Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྔ་བ་ནས་བུ་མོ་ཞིག་གིས་སྐད་འབོད་བྱས་འདུག

Posted on 2015-07-172015-07-17 By ཁ་བརྡ 5 Comments on རྔ་བ་ནས་བུ་མོ་ཞིག་གིས་སྐད་འབོད་བྱས་འདུག

གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།

 
ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡༥ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་ནས་རང་ལོ་ ༢༢ ཡས་མས་ཤིག་ཡིན་པའི་བུ་མོ་དབང་མོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་༸གོང་ས་མཆོག་གི་སྐུ་པར་ཕྱག་ཏུ་བཟུང་ནས་ཡུལ་ཚོའི་གཞུང་ལམ་དུ་གོམ་བགྲོད་བྱས་ཡོད་ཅིང་། གནས་ཚུལ་དེ་བྱུང་རྗེས་ཁོང་མོ་རྔ་པའི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གནས་ཚུལ་ཅི་ཡང་ཤེས་རྟོགས་མེད་པར་གྱུར་འདུག

Wang mo 02

ཁོང་མོ་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཕ་ཞེ་ཆེན་དང་མ་རྒྱལ་གཉིས་ཀྱི་བུ་མོ་ཡིན་ཞིང་། རུ་ཆེན་ལྔ་པའི་གཟུངས་འདུས་སྐྱིད་ཚངགི་བུ་བསྟན་འཛིན་གྱི་མནའ་མ་ཡིན་པ་དང་། ཁོང་གཉིས་ལ་བྱིས་པ་གཉིས་ཡོད་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡༧ ལ།

གསར་འགྱུར།

Post navigation

Previous Post: རྒོད་པོ།
Next Post: གཞས་མ་གྲགས་ཅན་ཧོར་གཙང་ལྷ་ལུང་མཚོའི་གསེར་གྱི་གྱ་སྟོན།

Comments (5) on “རྔ་བ་ནས་བུ་མོ་ཞིག་གིས་སྐད་འབོད་བྱས་འདུག”

  1. ཆོས་འཕེལ་དར་རྒྱས་ says:
    2015-07-17 at 2:19 pm

    རྔ་བ་ནི་ཡིན་མིན་མ་ཤེས། རྭ་ཁོག་སྟོད་ཕྱོགས་ཀྱི་རྨེའུ་རུ་མའི་གྲོང་བརྡལ་ཐོག་ནས་བུ་མོ་འདིའི་ཕྱི་ལྟས་བྱེད་ཞོར་ལ་བུད་སོང་བའི་རྙན་ཞིག་འདི་ན་འདུག། https://m.youtube.com/watch?t=10&v=GptenoPunh8 སེམས་པ་སྐྱོ་སོང་། ཕར་བལྟས་ཚོད་ལ་རྙན་ལེན་མཁན་དེ་བུ་མོ་འདི་རྒྱ་ལག་ལ་འཇོག་མཁན་ནམ་མོ་ནང་བཞིན་ཀ་ངོག་ང་ངོག་མི་ཤེས་མཁན་དག་ལ་སེམས་ཤུགས་སྤར་མཁན་གཅིག་ཡིན་ཚོད་རེད།

  2. ཨ་ཁུ་ནོར་བུ་ says:
    2015-07-17 at 4:27 pm

    བོུ་དབང་མོ་ལགས་དངོས་གནས་དཔའ་མོ་རེད་ མཙོན་དུ་བཅུག་གི་ཡོད་པ་དང་རྣར་བཅོད་གཏང་གི་ཡོད་པ་ཤེས་བཞིན་དུ་ རང་གིས་སེམས་ནང་ལ་ཡོད་པའི་སྐད་ཆ་དེ་བཤད་ཕོད་པ་དང་ རང་གི་བུ་ཕྲུག་དང་མི་རིགས་ཀྱི་དོན་དུ་གསོན་པོར་འཚོ་ཐུབ་པ་དེ་བསམ་བློ་གཏོང་ཤེས་པའི་དཔའ་མོ་རེད། ང་ཚོའི་མི་རིགས་དེ་་གསོན་པོར་གནས་དགོས་པ་ནི་ང་ཚོའི་མ་འོངས་རེད།

  3. རྟ་བདུན་དབང་བོ says:
    2015-07-17 at 10:10 pm

    དཔའ་མཛངས་ལྡན་པའི་མི་ཞིག་ཡིན་ན། འགྲོ་ཤེས་དང་རྒྱག་ཤེས་ཡིན་དགོས་པ་རེད། དེ་མིན་མ་ཤི་བར་དུ་རྒྱག་རེས་བྱས་ན་གླེན་པ་རེད། རང་བསྲེག་དང་སྐད་འབོད་བྱེད་མཁན་ཚོ་དང་དེ་དེ་བཞིན་རེད། དུས་དང་བསྟུན་མ་ཤེས་ན་གླེན་པ་རེད། སོ་སོ་དང་ནང་མི་ཚོ་སྡུག་བསྔལ་ལ་སྦྱོར་བ་ལས་གཞན་ཅི་ཡོད། ངས་ནི་ཁྱོད་ཚོ་དཔའ་བོ་རེད་ཅེས་ནམ་ཡང་མི་བརྗོད། །

  4. ལུང་རྟོགས། says:
    2015-07-18 at 11:10 pm

    རང་ཉིད་ཀྱི་འཚོ་རྟེན་ཁོ་ན་ལས་མི་རིགས་ཀྱི་མདུན་ལམ་ལ་བསམ་བློ་ཅི་ཡང་མེད་པའི་མི་བུ་དག་ནི་མི་ལུས་དུད་འགྲོའི་སེམས་ཅན་རེད། འཛམ་གླིང་སྟེང་གི་རང་དབང་དང་བདེ་སྐྱིད་དེ་དག་ནི་དཔའ་བོ་ཕོ་མོ་མང་པོའི་བློས་གཏོང་ལས་བྱུང་བ་མ་གཏོགས་ཉལ་སྡད་པས་བྱུང་བ་གཅིག་ཀྱང་མེད། དེས་ན་བུ་མོ་འདི་རིགས་ནི་གཙུག་ཏུ་སྐུར་འོས་པའི་དཔའ་མོ་ངོ་མ་རེད། བཙན་བྱོལ་ནང་གི་རང་དོན་ཁོ་ན་གཉེར་མཁན་མི་ངན་ཚོས་ཁ་ཏོག་ཙམ་བཙུམས་ཐུབ་ན་དེ་ག་རང་གིས་འགྲིག་པ་འདུག མི་ཁྱོད་ཚོ་ལ་གཞན་རེ་བ་གང་ཡང་མེད་པ་གསལ་གསལ་ཐིང་ཐིང་རེད།

  5. ཆོས་འཕེལ་དར་རྒྱས་ says:
    2015-07-19 at 2:44 am

    བོད་མདོ་སྨད་རྔ་བ་རྫོང་ཞེས་བའི་ས་མིང་འདི་ལ་བསམ་བློ་གཏོང་དགོས་བར་མཐོང་། ད་ལྟའི་ཀྲུང་གོ་རྒྱལ་ཁབས་ཀྱིས་ས་བགོ་སྟེང་བྱས་ན་ཟི་ཁྲོན་རྔ་བ་རྫོང་ཟེར་བ་བདེན་མོད། བོད་ས་མ་ཤོར་སྔོན་ལ་བོད་མདོ་སྨད་རྔ་བ་རྫོང་ཞེས་ད་ལྟའི་ཀྲུང་གོའི་ཟི་ཁྲོན་རྔ་བ་རྫོང་ལ་ཕལ་ཆེར་འབོད་སྲོལ་མི་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme