྗོད་མི་ཤེས་པའི་ཚོར་བ་ལྕི་མོ་ཞིག་སླེབས་ཡོང་གི། དངོས་མས་ང་ཚོའི་མི་རིགས་ལ་ཐུབ་ཚོད་དང་གཉའ་གནོན་ཚད་ལས་བརྒལ་བ་བྱེད་ཀྱིན་ཡོད་པ་པར་འདི་ཚོས་ར་སྤྲོད་བྱེད་ཐུབ། པར་འདི་ཚོ་ནི་རྒྱལ་སྤྱིའི་ཐོག་བཀྲམ་ཐུབ་པ་གནང་རྒྱུ་དེ་གལ་གནད་ཆེ། འདིས་འཛམ་གླིང་མི་མང་གི་མདུན་ནས་རྒྱ་དམར་གྱིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ངན་པ་དེ་ར་སྤྲོད་བྱེད་ཐུབ། པར་འདི་ཚོ་ང་ཚོའི་མི་རིགས་འདིའི་ལོ་རྒྱུས་ཀྱི་དཔང་པོ་རེད།

  35. སྐྱུ་རྩི་ནས། says:
    2011-12-03 at 2:29 pm

    རྩ་ཆེའེ་པར་དེ་དག་གི་འགྲེལ་བཤད་རྒྱ་སྐད་དུ་ཡོད་པ་རྣམས་བོད་སྐད་དུ་ཕབ་པའི་རེ་བ་ཡོད།

  36. བྲག་ཞོལ་སྤེན་པ། says:
    2011-12-03 at 3:39 pm

    པར་དེ་ཚོའི་འགྲེལ་བཤད་ལྟར་ན་རྔ་པ་རྫོང་དང་ཀིརྟིའི་དགོན་པའི་སེར་སྐྱ་རྒྱལ་གཅེས་པ་ཚོར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཀལ་བཞག་པ་རྐྱང་རེད་འདུག

  37. བོད་དགའ་ says:
    2011-12-03 at 8:25 pm

    རང་དབང་རྩ་བ་ནས་མེད་པའི་བཙན་འོག་གི་རྒྱལ་གཅེས་པ་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ཁྱེད་རྣམས་ཀྱི་བཀའ་སྡུག་བསམ་ཚེ་བཙན་བྱོལ་ནང་དུ་དགེ་འདུན་པ་རྣམས་དང་མི་མང་བར་གྱིས་དཀྲུག་ཤིང་གི་གོང་བུ་བསྟན་དགྲ་རྒྱ་དམར་གྱི་རྒྱུག་ཁྱི་རྣམས་ལ་ཞེན་པ་ལོག་སོང་།།

  38. གསེར་འབྲུག་སྡེར་ལྔ་ says:
    2011-12-03 at 8:56 pm

    གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོར་མི་དམངས་བཅིངས་གྲོལ་དམག་དང་དྲག་ཆས་ཉེན་རྟོག་པས་དེ་ལྟར་དྲག་སྣོན་མུ་མཐུད་བྱེད་སྟངས་ལ་བལྟས་ན་། བཙན་བྱོལ་ཚང་གི་དབུ་མའི་ས་ལམ་གྱི་རང་སྐྱོང་མངོན་འདོད་དེ་ལ་གོང་ཚད་ངེས་ཅན་ཞིག་རྒྱབས་འདུག་ལ། གོང་གི་དཔར་རིས་དེས་རྒྱ་བོད་ཞི་མོལ་དང་གྲོས་མོལ་འབྲེལ་མོལ་གྱི་གྲུབ་འབྲས་དང་ཡར་རྒྱས་ཕན་ནུས་ཅི་བྱུང་དཔོག་ཐུབ། བྱས་ཙང་ནམ་རྒྱུན་ཁ་ནས་རང་སྐྱོང་རང་སྐྱོང་འབོད་སྡད་མཁན་ཚོས་གོང་གི་དཔར་རིས་ལ་ངེས་པར་དུ་གཟིགས་ནས་འཐོབ་བྱའི་འབྲས་བུ་དེ་གང་ནས་འཐོབ་མིན་དང་གང་ཞིག་འཐོབ་མིན་འཐོབ་རྒྱུ་ཞིག་ཡོད་མེད་ལ་བསམ་གཞིག་ནན་ཏན་ཞིག་གནང་ཏེས་རྒྱ་བོད་འབྲེལ་མོལ་ལ་བསྐྱར་ཞིབ་ངེས་པར་དུ་གནང་དགོས་པར་འདོད།

  39. འཚོ་བྱེད་བུ་t.p says:
    2011-12-03 at 8:58 pm

    དཔའ་པོ་ཚོའི་སྐུ་དཔར་མཇལ་ཐེངས་རེ་རེར་རང་སེམས་སྐྱོ་བས་གཟེར་ཞིང་མིག་ཟུང་མཆུ་མས་རླན་བཞིན་བསམ་ཞིབ་ཡུན་རིང་གཏོང་དགོས་བྱུང་། ཇག་དམག་གིས་འཁྲིད་བཞིན་པའི་ང་ཚོའི་སྤུན་ཟླ་དེ་དག་ཕྱིར་འོང་ཞིག་ཡོད་དམ?གལ་སྲིད་ཡོད་པའི་དབང་དུ་བཏང་ནའང་རིག་ཚོར་མི་ཟིན་པ་དང་དབང་པོ་སྐྱོན་ཅན་ཤ་སྟག་བཟོས་ཏེ་ཕྱིར་ང་ཚོའི་སྒོ་ཁར་གཡུག་མི་ཡོང་ངམ་བསམ་ན་སྙིང་རྩར་ཚ་ཚག་རེ་རྒྱག་གིན་འདུག ང་ཚོས་མཐོང་བཞིན་པ་དང་གོ་ཟིན་པ་གྲངས་ཀས་བརྩིས་ན་ཧ་ལས་པའི་ཉུང་ཉུང་རེད་འདོད། ཡིན་ནའང་གནའ་སྔ་མོ་ནས་ད་ལྟའི་བར་ང་ཚོའི་སྤུན་ཟླ་མང་པོ་མང་པོ་ཞིག་ཇག་ཚོགས་ཀྱིས་མནར་གཅོད་གཏོང་སྟངས་དང་མེད་པ་བཟོ་ཚུལ་དངོས་སུ་མཐོང་བ་དང་ཁྱད་མེད་ཡིན་དུས། ང་ཚོའི་སྤུན་ཟླའི་ཉེ་སེམས་ཀྱི་ཤ་ཞེན་དང་རུས་གསེང་གི་ལ་རྒྱ་ནམ་ཡང་རྣོ་ངར་ཇེ་ཆེ་དང་ན་ཟུག་ཇེ་ཆེ་རེད། བློ་ཤེས་རྒྱ་ཅན་དང་རྒྱུ་དཔལ་འབྱོར་ཅན་སོགས་མཉམ་རུབ་ཀྱིས་དཔའ་པོ་ཚོའི་རེ་སྙེག་གི་རྐང་ལམ་དེ་ནས་ནམ་ཡང་ཕྱི་ཤོལ་གློད་མི་ཉན་པ་འདི་ང་ཚོའི་མགོ་ཐོག་གི་ལས་འབྲས་དང་རན་པ་ཞིག་རེད་སྙམ།

  40. འདོད་ལྷ་ཁམས་པ། says:
    2011-12-04 at 1:21 am

    ངའི་ཕ་གཞིས་སྲུང་བའི་དཔའ་རྒོད་ཚོ། བློ་མ་ཕམ། ཡིད་མ་ཞུམ། ཁྱེད་ཚོའི་མདུན་ན་མི་གཟུགས་གཅན་གཟན་གྱི་ཚོགས་ཀྱིས་འཇིགས་ནའང་། ཁྱེད་ཚོའི་རྒྱབ་ན་ང་ཚོ་དང་འཛམ་གླིང་མི་མང་ལངས་ཡོད།

  41. སྣྲོན་ངག་ཁྲི། says:
    2011-12-04 at 3:10 am

    གདུང་སེམས་མཉམ་སྐྱེད་གལ་འགངས་ཤིན་ཏུ་ཆེ་བ་དེ་བཞིན་དུ་སྐད་ཆ་བཤད་རྒྱུར་དེ་
    བས་ཡིད་ཟབ་གནང་དགོས་གལ་ཆེ་སྟེ། གཞིས་བཞུགས་བོད་མི་རྣམས་ཀྱི་ཚེ་སྲོག་ལའང་འཛེམས་མེད་ཀྱིས་བློས་གཏོང་ཚད་མེད་གནང་དང་གནང་མུས་ཡིན་པས་དེ་ལ་འབྲས་བུ་བློས་གཏོང་དེ་དག་དང་འཚམས་པ་གང་འདྲ་ཞིག་ཡོང་མིན་ཡང་ཚོད་
    སྒམ་བྱེད་དཀའ་བས་ཡུན་རིང་གི་འཐབ་རྩོད་ལ་ཕན་པ་ཞིག་མཛད་ན་མི་་ལེགས་སམ། འབྲེལ་བཤད་ཀྱང་ཚོད་རན་པ་ཞིག་མ་གནང་ཚེ་དངོས་དོན་ཡང་བརླག་ལ་ཉེ་བ་ཡིན་སྙམ་མོ།།

  42. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-12-04 at 3:12 am

    ངས་རྒྱ་དམག་གིས་རྫིག་ཉམས་སྟོན་གྱིན་པ་འདི་ལས་བོད་ཀྱི་སྙིང་སྟོབས། ཆོད་སེམས་མཐོང་བྱུང་། ང་ཚོ་ནི་བསད་ཅིང་མི་ཤི་བའི་བོད་དེ་ཡིན། ནམ་ཞིག་རྒྱལ་ངེས་ཡིན།

  43. ཕྱུགས་རྭ་ཁུ་བྱུག says:
    2011-12-04 at 4:23 am

    རྒྱ་དམར་གཅིག་སྡུད་རང་ལུགས་པས་་་་མེ་མདའི་རྩེ་མོ་དང་གདུག་རྩུབ་ཀྱི་བྱ་སྤྱོད་ལས་་་་གངས་ཅན་པའི་བློ་སྤོབས་སྔར་ལས་སེམས་ཤུགས་དང་འཇིགས་ཞུམ་མེད་པར་མ་འོངས་མདུན་མཆོངས་ཀྱི་སྒྲོན་མེ་སླར་ཡང་དྲག་དུ་འཕྱོ་་་་་དེས་ན་ཡུལ་གྱར་བོད་མི་ཚོས་དཔུང་བ་མཉམ་གཤིབ་དང་རྡོག་རྩ་ཆིག་སྒྲིལ་གྱི་རྒྱལ་སྤྱིའི་སྡིངས་ཆ་ལ་འགྲེམས་སྟོན་དང་སྐུལ་སློང་གསལ་བསྒྲགས་མུ་མཐུད་དུ་སྤེལ་དགོས།

  44. བསེ་རུ། says:
    2011-12-04 at 8:26 am

    བྱེད་སྟངས་འདི་ཚོ་མཐོང་དུས།
    ནམ་ཞིག་བོད་རྒྱ་མཉམ་གནས་ཡོང་ཐུབ་བམ།
    ད་དུང་།
    ཞི་མཐུན་གྱི་བོད་ལྗོངས།
    འཆམ་མཐུན་གྱི་བོད་ལྗོངས་སོགས་ཇི་ལྟར་ལབ་ཕོད་དམ།
    བོད་རྒྱ་ཞི་མོལ་ད་དུང་རྒྱང་ཐག་ཧ་ཅང་རིང་།
    དེ་ལས་ཀྱང་བོད་རྒྱ་མཉམ་གནས་དེ་བས་མི་རིང་ངམ།།

    དཀོན་མཆོག་མཁྱེན།
    མི་ཡུལ་ནས་དབུགས་རིང་གཏོང་རྒྱུ་ལས་ལྷག་མི་འདུག

  45. འབྲི་རུའི་ཤེས་དཀར་འབུམ་པ་ནས། says:
    2011-12-04 at 1:34 pm

    ཨ་ཙི་སྙིང་རྗེ་མི་རིགས་ཞིག་གི་ཆེད་དུ་སྤུན་ཟླ་ཚོ་འདི་ལྟར་མྱོང་དགོས་བྱུང་སོང་།ཁོང་རྣམས་ལ་སེམས་དབུས་ནས་ནམ་ཡང་གུས་འདུད་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme