Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྔ་པ་མ་རེད་རྔ་བ་རེད།

Posted on 2012-09-062012-09-06 By ཁ་བརྡ་ 70 Comments on རྔ་པ་མ་རེད་རྔ་བ་རེད།

ཨ་འདུས་མིག་ཆུ།
-ཐ་སྙད་རྩ་ཆེན་ཞིག་བོར་བརླག་ཕྱིན་པའི་ར་མདའ།

རྔ་བའི་རྩྭ་ཐང་ཡངས་པོའི་སྟེང་ན་རྔ་བའི་ཐ་སྙད་འཛུམ་མེར་བཞད།།
རྔ་བའི་སྤྲིན་བྲལ་ནམ་མཁའི་དབྱིངས་སུ་རྔ་བའི་མིང་བརྡ་འོད་དུ་འཚེར།།
བླུན་པོ་ང་མཁས་གང་ཞིག་གིས་ནི་བསྒྱུར་དུ་བཏུབ་པ་མེད་པའི་ཆོས།།
གཡང་ལྡན་ཕྱུག་མོའི་མིང་ཡིག་གང་ཉིད་བཙན་གྱིས་བསྒྱུར་བ་ཡ་རེ་ང་།།

རྔ་ཀློང་སྔོན་མོའི་རླབས་རྒྱུན་དེ་ཡིས་རྔ་བའི་མིང་འདི་དབྱངས་ལ་གྱེར།།
རྔ་རྩམ་ནག་པོའི་དྲི་དང་ལྷན་དུ་རྔ་བའི་བརྡ་འདི་ཕྱོགས་སུ་མཆེད།།
དཔོན་ཆེན་སུས་ཀྱང་བསྒྱུར་དུ་མེད་པའི་མིང་ཡིག་རྔ་བ་ཞེས་པ་འདི།།
བཙན་དང་དབང་གིས་བསྒྱུར་བར་བརྩོན་པའི་འདྲེ་ལག་དེ་ཚོ་གཙོག་པ་ལ།།

གསེར་བྲིས་ལོ་རྒྱུས་ཐང་ཆེན་སྟེང་ན་རྔ་བའི་བརྡ་འདི་གནའ་ནས་ཡོད།།
རྔ་ལྗོངས་ཕྱུག་མོའི་ཡུལ་མིའི་ངག་ལ་རྔ་བའི་མིང་འདི་ད་དུང་གསལ།།
ལོ་རྒྱུས་དང་ནི་ཡུལ་མི་དག་ལ་བརྩི་བཀུར་མེད་པའི་ཇོ་བཟང་དག།
རྔ་བའི་མིང་བརྡ་གསེར་བྲིས་མ་འདི་སྐྱག་དྲི་ཐིལ་ཐིལ་མ་བྱེད་ལོ།།

རྔ་བའི་རྡོ་དང་ཤིང་ནགས་ཀུན་ལ་རྔ་བའི་ཐ་སྙད་གསལ་གསལ་ཡིན།།
ལོ་སྐྱུར་དང་ནི་ཟན་ཚོད་དག་ལ་སྨྲ་བའི་ངག་ཅིག་ཡོད་རྒྱུ་ན།།
རྔ་པར་བསྒྱུར་བའི་ཚོང་པ་དེ་ལ་རྒོལ་ལན་མི་སློག་ཐེ་ཚོམ་མེད།།
གྲི་དང་མདུང་དབྱུག་ལག་པར་འཁྱེར་ནས་གསོད་པའི་ལས་ཀྱང་བྱེད་པར་ངེས།།

རྔ་བའི་མི་ཡི་སེམས་ཀྱི་ངོས་ན་རྔ་བའི་བརྡ་འདི་འོད་ཅིག་ཡིན།།
རྔ་བའི་མི་ཡི་རྣ་བའི་ཁྲོད་ན་རྔ་བའི་མིང་འདི་དབྱངས་ཤིག་ཡིན།།
རྔ་བའི་མི་ཡི་རྣམ་ཤེས་མ་འགག་དེ་སྲིད་རྔ་བའི་མིང་ཡིག་འདི།།
སྲོག་དང་ཁྲག་གིས་བརྩད་དགོས་ཐུག་ཀྱང་རྩོད་པའི་ལས་ལ་འབད་རྒྱུ་འོ།།

རྔ་པ་ཞེས་པའི་འདྲེ་གཟུགས་འདྲ་བའི་ཐ་སྙད་ཆོ་མེད་ཡི་གེ་འདི།།
ཕུང་དཀྲུགས་གཞི་མའི་གཏེ་བོ་ཡིན་པའི་སྣང་ཚུལ་ཡང་ཡང་འབྱུང་བ་སྟེ།།
སྐབས་འགར་རྔ་པ་ཀིརྟི་དགོན་པ་ཡིན་པའི་སྣང་ཚུལ་བརྗོད་ནས་འོང་།།
སྐབས་འགར་རྒྱལ་མོ་ཚ་རོང་ཚུན་ཆད་རྔ་པ་ཡིན་པ་གླེང་ནས་འོང་།།

རྔ་པ་ཞེས་པའི་ཐ་སྙད་འདི་ནི་དབུགས་རྒྱག་ལྒང་ཕུག་ཅིག་དང་འདྲ།།
ཤུགས་ཀྱིས་སྤུར་ན་ཆེ་བའི་ཚད་དེ་གཞལ་མཐའ་གང་ཡང་མི་འདུག་གོ།
དབུགས་ཉིད་ལྷོད་ན་ཆུང་བའི་ཚད་ནི་མིག་གི་ལམ་ནས་ཡལ་ཉེན་འདུག།
རྔ་པ་ཞེས་པའི་ཐ་སྙད་འདི་ནི་མདོ་སྨད་རྔ་བར་མི་མཛའ་ལོ།།

རྔ་བའི་མིང་འདི་ཨ་མཆོག་བླ་མའི་ཐུགས་ལ་ཤར་ནས་མ་འོང་ཞིང་།།
རྔ་བའི་བརྡ་འདི་ཀིརྟི་བླ་མའི་གསུང་ལ་གྱེར་ནས་མ་ཐོན་པར།།
རྔ་ལྗོངས་ཕྱུག་མོར་གདོད་ནས་ཡོད་པའི་མིང་ཚོགས་དཀྱུས་མའི་ངག་སྒོ་ལས།།
གསེར་འོད་ཆེམ་ཆེམ་ལམ་གྱིས་འབར་ཞིང་འོད་དུ་འཚེར་ནས་འོང་བ་ཉིད།།

རྔ་བ་གླེང་ན་ཁྱོད་ཉིད་ཁྲོ་དགོས་གཞར་ཡང་སྲིད་པ་མ་ཡིན་ལ།།
རྔ་བ་གླེང་ན་ཁྱོད་ཉིད་འབར་ནས་ཚིག་དགོས་དེ་ཡང་ཡོད་མ་ཡིན།།
འབར་ཞིང་ཁྲོས་ནས་གྲི་མདུང་ཁྱེར་ནས་ཤ་རེར་ཤོར་ནས་ཕེབས་ཤོག་དང་།།
སྨྱུ་གུའི་རྩེ་ལ་གནས་ལུགས་དོན་གྱི་སྙིང་བཅུད་ཉར་ནས་སྒུག་ལ་འདུག།

རྒྱ་མི་ཡོང་ནས་རྔ་བའི་མིང་ལ་ཨ་པ་ཟེར་ནས་གཡས་ལ་དྲུད།།
བཙན་བྱོལ་འདི་ནས་རྔ་བའི་བརྡ་ལ་རྔ་པ་ཞེས་ནས་གཡོན་ལ་འཐེན།།
གླང་གོ་ཞིག་གི་ངང་ཚུལ་དུ་ནི་རྔ་བའི་མིང་འདི་མ་བསྒྱུར་ཀྱེ།།
ཕ་ཡུལ་མིང་འདི་གཞན་ལ་བསྒྱུར་ན་ངོ་ཚ་ཉོ་བའི་རྒྱུ་རེད་དོ།།

རྒྱལ་བོ་དང་ནི་གསར་བ་དག་ལ་པ་ཡིག་ཤིན་ཏུ་ལེགས་ན་ཡང་།།
བ་ལས་གཞན་དུ་བསྒྱུར་འདོད་མེད་པའི་མདོ་སྨད་གསར་འགོད་ཁྱི་རྒན་དག།
རྔ་བའི་ཕྱོགས་ལ་སྨྱུ་གུ་འཛུགས་དུས་ཡ་ང་སྙིང་རྗེ་མེད་པའི་ངང་།།
པ་ཡིག་འབྲི་ལ་ཐེ་ཚོམ་མེད་དུས་ཁྱོད་ཚོར་རང་གཤིས་མི་འདུག་ལོ།།

མདོ་སྨད་དབུས་རྒྱུན་ཡི་གེ་ཤེས་ན་མདོ་སྨད་ཆོས་འབྱུང་ཀློག་རོགས་གྱིས།།
མདོ་སྨད་མི་ལ་སྙན་མཆོག་ཡོད་ན་རྔ་བའི་ཕྱོགས་ལ་ཉན་རོགས་གྱིས།།
ཞེན་ཁོག་མེ་ལྕེ་སྙིང་ལ་ཉར་ཞིང་ཁྱི་རྒན་རྔ་མ་བྱེད་པ་ཡིས།།
མདོ་སྨད་མི་ཡི་རེ་འདོད་བསྐངས་པ་གཞར་ཡང་སྲིད་པ་མ་ཡིན་ནོ།།

ཨ་ལགས་ཞབས་དྲུང་དམུ་དགེ་བསམ་གཏན་ལ་སོགས་ཚད་ལྡན་ཁྱུ་མཆོག་ཏེ།།
མདོ་སྨད་པ་ཡི་མིག་དང་རྣ་བའི་རྒྱན་དུ་གྱུར་བའི་མཁས་པ་ཚོས།།
རྔ་བ་ཞེས་ནས་ཞལ་ནས་གསུང་ལ་རྔ་བ་ཞེས་ནས་ཡི་གེར་བྲིས།།
འདི་དག་མ་ལུས་ནོར་བ་རེད་ཅེས་སྨྲ་མཁན་སྨྱོ་ཆུ་འཐུང་བ་ཉིད།།

རྡོ་དབྱུགས་ཁྱེར་ནས་གླང་རྒན་བཞིན་དུ་མདུན་དུ་འགྱིང་ནས་ཡོང་རོག་གྱིས།།
སྙིང་སྟོབས་མེད་པས་ཁྱི་ངན་བཞིན་དུ་རྒྱབ་དུ་འཇབ་ནས་ཡོང་རོག་གྱིས།།
རང་ས་རང་གི་མིང་ཡིག་འདི་དང་རང་གི་ཕ་ས་ཕ་ཡུལ་ཆེད།།
བརྩེ་བ་མེད་པའི་མི་ཞིག་མིན་ཚེ་འདི་ལྟར་གླེང་བར་ཞེན་དོན་མེད།།

ལྷ་ས་པ་ཡི་སྟུག་དྲི་ཚུན་ཆད་ཞིམ་ལ་མངར་བ་འདོད་པ་ཡི།།
ལྷ་ས་པ་ཡི་སྐྱག་པ་ཚུན་ཆད་ཟས་ཀྱི་དངས་མར་བརྩི་བ་ཡི།།
མི་གཤིས་མེད་པའི་མིང་བསྒྱུར་མཁན་པོ་ས་དང་བར་སྣང་གང་ཡོད་ཚོ།།
གནས་ལུགས་མེད་ན་ལྷ་ས་ཡིན་ཡང་ཁས་ལེན་མེད་པ་ཤེས་པར་གྱིས།།

ལྷ་སའི་སྟུག་དྲི་དྲི་ངན་ཡིན་པའི་གནས་ལུགས་ཤེས་མཁན་མང་ཚོད་རེད།།
ལྷ་སའི་གཙོག་པ་ཟས་ཤིག་མིན་པའི་བདེན་ལུགས་བཤད་མཁན་མང་ཚོད་རེད།།
ཚོགས་པ་ཞིག་གི་བརྡ་རྟགས་འཁྱེར་ནས་ཡར་མར་ཀུན་ལ་མ་རྡུངས་ཤིག།
ང་ཚོ་ཚང་མ་རྣམ་ཤེས་ཡོད་པའི་མི་ཞིག་ཡིན་པ་ཤེས་པར་གྱིས།།

རྔ་བ་ཞེས་ནས་དབྱངས་ལ་གྱེར་བའི་སྙན་ཚིག་དང་ཤ་ལྷོད་པོ་ཅན།།
ན་ཟུག་ཅིག་གི་བརྗོད་སྙིང་བྱས་ཏེ་ཡར་མར་ཀུན་ལ་བསྒྲགས་པས་ན།།
ལྕགས་ཀྱི་རྣ་བ་སྲ་མོ་ཅན་ཚོས་གོ་ཤེས་ཉན་ཤེས་ཡོད་པར་གྱིས།།
རྡོ་ཡི་སེམས་པ་མཁྲེགས་པོ་ཅན་ཚོས་བསམ་ཤེས་ངེས་ཤེས་ཡོད་པར་གྱིས།།

རྩོམ་རིག

Post navigation

Previous Post: ཁྱེད་ཚོ་ལ་དགོངས་དག་ཞུ།
Next Post: བོད་པ་ལ་དུངས་ཞེན་ཡོད་ན་་་་གོང་ས་མཆོག་གི་དགོངས་པ་མ་དཀྲུགས།

Comments (70) on “རྔ་པ་མ་རེད་རྔ་བ་རེད།”

  1. གངས་ཉི། says:
    2012-09-06 at 10:58 am

    ཨ་འདུས་མིག་ཆུས་བཤད་པ་བདེན་གི་འདི་ཕྱོགས་རིས་མ་ཡིན་པར་དོན་དངོས་ཀྱི་སྐད་ཆ་རྣལ་མ་རེད་ལོ།

    དེང་སང་མང་པོ་ཞིག་གིས་ཧ་མ་གོ་བར་གང་བྱུང་དུ་བྲིས་པ་མང་དུ་སྣང་་མི་རབས་ནས་མི་རབས་བར་རྔ་བ་བརྗོད་པ་ལས་རྔ་པ་ཟེར་བ་ཞིག་འབོད་སྲོལ་གཏན་ནས་མེད་དོ།

    བཙན་བྱོལ་སྤྱི་ཚོགས་ནང་གང་ཞིག་ཧ་གོ་མདོག་གི་མི་ཆེ་གེ་མོ་དག་གིས་ཐ་སྙད་གསར་བ་དག་ལ་ཡིད་འགུག་གི་ནུས་བ་ལྡན་རབ་ཟེར། དེའི་ཕྱིར་རྔ་བ་འདི་རྔ་པ་རུ་བསྒྱུར་ན་ཁྱེད་ཅག་་གི་བྲིས་རྩོམ་དག་གི་བརྒྱན་གཞིར་བཞག་པ་ཡིན་ནམ།

    ལོ་རྒྱུས་ཀྱི་དེབ་ཐེར་ཀློག་དང་སྔ་རབས་ཀྱི་མཁས་པ་ཚོར་ཉོན་དང་སུ་ཞིག་གིས་རྔ་བ་རྔ་པར་བསྒྱུར་འདུག

  2. གངས་ཉི། says:
    2012-09-06 at 11:01 am

    རྩོམ་པ་པོ་ལགས་རྩོམ་འདི་་དྲྭ་བ་གཞན་ལ་བཀོད་ན་འགྲིག་གམ།

  3. རིགས་ཞེན་དཀར་པོ། says:
    2012-09-06 at 11:38 am

    ཨ་འདུས་མིག་ཆུས་ཁ་བརྡ་དྲྭ་བ་རླན་ལ་སྦྱར། །ཨ་འདུས་མིག་ཆུས་རྔ་བ་རྔ་པའི་ཕྱོགས་འཐེན་བྱས། །ཨ་འདུས་མིག་ཆུ་ཨ་ཞེན་ཆེ་བས་བརྡ་དག་སྣུབ། །ཨ་འདུས་མིག་ཆུས་བཙན་བྱོལ་སྤྱི་ཚོགས་ལྷིང་འཇག་དཀྲོགས། །

  4. རིགས་ཞེན་དཀར་པོ། says:
    2012-09-06 at 11:45 am

    མི་རབས་དུ་མར་ནོར་བ་རྒྱུན་འབྱམས་སུ་སོང་བ་ལ་ནོར་བཅོས་བྱེད་དུས་ནོར་བ་ངོས་ལེན་མི་ཐུབ་པའི་མི་བུ་མིག་ཆུ་ཡི་མིང་ཅན་ཐུགས་སེམས་རྒྱ་ཆེ་ཙམ་མཛོད་ཅིག

  5. སངས་དོན། says:
    2012-09-06 at 12:02 pm

    བོད་ཀྱི་ལུང་སྟོན་པའི་གཞུང་ཚད་ལྡན་དག་མཇལ་མྱོང་མཁན་ཞིག་ཡིན་ན། རྔ་པ་འདི་དག་པ་རེད། རྔ་བ་འདི་ནོར་བ་རེད། འདི་ལ་ལུང་སྟོན་པའི་གཞུང་གིས་ཚད་འཇལ་དགོས་པ་རེད། ཨ་འཐས་མཁྲེགས་འཛིན་གྱི་རྒྱུ་མཚན་ལྟར་སྣང་བ་བགྲངས་ནས་གནས་ལུགས་ཡིན་མདོག་གི་ཚིག་སྤེལ་བ་དོན་ཆུང་། འདིའི་ནང་རྒྱུ་མཚན་གཅིག་བགྲངས་པ་དེ། རྔ་པའི་མི་རྣམས་ཀྱིས་རྔ་བ་ཞེས་འབོད་ཀྱི་རེད་ཟེར་དེ་ཙམ་རེད། ཁ་སྐད་ལ་དེ་ལྟར་འབོད་ཀྱི་ཡོད་པ་ཚང་མས་ཤེས། ཡིག་སྐད་ལ་རྔ་པ་ཞེས་བཀོད་པ་དག་པའང་རིག་པ་ཁས་ལེན་པ་དག་གིས་ཤེས་ཤེས་སུ་ཡོད་པ་རེད།

  6. འཇིགས་མེད་འོད་ལྡན says:
    2012-09-06 at 12:43 pm

    སངས་དོན་མིང་ཅན་ལ་རྔ་པ་དང་རྔ་བ་གཉིས་ལས་རྔ་བ་སྦྱར་ན་དག་ནི་རེད
    བརྡ་སྤྲོད་ཀྱི་འགྲོ་སྟངས་ལྟར་ན་ཀ་པ་དག་པ་ལས་ཀ་ལ་བ་སྦྱར་ན་མི་དག་ཕྱིར།
    ཆ་ལ་པ་ཉིད་སྦྱོར་བར་བྱ།

  7. གཡུ་འབྲུག་དཀར་པོ། says:
    2012-09-06 at 1:31 pm

    བླུན་པོས་འཕྱུགས་ན་ཐོ་གང་དང་། མཁས་པས་འཕྱུགས་ན་འདོམ་གང་ཞེས་པ་དེ་རེད། རྔ་བ་ནོར་བ་རེད་ལབ་དུས་མཁས་པ་ཚོས་རྔ་བ་ཞེས་གསུངས་པ་ལུང་འདྲེན་གནང་གི་འདུག་ག། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །ཞེས་པ་དེ་གོ་ཡོད་ཚོད་མ་རེད། གཞན་མང་པོ་མི་བཤད། དམུ་དགེ་དང་ཚེ་བརྟན་ཞབས་དྲུང་གཉིས་དང་དབྱངས་ཅན་གྲུབ་རྡོར་དང་སི་ཏུ་ཐུ་མི་སམ་བྷོ་ཊ་གསུམ་སུ་མཁས་ཞེས་དྲིས་ན་དེ་ལ་ཁྱེད་ཀྱིས་ལན་གང་ཐོབ། དྲི་བ་དེའི་ལན་ཞིག་བསམ་བློ་ཐོངས། དེས་ཁྱེད་ཀྱི་རིག་པ་དེ་རྣམ་དག་ཡིན་མིན་ཧ་གོ་ཡོང་གི་རེད།

  8. ཨ་འདུས་མིག་ཆུ།། says:
    2012-09-06 at 1:59 pm

    རིགས་ཞེན་དཀར་པོ་ཇི་ལྟར་དཀར་བ་མ་ཤེས་ཐལ།།
    སྐུ་མདོག་དཀར་ན་མིག་གིས་མཐོང་ལམ་མ་གྱུར་ཐལ།།
    བསམ་པ་ནག་ནོ་སྐད་ཆ་འཆད་སྟངས་དེ་ཡིས་ཤེས།།
    གནས་ལུགས་མེད་ནོ་ཚིག་གི་ལམ་ནས་ངེས་པར་གྱུར།།

    རྔ་པ་ལབ་ན་བརྡ་སྤྲོད་མཐུན་པའི་རྒྱུ་མཚན་གང་།།
    རྔ་བ་ཞེ་ན་བརྡ་དག་མི་མཐུན་གནས་ལུགས་གང་།།
    གནས་ལུགས་མེད་ན་བརྡ་དག་མགོ་ལ་མ་ཁྱེར་ཞིག།
    ཕན་པ་མེད་པའི་སྐད་ཆ་བཤད་ནས་དགོས་པ་ཅི།།

  9. ཨ་རིག་འགྱུར་མེད། says:
    2012-09-06 at 2:43 pm

    རྔ་བ་མ་རེད་མངའ་བ་རེད།

  10. ཨ་དཀར་པོ། says:
    2012-09-06 at 2:58 pm

    མིང་མཐའི་པ་བ་སྦྱར་སྟངས་དེ་ཧ་ཅང་མགོ་ན་བའི་གཞི་ཡིན། ལྷག་པར་དབུས་པ་ཞིག་གིས་ཨ་མདོའི་རྩོམ་པ་པོ་ཞིག་གི་བརྩམས་ཆོས་དང་། ཨ་མདོ་བ་ཞིག་གིས་དབུས་པ་ཞིག་གི་བརྩམས་ཆོས་ཞུ་དག་བྱེད་དགོས་བྱུང་ན་མིང་མཐའི་པ་བ་ལ་ནོར་འཁྲུལ་མི་ཤོར་བའི་དམ་བཅའ་སུས་ཀྱང་འཇོག་མི་ཐུབ་བོ། ཅི་སྟེ་ཞེ་ན། སྤྱི་མཐུན་གྱི་ཚད་མས་ཁེགས་པས་སོ།

  11. མིང་མེད་རྡོ་རྗེ་ says:
    2012-09-06 at 3:39 pm

    རྔ་བ། མ་རེད། རྔ་པ། རེད། དཔེར་ན་བྱང་པ། ཇ་པ། ཤར་པ་བཞིན༎

  12. ཆུ་ཐིགས་སྔོན་མོ། says:
    2012-09-06 at 3:44 pm

    ཅི་ཞིག་བཤད་ཀྱང་རུང་་་་་སྔོན་མའི་མཁས་དབང་ཚོ་དང་ད་ལྟའི་རྔ་བ་མི་མང་གི་ཡིག་ངག་གཉིས་ཀྱི་ཐོག་ཏུ་རྔ་བ་ཞེས་ཡོད་པ་ལས་རྔ་པ་ཞེས་པ་ཞིག་མེད་་པས་འདིའི་ཐད་ལ་དོགས་འདྲི་དང་མཁས་མདོག་བསྟན་ནས་ལུང་འདྲེན་བྱེད་དགོས་དོན་མི་འདུག་་་་

  13. པདྨ་གདུང་བཙན། says:
    2012-09-06 at 3:53 pm

    མདོ་སྨད་ཀྱི་ཡི་གེ་བ་རྣམས་ཀྱིས་བལྟས་ན། ཆ་ལ་པ་ཉིད་སྦྱོར་བ་འདི་ཤིན་ཏུ་ནས་མི་ལེགས་སོ།། དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་ཚད་མར་འཛིན་དགོས་ན། འཇམ་དབྱངས་གྲུབ་པའི་རྡོ་རྗེའི་གསུང་ཡང་ཚད་མ་ཡིན་ལ། འཇམ་དབྱངས་དང་དབྱངས་ཅན་མ་གཉིས་ཆ་གྲུབ་པའི་རྡོ་རྗེའི་གསུང་ནི་དེ་བས་ཀྱང་ཚད་མ་ཡིན་པ་བདག་སྨྲ་བོ།།

  14. མིང་མེད་རྡོ་རྗེ་ says:
    2012-09-06 at 4:38 pm

    བདག་སྒྲ་ཆ་ལ་པ་མ་ཟད། །
    བདག་སྒྲ་ཡ་ལའང་པ་ཉིད་ཐོབ། །

  15. མིང་མེད་རྡོ་རྗེ་ says:
    2012-09-06 at 4:40 pm

    དཔེར་ན་བྱང་པ་ཤར་པ་དང་། །
    རྒྱ་གར་པ་བཞིན་ཀུན་ལ་པ། །

  16. མིང་མེད་རྡོ་རྗེ་ says:
    2012-09-06 at 4:43 pm

    པ་པོ་ཐོབ་སར་བ་པོ་དང་། །
    མ་མོ་སྦྱར་ཚད་ནོར་བ་རེད། །

  17. མིང་མེད་རྡོ་རྗེ་ says:
    2012-09-06 at 4:47 pm

    མཁྱེན་ལྡན་གསེར་ཅན་་རྫ་མཁན་ཡང་། །
    བདག་པོའི་སྒྲ་རུ་ཤེས་པར་བྱ། །

  18. ཡུལ་གྱར་བ says:
    2012-09-06 at 6:37 pm

    བོད་ལ་ཚད་ལྡན་གྱི་བརྡ་སྤྲོད་པའི་གཞུང་ཞིག་མེད། ཚད་ལྡན་གྱི་བརྡ་སྤྲོད་པའི་གཞུང་ཞིག་ཡོད་ན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་ཐམས་ཅད་དེའི་རྗེས་སུ་འབྲངས་དགོས་ཀྱང་འདི་མཁས་པ་དེས་བཞེད་ཚུལ་རེད་ཟེར་བ་ལྟ་བུ་ལས་གང་ཡང་མེད། དཔེ་མཚོན་ནི་རྔ་བ་དང་རྔ་པ་ལྟ་བུ་རེད། ཐམས་ཅད་ལ་ཁུངས་ལྟ་བུ་མཁས་པའི་གསུངས་རེ་དྲང་རྒྱུ་ཡོད་རེད། ད་གང་ཞིག་དེ་ཚད་ལྡན་དུ་བཟུང་རྒྱུ་ཡིན། གནད་ལ་ཐུག་དུས་སུས་གནས་ལུགས་ཁས་ལེན། རྗེ་བླ་མས་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བ་རྣམ་དབྱེ་བཞི་པ་ཡིན་རབས་གསུངས་པར་དགེ་ལུགས་པ་དང་མདོ་སྨད་པ་ཕལ་མོ་ཆེས་དེའི་རྗེས་སུ་འབྲངས་ཏེ་སྣ་མཐེན་ནས་ཁར་བཅུག་ཨེ་ཐུབ་ལྟ་བ་ལྟར་གྱི་འགྲེལ་བཤད་སྐྱུག་བྲོ་བ་རེ་རྒྱག་ནས་ཨུ་ཚུགས་མཐར་སྐྱེལ་བཞིན་པའི་ངང་ཚུལ་ལ་ལྟོས་དང་ཤེས་ངེས་རེད།་

  19. ཡར་ཁམས་ཁྲི་རྒྱལ། says:
    2012-09-06 at 7:29 pm

    དབུས་པའི་མི་ཡིས་རྔ་པ་ཟེར་ནས་གནའ་ནས་བཤད།
    མདོ་སྨད་མི་ཡིས་རྔ་བ་ཟེར་ནས་ཁ་ལ་བྱང་།
    རྔ་བ་རྔ་པའི་བརྗོད་སྲོལ་དེ་ཡང་གནའ་ནས་དར།
    རྔ་བ་བརྗོད་དགོས་བཙན་བཀའ་མ་གཏོང་ཨ་འདུས་ལགས།།

    ཁམས་དབུས་གཉིས་ལ་བོད་པ་ཟེར་བ་གནའ་ནས་དར།
    མདོ་སྨད་ཡུལ་ལ་ཝོད་པ་ཟེར་བ་གོམས་ནས་ཡོད།
    བོད་པ་ཝོད་པ་བརྗོད་སྲོལ་དེ་ཡང་གནའ་ནས་དར།
    ཝོད་པ་བརྗོད་དགོས་བཙན་བཀའ་མ་གཏོང་ཨ་འདུས་ལགས།།

    ཁམས་དབུས་གཉིས་བུ་མོ་ཟེར་བ་གནའ་ནས་དར།
    མདོ་སྨད་ཡུལ་ལ་ཝུ་མོ་ཟེར་ན་ཀུན་གྱི་གོ།
    བུ་མོ་ཝུ་མོའི་མིང་བརྡ་དེ་ཡང་གནའ་ནས་དར།
    ཝུ་མོ་བརྗོད་དགོས་ཨུ་ཚུགས་མ་བྱེད་ཨ་འདུས་ལགས།།

    དབུས་དང་གཙང་པའི་བར་མཚམས་འདི་ལ་བཤད་སྟངས་རེ།
    ཁམས་དང་ཨ་མདོའི་མིང་བརྡ་དེ་ཡང་མི་འདྲ་རེ།
    མདོ་དབུས་ཁམས་གསུམ་མིང་བརྡའི་འཆད་སྟངས་མི་འདྲ་བ།
    ཤེས་པར་གྱིས་ན་ད་བཟོད་ཁྱོད་ལ་ན་བཟུག་ཉུང་།། །།

  20. ཕྱི་གསལ་ནང་གསལ་ says:
    2012-09-06 at 9:08 pm

    ༄༅།། ཨ་འདུས་མིག་ཆུ་ལགས། ཁྱེད་རང་གི་རྔ་པ་མ་རེད་རྔ་བ་རེད་ཅེས་པ་འདིར་རྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད་པས་མ་ཚད་ད་དུང་ང་རང་སྡོད་སའི་གསར་འགོད་པ་དང་དེ་བཞིན་མཁས་དབང་ཡིན་རབས་སྟོན་པ་ཨ་མདོ་རྔ་པ་ཅེས་གཏམ་བཤད་བྱེད་མཁན་ཚོར་གསལ་བཤད་བྱས་པས་མ་ཚད་ད་དུང་ཡིག་ཐོག་བྲིས་ནས་སྐབས་ཕྲལ་གློག་བརྡུལ་དྲྭ་རྒྱའི་སྟེང་བཀོད་མྱོང་ཡོད་ཀྱང་དོན་ཕན་གང་ཡང་བྱུང་མ་སོང་།
    ཁྱེད་ནས་ནོར་ཝེའི་གློག་ཕྲིན་དང་། ཨ་རིའི་གློག་ཕྲིན་གང་གཉིས་ལ་གསལ་བཤད་གནང་ན་ཕན་ཐོག་ཆེན་པོ་ཡོང་ངེས་ལགས།
    ཐུགས་རྗེ་ཆེ།།

  21. ཕྱི་གསལ་ནང་གསལ་ says:
    2012-09-06 at 9:23 pm

    ༄༅།། ཡུལ་གྱར་བ་ལགས་ཁྱེད་ནས་བོད་ལ་བརྡ་སྤྲོད་པའི་གཞུང་ཚད་ལྡན་མེད་ཟེར་བ་ནི་ཁྱེད་རང་མཐོང་རྒྱ་ཆུང་བའི་སྐྱོན་ཡིན་པ་དང་། ད་དུང་དཔེ་མཚོན་དུ་། རྔ་བ་དང་། རྔ་པ་ཅེས་བཀོད་འདུག་ཀྱང་། བདག་སྒྲ་ཡ་གྱུར་བ་དང་ནི། ཆ་ལ་པ་ཉིད་སྦྱོར་བ་ལེགས། ཅེས་པའི་རྕ་བ་འདི་མ་མཐོང་བ་ཡིན་ནམ། སྐབས་རེ་བརྗོད་བདེ་དང་དགོས་པའི་དབང་གི་བདག་སྒྲའི་ཕྲད་ཡང་གཅིག་ཏུ་ངེས་པ་མེད། དཔེར་ན། རྔ་པ་ཅེས་ཐོབ་ཀྱང་དུས་རྒྱུན་མི་ཚོས་སྐད་ཆ་བཤོད་སྐབས་རྔ་པ་ཅེས་བརྗོད་ན་གྲངས་ཀ་ལྔ་པར་ནོར་ཉེན་ཆེ་བས་ན་རྔ་བ་ཅེས་བརྡ་སྦྱོར་མཛད་པ་ཤེས་པ་གྱིས།།

  22. ཨ་འདུས་མིག་ཆུ།། says:
    2012-09-06 at 10:40 pm

    རྔ་བ་ལས་རྔ་བ་ལེགས་པར་སྒྲུབ་མཁན་དག་ལ།
    ལྷ་ས་པ་ཡི་སྟུག་དྲི་ཚུན་ཆད་ཞིམ་ལ་མངར་བ་འདོད་པ་ཡི།།
    ལྷ་ས་པ་ཡི་སྐྱག་པ་ཚུན་ཆད་ཟས་ཀྱི་དངས་མར་བརྩི་བ་ཡི།།
    མི་གཤིས་མེད་པའི་མིང་བསྒྱུར་མཁན་པོ་ས་དང་བར་སྣང་གང་ཡོད་ཚོ།།
    གནས་ལུགས་མེད་ན་ལྷ་ས་ཡིན་ཡང་ཁས་ལེན་མེད་པ་ཤེས་པར་གྱིས།།

  23. ཨ་འདུས་མིག་ཆུ།། says:
    2012-09-06 at 10:44 pm

    རྔ་བ་ལས་རྔ་པ་ལེགས་པར་སྒྲུབ་མཁན་ཚོར་ཞེས་བཅོས་དགོས། དྲ་གྲོགས་ཚོ་ལ་དགོངས་དག་ཞུ།

  24. སྤྲུལ་སྐུ་རྫུན་མ་ནས་ says:
    2012-09-06 at 11:25 pm

    ལོ་རྒྱུས་ཡིག་ཚང་ནང་དུ་རྔ་བ་ཡིན་པ་ལས་རྔ་པ་མ་རེད། མི་དམངས་བྱིངས་ཀྱི་ངོས་འཛིན་ཡིན་རུང་རྔ་བ་ཡིན་པ་ལས་རྔ་པ་མ་རེད། བརྡ་སྤྲོད་ཀྱི་ལུགས་ལྟར་བྱས་རུང་རྔ་བ་ཡིན་པ་ལས་རྔ་པ་མ་རེད། ཐ་སྙད་འདི་མི་མང་ལ་དབང་བ་ཞིག་ཡིན་པ་ལས་སྒེར་བ་ཞིག་གིས་སྒེར་གཅོད་བྱེད་རྒྱུའི་ཐོབ་ཐང་ཡོད་མ་རེད། གང་ཡིན་ཟེར་ན། ལོ་རྒྱུས་ལ་སུ་གང་གིས་བཟོས་བཅོས་རྒྱག་རྒྱུའི་ཐོབ་ཐང་ཡོད་མ་རེད། ཐ་སྙད་འདི་ལ་རྩོད་གཞི་ཡོད་མ་རེད་དེ། བར་སྐབས་ནས་རྔ་བ་ནས་རྔ་པར་བསྒྱུར་བ་རེད། འདི་ལ་རྒྱུ་མཚན་ག་རེ་ཡོད་དམ། འདི་ལ་བསམ་བློ་ག་རེ་བཏང་ཡོད་དམ། རྣམ་འགྱུར་འདིའི་རྒྱབ་གཟུགས་ན། འཇིགས་ཡེར་བའི་སྒེར་གཅོད་པའི་གོམས་གཤིས་ཡོད་པ་མཚོན་གྱིན་མི་འདུག་གམ།
    རྔ་བ་ཟེར་བའི་ཐ་སྙད་འདི་ལོ་རྒྱུས་ཡིག་ཚང་དུ་བརྟན་ལྷིང་ཡོད་རུང་། ༢༠༠༨ལོ་ནས་རྔ་པ་བསྒྱུར་སོང་། དེའང་གསར་འགྱུར་བརྒྱུད་ཁོ་ན་མ་གཏོགས་བསྒྱུར་མི་འདུག དཔེར་ན། མདོ་སྨད་ལོ་རྒྱུས་ཆེན་མོའི་ནང་དུ་ལྟོས་དང་། དེ་བཞིན་༢༠༡༡ལོའི་མདོ་སྨད་བཙན་རྒོལ་རྩོམ་སྒྲིག་ཁང་གིས་བཏོནམ་པའི་ལྕགས་ཡོས་བཙན་རྒོལ་མེ་ལྕེའི་ནང་དུ་རྔ་བ་བཞག་འདུག རྔ་པ་བསྒྱུར་དགོས་པའི་རྒྱུ་མཚན་ངེས་པར་དུ་གསལ་བཤད་རྒྱག་དགོས་མ་གཏོགས། ངོ་རྒོལ་མཐའ་གཅིག་ཏུ་ཡོད།
    གཅིག་ནས། ལོ་རྒྱུས་ལ་བཟོ་བཅོས་རྒྱག་གི་ཡོད་རེད། གཉིས་ནས། མི་མང་གི་ངོས་འཛིན་སྣང་མེད་བཏང་ནས་སྒེར་གཅོད་བྱེད་ཀྱི་ཡོད་རེད། གསུམ་ནས། ཀིརྟིའི་འབྲེལ་མཐུད་པ་རྣམས་ཀྱིས་རྔ་པ་འབྲི་བ་ལས་གཞན་སུ་ཞིག་གིས་བྲིས་ཡོད་མ་རེད།

  25. ཨ་ར་དཀར་པོ says:
    2012-09-06 at 11:29 pm

    རྔ་བ་མ་དག་རྔ་པ་དག་པར་འདོད་མཁན་ཚོས་གོ་ནོར་ཆེན་པོ་ཞིག་ཤོར་ཡོད་ཚོད་རེད། ཚང་མས་རྒྱུ་མཚན་བགྲང་དུས་བདག་སྒྲའི་སྐོར་ནས་གླེང་ཡོང་གིན་འདུག ཁྱོད་ཚོས་ངེས་དགོས་རྒྱུ་ཞིག་ནི་ལྷ་ས་ཨ་མདོ་ལྷོ་ཁ་རྔ་བ་དགའ་བ་སོགས་ཡུལ་མིང་ཡིན་པ་ལས་ཡུལ་དེ་ནས་ཡིན་མཁན་གྱི་གང་ཟག་སྟོན་པ་མིན་པས་ཁྱེད་ཅག་གིས་བཀོད་པའི་སྒྲུབ་བྱེད་དེ་ཚོའང་འདྲེ་ཤར་དང་གླུད་ནུབ་ཞེས་པའི་དཔེ་རུ་སོང་མི་འདུག་གམ། བདག་སྒྲའི་ཐོབ་ཐང་རྩོད་ན་གོང་གི་ཡུལ་མིང་དེ་དག་གི་རྗེས་སུ་བདག་སྒྲ་གང་ཐོབ་རྩོད་དགོས། དཔེར་ན་ལྷ་ས་པ་དག་གམ་ལྷ་ས་བ་དག རྔ་བ་པ་ཟེར་དགོས་སམ་རྔ་བ་བ་ཟེར་དགོས་པ་ལྟ་བུ་རེད། དོན་མེད་གཞོང་པ་སྟོང་བའི་གཞོང་འཛིང་མ་བྱེད་ལོ། ཨ་འདུས་ལགས་ལ་རྒྱབ་སྐྱོར་ཡོད།

  26. མིང་མེད་རྡོ་རྗེ་ says:
    2012-09-07 at 12:17 am

    དགའ་བ་ནི། བདག་སྒྲ་མིན་ལགས། ལྷ་ས་པ། ཨ་མདོ་པ། ལྷོ་ཁ་པ། རྔ་པ། བྱང་པ། ཤར་པ། རྟ་པ། ཧོར་པ། བོད་པ། དགའ་ལྡན་པ། འབྲོག་པ། རྒྱ་གར་པ། ལི་ཡུལ་པ། གཞིས་ཀ་རྩེ་པ། ཨ་རི་པ། ཡོ་རོབ་པ། ཧང་གྷ་རི་པ། ཇར་མེན་པ། ཕ་རན་སི་པ། ཉི་ཧོང་པ། སིང་གྷ་ལིང་པ་། འབྲུག་པ། མོན་པ་དག་བདག་སྒྲ་ཡིན་པ་མ་ཟད།
    ད་དུང་བཙད་པོ། བཙན་པོ། རྒྱལ་པོ། བལ་པོ། ཕྱུག་པོ། སྤྲང་པོ། བླུན་པོ། བློན་པོ། བདག་པོ་ཞེས་པའི་ཚིག་ཁོ་རང་ཡང་བདག་སྒྲ་མིན་ནམ།
    ཇ་པ་ལ་ཇ་མ། ཆང་པ་ལ་ཆང་མ། སློབ་གྲྭ་པ་ལ་སློབ་མ་དང་། ཆེན་པོ་ལ་ཆེན་མོ་སོགས་སམྟྲིཏའི་ཤན་བཞུགས་ནས་བོད་སྐད་ནང་ལ་ཁྱབ་སྤེལ་དུ་བྱང་བ་མིན་ནམ་སྙམ་ལགས།
    ད་དུང་ཅན། ལྡན་དང་མཁན་ཡང་བདག་སྒྲར་འགྲོ་བ་ཡོད་དགོས་སོ་སྙམ་ལགས། ད་དུང་དཔྱད་པར་འཚལ་ལོ། །

  27. ཨ་ར་དཀར་པོ says:
    2012-09-07 at 12:35 am

    ཁམས་ཀྱི་དགའ་བ་བདག་སྒྲ་མིན་ཚུལ་དང་།
    མདོ་སྨད་རྔ་བ་བདག་སྒྲ་ཡིན་ཚུལ་ཞིག
    ཡོད་ན་འཇོག་རོགས་དེ་མིན་ཉ་ཉོག་གཏམ།
    མང་དུ་བརྗོད་པའི་དགོས་པ་ཅང་མ་མཐོང་།
    གལ་ཏེ་ཁམས་དགའ་བ་མ་དག་པར་དགའ་པ་དག་པ་དང་མདོ་སྨད་རྔ་བ་མ་དག་པར་རྔ་པ་འབྲི་དགོས་ན་ གོང་ས་རྒྱལ་བའང་མ་དག་པས་རྒྱལ་པ་འབྲི་དགོས་པར་འགྱུར་ལ་དེ་བཞིན་ནམ་མཁའི་ཟླ་བའང་མ་དག་པས་ཟླ་པ་དང་སྲ་མཁྲེགས་ཀྱི་སྲ་བའང་སྲ་པར་བཅོས་དགོས་པ་སོགས་སྐུ་ཚེགས་ཆེ་རོགས་མིན་འགྲོ་ པ་ཡིག་ལ་ཞེན་མཁན་ཚོས་ཞིབ་ཏུ་སོམས་ཤིག

  28. མིང་མེད་རྡོ་རྗེ་ says:
    2012-09-07 at 12:53 am

    དགའ་བ་ནི། ཨིན་སྐད་དུ་ཕེབ་པི་Happyའདི་ནི། བདག་སྒྲ་མིན་པར་འདོད་མི་དགོས་སམ། དེ་བཞིན་རྒྱལ་བ་ནི་དགའ་བ་ལྟར་བོད་སྐད་མ་རྐང་ཡིན་པས། རྒྱལ་བ་ལས་རྒྱལ་པ་སོགས་སུ་བསྒྱུར་དགོས་དོན་མེད། རྒྱལ་པ་ནི། བྱ་བ་སྟེ་རྩེད་མོ་དེ་ང་ཁོ་ལས་རྒྱལ་པ་རེད། དོན་ནི། རྩེད་མོ་དེ་ང་ཁོ་ལས་རྒྱལ་སོང་། དེ་ཡིན་ཙང་ཁོ་ཁོང་ཁྲོ་ཟ་སོང་ལྟ་བུའོ། །

  29. མིང་མེད་རྡོ་རྗེ་ says:
    2012-09-07 at 12:56 am

    འོ་ན། དགའ་ཞེས་པའི་ཡུལ་ལུང་ཞིག་ཡོད་ན་དེར་སྡོད་མཁན་ལ། དགའ་པ་ཞེས་བདག་སྒྲ་ཡང་། པ་ཐོབ་དགོས་པ་ལས་དགའ་བ་ཞེས་བ་ཡིག་སྦྱར་ན་ནོར་བ་ཡིན་ལགས།

  30. མིང་མེད་རྡོ་རྗེ་ says:
    2012-09-07 at 1:00 am

    ང་ནི། དབུས་གཙང་ཁ་སྐད་ལ་མི་བསྟོད་ལ། ཨམ་སྐད་ལ་མི་དམོད་ཅིང་། པུ་ལིངྒ་ཡིས། གསུངས་པ་ལྟར། པ་པོ་གཉིས་པོས་བདག་སྒྲས་འཐུས་པར་བརྩོན་ཞིང་ཡོད་པས་གནད་དོ། །

  31. ཨ་ར་དཀར་པོ says:
    2012-09-07 at 1:06 am

    དགོངས་དག གོང་དུ་ཁམས་སྒ་བ་ཞེས་པ་དགའ་བར་ནོར་འདུག་པས་དགོངས་སེལ་ཞུས་པ་ཡིན། གང་ལྟར་རྒྱུ་མཚན་གཅིག་མཚུངས་ཡིན་པས་དགའ་བ་སྒ་བར་བཅོས་ནས་གོ་བ་ལེན་རོགས་ཞུ། སྒ་བ་ཞེས་པ་དང་རྔ་བ་ཞེས་པ་གང་ཡིན་ཡང་ཡུལ་མིང་ཡིན་པ་ལས་ཡུལ་དེ་ནས་ཡིན་པའི་གང་ཟག་སོགས་སྟོན་པ་མིན་པས་མིང་མཐའ་པ་ཡིག་ལ་བསྒྱུར་དགོས་དོན་མི་འདུག་སྙམ་མོ།

  32. ལུང་རྟོགས། says:
    2012-09-07 at 1:37 am

    རྔ་བ་ཞེས་པ་དེ་བདག་སྒྲ་ཡིན་ན། སུམ་བཅུ་པ་ལས། ང་འ་ར་ལ་མཐའ་མེད་མཐར། །བདག་སྒར་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས།། ཞེས་གསུངས་འདུག་པས་རྔ་བ་ཞེས་པ་དེ་དག་པར་སེམས།

  33. ཨ་འདུས་མིག་ཆུ། says:
    2012-09-07 at 1:50 am

    རྔ་བ་ཞེས་ནི་ལོ་རྒྱུས་ཡིག་ཚང་ན་གསེར་འོད་ལམ་ལམ་གྱིས་མཆེད་ཅིང་། མི་མང་བྱིངས་ཀྱི་ངག་སྒོར་ཆུ་བོ་བཞུར་བཞུར་གྱིས་རྒྱུ་ནས་ཡོད་དུས། དེ་བདག་སྒྲ་ཡིན་པར་ཨུ་ཚུགས་དང་བཙན་ཐབས་ཀྱིས་འཇུག་དགོས་པ་ག་རེ་ཡིན་ནམ། རྔ་བ་ཞེས་པ་ནི་རྔ་ལྗོངས་ཕྱུག་མོའི་ཡུལ་མིང་ཡིན་པ་ལས། དེར་འཚོ་བའི་བདག་པོའི་མིང་ཡིན་པ་སུས་ཀྱང་ཁས་མི་ལེན་ནོ། གལ་ཏེ་བདག་སྒྲར་འདོད་ན་ནི་ཁོ་བོས་ཀྱང་དོན་དམ་པར་ཁས་ལེན་མོད། དེ་ནི་བདག་པོའི་མིང་མ་ཡིན་པར་ཡུལ་མིང་རང་ཡིན་པ་སུས་ཀྱང་ཁས་ལེན་པ་རེད། དཔེར་ན། མཚོ་སྔོན་ལ་མཚོ་སྔོན་ཞེས་མ་བོས་པར་མཚོ་ལྗང་ཞེས་བཅོས་པ་དང་། མགོ་ལོག་ལ་དེ་ལྟར་མ་བོས་བར་མགོ་ལྡོག་ཞེས་དང་། ལྷ་ས་ལ་ལྷ་ས་ཞེས་མ་བོས་པར་ལྷ་མ་ཞེས་བཅོས་བསྒྱུར་བཏང་ན། དེར་འཚོ་བའི་མི་སུ་འདྲ་ཞིག་ཡིན་རུང་དེའི་ཆེད་དུ་རྩོད་པ་རྒྱག་ཁོ་ཐག་ཡིན་ངེས། རྔ་བའི་རྩོམ་པ་པོ་མང་པོ་ཞིག་ར་བཟི་ནས་ཡོད་དུས། རང་ཉིད་ཀྱི་མིང་ཡིག་ཕ་མེས་ཡང་མེས་ནས་བརྒྱུད་པའི་ངག་རྒྱུན་དེ་ཉིད་གཏོར་བཤིགས་བཏང་བ་ལ་ཇི་མི་སྙམ་པར་བཞག་པ་ནི། ངོ་ཚའོ། དེའི་སུ་ལའང་དཀྲུགས་ཤིག་བྱེད་ཀྱིན་མེད་ལ། གལ་དེ་དཀྲུགས་ཤིང་བྱས་ཡོད་པའི་དབང་དུ་བཏང་ན། རྔ་བ་རྔ་པར་སྒྱུན་མཁན་གྱི་ནག་ཉེས་འབའ་ཞིག་གོ།

  34. ཆུ་ཐིགས་སྔོན་མོ། says:
    2012-09-07 at 2:22 am

    ཨ་ར་དཀར་པོའི་གསུང་བ་རང་རེད་་་་མིང་མེད་རྡོརྗེས་ཨུ་ཚུགས་དང་མཁྲེག་བཟུང་བྱས་ནས་རྔ་བ་ཞེས་པ་བདག་སྒྲར་སྒྲུབ་པ་ནི་འོལ་ཚོད་ཙམ་ལས་རྒྱུ་མཚན་མ་རྟོགས་པ་རེད་་་་གལ་སྲིད་རྔ་བ་པའམ་རྔ་བ་བ་ཞེས་བྲིས་ན་བདག་སྒྲ་སྦྱར་བ་ཡིན་པ་ཤེས་དགོས་་་་་དེ་མ་གཏོགས་ན་ཁ་ཚུམས་ནས་སྡོད་་་་

  35. མིང་མེད་རྡོ་རྗེ་ says:
    2012-09-07 at 2:32 am

    ་་་གལ་སྲིད་རྔ་བ་པའམ་རྔ་བ་བ་ཞེས་བྲིས་ན་བདག་སྒྲ་སྦྱར་བ་ཡིན་པ་ཤེས་དགོས་་་་་དེ་མ་གཏོགས་ན་ཁ་ཚུམས་ནས་སྡོད་་་་ ཟེར།
    དེ་ལྟར་ན། རྔ་བ་ཡུལ་ཡིན་ཞིག་ན་རྔ་བ་པ་ཞེས་པ་ཡིག་ཉིད་སྦྱར་དགོས་ཏེ།
    ཐོན་མིས།
    གང་མིང་གི་ནི་མ་མཐའ་རུ། །
    པུ་ལིངྒ་ཡི་སྒྲ་མེད་པ། །
    དེ་ལ་པུ་ལིངྒ་སྦྱར་ན། །
    བདག་པོའི་སར་ནི་ཤེས་པར་བྱ། །
    ཆུ་ཐིགས་ལགས། འདི་ངས་རང་རྩོམ་མ་རེད་དོ། ད་ཁྱོད་ཀྱིས་འགྲེལ་པ་ཅིག་བསྐྱོན་དང་། དེ་ནས་རྩོད་ཆོག

  36. ཡུལ་གྱར་བ says:
    2012-09-07 at 2:43 am

    གྲོགས་ཕྱི་གསལ་ནང་གསལ་ལགས་ཀྱིས་ཆ་ཚང་ཞིག་ཀློག་རོགས་དང་དེ་ནས་ཁྱེད་ཀྱིས་ལོག་རྟོག་བསལ་ངེས་རེད། བོད་ལ་ཚད་ལྡན་གྱི་བརྡ་སྤྲོད་པའི་གཞུང་ཞིག་མེད། ཚད་ལྡན་གྱི་བརྡ་སྤྲོད་པའི་གཞུང་ཞིག་ཡོད་ན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་ཐམས་ཅད་དེའི་རྗེས་སུ་འབྲངས་དགོས་ཀྱང་འདི་མཁས་པ་དེས་བཞེད་ཚུལ་རེད་ཟེར་བ་ལྟ་བུ་ལས་གང་ཡང་མེད། དཔེ་མཚོན་ནི་རྔ་བ་དང་རྔ་པ་ལྟ་བུ་རེད། ཐམས་ཅད་ལ་ཁུངས་ལྟ་བུ་མཁས་པའི་གསུངས་རེ་དྲང་རྒྱུ་ཡོད་རེད། ད་གང་ཞིག་དེ་ཚད་ལྡན་དུ་བཟུང་རྒྱུ་ཡིན། གནད་ལ་ཐུག་དུས་སུས་གནས་ལུགས་ཁས་ལེན། རྗེ་བླ་མས་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བ་རྣམ་དབྱེ་བཞི་པ་ཡིན་རབས་གསུངས་པར་དགེ་ལུགས་པ་དང་མདོ་སྨད་པ་ཕལ་མོ་ཆེས་དེའི་རྗེས་སུ་འབྲངས་ཏེ་སྣ་མཐེན་ནས་ཁར་བཅུག་ཨེ་ཐུབ་ལྟ་བ་ལྟར་གྱི་འགྲེལ་བཤད་སྐྱུག་བྲོ་བ་རེ་རྒྱག་ནས་ཨུ་ཚུགས་མཐར་སྐྱེལ་བཞིན་པའི་ངང་ཚུལ་ལ་ལྟོས་དང་ཤེས་ངེས་རེད།་

  37. གནམ says:
    2012-09-07 at 5:43 am

    ཨམ་སྐད་ངག་གི་སྦྱོར་བ་ལ།།
    རྗེས་འཇུག་ཅུ་དང་མཐའ་མེད་མཐར།།
    མིང་དང་བདག་པོ་སྟོན་པའི་ཚིག།
    ག་ད་ན་བ་མ་ལྔ་ལ།།
    པ་པོ་ག་ལ་ག་གོ་ཡང་།།
    ང་འ་ར་ས་ལ་མཐའ་མེད།།
    བ་བོ་ར་ལ་ར་རོ་དང་།།
    མ་མོ་ཅན་ལྡན་ཀུན་མཉམ་དུ།། 
    འཇུག་པ་མ་ནོར་ཤེས་བར་བྱ།།
    ཆོལ་གསུམ་བོད་མིའི་བློ་ལ་ཟུངས།།
    དཔེར་ན།
    ག་ད་ན་བ་མ།
    ཡག་ག། ཡག་གོ། ཡག་པ། ཡག་པོ།  མེད་པོ བསྟོད་པ། དཔོན་པོ། སྦྱིན་པ། ཐོབ་པོ། འཐེབ་པ། ལྡོམ་པོ། སྡོམ་པ། ལྟ་བུའོ།
    ང་འ་ར་ས་ལ་དང་མཐའ་མེད།
    བཟང་བོ། གསང་བ། དགའ་བོ། མཐའ་བ། དཀར་རོ། དར་ར། དཀར་བོ། དར་བ། བྲོས་བོ། ནུས་བ། གྱོལ་བོ། འགྲེལ་བ།། ཁྲོ་བོ  རྔ་བ། ལྟ་བུའོ།
    ག་ང་ད་ན་བ་མ་འ་ར་ལ་ས་དང་མཐའ་མེད་མཐར།
    གྲོགས་མོ། བཟང་མ། ལྟད་མོ། རྒན་མོ། ལྟེབ་མ གཡེམ་མ། དགའ་མ། སྡར་མ། ཁོལ་མ། བྲོས་མ། རྔ་མ། ལྟ་བུའོ།

    གྲོགས་པོ་ཨ་འདུས། ཁྱོད་ཀྱི་རྔ་པ་དང་རྔ་བའི་རྙོག་དྲ་སེལ་ཡོད།

  38. རང་དབང་། says:
    2012-09-07 at 8:00 am

    རྔ་བ་མ་རེད་ངར་བ་རེད། ཕོ་ངར་མ་སྟག་འདྲ་གཟིག་འདྲ་རེད། རང་འཆི་བར་མི་སྐྲག་ངར་གཅིག་གདའ།། སྡང་འདྲ་བོར་མི་འཇིགས་ངར་གཅིག་གདའ།། བོད་མི་རིགས་ལ་དགའ་བའི་ངར་གཅིག་གདའ།། བོད་རིག་གཞུང་ལ་གཅེས་པའི་ངར་གཅིག་གདའ།། ངར་འདི་འདྲ་ཡོད་པས་སེམས་པ་དགའ།།

  39. ཨ་རིག་འགྱུར་མེད། says:
    2012-09-07 at 8:45 am

    ངས་མདང་དགོང་རྔ་བ་མ་རེད་མངའ་བ་རེད་ཅེས་བྲིས་ཡོད། གཅིག་བྱས་ན་རེ་འགས་དེ་རྩེད་མཚར་དུ་མཐོང་གི་ཡོད་སྲིད། ཡིན་ནའང་། ཉེ་ཆར་ངའི་སྐད་འཕྲིན་སྒང་གི་གྲོགས་པོ་ཞིག་གིས་རྔ་བའི་སྐོར་ལ་འགྲེལ་བརྗོད་རིང་པོ་ཞིག་གནང་སོང་། སྐབས་དེར་ཁོང་གིས་རྔ་བ་ཟེར་བ་དེ་གཅིས་ནས་སའི་དབྱིབས་ཀྱི་ཆ་ནས་དེ་ལྟར་བཏགས་པ་རེད། ཡིན་ནའང་། རྔ་བ་ཟེར་བ་དེ་ལོ་རྒྱུས་ཀྱི་ཆ་ནས་རྔ་བ་མ་རེད་མངའ་བ་རེད། མངའ་ཡིན་དོན་སྟོད་མངའ་རིས་ཀྱི་ཕྱོགས་ནས་ཆད་ཡོང་བའི་རེད་ཅེས་གསུང་གིན་འདུག
    ཁོང་ལ་མངའ་བ་ཟེར་བའི་ལོ་རྒྱུས་རྒྱབ་ལྗོངས་ཀྱི་སྐོར་ནས་མང་དུ་གསུང་རྒྱུ་འདུག་མོད། ཕྲན་གཅིག་ལས་ལོ་རྒྱུས་ལ་རྨོངས་པ་དང་གཉིས་ནས་ཁོང་གིས་སྐབས་དེར་གསུངས་པའི་བཀའ་མོལ་མང་བོ་ཞིག་དྲན་ལམ་ནས་བོར་འདུག་པས། འདིར་ཞིབ་ཚགས་ཀྱིས་འགོད་ཐབས་མ་བྱུང་ཡང་། འདི་རུ་ལོ་རྒྱུས་ཀྱི་ཁུངས་དེད་དེ་སོང་ན་རྔ་བ་ཟེར་བའི་མིང་དེ་མངའ་བ་ནས་ཟུར་ཆགས་པ་མིན་འགྲོ་བསམ་བསམ་ཞིག་འདུག་པས། གྲོགས་ཨ་འདུས་མིག་ཆུ་གཙོས་རྔ་བའི་ལོ་རྒྱུས་སྨྲ་བ་དག་དང་སྤྱིར་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཐུགས་གཞིགས་མཛོད།

    གང་ལྟར་ཡང་། རྔ་བ་ནི་དེང་སྐབས་བོད་མི་རིགས་ཀྱི་ཡ་ཆུང་སེམས་ཁོང་ན་ནམ་ཡིན་རུང་འོད་ཀྱིས་འཚེར་གྱིན་པའི་ས་ཁུལ་ཞིག་ཡིན་པར་མ་ཟད། དཔའ་བོའི་སྲང་ལམ་དུ་འབོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་བོས་སྐུ་སྲོག་མེ་རུ་བསྒྲོན་སའི་གནས་དེར་བདག་ཐེངས་ཤིག་བསླེབ་ཐུབ་པའི་སྨོན་ལམ་རྒྱག་གི་ཡིན། རྔ་བ་རྒྱལ་ལོ། །བོད་རྒྱལ་ལོ། །

  40. ཨ་རིག་འགྱུར་མེད། says:
    2012-09-07 at 8:49 am

    གཅིས་ནས་ཞེས་པ་གཅིག་ནས་ཞེས་པར་བཅོས་པ་དང་གཅིག་ལས་ཞེས་པ་གཅིག་ནས་ལ་བཅོས་རོགས།

  41. སྤྲུལ་སྐུ་རྫུན་མ་ནས་ says:
    2012-09-07 at 9:14 am

    ད་ལྟ་རྔ་བའི་ཡུལ་མི་ཚོའི་སྙིང་ལེན་གྱིན་པ་རེད།
    (བོད་མདོ་སྨད་རྔ་བའི་ཡུལ་མི་ཚོར་འཕྲད་པའི་ད་ལྟའི་ཛ་དྲག་གི་གནས་བབ་དང་དེའི་འབྱུང་རྐྱེན་དངོས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་དྲན་ཐོ།)

    རྩོམ་པ་པོ། རྔ་བ་གཉན་མི།

    ཉེ་བའི་ལོ་ཤས་ནང་བོད་མདོ་སྨད་རྔ་བ་རུ་ཛ་དྲག་དང་མངོན་གསལ་ཡིན་པའི་ངོ་རྒོལ་འོས་ལངས་བསྟུད་མར་བྱུང་བ་དང་། ལྷག་པར་ཉེ་བའི་དུས་ནས་བཟུང་མི་མང་པོ་ཞིག་རང་ཤི་རྒྱག་པ། རང་ལུས་མེར་བསྲེགས་བྱས་ནས་ངོ་རྒོལ་བྱེད་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་གནས་ཚུལ་བརྒྱུད་ལམ་སྣ་ཚོགས་ནས་རྒྱལ་སྤྱིའི་ཁྱོན་ལ་ཛ་དྲག་གི་གསར་གནས་ཀྱི་ངོ་བོར་ཁྱབ་བཞིན་འདུག་མོད། གནས་སྟངས་འདི་ལྟ་བུ་འབྱུང་དགོས་པའི་རྒྱུན་རིང་ལ་གཏིང་ཟབ་པའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ནི་དེ་ལས་ཀྱང་ཛ་དྲག་དང་རྙོག་འཛིང་ཆེ་བ་ཞིག་ཡིན།

    གནད་དོན་འདི་ནི་དེང་སྐབས་རྒྱ་ནག་གིས་བརྗོད་བཞིན་པ་ལྟར་མི་ཉུང་ཤས་ཤིག་གིས་ཟིང་ཆ་བཟོས་པ་ཞིག་མིན་ལ། ཕྱི་ཕྱོགས་ནས་སྐུལ་སློང་བྱས་པ་ཞིག་དེ་བས་ཀྱང་མ་རེད། དེ་ལས་ལྡོག་ཏེ་རྒྱུན་རིང་ལ་གཏིང་ཟབ་པའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་དཀའ་རྙོག་ཆེན་པོ་ཞིག་གི་འོག་ནས་བྱུང་ཞིང། དཀའ་རྙོག་དེ་དག་གི་འབྱུང་རྩ་ནི་ཧ་ཅང་འོས་འཚམས་མིན་པའི་མནར་གཅོད་དང་། མི་ཆོས་བྲལ་བའི་དབང་བསྒྱུར་ཞིག་གི་འོག་ནས་བྱུང་ཡོད།

    རྒྱ་ནག་གཞུང་གིས་ད་ལྟ་བར་དུ་རང་ཉིད་ཀྱིས་སྲིད་དོན་གྱི་ལྟ་བ་དང་དེའི་དགོས་མཁོའི་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་ལ་འགྲེལ་བཤད་བརྒྱབ་མོད། དུས་རབས་ཉེར་གཅིག་པའི་བོད་མི་ཚོས་ལོ་རྒྱུས་ཀྱི་བདེན་པའི་ཐོག་ནས་རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་མིའི་དཀའ་སྡུག་ལ་འགྲེལ་བཤད་ངེས་པར་དུ་རྒྱག་ངེས་ཡིན་པ་ནི་ལོ་རྒྱུས་ཀྱི་བདེན་ང་ཚོར་ཡོད་པས་ཡིན་ལ། བདེན་དོན་དེ་དག་དྲན་གསོ་མ་བྱས་ཐབས་མེད་དུ་གྱུར་བ་ནི་ད་ལྟ་བོད་དུ་དཀའ་སྡུག་འཕར་མ་ཞིག་འབྱུང་བཞིན་པས་ཡིན།

    ང་རང་ས་ཁུལ་བྱེ་བྲག་པའི་བྱས་རྗེས་བགྲངས་ནས་ངོ་སོ་འཚོལ་བ་ལྟ་བུའི་གཏམ་སྤྱོད་ལ་གཏན་ནས་མི་མོས་ནའང་། དེང་སྐབས་ངའི་ཕ་ཡུལ་ཨ་མདོ་རྔ་བར་ས་གནས་གཞན་ལས་དམ་དྲག་དང་དཀའ་སྡུག་ཆེས་ཆེར་འབྱུང་བཞིན་པ་དང་། ལྷག་པར་གནད་དོན་ཆེན་པོ་ཆུང་ངུ་དང་ཆུང་ངུ་ཆེན་པོར་བསྒྱུར་ནས་ས་གནས་ཀྱི་ཡུལ་མིའི་དོན་དངོས་ཀྱི་དཀའ་སྡུག་སྦས་སྐུང་བྱེད་པའི་སྐབས་འདིར། གནད་དོན་འགའ་ཞིག་ལ་ལོ་རྒྱུས་ཀྱི་ངོས་ནས་གོ་བ་ཞིག་ལོན་ཆེ་ལོ་རྒྱུས་ཀྱི་དོན་དགའ་བསྐྱར་བརྗོད་བྱེད་འདོད་པ་ཡིན།

    སྤྱིར་རྔ་བའི་ཡུལ་འདི་ཕྱི་ལོ་དུས་རབས་བདུན་པའི་ཡར་སྔོན་དུ་འ་ཞ་དང་མི་ཉག་གིས་བདག་ཏུ་བཟུང་བའི་ས་ཆ་ཞིག་ཡིན་ལ། འདི་དག་ཀྱང་བོད་ཀྱི་རུས་རྒྱུད་ཆེན་པོ་བཞི་དང་དྲུག་གི་ཁོངས་གཏོགས་ཤིག་ལས་རིགས་རུས་ཐ་དད་པའི་མི་རིགས་ལོག་བཀར་བ་ཞིག་མིན་པར། དེ་ལས་ལྡོག་ཏེ་བོད་ཀྱི་ཆེས་གནའ་དུས་ཀྱི་རུས་ཚོ་ཆེན་པོ་འགའི་ཡ་གྱལ་ཡིན་པས་ས་ཁུལ་འདི་ལོ་ངོ་སྟོང་ཕྲག་འདས་པའི་ཡར་སྔོན་ནས་བོད་ཀྱིས་མེས་པོར་བདག་པའི་ས་ཆ་ཞིག་ཡིན་གསལ་པོ་རེད།

    བོད་བཙན་པོའི་དུས་སུ་རྔ་ཁོག་ཏུ་སྟོད་མངའ་རིས་དང་། ལ་དྭགས། མང་ཡུལ་སོགས་ནས་ཡོང་བའི་བོད་ཀྱི་དམག་མི་མང་པོ་བཅའ་སྡོད་བྱེད་སའི་དམག་ས་རུ་གྱུར་བ་དང་། ལོ་རྒྱུས་ལ་ལར་རྔ་བ་ཞེས་པའི་ཡུལ་མིང་འདིའང་གནའ་བོའི་དམག་མི་སྐུལ་གཏོང་གི་བྱེད་པའི་དམག་རྔ་རྡུང་བའི་རུ་དབུང་ཡིན་པས་དེ་ལྟར་ཐོགས་པར་བཤད་པ་སོགས་གང་ལྟར་དུས་སྐབས་དེ་ནས་བཟུང་རྔ་བ་ནི་ཐང་བོད་གཉིས་ཀྱི་དམག་སར་གྱུར་འདུག

    བོད་སིལ་བུའི་སྐབས་སུ་བོད་བཙན་པོའི་རྒྱལ་རྒྱུད་ཙོང་ཁ་རྒྱལ་པོ་དང་། གླིང་རྗེ་གེ་སར་སོགས་ཀྱི་དབང་བསྒྱུར་ཁྱབ་ཁོངས་ཙམ་དུ་གྱུར་ཡོད་འདུག་ཅིང། སོག་པོས་ཤར་གླིང་ལ་དབང་བྱེད་པའི་དུས་རབས་སུའང་རྔ་བ་འདུས་པའི་སྨར་མ་ལག་དྲུག་གི་ཡུལ་སྡེ་འདི་དག་གིས་སྔགས་ཀྱི་མཐུ་དང་། དཔུང་གི་ཤུགས་ཀྱིས་གཞན་གྱིས་བཙན་གནོན་ལ་བརྒོལ་བའི་ལོ་རྒྱུས་མང་ཙམ་སྣང་།

    བོད་ཀྱི་ལོ་རྒྱུས་ཐོག་ས་ཕག་རིན་གཙང་གི་དུས་སྐབས་འདིར་བོད་ཀྱི་ཆོས་སྲིད་ཀྱི་འགོ་བྱེད་ཕལ་མོ་ཆེས་རྒྱ་སོག་གི་གོང་མའི་ཆོ་ལོ་དང་གོ་མིང་ཧབ་ཐོབ་བྱས་ཀྱང་། མདོ་སྨད་ཀྱི་ཡུལ་སྤྱི་དང་བྱེ་བྲག་རྔ་བ་ཁུལ་འདིར་དེ་འདྲའི་ཆོ་ལོ་ལེན་པའི་ལུགས་སྲོལ་ཆེན་པོ་མ་དར་བ་མ་ཟད། ཡུལ་སྡེ་མང་པོ་ཞིག་གིས་སྡེ་འགོ་དགོན་ལ་གཏུགས་ཅིང་། དགོན་འགོ་དབུས་ལ་གཏུགས་པའི་ཆོས་ལུགས་རྨང་གཞི་ཡིན་པའི་སྤྱི་ཚོགས་ཀྱི་འབྲེལ་ལམ་ཆེན་པོ་ཞིག་གི་འོག་གནས་འདུག

    དུས་སྐབས་དེ་ཙམ་ནས་བཟུང་དེང་སྐབས་ཀྱི་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་ཁྱབ་ཁོངས་སུ་ས་སྤྱོད་པའམ་དཔོན་ཁག་རིགས་མ་འདྲ་བ་ཉིས་བརྒྱ་ལྷག་བྱུང་ཞིང་། དེ་དག་མང་ཆེ་བ་ཁྲིམས་འགོ་རང་བཙན་དང། བོད་ཁུལ་གྱི་དཔོན་ཁག་ནང་ཕན་ཚུན་འབྲེལ་ལམ་ཆེན་པོས་གནས་པ་ལས་ནང་ཁུལ་གྱི་འགལ་བ་ཆུང་ངུའི་ཕྱིར་དུ་ཕྱི་ཕྱོགས་ཀྱི་འགོ་དམག་ལ་སྐྱབས་བཅོལ་བ་ཧ་ཅང་ཉུང་ཉུང་ཡིན་འདུག་པ་མ་ཟད། དཔོན་ཁག་མང་པོ་ཞིག་གིས་རང་གི་མངའ་ཁོངས་སུ་ཡོང་བའི་རྒྱ་དང་ཁ་ཆེའི་རིགས་དག་ཀྱང་རང་གི་ཁྲལ་དང་ཁྲིམས་ཀྱི་འོག་ཏུ་བསྡུས་ཡོད་འདུག

    བོད་གཞུང་དགའ་ལྡན་ཕོ་བྲང་བའི་སྐབས་སུའང་རྔ་བ་དང་ས་བབ་རིགས་རུས། ཆོས་སྲིད་ཀྱི་འབྲེལ་ལམ་ཟབ་པའི་བོད་མདོ་སྨད་རྒྱལ་རོང་དང་མན་ཇུའི་གོང་མའི་དབར་ལོ་རྒྱུས་ཁྲོད་སྐད་གྲགས་ཆོད་པའི་དམག་འཐབ་བྱུང་བ་དང་། ཕྱི་ལོ་དུས་རབས་བཅོ་བརྒྱད་པའི་ནང་གི་གོར་བོད་དམག་འཁྲུག་ཆེན་པོ་བྱུང་བའི་སྐབས་སུ་རྒྱལ་རོང་སྟོད་དང་རྔ་བའི་སྨད་ཀྱི་ཡུལ་སྡེ་མང་པོ་དམག་རོགས་སུ་ཡོང་བ་ལོ་རྒྱུས་ཐོག་ཡོངས་གྲགས་ལགས་མོད།

    རི་བོང་སྟེང་དུ་བྱ་གླག་ལྡིང་བའམ། ལུ་གུར་སྤྱང་ཀིས་ཇི་བཞིན་གོར་དམག་རྣམས། ཤེ་མོང་བཙན་པོས་ཕ་མཐར་སྤྲོད་པ་ལ། སོ་ལོང་སྦ་དུར་རྒྱལ་རོང་དཔུང་ཚོགས་དཔའ། ཞེས་པའི་བསྟོད་པ་ཆེན་པོ་བྱས་པ་ལྟར་ཕན་ཐོགས་ངེས་ཅན་བྱུང་འདུག་ནའང། དམག་འཁྲུག་དེའི་ཆེད་དུ་རང་གི་ཡུལ་སྡེ་མང་པོ་རྩ་སྟོང་དུ་སོང་བའི་ལོ་རྒྱུས་རྣམས་ད་དུང་རྔ་བའི་སྨད་ཀྱི་ཡུལ་མི་ཚོར་ངག་རྒྱུན་ཏུ་གནས་ཡོད་པ་འདི་དག་ནི་ཡུལ་མི་འདི་དག་སྔ་མོའི་དུས་སུ་སྟོད་ནས་སྨད་དང་སྨད་ནས་སྟོད་དུ་མཐའ་སྲུང་དམག་པ་ཞུགས་པའི་མེས་པོའི་ལོ་རྒྱུས་ཡིན།

    དེ་བཞིན་དགའ་ལྡན་ཕོ་བྲང་བའི་སྐབས་སུ་རྔ་བའི་རྒྱུད་དུ་བོད་བཙན་པོའི་གདུང་རྒྱུད་དང་དམག་ཇུས་ཀྱི་རྒྱུད་འཛིན་པ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་རྒྱལ་བློན་དག་དང་། རྔ་བ་རྨེའུ་རྒྱལ་པོ། ཨ་སྐྱོང་ཁང་རྒན་སོགས་ཀྱི་འགོ་ཁྲིད་བཀོད་འདོམས་འོག་གནས་འདུག་པའི་སྐབས་སུ་སྲིད་ཕྱོགས་ནས་རང་སྐྱོང་གི་རྣམ་པ་ཅན་དང་། ཆོས་ཕྱོགས་ནས་དགའ་ལྡན་པ་དང་གཙང་བླ་སོགས་བོད་དབུས་ཀྱི་གདན་ས་གསུམ་དང་འབྲེལ་ལམ་ཟབ་མོ་རྒྱུན་མ་ཆད་པར་གནས་པ་མ་ཟད། རྔ་བ་རྨེའུ་རྒྱལ་པོས་རང་གི་མངའ་ཁོངས་ཡོངས་རྫོགས་བོད་གཞུང་དགའ་ལྡན་ཕོ་བྲང་བར་ཆེན་པོར་ཕུལ་བའི་ལོ་རྒྱུས་བྱུང་འདུག

    འོན་ཀྱང་ཕྱི་ལོ་དུས་རབས་ཉི་ཤུ་བའི་སྟོད་དེ། ༡༩༣༥ དང་། ༡༩༣༦ སོ་སོར་བོད་མདོ་ཁམས་ཀྱི་ས་ཁུལ་ཉུང་ཤས་ཤིག་ཏུ་དམར་དམག་རྒྱང་སྐྱོད་སྔ་ཕྱི་གཉིས་ཡོང་བའི་སྐབས་སུ་རྔ་བའི་ཡུལ་མི་དང་རྒྱ་དམག་གཉིས་གདོང་ཐུག་ཆེན་པོ་བྱུང་ཞིང་། སྐབས་དེར་དགོན་པ་དང་ས་གནས་ཀྱི་ཡུལ་མིའི་སྡོད་ཁང་ཧ་ཅང་མང་པོ་མེ་ལ་བསྲེགས་པས། ལོ་རྒྱུས་ཐོག་འབྲུ་རིགས་ཧ་ཅང་མང་པའི་རྔ་ཁོག་ཏུ་འབྲུ་རིགས་བསྲེགས་པའི་དུ་བ་ཟླ་བ་མང་པོར་རྒྱུན་མ་ཆད་པར་རྔ་ཁོག་ནས་འཕྱུར་བ་སོགས་རིག་དངོས་དང་རྒྱུ་ནོར་མེར་བསྲེགས་ཀྱི་བཙན་གནོན་ཆེན་པོ་དེ་བྱུང་།

    དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་ནང་དུ་རྒྱ་ནག་དམར་ཤོག་གི་དམག་སྡེ་རྣམས་ཀྱིས་གོ་མིན་ཏང་ལ་འགོག་རྒོལ་བྱེད་པ་དང་། ས་གནས་མང་ཚོགས་ཡར་རྒྱས་གཏོང་བ། མང་གཙོ་བཅོས་བསྒྱུར་བྱེད་པ་སོགས་ཀྱི་འབོད་ཚིག་དང་ཁ་གཡང་འོག་རྔ་བ་ས་ཁུལ་དུ་དམག་སྡེ་མང་པོ་གསོག་འཇོག་དང་། འཐབ་ར་མང་པོ་གསར་རྒྱག་བྱས་པས་རྔ་བ་འདི་ཡང་བསྐྱར་རྒྱ་བོད་ཀྱི་དམག་ས་ལྟ་བུ་ཞིག་ཏུ་བསྒྱུར།

    ཕྱི་ལོ་༡༩༥༡ ནས་བོད་རྒྱའི་བར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་མོད། ཕྱི་ལོ་༡༩༥༥ ནས་བཟུང་རྔ་བ་ཕྱོགས་སུ་རྒྱ་བོད་འཐབ་འཁྲུག་གི་རྒྱུན་ཆད་མེད་པ་དང་། མཐར་ཡུལ་མི་དང་རྒྱ་དམག་འཐབ་འཁྲུག་ཁྲོད་ཕྱོགས་སོ་སོར་མི་གསོད་ཁྲག་སྦྱོར་ཚབས་ཆེན་བྱུང་བས། རྔ་བའི་ཡུལ་མི་དག་སྐབས་འཕྲལ་དམར་གསོད་དང་། ཡུལ་མི་སྡེབ་གསོད། བཙོན་འཇུག་མནར་གཅོད་བཅས་ཀྱི་འོག་ནས་ས་ཁུལ་གྱི་ཡུལ་མི་སྟོང་ཕྲག་མང་པོ་རྐྱེན་ལམ་དུ་སོང་བའི་ལོ་རྒྱུས་རྣམས་ད་དུང་ཡང་ཡུལ་མི་རྒན་རབས་པ་རྣམས་ཀྱི་སེམས་ངོར་གསལ་ལྷང་ངེར་ཡོད།

    ཕྱི་ལོ་ ༡༩༥༨ ལོ་དང་དེའི་རྗེས་ཀྱི་ལོ་ཟླ་མང་པོའི་ནང་རྒྱ་ནག་རྒྱལ་ཁབ་དང་བོད་ཀྱི་ས་ཆ་མང་ཆེ་བའི་གནས་སྟངས་སྤྱི་མཚུངས་ལྟར། རྔ་བ་ཕྱོགས་སུའང་ལོ་རྒྱུས་ནང་མ་གྲགས་པའི་མུ་གེ་ཆེན་པོ་བསྟུད་མར་བྱུང་བས་མི་རྣམས་དུས་མིན་འཆི་རྐྱེན་དུ་སོང་བ་ནི། དེ་སྔ་ཡོ་རོབ་ཏུ་འཆི་བ་ནག་པོ་ཞེས་པའི་ནད་ཡམས་ཆེན་པོ་བྱུང་བ་ལྟར། རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་ཡུལ་དུ་འཆི་བ་ནག་པོ་བྱུང་བའི་སྲིད་དོན་གྱི་ནད་ཡམས་ཆེན་པོ་ཞིག་ཡིན་ལ། ནད་ཡམས་དེ་འབྱུང་ཡུལ་ནི་ང་ཚོའི་ཕ་མ་ཡིན་པའི་དེ་རིང་གི་ཡུལ་མི་འདི་དག་ཡིན།

    དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་དཀྱིལ་ནས་རྒྱ་ནག་རྒྱལ་ཁབ་ཧྲིལ་པོ་རིག་གནས་གསར་བརྗེའི་ལས་འགུལ་གྱི་ཟིང་ཆའི་ནང་དུ་ཐིམ་ཞིང་། ལྷག་དོན་སྐབས་དེའི་རྒྱ་ནག་ནང་ཁུལ་དུ་འགལ་བ་སྣ་མང་བྱུང་བས། སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་ཁྲུའུ་ཏུའུ་རུ་མི་མང་ཁྲི་ཕྲག་རྨས་སྐྱོན་ཐེབས་པའི་གནམ་ཐང་གི་མེ་སྒྱོགས་དོན་རྐྱེན་སྣ་མང་བྱུང་འདུག་པའི་སྐབས་སུ་རྔ་བ་ནས་རང་ཡུལ་དཀའ་སྡུག་ལས་སྐྱོབ་པའི་སྲིད་དོན་གྱི་འོས་ལངས་ཆེན་པོ་ཞིག་བྱུང་ཡོད།

    འོས་ལངས་ལས་འགུལ་དེའི་མིང་ལ་ཉེ་རབས་བོད་ཀྱི་ལོ་རྒྱུས་ཁྲོད་ཧོང་ཁྲན་ཞེས་འབོད་ཅིང། ཕྱི་ལོ ༡༩༦༨་ཟླ ༣ ཚེས ༡༧ ཉིན་རྔ་བ་རྫོང་ཐོག་ཏུ་ཡུལ་མི་ཁྲི་ལྷག་གིས་རྔམ་སྟོན་ཁྲོམ་སྐོར་བྱས་པ་ནས་འགོ་བཙུགས་ཏེ་ཉེ་འབྲེལ་གྱི་རྫོང་ཁག་བདུན་བརྒྱད་ཅིག་ཏུ་ཤུགས་རྐྱེན་ཐེབས་ཤིང་། དེའི་རྗེས་འབྲེལ་དུ་རྔ་བ་རྫོང་གཅིག་པུ་ནས་མི་ཉིས་སྟོང་ཙམ་བཅོན་འཇུག་བྱས་ཤིང་ཕྱི་ལོ་༡༩༧༨ བར་དུས་ཡུན་ལོ་ངོ་བཅུའི་རིང་བཙོན་འཇུག་དང་དམར་གསོད་ཀྱི་རྒྱུན་ཆད་མི་འདུག

    ཕྱི་ལོ་ ༡༩༨༧ ལོའི་ཟླ ༩ བོད་ཀྱི་རྒྱལ་ས་ལྷ་ས་ནས་ངོ་རྒོལ་ལས་འགུལ་བྱུང་རྗེས་ཕྱི་ལོ ༡༩༨༨ ལོའི་ཟླ་ ༣ ནང་རྔ་ཁོག་ཏུ་བོད་དོན་འཐབ་རྩོད་དང་དྲིལ་བསྒྲགས་ཀྱི་ཡིག་ཆ་མང་པོ་བཀྲམས་འདུག་ཅིང་། དེ་ནས་བཟུང་ཕྱི་ལོ ༡༩༩༢ བར་དུས་ཡུན་ལོ་ངོ་བཞིའི་རིང་རྔ་ཁོག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཐེངས་བཞི་བཅུ་ཞེ་གཉིས་དང་། སྦྱར་ཡིག་དང་བཀྲམས་ཡིག་སྟོང་ཕྲག་ཁ་ཤས་བྱུང་ཡོད་འདུག་ལ། དེ་འབྲེལ་གྱི་བོད་མི་ཆེས་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱས་འདུག

    ཕྱི་ལོ་ ༡༩༩༨ ལོ་ནས་རྔ་བ་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བ་སྤེལ་མགོ་ཚུགས་འདུག བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་ལ་འཁྱོག་བརྗོད་དང་། ལྷག་པར་ཆོས་ལུགས་པ་ཞིག་གིས་རང་གི་དད་འདུན་འདོར་དགོས་པའི་ནང་དོན་ལ་ངོས་ལེན་བྱེད་ཐབས་མ་བྱུང་བའི་དགེ་འདུན་པ་རྣམས་རྒྱ་གཞུང་གིས་ཁ་བྲལ་བ་ཞིག་ཏུ་ངོས་འཛིན་བྱས་པ་དང་། སྐབས་དེར་རྔ་ཡུལ་ཀིརྟི་དགོན་པ་གཏན་དུ་སྒོ་རྒྱག་ངེས་ཡིན་པའི་འཇིགས་སྐུལ་ཐེངས་མང་པོ་བྱས་འདུག

    ལྷག་དོན་དགོན་སྡེ་འདིར་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་གྲུབ་འབྲས་ལྡན་པ་མ་བྱུང་པར་ངོས་འཛིན་གྱིས་སློབ་གསོ་དང་སྡིགས་ར་བསྐུལ་བའི་ཐོག དགོན་སྡེའི་འདིའི་འཛིན་སྐྱོང་དང་ཆོས་ཀྱི་བྱེད་སྒོ་མང་པོ་ཞིག་ལ་འགོག་རྐྱེན་ཚོད་འཛིན་ཚད་བརྒལ་བྱེད་པ་དང་། དགེ་འདུན་པ་མང་པོ་ཞིག་མངོན་ལྐོག་ཅི་རིགས་ནས་འཛིན་བཟུང་བཙོན་འཇུག་བྱས་རྒྱུན་མ་ཆད་པར་བྱས་ཡོད།

    ཕྱི་ལོ་ ༢༠༠༣ ནས་རྔ་བ་རྫོང་དུ་ཡོད་པའི་ཀིརྟིའི་དགོན་ནང་བསྟན་སློབ་གླིང་བཙན་དབང་གིས་སྒོ་བརྒྱབས། སློབ་གླིང་དེར་དགེ་འདུན་པ་ལོ་གཞོན་བདུན་བརྒྱ་ལྷག་ཡོད་པའི་བོད་ཁུལ་གྱི་ནང་བསྟན་སློབ་གླིང་ཆེ་ཤོས་ཤིག་ཡིན། སློབ་གླིང་དེ་སྒོ་བརྒྱབ་པ་མ་ཟད་ལོ་ན་བཅོ་བརྒྱད་མ་ཟིན་པ་རྣམས་དགོན་པར་ཞུགས་མི་ཆོག་པར་བྱས་པ་སོགས་ཡུལ་མིའི་ཤེས་ཡོན་གོ་སྐབས་དང་། ཆོས་བྱེད་ཐོབ་ཐང་བཙན་འཕྲོག་གི་བྱ་ཐབས་དང། བཙན་གནོན་གྱི་སྲིད་བྱུས་སྣ་མང་ལག་བསྟར་བྱས་ཡོད།

    ཕྱི་ལོ་ ༢༠༠༦་ལོར་བོད་ཁམས་ཡོངས་སུ་གཅན་གཟན་གྱི་པགས་རིགས་མེར་བསྲེགས་བྱས། སྐབས་དེར་རྔ་བའི་ཕྱོགས་སུ་རྒྱ་སྒོར་ས་ཡ་མང་པོའི་མ་གནས་ཡོད་པའི་པགས་རིགས་མེར་བསྲེགས་བྱས་པ་རེད། འོན་ཀྱང་རྔ་བའི་ཕྱོགས་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབས་ཀྱི་ལས་གཞིར་སྐུལ་སློང་བྱེད་མཁན་གྱི་བོད་མི་དྭངས་ཞབས་པ་མང་པོ་ཞིག་ལའང་བཙོན་འཇུག་དང་། འདྲི་རྩད། བཀག་འགོག ཉེས་ཆད་གཅོད་པ་སོགས་ས་ཁུལ་གཞན་ལ་མ་བྱུང་བའི་དཀའ་ངལ་དང་དམ་དྲག་མང་པོ་ཞིག་རྔ་བའི་ཡུལ་མིའི་ཐོག་ཏུ་བྱུང་ཡོད།

    ཕྱི་ལོ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༦ ནས་འགོ་བཙུགས་ཏེ་རྔ་བའི་ཕྱོགས་ཀྱི་དགོན་སྡེ་དང། སློབ་གྲྭ། མང་ཚོགས་བཅས་མི་མང་སྟོང་ཕྲག་དུ་མས་ཞི་བའི་ངོ་རྒོ་བྱས་པར། སྐབས་དེར་དགེ་འདུན་པ་དང་། སློབ་མ། ཡུལ་མི་བཅས་ཧ་ཅང་མང་པོ་ཞིག་དམར་གསོད་བྱས་པ་དང་། མི་མང་བརྒྱ་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་བྱས།

    ལྷག་དོན་མང་ཚོགས་ཀྱི་ཞི་བའི་ངོ་རྒོལ་བྱེད་པའི་ཉིན་དེ་རང་ལ་ཡུལ་མི་ཉེར་གསུམ་ཙམ་དམར་གསོད་བྱས་པ་སོགས་ས་ཁུལ་གཞན་ལས་གདུག་རྩུབ་ཆེ་བའི་དྲག་གནོན་ཆེན་པོ་བྱུང་ཡོད་ལ། སྐབས་དེར་དོན་རྐྱེན་ལའབྲེལ་བ་ཡོད་མེད་ཀྱི་ཡུལ་མི་མང་པོ་ཞིག་འཛིན་བཟུང་བྱས་པའི་བཙོན་པ་མང་པོ་ཞིག་ལ་མནར་གཅོད་སྡུག་སྦྱོང་གཏོང་སྟངས་དང་། བཙོན་འཇུག་ཁྲིམས་ཐག་གི་ལོ་དུས་རིང་པོ་བྱེད་པ། དངུལ་གྱི་ཉེས་ཆད་གཅོད་པ་སོགས་ཀྱི་ཐད་རྔ་བའི་ཡུལ་མི་ཚོའི་ཐོག་ཏུ་འཇིགས་སྐུལ་དང་དྲག་གནོན་འཕར་མ་ཞིག་བྱས་ཡོད།

    ད་དུང་སྐབས་དེ་ནས་བཟུང་རྔ་བ་རུ་དམག་སྒར་དང་དམག་མི་འཕར་སྣོན་ཤུགས་ཆེན་བྱས་པ་དང་། རྔ་བ་རུ་ས་གནམ་གཉིས་ནས་དམག་སྦྱོང་དང་སྡིགས་ར་བསྐུལ་བ། རྔ་བ་མི་མང་ལ་གུས་འདུད་ཞུ་ཞེས་པའི་ཡིག་ཆེན་བཀལ་བའི་རླངས་འཁོར་གྱི་སྟེང་ནས་མེ་མདའ་ཐོགས་པའི་དམག་མིའི་རུ་དཔུང་གིས་ཁྲོམ་གཞུང་ཡོངས་རྫོགས་བསྐོར་ཏེ་ཡུལ་མི་ཚོར་ཞེ་འཁོན་སློང་བའི་འཇིགས་སྐུལ་དང་སྡིག་ར་མང་པོ་བྱས་འདུག

    ད་དུང་རྔ་བའི་ཕྱོགས་ཀྱི་དགེ་རྒན་དང་ཤེས་ཡོན་ཅན་མང་པོ་ཞིག་ཉེས་འཛུགས་སྣ་ཚོགས་ཁྲོད་བཙོན་འཇུག་བྱས་པ་དང་། ལས་གནས་ནས་ཕུད་པ། ལྷག་དོན་དགེ་རྒན་སོགས་ཤེས་ཡོན་ལས་རིགས་ཀྱི་མི་སྣ་མང་པོ་ཞིག་མི་འདོད་བཞིན་དུ་འཐབ་ཕྱོགས་གཅིག་གྱུར་དང་། ཆོས་ལུགས་དོ་དམ་ཚན་ཁག་་སོགས་ཀྱི་ལས་གནས་སུ་བཙན་གྱིས་བསྐོ་བཞག་བྱས་པ་སོགས་ཡུལ་མི་སྤྱི་དང་བྱེ་བྲག་གི་འདོད་འདུན་ནི་དུས་ནམ་ཡང་བཙན་གནོན་བྱ་ཡུལ་གཙོ་བོར་བཟུང་ཡོད།

    དེ་བཞིན་དུབོད་ནང་གི་དཀའ་སྡུག་རྩོམ་ཡིག་གི་ལམ་ནས་བརྗོད་མཁན་གྱི་ས་ཁུལ་གྱི་རྩོམ་པ་པོ་དུ་མ་ཞིག་བཙོན་འཇུག་ཁྲིམས་གཅོད་བྱས་པ་དང་། རྒྱ་གར་དུ་བྱིས་པ་ཡོད་པའི་ནང་མི་རྒྱ་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་བ། ཕྱི་ཡུལ་དུ་ཡོད་པའི་རྔ་བའི་ཡུལ་མི་ནང་ཏུ་ཡོང་བར་བཀག་འགོག་དང། ནང་ཁུལ་གྱི་མི་སྣ་ཕྱི་རུ་འགྲོ་བར་བཀག་འགོག་བྱེད་པ་སོགས་ཀྱི་ཐད་རྔ་བ་རུ་བོད་ཀྱི་ས་ཁུལ་གཞན་ལས་ཀྱང་བཀག་སྡོམ་ཆེན་པོ་བྱས་པས། རྔ་བ་ཡུལ་མི་ཚོར་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་ཡང་མེད་པར་བྱས་ཡོད།

    རྒྱུན་རིང་ལ་གཏིང་ཟབ་པའི་དཀའ་སྡུག་དེ་དག་གི་འོག་ནས་རྔ་བ་རུ་མི་མང་པོ་ཞིག་རང་ཤི་རྒྱག་པའི་དོན་རྐྱེན་མང་པོ་བྱུང་། དཔེར་ན་ཕྱི་ལོ་༢༠༠༩ ཟླ ༣ ་ལ་རྔ་བ་ཀིརྟི་དགོན་པའི་ཀ་ཉག་བློ་བཟང་སྦྱིན་པ་དང་། རྔ་སྟོད་སྒོ་མང་དགོན་པའི་དགེ་འདུན་པ་དགུང་གྲངས་དོན་བཞི་ལ་སོན་པའི་བགྲེས་སོང་ཞིག་གཉིས་རང་ཤི་རྒྱག་དགོས་བྱུང་བ་དང་། ཐ་ན་རྔ་བ་ཀིརྟི་དགོན་པའི་སྤྱན་ལོང་བ་ཡིན་པའི་དགེ་འདུན་པ་ཞིག་ཀྱང་བསུན་གཙེར་འོག་ཕྱི་ཟླ་ ༤ ཚེས ༡༦ ཉིན་རང་ཤི་བརྒྱབ་ཡོད་ཅིང་། རང་ཤི་རྒྱག་མཁན་དག་གི་ཁ་ཆེམས་ཡི་གེའི་ནང་འདི་ལྟར་གསོན་གནས་བྱ་ཐབས་མི་འདུག་ཅེས་བྲིས་ཡོད།

    ཕྱི་ལོ ༢༠༡༠ ལོར་རྔ་བ་ཀིརྟི་དགོན་པར་ཆོ་འཕྲུལ་སྨོན་ལམ་འཚོགས་རྒྱུར་ས་གནས་གཞུང་གིས་འགོག་རྐྱེན་བཟོ་བཞིན་པའི་སྐབས་དེར་དགོན་པ་དེའི་དགེ་འདུན་པ་སྐུ་ཞབས་བཀྲ་པེ་ཞུ་བས་རང་ལུས་མེ་ལ་བསྒྲོན་ནས་རང་དབང་རྩོད་ལེན་དང་བཙན་གནོན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། དམག་མི་དང་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ས་ལ་བསྒྱེལ་འཕྲལ་བཙོན་འཇུག་བྱས་རྗེས། ད་ལྟ་ཤི་གསོན་གྱི་གནས་སྟངས་གསལ་པོ་མེད།

    ད་ལོའི་ཕྱི་ཟླ་༣ ཚེས་ ༡༦ ཉིན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ཀྱིས་རང་ལུས་མེ་ལ་བསྒྲོན་ནས་བཙན་གནོན་འོག་གི་དཀའ་སྡུག་འགྲེལ་བརྗོད་དང་གསལ་སྟོན་བྱས་པར། དམག་མི་དང་ཉེན་རྟོག་པས་ལྕགས་དབྱུག་དང་རྡོ་ཡིས་གང་བྱུང་གཞུས་པས་ཁོང་འདས་གྲོངས་སུ་སོང་། སྐབས་དེ་ནས་བཟུང་ད་བར་རྔ་བ་སྤྱི་དང་། བྱེ་བྲག་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ནི་དགོན་པའི་ནང་དུ་བཙོན་འཇུག་བྱས་པ་ལྟར་གནས་ཡོད།

    གནས་སྟངས་དེ་འདྲའི་འོག་ཏུ་རྔ་བ་ཁུལ་གྱི་སློབ་ཕྲུག་མང་པོ་ཞིག་གིས་ཟས་བཅད་ངོ་རྒོལ་བྱས་ཁོང་ཚོ་སློབ་གྲྭ་རུ་དམ་དྲག་བྱས་པ་དང་། རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་རྣམས་དགོན་པར་བཟང་བཙོན་ལྟར་བཞག་པ། ད་དུང་ཁོང་ཚོར་ལྟོ་ཆས་ཉོ་ལེན་ཙམ་གྱི་འགྲོ་བསྐྱོད་ཀྱི་དབང་ཆ་ཙམ་ཡང་མ་བྱིན་པ་མ་ཟད། ཁོང་ཚོ་བཙོན་ཁང་དུ་སྡེབས་འཁྱེར་བྱེད་པའི་བྱ་ཐབས་ལ་འགོག་རྒོལ་ཞུ་བ་འཐེན་པའི་ཡུལ་མི་དག་མི་ཆོས་ལས་འདས་པའི་ཚོད་འཛིན་བྱེད་པ་དང་། ཐ་ནང་ཁོ་ཚོ་འཆི་ངེས་ཡིན་པའི་མཛུབ་ཐེལ་ཡང་བླངས་སྟབས། དུས་ཐོག་དེ་རིང་ལ་ཡུལ་མི་སུམ་བརྒྱ་ཙམ་གྱིས་འཆི་ངེས་ཡིན་པའི་མཛུབ་ཐེལ་བརྒྱབ་ཡོད་འདུག

    ད་དུང་རྔ་བ་ནས་ཡུལ་མི་དང་དགེ་འདུན་པ་་བརྒྱ་སྐོར་གར་སོང་ཆ་མེད་ཀྱིས་བོར་བརླག་ཏུ་འགྲོ་བཞིན་པ་དང་། ཐ་ན་ཟླ་བ་དྲུག་ལས་མ་སོན་པའི་བྱིས་པའི་ཨ་མ་ཡང་བཙོན་འཇུག་བྱས་ཏེ་མ་བུ་ཁ་བྲལ་བཏང་བ་སོགས། འདི་ལྟར་མི་ཧ་ཅང་མང་པོ་ཞིག་ཐབས་ཟད་འུ་ཐུག་གི་གནས་སུ་བསྐྱལ་བ་དང། མི་ཧ་ཅང་མང་པོ་ཞིག་འཆི་ལམ་འདེམས་པའི་ལམ་ཁ་རུ་མ་སོང་ཐབས་མེད་ཀྱི་གནས་སྟངས་ཤིག་བསྐྲུན་པ་རེད།

    འདི་དང་འདི་ལྟ་བུའི་གནས་སྟངས་མང་པོ་ཞིག་གི་ཐོག་ནས་རྔ་བ་རུ་དེང་སྐབས་མངོན་པར་མི་གསལ་བའི་དྲག་པོའི་ཁྲིམས་གཞི་བསྡམས་པ་ལྟ་བུ་ཞིག་རེད། ཡུལ་འདིར་བརྡ་འཕྲིན་བརྒྱུད་ལམ་བཀག་འགོག་དང་། འགྲོ་བསྐྱོད་གཞུང་ལམ་བཀག་འགོག མི་མང་མཉམ་འདུས་བཀག་འགོག་དང་། རྒྱུན་ལྡན་ཆོས་བྱེད་བཀག་འགོག་སོགས་བཀག་རྒྱ་སྣ་ཚོགས་ཀྱི་འོག་ཏུ་ཡོད་པས། རྔ་བའི་དགོན་པ་དང་། རྔ་བའི་སློབ་གྲྭ་རྣམས་བཙོན་ཁང་ལྟར་གྱུར་བ་དང། ཐ་ན་རྒྱ་ནག་པེ་ཅིང་། ལན་གྲུ། ཁྲིའུ་ཏུའུ་སོགས་སུ་ཡོད་པའི་རྔ་བའི་མི་སྣ་ཡང་འཛིན་བཟུང་དང་བཀག་སྡོམ་བྱེད་བཞིན་འདུག

    མིའི་འཚོ་བའི་གཞི་རིམ་གྱི་གནས་སྟངས་ཤིག་ནི་གསོན་གནས་ཀྱི་རེ་འདུན་ཡིན་མོད། གསོན་གནས་ཀྱི་སྙིང་པོ་ནི་བདེ་སྐྱིད་ཡིན་པས་མི་རྣམས་ཀྱིས་འདི་ལྟར་འཆི་བ་གདམ་ཀ་བྱེད་པ་ནི་ཆེས་མཐའ་མཇུག་གི་གདམ་ཀ་ཡིན་ལ། གདམ་ཀ་འདི་འབྱུང་ཡུལ་ནི་བཅིངས་གྲོལ་དང་ཡར་རྒྱས་བཏང་ཞིང་། འཆམ་མཐུན་དང་འཚོ་བ་གསར་པའི་བདེ་སྐྱིད་ཁྱེར་ཡོང་ཚུལ་འཛམ་གླིང་དང་བོད་ཁུལ་དུ་སྒྲོག་བཞིན་པའི་ཀྲུང་གོ་གསར་པའི་དབང་བསྒྱུར་འོག་གི་ངའི་ཕ་ཡུལ་ཡིན།

    སྤྱི་ཚོགས་རིང་ལུགས་ཀྱི་རྒྱ་ནག་གི་འགོ་ཁྲིད་དག་གིས་ངེས་པར་ཤེས་དགོས་པ་ཞིག་ནི། རིགས་རུས་ཀྱི་ཞེན་པ་ནི་རང་བྱུང་འགོག་མེད་ཀྱི་བསམ་བློ་ཞིག་སྟེ་མཐར་གཏུགས་ན་མི་རྣམས་རང་ཉིད་དང་རང་ཉིད་ཀྱི་མེས་པོ་དགའ་ཞེན་བྱེད་པ་དེ་ཡིན་སྟབས། ཇི་ཙམ་མནན་ན་དེ་ཙམ་གྱིས་ཤུགས་ཇེ་ཆེར་འགྲོ་བའི་གནས་སྟངས་ཤིག་ཡིན་ནི་འཚོ་བའི་ནང་རྩོད་སྒྲུབ་ཅིག་རེད་ལ། འགྲོ་བ་མིའི་ལོ་རྒྱུས་ཀྱི་བདེན་དཔང་བྱས་པའི་འགྲོ་བ་མིའི་སེམས་ཁམས་ཀྱི་ཁྱད་ཆོས་ཤིག་ཀྱང་རེད།

    དེ་བས་ས་ཁུལ་གྱི་ལོ་རྒྱུས་འགོ་བཙུགས་པ་ནས་རིགས་ཀྱི་འདུ་ཤེས་གསལ་པོ་ཡོད་པའི་རྔ་བ་ས་ཁུལ་དུ་མི་རིགས་ཀྱི་ལྟ་བ་གཏིང་ཟབ་དང་། དེ་དང་འབྲེལ་བའི་ཚོར་སྐྱེན་ཧ་ཅང་རྣོ་བ་ནི་འདས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་བྱུང་རབས་ལོ་རྒྱུས་དང་། ད་ལྟའི་གནས་བབ་ཡོངས་དང་འབྲེལ་བའི་རྒྱུན་རིང་གཏིང་ཟབ་ཀྱི་གནད་དོན་ཞིག་ཡིན་ལ། གནད་དོན་འདི་ནི་བོད་ཀྱི་དཀའ་ངལ་དེ་རྔ་བ་ས་ཁུལ་གྱི་དཀའ་ངལ་ཞིག་ཏུ་གྱུར་བ་དང་། རྔ་བ་ས་ཁུལ་གྱི་དཀའ་ངལ་དེ་བོད་ཀྱི་དཀའ་ངལ་ཞིག་ཏུ་འགྱུར་བའི་གཞི་རྩའི་གནད་དོན་ཀྱང་ཡིན།

    མིིག་སྔར་རྔ་བར་དོན་རྐྱེན་མང་པོ་བྱུང་བས། ཕྱི་ཡུལ་གྱི་བོད་མི་ཚོས་འཛམ་གླིང་རིམ་པའི་ངོ་རྒོལ་བྱས་པ་དང་། ལྷག་པར་༸གོང་ས་ཏཱ་ལའི་བླ་མ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སོགས་ཀྱིས་རྒྱལ་སྤྱིའི་ཐོག་འབོད་བསྐུལ་བྱས་པ། དེ་བཞིན་དུ་གླིང་ཆེན་ཨ་ཧྤི་རི་ཀ་དང་། ཨ་མེ་རི་ཁ་སོགས་ཀྱི་གཞུང་དང་སྲིད་དོན་ཚོགས་པ་དག་གིས་རྔ་བ་ས་ཁུལ་དུ་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་བྱེད་བཞིན་པ་འདི་དག་སྲིད་དོན་འབོད་ཚིག་ཙམ་མིན། དེ་ལས་ལྡོག་ཏེ་མིའི་རིགས་ཀྱི་རང་དབང་དང་། ཞི་བདེ། དམངས་གཙོ་སོགས་ཀྱི་སེམས་ཚོར་དང་འདུན་པའི་རྩ་བ་གཅིག་ཏུ་སྦྲེལ་ཡོད་པའི་རྟགས་མཚན་གསལ་པོ་ཞིག་ཡིན།

    འདིར་ངས་མཐའ་མཇུག་ཏུ་བརྗོད་འདོད་པ་ནི། རྔ་བ་ན་སྡོད་བཟོད་བྲལ་བའི་མི་མང་པོ་ཞིག་ཡོད་པ་མ་ཡིན་པར། མི་མང་པོ་ཞིག་སྡོད་བཟོད་བྲལ་བའི་གནས་སྟངས་མང་པོ་ཞིག་འདི་ལྟར་འབྱུང་བཞིན་ཡོད་པ་དང་། རྔ་བའི་ཡུལ་མི་རྣམས་ཀྱིས་དོན་རྐྱེན་བཟོ་བཞིན་པ་ཞིག་མ་ཡིན་པར་ལོ་རྒྱུས་ཀྱི་དོན་རྐྱེན་མང་པོས་རྔ་བའི་དགེ་འདུན་པ་དང་ཡུལ་མི་རྣམས་འདི་ལྟར་བཟོ་བཞིན་པ་རེད་ལ། མདོར་བསྡུས་ན་རྔ་བ་ནས་འདི་ལྟར་རང་ཤི་རྒྱག་བཞིན་པ་གསོན་ལམ་མ་ཡོད་པས་ཡིན།

    འོན་ཀྱང་བློ་ཕམ་པ་ཞིག་ལ་རྒྱ་ནག་གི་ས་གནས་དཔོན་རིགས་ཚོས་གནས་ལུགས་འདིར་མགོ་མཇུག་བསློག་ཏེ་འགྲེལ་བཤད་རྒྱག་བཞིན་འདུག་ལ། མགོ་མཇུག་བསློག་པའི་འགྲེལ་བཤད་ཀྱིས་ཡུལ་མི་དཀྱུས་མ་དག་ནག་ཉེས་ཅན་དུ་བསྒྲུབ་བཞིན་འདུག དེ་བཞིན་དུ་རྔ་བའི་གནས་སྟངས་ལ་རྒྱུས་མངའ་ཡོད་མེད་ཀྱི་འགྲེལ་བརྗོད་པ་དག་གིས་ཀྱང་གནས་སྟངས་འདི་དག་ལ་ཞིབ་ཚགས་པའི་འགྲེལ་བཤད་དང་། གོ་རིམ་མ་འཁྲུག་པའི་འགྲེལ་བརྗོད་བྱེད་དགོས་པ་ཧ་ཅང་གལ་གནད་ཆེ།

    དེ་རིང་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་སུ་རློམ་པའི་རྒྱལ་གཅེས་སློབ་གསོ་དང། དྲག་པོའི་འཇིགས་སྐུལ་སོགས་ཀྱི་བྱ་ཐབས་འདི་དག་ནི་འགལ་བ་དང་དོན་རྐྱེན་རྙིང་བ་བསྐྱར་སློང་དང་། འགལ་བ་དང་དོན་རྐྱེན་གསར་པ་འབྱུང་བའི་རྒྱུ་རྐྱེན་དུ་གྱུར་ཡོད་པ་ལས། ཞི་བདེ་བརྟན་ལྷིང་དང་། འཆམ་མཐུན་སྤྱི་ཚོགས་ཀྱི་རྨང་གཞི་གཏན་ནས་མིན་ལ། རིགས་ཀྱི་ཞེན་པ་དང་། རིག་གཞུང་གི་འདུ་ཤེས་གཉིས་ཀ་འདོར་དགོས་པ་ནི་བོད་མི་ཚོ་གསོན་གནས་བྱེད་པའི་སྙིང་པོ་འདོར་དགོས་པ་ལ་ཐུག་ཡོད་སྟབས། ད་ལྟའི་དྲག་གནོན་དང་ཚ་གཅུན་རང་བཞིན་གྱི་སྲིད་བྱུས་དང་བྱ་ཐབས་འདི་དག་ནི་དོན་ངོ་མར་རྔ་བའི་ཡུལ་མི་ཚོའི་སྙིང་ལེན་གྱིན་པ་དང་གཅིག་མཚུངས་ཡིན།

  42. ཨ་འདུས་མིག་ཆུ།། says:
    2012-09-07 at 10:35 am

    དེ་རིང་ངས་དྲ་གྲོགས་ཚང་མ་ལ་ལེགས་སྐྱེས་ཞིག་འབུལ་རྒྱུ་ཡིན། དེ་ཡང་རྡོ་མ་གཏོགས་རྣ་བར་མི་འཛུལ་མཁན་དག་ལ་རྔན་པ་དེ་མེད་དོ། གསེར་འགྲོ་མཁན་ཀུན་ཀྱིས་ཉན་རོག་བྱོས། བརྡ་སྤྲོད་སྨྲ་བའི་མཁས་པ་ཆེན་པོ་དཔའ་རིས་སངས་རྒྱས་མཆོག་གིས།
    རྟགས་ཀྱི་འཇུག་པའི་ལུགས་ལྟར་ན།།
    མིང་མཐའ་པ་བའི་ཐོབ་ཐང་ནི།།
    ག་ད་བ་ས་ན་མར་པ།།
    ང་འ་ར་ལ་མཐའ་མེད་བའོ།། ཞེས་གསུངས་ཡོད་པ་མ་ཟད། བླུན་པོ་ཁྱི་སྣ་གར་ཁྲིད་འགའ་ཞིག་ལ་གདམས་པ་དང་མཚུངས་པ་ཞིག་ལ་ཡང་ཁོང་གིས།
    མིང་མཐའ་སྦྱར་བ་ཡུལ་དང་བསྟུན།།
    མདོ་དབུས་སྐད་ཀྱི་ཁྱོད་ཆོས་ཐོན།།
    ཡ་མ་ཟུང་དུ་སྦྱར་བ་ནི།།
    ཐོབ་ཐང་གང་ལའང་མི་འབྱོར་རོ།། ཞེས་གསུངས་པ་ལྟར་ཡུལ་དང་བསྟུན་དགོས་པ་ཤིན་ཏུ་གལ་ཆེན་ཡིན་པ་གསུངས་འདུག་གོ།

  43. ཨ་འདུས་མིག་ཆུ།། says:
    2012-09-07 at 10:49 am

    ཨ་རིག་ལགས་ཀྱིས་བཤད་པ་ལྟར། ཨ་ཁུ་དམུ་དགེ་བསམ་གཏན་མཆོག་གིས་གསལ་གསལ་ཐིང་ཐིང་གསུངས་ཡོད་པ་རེད། དེ་བཞིན་བཙན་བྱོལ་ནས་བཏོན་པའི་སྙན་པའི་རྔ་བརྡ་ནང་དུ་ཡང་རྔ་བ་བློ་བརྟན་གྱིས་དེ་ཉིད་ཁུངས་སུ་བྱས་ནས། རྔ་བའི་ཡུལ་མིང་ཐོགས་ཚུལ་བསྒྲུབ་ཡོད་པ་རེད། ཡིན་ནའང་དེང་སང་སྤྱི་ཚོགས་ཁྲོད་བོད་ནང་གི་མཁས་པ་དག་གི་གསུང་ལ་བརྩི་མཐོང་མེད་པ་རེད། དཔེར་ན། དབྱིན་ཡིག་ལ་ཨིན་ཡིག་ཅེས་ཨུ་ཚུགས་བཙན་ཐབས་ཀྱིས་བསྒྱུར་བ་ལྟ་བུ་རེད། ང་དབང་བཙན་པོ་ཆགས་པའི་སྐབས་འདིར་དོན་དམ་པའི་མཁས་པ་ཚོའི་གསུང་གང་དུ་བསྒྱུར་བསྒྱུར་མ་རེད་དམ།

  44. ཨ་ར་དཀར་པོ says:
    2012-09-07 at 11:08 am

    འདས་པའི་བྱུང་རབས་ལོ་རྒྱུས་ཁྲོད་ཡོངས་སུ་གྲགས་ཤིང་གྲུབ་ཟིན་པའི་ཐ་སྙད་ཅིག་ཡིན་ཕྱིན་ང་ཚོ་ཕྱི་རབས་པ་ཚོས་དེ་དེ་བཞིན་དུ་སྤྱོད་ཅིང་མི་ཉམས་རྒྱུན་གནས་བྱེད་པ་ལས་དགོས་མེད་ཀྱི་གསར་བཟོ་དང་བཅོས་སྒྱུར་སོགས་བྱེད་པ་ནི་དོན་མེད་ཀྱི་རྙོག་དྲ་ཞིག་ལས་མ་འདས་པར་སེམས་ཏེ། མིང་གང་ཞིག་ལ་ཁྱད་ཆོས་དམིགས་བསལ་ཅན་གཞན་ཡོད་མིན་གང་ལྟར་ཡང་དེས་རང་ཉིད་ཀྱིས་མཚོན་བྱའི་དོན་དེ་བདེ་བླག་ཏུ་རྟོགས་པར་བྱེད་ནུས་ན་ཐ་སྙད་དེའི་ལས་འགན་ཡང་འགྲུབ་པ་ཡིན་པས་དེ་གས་འཐུས་པ་མ་ཡིན་ནམ།

  45. བོད says:
    2012-09-07 at 12:29 pm

    རྔ་པ་བྲིས་ཀྱང་ཨ་མདོས་རྔ་བར་བཀླགས། །
    རྔ་བ་བྲིས་རུང་དབུས་པས་རྔ་པར་བཀླག། །
    བྲིས་པའི་གཟུགས་དང་ཀློག་པའི་སྒྲ་གཉིས་པོ། །
    རྣམ་པ་ཀུན་ཏུ་གཅིག་ཏུ་གནས་མ་ཡིན། །
    ཨ་འདུས་བུ་ཁྱོད་མགོ་བོ་ན་དོན་མེད། །
    པ་དང་བ་ཡི་སྦྱོར་ཚུལ་འདི་ཡིན་ཞེས། །
    གཅིག་གྱུར་སྨྲ་བའི་བརྡ་སྤྲོད་བོད་ན་མེེད། །
    རྟགས་མཚུངས་འདྲེན་དང་བརྗོད་བདེ་འདྲེན་པ་ཞེས། །
    གང་ལ་གང་བདེ་དེ་ལ་དེ་སྦྱོར་རིགས། །
    ཨ་འདུས་བུ་ཁྱོས་བཙན་བཀའ་གཏོང་དོན་མེད། །
    རྔ་བའི་མིང་འདི་རྔ་བར་དབང་ནའང། །
    བདག་པའི་སྒྲ་འདི་རྔ་བར་དབང་མ་ཡིན། །
    པཎ་ཆེན་སི་ཏུའི་མུ་ཏིག་ཕྲེང་མཛེས་སུ། །
    པུ་ལིངྒ་ཡི་སྒྲ་ལ་པ་ཉིད་འདོད། །
    ཨ་འདུས་པ་ཁྱོས་སི་ཏུར་བཙན་བཀའ་ཐོངས། །
    སྨྲ་མཁས་དབྱངས་ཅན་གྲུབ་པའི་རྡོ་རྗེ་དང་། །
    དེ་ཡི་རྗེས་སློབ་ཡང་སློབ་རྣམས་ཀྱིས་ཀྱང་། །
    བདག་སྒྲ་ཆ་ལ་པ་ཉིད་སྦྱོར་ལེགས་ཞེས། །
    གསུང་བའི་དོན་འདིས་རྔ་བར་གནོད་གྱུར་ན། །
    ཨ་འདུས་པ་ཁྱོས་བཀའ་བཀྱོན་ཐོངས་དང་འཚམ། །

    རྔ་བས་རྔ་བ་བྲིས་པས་དག་དོན་དང་། །
    དབུས་པས་རྔ་པ་བྲིས་ན་ནོར་དོན་གཉིས། །
    ཨ་འདུས་བུ་ཁྱོས་གང་ནས་འཇོག་གི་ཡིན། །

  46. རྩམ་འགབ་ཚང་། says:
    2012-09-07 at 12:48 pm

    རྔ་བ་ཞེས་པའི་མིང་ཟུར་གྱི་བ་དེ་བདག་སྒྲ་ཡིན་པར་བསམ་པར་བསམ་སྟེ། རྔ་པ་ཞེས་འབྲི་དགོས་པར་བསམ་པ་ནི་མགོ་མ་ཚོས་པའི་བྱ་སྤྱོད་དང་མཁས་རློམས་ཀྱི་ཧོབ་རྒྱུགས་རང་རེད། ད་དུང་དེ་ལས་ཀྱང་དགོད་བྲོ་པ་ནི། དབྱངས་ཅན་གྲུབ་རྡོར་དང་སི་ཏི། ཐུ་མི། ཚེ་བརྟན་ཞབས་དྲུངས་དང་དབུ་དགེ་བསམ་གཏན། སྔ་མ་གསུམ་དང་ཕྱི་མ་གཉིས་ལས་སུ་མཁས་ཀྱིས་ཁོངས་ཐུབ་རང་རློམས་བྱས་པ་དེ་ཡང་བུ་གུའི་བྱ་སྤྱོད་དང་གཉིས་སུ་མི་འདུག་གོ །

  47. བོད says:
    2012-09-07 at 1:16 pm

    གོང་དུ་ངས་བྲིས་པའི་མཆན་45་བ་འདི་ཨ་འདུས་མིག་ཆུའི་བྲིས་པའི་རྩོམ་ཆ་ཚང་མ་ཀློག་པར་མཆན་བུ་འགའ་ཤས་བཀླགས་ནས་བྲིས་པ་ཡིན། ད་བཤད་དུས་ཨ་འདུས་མིག་ཆུ་རྔ་བ་དང་རྔ་པ་རྩོད་མཁན་ཞིག་མ་ཡིན་པར་ནང་དཀྲུགས་བྱེད་འདོད་ཀྱི་ཀུན་སློང་ཁྱེར་མཁན་ཞིག་རེད་འདུག
    ད་གང་ཡང་བཤད་རྒྱུ་མེད། ང་ཡང་རྔ་བ་ནས་སྐྱེས་ཀྱང་རྔ་བའི་མིང་ཁུར་མཁན་ཞིག་ཡིན། རྔ་བ་ཞེས་པའི་མིང་གི་སྐོར་ནས་བརྗོད་ཀྱིན་ཡོད་ན་ཚང་མས་མི་མཐུན་པ་ཡོད་ན་བརྗོད་ཆོག་གི་རེད། འོན་ཀྱང་ཨ་འདུས་པའི་རྩོམ་ཡིག་བཀླགས་རྗེས་ང་ལ་ཚོར་སྣང་ཞིག་བྱུང་བ་ནི་རྔ་བ་དང་རྔ་པ་ཞེས་པའི་འབྲི་སྲོལ་མིན་པར་ངན་སེམས་དང་ཕྲག་དོག་གིས་ནང་མི་མཐུན་པ་བཟོ་འདོད་ཀྱིས་བསམ་བློ་མངོན་འདུག ངོ་མ་ཨ་འདུས་པ་རུས་རྐང་ཅན་ཞིག་ཡིན་ན་དེང་གི་དུས་འདིར་དེ་འདྲ་བྱེད་དུས་ཤིག་མ་རེད་བསམ་སོང་། གང་ལྟར་དེ་ཨ་འདུས་པས་འདོད་པ་རེད་་་་་་་་་་་་
    ང་ལ་བཤད་རྒྱུ་མེད་་་་་་་་་་་

  48. ཨ་འདུས་མིག་ཆུ།། says:
    2012-09-07 at 1:31 pm

    བོད་ཅེས་ཞྭ་ཆེན་བསྣབས་པའི་མིག་མེད་ཁྱོད།།
    གསེར་གྱི་རིན་ཐང་ལྡན་པའི་བཀའ་སློབ་དག།
    རྣ་བའི་གསོས་སུ་ལེན་སྟངས་མི་ཤེས་ན།།
    ཁ་ཏྭའི་སྐད་ཅོར་རྒྱག་གི་མ་འདུག་ལོ།།

    པཎ་ཆེན་སི་ཏུས་པ་ཉིད་བདག་སྒྲར་འདོད།།
    རྔ་བ་བདག་སྒྲ་ཡིན་པ་གང་ལ་གསུངས།།
    རྒྱུ་མཚན་མེད་པར་བླུན་པོ་ཁྱི་རྗེས་སུ།།
    འགྲོ་བའི་མི་ཁྱོའི་སྐད་ལ་ཉན་འདོད་མེད།།

    རྔ་བས་རྔ་བ་བྲིས་པ་དག་པ་ཉིད།།
    དབུས་པས་རྔ་བ་བྲིས་པ་ནོར་བ་ཉིད།།
    རྔ་བས་སྤྲེའུ་བྲིས་པ་དག་པ་སྟེ།།
    དབུས་པས་སྤེའུ་བྲིས་པ་ནོར་བ་ཉིད།།

    རྔ་པ་བྲིས་ན་ཨ་མདོས་བ་ཀློག་ཅེས།།
    མི་ཤེས་ན་ནི་ཤེས་མདོག་མ་བྱེད་ལོ།།
    ཨ་མདོའི་བ་དང་པ་ཡི་ཁྱད་པར་ནི།།
    ས་གནམ་བཞིན་དུ་ཁ་ཁ་སོ་སོ་ཡིན།།

    དུང་དཀར་ཚིག་མཛོད་ནང་ལ་རྔ་བ་དང་།།
    བོད་རྒྱ་ཚིག་མཛོད་ནང་ལ་རྔ་བ་གསལ།།
    འོ་ན་འདི་དག་ཚང་མ་ནོར་སོང་ངམ།།
    ནོར་བའི་རྒྱུ་མཚན་ཡོད་ན་འཆད་རོགས་གནང་།།

    དོན་མེད་ཁ་ལབ་ཚིག་གིས་གང་ཞིག་འོང་།།
    མ་ཤེས་ཤེས་མདོག་དེ་ཡིས་ག་རེ་ཕན།།
    བླུན་པོས་ཨུ་ཚུགས་བྱས་དེས་ག་རེ་མཚོན།།
    ཐམས་ཅད་ཀུན་ལ་མནོ་བསམ་ཡོད་པར་མཛོད།།

  49. ཀརྨ་རྡོ་རྗེ་ says:
    2012-09-07 at 4:16 pm

    བདག་སྒྲ་པ་པོ་གཉིས་སུ་ངེས། །
    འོནད་ཀྱང་གསར་བསྣོན་འགའ་ཤས་དགོས། །

  50. ཀརྨ་རྡོ་རྗེ་ says:
    2012-09-07 at 4:37 pm

    དབྱིན་ཇིར་ཨིན་ཇི་བྲིས་པ་ཡར་ཐོན་རེད། །
    རྔ་པས་རྔ་པ་བྲིས་པ་དག་པ་དང་། །
    དབུས་པས་རྔ་པ་བྲིས་པ་དོན་དང་ལྡན། །
    རྔ་པས་སྤྲེའུ་བྲིས་པ་དག་པ་དང་། །
    དབུས་པས་སྤེའུ་བྲིས་པའང་དག་པ་ཉིད། །

  51. ཡར་ཁམས་ཁྲི་རྒྱལ། says:
    2012-09-07 at 10:23 pm

    ཨ་མདོ་རྔ་པ་ཟེར་ན་ཡུལ་གྱི་མིང་།
    ཨ་མདོ་རྔ་བ་ཟེར་ནའང་ཡུལ་གྱི་མིང་།
    འདོད་རྒྱལ་མཁན་པོས་བཏགས་པའི་མིང་དེ་ནས།
    འབོད་དུས་ཨ་ལན་བྱུང་ན་རྩོད་གླེང་མེད།།

  52. རྨུ་ཐག་གི་བུ་རྒྱུད། says:
    2012-09-08 at 12:42 am

    རྔ་བ་མ་རེད་མངའ་བ་རེད། སྟོད་མངའ་རིས་ནས་ཆེད་པའི་དུམ་བུ་རེད། ངག་རྒྱུན་འདི་རྔ་ཡུལ་གྱི་མི་མང་པོའི་སྐྱོར་ཐུབ་པ་ཞིག་རེད། འདིའི་ཐད་ནས་བསམ་བློ་བཏང་བ་ཡིན་ན་ཚིག་ཟུར་གྱི་(བ་)འདི་བདག་སྒྲར་འཇུག་པ་ཤིན་ཏུ་གསལ། དེ་ཡང་ཡིན་ཏེ། སྟོད་མངའ་རིས་ནས་ཡོང་བའི་མི་རྣམས་ལ་ཐོག་མར་མངའ་རིས་པ་ཞེས་བོས། དེ་ནས་བསྡུས་ཏེ་མངའ་བ་ཞེས་བཏགས། ད་ལྟའི་ཆར་རྔ་བར་གྱུར་བ་རེད། མངའ་རིས་ནས་ཆད་པའི་ལོ་རྒྱུས་ལའང་བདེན་དཔང་འདུག་སྙམ།

  53. མཁར་རྔ། says:
    2012-09-09 at 4:34 am

    རྔ་བ་ནི་ལོ་རྒྱུས་ལྡན་པའི་གནའ་བོའི་དམག་མི་སྐུལ་གཏོང་བྱེད་པའི་དམག་རྔ་རྡུང་པའི་རུ་དབུང་བ་ཡིན་པས་
    རྔ་བ་ཐོགས། ད་ལྟ་ཡང་ཡིག་ཆ་དང་མཁས་པ་རྣམས་ཀྱིས་ལོ་རྒྱུས་དང་ཐོབ་ཐང་ཡོད་པའི་རྔ་བའི་ཡུལ་མི་ཚོ་གང་ལ་བསམ་ན། རྔ་བ་ཡིན་པ་ལས་མ་གཏོགས་རྔ་པ་མིན། འབྱུང་འགྱུར་ཡང་རྔ་བ་ལ་གཏན་དུ་འགྱུར་བ་མེད་པའི་རྔ་བ་ཡིན། ལོ་རྒྱུས་ལྡན་པའི་རྔ་བ། མིང་དོན་མཚུངས་པའི་རྔ་བ། དྲང་བདེན་ཡོད་པའི་རྔ་བ།་ not Ngapa or Ngaba. Ngawa yes. Ngawa yes. ང་རང་ཡང་རྔ་བ་ནས་སྐྱེས་ཤིང་རྔ་བ་ལ་དགའ། སེམས་ཁྲལ་ཡོད། དེར་བརྟེན་སེམས་གཏམ་ཞིག་བཤད་ན་འདོད། སྤྱིར་ལོ་རྒྱུས་ཡིག་ཆ་དང་དྲང་བདེན་དངོས་ཡོད་ཡུལ་མིའི་ཐོབ་ཐང་ལ་མི་སུ་ཞིག་གི་བཅོས་བསྒྱུར་དང་གས་ཆག་གཏོང་མི་ཆོག

  54. ཅོ་རི་ཉི་མ། says:
    2012-09-09 at 8:47 am

    སྤྲུལ་སྐུ་རྫུན་མ་ལགས་ཀྱིས་བྲིས་པའི་མཆན་བུ་དེ་ལ་གོ་རྒྱུ་ཞིག་དང་ཉན་རྒྱུ་ཞིག་འདུག་ཀྱང་མི་གཅིག་གིས་ཀྱང་ཨ་ལན་སྤྲད་མ་སོང་། གནད་དོན་འདིས་ཅི་ཞིག་མཚོན་གྱིས་འདུག་ཅེ་ན། བཙན་བྱོལ་ནང་དུ་ཤེས་ཡོན་མེད་པའི་མི་མང་བ་དང་བསམ་བློའི་ཕུགས་རྒྱང་མེད་པའི་མི་མང་པོར་ཡོད་པར་མཚོན།
    གནད་ལུགས་འདི་འདྲ་བ་གང་མང་ཞིག་མིག་གིས་མཐོང་དུས་སུ་བོད་མི་རིགས་ལ་རེ་བ་ཟད་ཚར་འདུག་རེ་དྲན་ཡོང་གི་འདུག

  55. འདྲེ་རྐང་ཐོ། says:
    2012-09-09 at 10:53 am

    རྔ་བའི་མི་དག་ངར་བ་རེད། །
    བོད་དོན་རྩོད་ལ་ངར་བ་རེད། །
    ཚོང་ཕྱོགས་ལ་ཡང་ངར་བ་རེད། །
    མདོར་ན་རྔ་བ་ངར་བ་རེད། །

  56. ཨ་འདུས་མིག་ཆུ།། says:
    2012-09-10 at 4:02 am

    མཁར་རྔ་ཞེས་པ་རྔ་བའི་མི་དེ་དང་། རྔ་བའི་གཞོན་སྐྱེས་རྩོམ་པ་པོ་སྤྲོ་ཚིགས་ཆོས་གྲགས་གཉིས་ཕེབས་ནས། སྔ་མས་ལོ་རྒྱུས་ཡིག་ཚང་ལ་བརྟེན་ནས་རྔ་ཁོག་གི་མིང་ལ་རྔ་བ་ཡིན་པའི་སྒྲུབ་བྱེད་བཀོད་པ་དང་། ཕྱི་མས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྒྱ་མ་ཁྱེར་ནས་རྔ་གཡང་ཕྱུག་མོའི་མིང་ལ་རྔ་བ་ཡིན་པའི་གནས་ལུགས་བཤད་པ་སོགས་གཟུར་གནས་གསུང་སྐད་གསོན་པོ་རེ་འབྱིན་པ་ནི། ང་དཀོན་མཆོག་རྒྱ་མཚོའམ་ཨ་འདུས་མིག་ཆུ་གཅིག་པོའི་ཆེད་མ་ཡིན་པར་རང་གི་ཕ་ས་ཕ་ཡུལ་གྱི་མིང་ཡིག་ངོ་མ་དེ་བདག་པོ་ཞིག་བརྒྱབས་པ་མཚོན་ཐུབ་པས་གུས་བརྩི་དང་ཡི་རང་ཞུ།

    གཞན་རྔ་བ་ཞེས་པ་གོ་ཐོས་ཙམ་ལས་དེའི་ཡུལ་མིས་རང་གི་ཡུལ་མིང་ལ་ག་རེ་འབོད་ཀྱིན་ཡོད་མེད་དང་། རྔ་བའི་འདས་སོང་གི་ལོ་རྒྱུས་ཡིག་ཚང་ཁག་ལ་ག་རེ་བཤད་ཡོད་མེད་མི་ཤེས་མཁན་དག་འདི་ལ་ཡོང་ནས་འུར་བརྒྱབས་ཀྱང་ཕན་ཐོགས་ཡོད་པ་མ་རེད།

    ལྷག་པར་རྔ་བ་ཞེས་པའི་མིང་མཐའ་དེ་ཉིད་བདག་པོ་སྟོན་བྱེད་ཡིན་དགོས་པའི་གནས་ལུགས་འཆད་ཐུབ་མཁན་སུ་ཡང་མེད་ལ། རྔ་བའི་མིང་མཐར་བ་ཡིག་བྲིས་ཀྱང་བདག་སྒྲ་མ་ཡིན་པའི་རྒྱུ་མཚན་བཤད་ཐུབ་མཁན་གང་ཡང་མེད་དུས། རྔ་བའི་ཡིག་ཚང་ལོ་རྒྱུས་རྙིང་པ་རྣམས་དང་། རྔ་བ་རང་ཉིད་ཀྱི་ཡུལ་མིས་གང་ཞིག་བརྗོད་པ་གཙོར་འཛིན་བྱེད་དགོས་པ་ནི་བོད་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག བརྒྱུད་ལམ་ཚང་མའི་འོས་འགན་རེད་སྙམ་བཞིན་ཡོད།

  57. པ་སངས་ཆོས་དབྱངས། says:
    2012-09-10 at 4:03 am

    ༸གོང་ས་མཆོག་གི་གསེར་ཞལ་འོག་ནས་དོན་མེད་ཁ་མཆུ་བརྩོད་འདོད་མེད།།
    གངས་ཅན་བོད་མིའི་ལས་འདི་བསམ་ན་རྙོག་གཏམ་གླེང་འདོད་དེ་ལས་མེད།།
    གཞིས་བཞུགས་སྤུན་ཟླའི་ལར་ཞེན་དྲན་ན་ནང་ཁུལ་འཐབ་འདོད་མེད་ན་ཡང་།།
    བླུན་ཕྲུག་ཁྲམ་པའི་སྨྱོ་ཚོགས་ཤིག་གིས་ནམ་ཡང་སྡོད་དུ་མི་འཇོག་གི།

    མི་ཤི་ཚང་གི་མི་རོའི་ཐོག་ལ་དགའ་སྟོན་རྟ་རྒྱུགས་བྱས་པ་བཞིན།།
    མི་ངོར་བལྟས་ཏེ་མི་གདོང་ངོས་སུ་གྲི་ཡིས་གཤགས་བཅོས་བྱས་པ་ལྟར།།
    རང་ས་རང་གི་ཡུལ་གྱི་བདག་པོར་རང་རེའི་ཡུལ་མིང་མི་དབང་བར།།
    དོན་མེད་བླུན་པོའི་སྨྱོ་ཚོགས་ཤིག་གིས་འཕྱ་སྨོད་ཚིག་གིས་བསྒྱུར་བཞིན་ཡོད།།

    མཁས་པས་བཤད་པའི་དཔྱོད་གླེང་མིན་ལ་ལོ་རྒྱུས་ནང་གི་བདེན་དོན་མིན།།
    ས་གནས་ཤིག་གི་ལྟ་ཚུལ་ནང་ན་གནའ་བོའི་ནད་རྙིང་གཟེར་བཞིན་འདུག།
    ངན་གཏེ་དཔོན་པའི་གཡོ་ཕྲུག་དག་གིས་ཆགས་པའི་ཞོ་དེ་དཀྲིགས་ཀྱིན་ཡོད།།
    བདེན་པའི་ངོ་བོ་དག་འདོན་ཆེད་དུ་གཡོ་ཆེན་དཔོན་པོར་མཇུག་བསྡོམ་བརྒྱག།
    སྐྱིད་སྡུག་ཚོགས་པར་མ་དངུལ་དགོས་ཚེ་རྔ་བའི་མི་ལ་ཚོང་རམས་འབོད།།
    བླ་མའི་དགོན་པར་ཆགས་རྟེན་དགོས་ཚེ་རྔ་བའི་མི་ཡང་ལྷ་སྡེར་འབོད།།
    གཞིས་བཞུགས་རྔ་བའི་ཡར་ལངས་བཤད་ནས་རང་གི་གཟི་བརྗིད་དོན་དུ་གཉེར།།
    ནུབ་གླིང་ཡུལ་ནས་སྐྱབས་བཅོལ་ཞུ་ཚེ་རྔ་བའི་མི་ལ་རྫུས་ནས་འགྲོ།།

    ཐོབ་དང་གོ་སའི་བསྡངས་ཆ་བཤད་ཚེ་རྔ་བ་མི་ཡི་མིང་ཙམ་མེད།།
    དངོས་ཡོད་བདེན་པའི་ལོ་རྒྱུས་བཤད་ཚེ་རྔ་བའི་མིང་འདི་རྔ་པ་བསྒྱུར།།
    ངན་གཡོའི་བྱ་གཞགས་འདི་ལྟར་བྱས་ན་རྔ་བ་རྣམས་ཀྱིས་ཨེ་བཟོད་ཀི།
    དྲང་བདེན་མིན་པའི་གཡོ་ཚུལ་འདི་ལ་རྔ་བ་བུ་ཡིས་འཐབ་རན་ཡིན།།

    རང་ཡུལ་གཅིག་པའི་རིག་པའི་བུ་ཚོ་བདེན་པའི་ཆེད་དུ་ཡར་ལོངས་དང་།།
    ཕ་ཡུལ་གཅིག་པའི་ཕོ་མོའི་ཚོགས་རྣམས་རང་སའི་ཆེད་དུ་ཡར་ལོངས་དང་།།
    བླ་དཔོན་སྐྱ་སེར་སུ་ཞིག་ཡིན་ན་་དམར་འཛིང་ཐེངས་གཅིག་བྱ་ན་འདོད།།
    འཐབ་འཁྲུགས་བྱས་པའི་མཐའ་དོན་ངོ་བོ་ལོ་རྒྱུས་ནང་ལ་ཁྲག་གིས་འབྲི།།

  58. ཨ་འདུས་མིག་ཆུ།། says:
    2012-09-10 at 4:14 am

    བོད་ཅེས་པ་དེས་ངའི་རྩོམ་ཡིག་འདི་དཀྲུགས་ཤིང་ཞིག་རེད་ཅེས་ཞྭ་ཆེན་པོ་ཞིག་བདག་གི་མགོ་ཆུང་ཆུང་འདིར་བཀབ་འདུག་ཀྱང་། རྩོམ་ཡིག་འདི་འབྲི་དུས་རྔ་བའི་ཡུལ་མི་ཡིན་སྐད་པའི་ཁྱོད་དང་ང་། ཁོ་དང་ཁོ་མོ་ཚང་མའི་ཕ་ཡུལ་གྱི་མིང་ཡིག་འདིའི་ཆེད་དུ་སྐད་ཆ་འགའ་ཞིག་བཤད་པ་ལས། དཀྲུགས་ཤིང་བྱེད་དགོས་པའི་གཏམ་ཐོར་པུ་ཙམ་ལའང་འཛེམ་ཟོན་ཤུགས་ཆེར་བྱས་ཡོད།

    གཉིས་ནས་ང་ཨ་འདུས་པ་ལ་རུས་ཞེན་ཞིག་ཡོད་ན་ཞེས་ང་ལ་གསལ་འདེབས་འདྲ་ཞིག་བྱས་འདུག བཀའ་དྲིན་ཆེ། རང་ཉིད་ལ་ཤ་ཞེན་དང་རུས་ཞེན་ཡོད་པའི་རྒྱུ་མཚན་གྱིས་ན་ཟུག་བརྒྱ་ཕྲག་མང་པོ་ཞིག་སེམས་ཀྱིས་འཛིན་མ་ཐུབ་ལ། ཁྱོད་འདྲ་བ་མང་པོ་ཞིག་གིས་ཞྭ་ཆེན་བཟོའང་ཤེས་མོད་ཕ་ཡུལ་འདིའི་མིང་ཡིག་གསེར་ནག་འདྲ་བ་དེའི་ཆེད་དུ་ཁ་བཙུམ་གཏན་ནས་མ་ཐུབ་ཐ།

    བོད་གངས་ཅན་པའི་ཆེད་དུ་ཀྲུང་གོའི་བོད་ཅེས་བཅོས་བསྒྱུར་བཏང་ན། ང་ཚོ་ཚང་མ་མི་དགའ་བ་བཞིན། བོད་རྔ་བའི་མིང་ཡང་བརྡ་སྤྲོད་གྱི་སྒྲ་སྦྱོར་ཚུལ་དང་
    འགལ་ཞིང་། རྔ་བ་རང་ཉིད་ཀྱི་ལོ་རྒྱུས་ཡིག་ཚང་གད་སྙིགས་བཞིན་དོར། ཡུལ་མིའི་ངག་སྒོའི་སྨྲ་བརྗོད་ནུས་མེད་དུ་བཟོས་པ་ལ། ངས་གཏན་ནས་ངོས་ལེན་བྱེད་ཐུབ་མ་སོང་ལགས།

    གཞན་ཚོགས་པ་ག་གེ་མོ་གང་འདྲ་ཞིག་ཡིན་རུང་ཉོག་གྲ་ཞིག་ཏུ་འདོད་ཚེ། ཐོག་མར་རྔ་པ་ལ་སྒྱུར་མཁན་གྱི་ལས་མ་དག་པ་དེ་ཡིན་པ་ལས། ང་གྲྭ་རྐྱང་དཀྱུས་མ་ཞིག་དང་། རྩོམ་པ་པོ་ཐེབ་ཆག་ཅིག་གིས་རང་ཉིད་ཀྱི་ཕ་ཡུལ་གྱི་མིང་གི་ཐད་ལ་བསམ་ཚུལ་ཞིག་བཏོན་པ་ལ་ནོར་འཁྲུལ་ཞིག་ཏུ་མ་བརྩི་རོག།

  59. མཁར་རྔ། says:
    2012-09-10 at 9:28 am

    གོང་དུ་བོད་ཅེས་པ་དེས་ཨ་འདུས་མིག་ཆུ་ལ་ནང་མི་མཐུན་པ་བཟོ་འདོད་ཀྱིས་བསམ་བློ་མངོན་འདུག་ཞེས་པ་དེས། བོད་ཅེས་པ་ཁོ་རང་གིས་འཕོངས་འགེབས་བྱེད་པ་འམ་ཡང་ན་རང་སྐྱོན་གནོང་གི་ཡོད་པ་ཙམ་ལས་གནས་ལགས་གང་ཡང་མི་འདུག། རང་གིས་ནག་ཉེས་གཞན་འགེལ་མ་བྱེད།

  60. karchen says:
    2012-09-10 at 10:31 am

    རྔ་བ་གཅིག་པོའི་སྟེང་ལ་ཤུགས་ཡོད་ཚད་རྒྱག་དགོས་དོན་ཨེ་ཡོད་དམ།

  61. མཁར་རྔ། says:
    2012-09-10 at 4:26 pm

    རྔ་བ་ཞིག་ཡིན་ན་ཤུགས་རྒྱག་དགོས། གལ་སྲིད་མི་ཤེས་ཡོན་ཅན་ཞིག་གམ་དུས་གསུམ་རྟོགས་མི་ཞིག་ཡིན་ན། འདི་ནི་དོན་དག་ཆུང་ཆུང་ཞིག་མིན་པར། ཁུངས་ལུང་ལྡན་པའི་འདས་པའི་ལོ་རྒྱུས་ཡིག་ཆ་དང། ད་ལྟའི་རྔ་བ་མི་དམངས་ཀྱིས་ངོས་འཛིན་ནམ་ངག་ནས་རྫོད་པ་ཡིག་ཐོག་ཏུ་འབྲི་བཞིན་པ་སོགས། འབྱུང་འགྱུར་གྱི་ལོ་རྒྱུས་ཡིག་ཆ་
    སོགས། ད་ལྟ་རྔ་བའི་དཔའ་བོ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། དབྱིན་ཡིག་སོགས་ཡིག་རིགས་མང་པོའི་ཐོག་ལ་འབྲི་བཞིན་ཡོད་དུས་དག་ཆ་མ་ནོར་རོགས། མ་འོངས་པ་ན་དབྱིན་བོད་སོགས་ཡིག་རིགས་གང་གི་ཐོག་ལ། ས་ཁྲ་དང་ཁ་བྱང་ལོ་རྒྱུས་ཡིག་ཆ་སོགས་ཀྱི་ཐོག་ལ་དག་ཆ་མ་ནོར་ན་བཟང། བོད་ནང་ནས་རྔ་བ་དང་ Ngawa རེད། དེར་བརྟེན་ཡིག་ཆ་དང་དངོས་ཡོད་མཐུན་ན་དགེ། རྔ་བ་བདག་སྒྲ་ཡིན་མིན་ལ་འབྲེལ་བ་མེད། ཡུལ་མིང་ཞིག་རེད། དེང་ཕྱིན་ཆད་རྔ་བ་དང་ Ngawa འབྲི་རོགས། རྔ་པ་མ་རེད། Ngapa or Ngaba མ་རེད།
    རྗེས་སུ་འགྱོད་པ་སྐྱེས་ཀྱང་ཚར་ནི་རེད། ད་ལྟ་བཅོས་པའི་དུས་ལ་བབས། ཐུགས་རྗེ་ཆེ་ཞུ།

  62. བོད says:
    2012-09-11 at 9:45 am

    ཨ་འདུས་མིག་ཆུ་ལགས། སྤྱིར་ངས་ཁྱོད་ལ་དཀྲུགས་ཤིང་བྱེད་འདོད་ཀྱི་བསམ་བློ་འདུག་ཟེར་བ་དེ་ཧ་ཅང་ཐལ་ཆེ་སོང་བས་དགོངས་དག་ཞུ། འོན་ཀྱང་ཉིད་ཀྱི་རྩོམ་ཡིག་འདི་ཀློག་སྐབས་ངོ་མ་སྐྱིད་པོ་མ་བྱུང། རྒྱུ་མཚན་རྔ་པ་དང་རྔ་བའི་འབྲི་སྟངས་ཀྱི་རྣམ་གཞག་ཙམ་མ་ཡིན་པར་རྔ་པ་འབྲི་མཁན་དག་ལ་རིང་ཚུགས་མེད་པར་ཆོལ་ཁ་གཞན་གྱི་གཅིན་སྐྱག་ཡན་ཆད་གཙང་མར་སྒོམ་མཁན་སོགས་མྱི་གཞིར་དམའ་འབེབས་དང་ཆོལ་ཁ་དང་ཆོལ་ཁའི་བར་ན་ཞེན་པ། ད་དུང་དེ་ལས་ཀྱང་ཚབས་ཆེ་བ་ནི་ཉིད་ཀྱིས། འདི་ལྟར་བརྗོད་འདུག ༼གྲི་དང་མདུང་དབྱུག་ལག་པར་འཁྱེར་ནས་གསོད་པའི་ལས་ཀྱང་བྱེད་པར་ངེས༽ ༼སྲོག་དང་ཁྲག་གིས་བརྩད་དགོས་ཐུག་ཀྱང་རྩོད་པའི་ལས་ལ་འབད་རྒྱུ་འོ། །༽ ངོ་མ་བཤད་ན་གོང་གི་ཚིག་དེ་དག་ཀློག་སྐབས་ངའི་སེམས་སུ་འདི་ལྟར་འཆར་སོང། རྒྱ་ནག་གིས་རྔ་བ་ཞེས་པའི་མིང་གདགས་ཡུལ་མི་དང་ཡུལ་བཅས་པ་བཙན་བཟུང་བྱས་ནས་ང་ཚོར་དབང་གི་མེད་པའི་དུས་འདིར་པ་བ་ཙམ་གྱི་ཆེད་དུ་ནང་ལ་ཐུག་ན་འདི་འདྲའི་བསམ་བློ་ཡོད་པ་དེར་ཡ་མཚན་སྐྱེས་སོང། དེའི་ཕྱིར་ཁྱོད་ལ་ཚིག་ངན་བཤད་སོང་བས་ཡང་བསྐྱར་དགོངས་དག་ཞུ
    ༡ ཉིད་ཀྱིས་རྔ་བའི་མིང་གི་ཁྱབ་ཚད་ཀྱི་ཆ་ནས་ཀྱང་བསམ་ཚུལ་བཤད་ཀྱིན་འདུག སྐབས་འགར་རྒྱལ་མོ་ཚ་བ་རོང་ཚུན་ཆད་ལ་རྔ་བ་ཟེར་གྱི་འདུག་ཅེས་མི་དགའ་བའི་རྣམ་འགྱུར་བསྟན་འདུག ང་གསར་འགྱུར་ཀློག་མཁན་ཞིག་གིས་ངོས་ནས་བརྗོད་ན་བོད་ནང་གི་གནས་ཚུལ་གང་ཡིན་རུང་གསལ་བོ་བཟོ་རྒྱུ་ཧ་ཅང་གལ་ཆེན་རེད་བསམ་ཡོད། བོད་ནང་གི་གནས་ཚུལ་རྣམས་བོད་མི་ཙམ་མ་ཡིན་པར་ས་གང་དང་གང་ལ་གནས་ཚུལ་དེ་དང་དེ་སོགས་མི་རིགས་གཞན་དང་གཞན་གྱིས་ཤེས་དགོས་ན་ད་ལྟའི་རྒྱ་ནག་གི་དབྱེ་བགོ་བྱས་པའི་ས་ཁུལ་ལྟར་མིང་བརྗོད་རྒྱུ་གལ་ཆེན་རེད་དེ་མིན་ངོ་འཕྲོད་མི་ཐུབ་པ་ང་རང་ལ་ཉམས་མྱོང་གང་འཚམ་ཐོབ་སོང། གནས་ཚུལ་འདི་ངས་མ་བཤད་ཀྱང་ཁྱོད་ཚོས་ཤེས་ཚོད་རེད།
    ༢ རྔ་བ་རྔ་པར་བསྒྱུར་རུང་དེས་རྔ་བའི་ལོ་རྒྱུས་ལ་གནོད་པ་གང་ཡང་ཐེབས་མི་སྲིད། དེ་ནི་རྒྱལ་རབས་ལོ་རྒྱུས་རྣམས་སུ་གཟིགས་དང་ཡུལ་སོགས་ཀྱི་མིང་ལ་འགྱུར་བ་སྣ་ཚོགས་བྱུང་ཡོད་རུང་ལོ་རྒྱུས་ནི་ལོ་རྒྱུས་ཏེ་འདས་དོན་ཡིན་པས་འགྱུར་བ་འགྲོ་མི་སྲིད།
    ༣ ཁོ་བོར་མཚོན་ན་ད་བར་རྔ་བ་བྲིས་ནས་ཡོང་མཁན་ཞིག་ཡིན་ལ་ད་རུང་རྔ་བ་འབྲི་རྒྱུ་ཡིན། འོན་ཀྱང་རྔ་པ་འབྲི་མཁན་རྣམས་ལ་དགག་པ་བརྒྱབ་མི་ནུས་རྒྱུ་མཚན་དེ་ཡང་འབྲི་ཆོག་པ་ཞིག་དང་འོས་པ་ཞིག་རེད། རྔ་བ་ཞེས་པའི་མིང་དེ་བརྡུང་བྱའི་རྔ་དང་འབྲེལ་བ་ཡོད་པ་ཞིག་དང་ཡང་ན་མངའ་རུས་དང་འབྲེལ་བ་ཡོད་པ་གང་ཡིན་རུང་བ་དེ་བདག་སྒྲ་ལས་གཞན་འགྲོ་ས་མེད་པས་ཡིན། དེ་མིན་རྔ་ཡི་རྗེས་ཀྱི་བ་དེ་མིང་གི་ཆ་ཤས་སུ་འགྲོ་སྟངས་མེད་པས་དེ་ཁྱེད་རྣམ་པས་མཁྱེན་གསལ་རེད། གཞན་དུ་རྔ་བ་ཞེས་པ་བདག་སྒྲ་མིན་པར་འདོད་མཁན་དག་གིས་ནི་རྔ་བ་ཞེས་པའི་མིང་ལ་འགྲེལ་བ་གང་ཡང་མེད་པར་འདོད་རྒྱལ་ཡིན་པ་ངོས་ལེན་བྱེད་དགོས་པས་དེས་ཁྱེད་ཅག་གིས་ལུང་འདྲེན་གནང་བཞིན་པའི་མཁས་དབང་དག་གི་གསུང་ལ་ཡང་འགྱུར་བ་གཏོང་དགོས་པར་ཐུག དེས་ན་རྔ་བ་ཞེས་པ་བདག་སྒྲ་ཡིན་སོང་ན་བདག་སྒྲ་ལ་རྔ་པ་སྦྱར་རུང་མི་འགྲིག་པ་མེད་པ་མ་ཟད་བོད་ཀྱི་བརྡ་སྤྲོད་གང་གི་ལུགས་བཟུང་རུང་རྩོད་མེད་ཡིན། དེའི་ཕྱིར་ངས་དགག་མི་ནུས་པ་ཡིན། མཐར་ཞུ་རྒྱུ་ཞིག་ལ་ད་བར་ང་རྔ་བ་ལས་རྔ་པ་འབྲི་མཁན་ཞིག་མིན་དེ་ངོ་མ་ཡིན་ཡིད་ཆས་རུང་མ་ཆས་རུང། སུ་ལ་གནོད་ན་དེ་དགོངས་དག་ཞུ།

  63. གཡག་རྫི says:
    2012-09-11 at 3:33 pm

    བདག་སྒྲ་འདི་ལ་རྙོག་དྲྭ་ཆེ། །
    འདི་ལ་བརྟེན་ནས་ཕྱོགས་ཞེན་དང་། །
    རྩོད་པ་མང་བོ་འཕེལ་འདུག་ན། །
    པུ་ལིངྒ་ཡི་ཕུང་བོ་ཞེས། །
    ཕུང་བོ་དྲུག་ཅེས་བགྲང་ན་སྙམ། །
    འཇམ་པའི་དབྱངས་ཀྱིས་རྔ་པ་དང་། །
    དབྱངས་ཅན་ལྷ་མོས་རྔ་བར་བཞེད། །
    ཚད་མར་སུ་འདུག་ཐག་གཅོད་དཀའ། །
    རྔ་བ་ཞེས་པ་བདག་སྒྲ་ཡིན། །
    མདོ་སྨད་རྔ་ཡུལ་ནས་འོང་བའི། །
    མི་ལ་རྔ་བ་འབོད་པ་ཡིན། །
    རྨོངས་པ་བདག་གི་སྙམ་ཚོད་ལ། །
    རྔ་པ་མ་ཡིན་རྔ་བའོ། །
    བདག་སྒྲ་འདི་ལ་དཔྱད་པ་དགོས། །
    སྦྱོར་སྟངས་གཏན་ལ་དབབ་ན་ལེགས། །
    བརྗོད་བདེ་སྒྲ་མཚུངས་གཞིར་བྱས་ཚེ། །
    འདི་ལྟར་དགོས་ཞེས་ཐག་གཅོད་ནུས། །
    དེ་ལས་རྒྱུ་མཚན་གཞན་བཙལ་ན། །
    ཐོན་མི་ཞིང་དུ་གཤེགས་ཟིན་པས། །
    སུས་ཀྱང་ཐག་གཅོད་ག་ལ་ནུས། །
    དབྱངས་ཅན་གྲུབ་པའི་རྡོ་རྗེས་ཀྱང་། །
    ཆ་ལ་པ་ཉིད་སྦྱོར་ན་ལེགས། །
    གསུངས་པ་འདི་ལ་གོ་རྒྱུ་ཆེ། །
    བརྟག་པ་མཐར་བཟུང་ཚིག་གསུངས་པས། །
    གཏན་ལ་མ་ཕབ་དཔྱད་གཞིར་བཞག །
    དགེ་འདིས་བདག་སྒྲའི་རྩོད་ཞི་ཞིང་། །
    ཀུན་གྱིས་བདག་མེད་དོན་རྟོགས་ཤོག །

  64. ཀརྡོ་གཉེར་ཕྱག་པ་ says:
    2012-09-11 at 9:44 pm

    ཀརྡོས་ངས་ཀྱང་རྔ་བ་ལས། །
    ལྔ་པ་དག་པ་བཤད་ཟིནད་ཀྱང་། །
    གཡག་རྫི་བཞག་ནས་ཁ་བརྡར་བཞུགས། །
    པུ་ལིངྒ་ཡི་ཚིག་དོན་བཅོས། །

    ཐོན་མི་ཞིང་གཤེགས་རྗེས་སུ་ཡང་། །
    དབྱངས་ཅན་གྲུབ་རྡོས་པ་ལ་སྨོན། །
    བདག་མེད་དོན་རྟོགས་སྨོན་པ་བཟང་། །
    པ་པོའི་བདག་དབང་མ་ཕྲོགས་ཅིག །

    ཀུ་རེ་དང་བཅས་དགག་གཞག་ཕུལ། །

  65. ཨ་འདུས་མིག་ཆུ།། says:
    2012-09-12 at 4:22 am

    བོད་ཅེས་པ་དེས་དགོངས་དག་མང་པོ་ཞིག་ཞུས་འདུག་ཀྱང་། གལ་ཡོད་པ་མ་རེད། ཁྱེད་དང་འུ་གཉིས་ཀྱིས་སྐད་ཆ་གང་འདྲ་ཞིག་བཤད་ཀྱང་ཞྭ་ཆེན་མི་བཟོ་བ་ཞིག་དང་། མི་དཀར་ཞིག་མི་ནག་ཏུ་བསྒྲུབས་པ་དང་། མི་ནག་ཅིག་མི་དཀར་དུ་མི་བསྒྲུབ་པའི་དམ་བཅའ་ཞིག་སྙིང་ལ་ཡོད་ན་འགྲིག་པ་རེད།

    ཡིན་ནའང་ངས་ཁྱེད་ལ་སྐད་ཆ་ཁ་ཤས་འདྲི། དེ་ལ་ལན་མེད་ཚེ་ཚིག་གི་ཝུ་བ་མང་པོ་ཞིག་སྤུངས་པ་ལ་དགོས་པ་གང་ཡང་མི་འདུག

    རྔ་བ་ཞེས་པའི་མིང་མཐའ་ལ་བ་ཡིག་སྦྱར་ན། བདག་སྒྲ་རུ་མི་འགྲོ་བའི་རྒྱུ་མཚན་ག་རེ་ཡོད། དངུལ་ཆུ་ཡབ་སྲས་དང་། མདོ་སྨད་མཁས་པ་མང་ཆེ་བ། དབུས་ཀྱི་རྡོ་རྗེ་རྒྱལ་པོ་སོགས་ཀྱིས་བ་བདག་སྒྲ་ལ་འདོད་པའི་བཀའ་ཡིག་གསེར་ནག་འདྲ་བ་དག་ལ་ལན་ཇི་ལྟར་གདབ།

    རྔ་བ་ལབ་ཡ་དེ་ངེས་པར་ཨུ་ཚུགས་བཙན་ཐབས་ཀྱིས་བདག་སྒྲ་ལ་སྦྱར་དགོས་པ་ག་རེ་ཡིན་ནམ། གོང་དུ་གྲོགས་པོ་ཞིག་གིས་གསུངས་པ་བཞིན་གྲངས་ལྔ་དང་མི་ནོར་སླད་རྔ་བ་ལབ་ཅེ་ན་ག་རེ་མ་འགྲིག་པ་རེད། དེ་བཞིན་རྔ་བ་ནི་བཙས་མ་རྔ་བ་ལ་གོ་བ་རེད། སྤྱིར་བཏང་རྔ་བའི་ཡུལ་མི་མང་ཆེ་བ་བཙས་མ་རྔ་བ་ཤུགས་ཆེ་བས་ཐོན་བསྐྱེད་ཀྱི་ཆ་ནས་ཡུལ་མིང་ཐོགས་པ་རེད་ཅེ་ན་ག་རེ་མ་འགྲིག་པ་རེད། ཡིན་གཅིག་ཡུལ་ལུང་གི་མིང་ཞིག་ཡིན་ན་རྗེས་གྲུབ་ཀྱི་མིང་ཞིག་ཡིན་དགོས་པ་རེད་དམ། དེ་མི་དགོས་ན་རྔ་བ་ཞེས་པའི་མིང་ལ་ཡིན་གཅིག་རྒྱུ་མཚན་ནམ་སྒྲ་བཤད་ཅིག་འཚོལ་དགོས་དོན་ག་རེ་ཡིན་ནམ།

    སྤྱིར་བཏང་ཁྱོད་ཀྱིས་སྙན་ངག་ཡག་པོ་ཞིག་ཀློག་ཤེས་ས་མ་རེད། ཁྱོད་ཀྱིས་བཤད་པའི་བདག་གི་ཚིག་འཕྲེང་དེ་དང་། དེའི་ཉིད་ཀྱི་འགྲེལ་བ་གཉིས་ལ་ས་དང་གནམ་གྱི་ཁྱད་པར་འདུག རྒྱལ་རོང་ཚུད་ཆད་རྔ་བ་ཡིན་ན་ང་མི་དགའ་དགོས་དོན་མེད་ལ། ཡིན་ན་དགའ་དགོས་དོན་གང་ཡང་མེད། ཡིན་ནའང་བཙན་བྱོལ་རྒྱུད་ལམ་ཁག་ན། རྔ་པ་ལབ་ཡའི་ཐ་སྙད་དེ་བཀོལ་སྤྱོད་བྱེད་དུས་སྒྲ་ཡངས་པོར་འགྲོ་བ་དང་། སྒྲ་དོགས་པོ་འགྲོ་བ་སོགས་བྱས་ནས། ཀིརྟི་སྐྱབས་ཞེས་པ་ཞིག་གིས་བོད་ཀྱི་དུས་བབ་ནང་ལ། རྔ་བའི་སྐོར་ལ་རྩོམ་ཞིག་བྲིས་པ་མ་རེད་དམ། དེ་ཡང་མ་འགྲིག་པ་རེད་དམ།

    ཆོལ་ཁ་དང་ཆོས་ལུགས་ཀྱི་སྐོར་ནས་ཞེན་པ་གང་ལ་བྱས་འདུག་པ་གསལ་པོ་འབྲི་དགོས། དགོངས་དག་ཞུ་བཞིན། སྐད་ཆ་དོན་མེད་རྐྱང་རྐྱང་བཤད་ན། ཡག་པོ་མི་འདུག། ལྷ་ས་བ་ཡི་སྐྱག་པ་ཚུད་ཆད་ལབ་ཡ་དེ་ལབ་བཞིན་ཡོད་ན། དེ་དང་ཆོལ་ཁ་ཆོལ་ལུགས་སོགས་ཀྱི་བར་ལ་འབྲེལ་བ་ག་རེ་འདུག། སྙན་ངག་ཀློག་དུས་མིག་བཙུམ་ནས་ཐད་ཀར་འགྲོ་བ་་ཇི་བཞིན་མདུན་སྐྱོད་བྱ་རྒྱུ་ཡོད་པ་མ་རེད། དེ་ལ་དེའི་ཚོད་ཀྱི་རིན་ཐང་ཞིག་དང་། གོ་བ་ཞིག་ཡོད་པ་མཁྱེན་ན་ཡག་པོ་ཡོད་པ་རེད།

  66. མཁར་རྔ། says:
    2012-09-13 at 1:27 pm

    གོང་དུ་བོད་ཅེས་པ་དེས་རྔ་བ་རྔ་པར་བསྒྱུར་རུང་ལོ་རྒྱུས་ལ་གནོད་པ་མེད་ཚུལ་དང། ད་དུང་རྔ་པ་བྲིས་ན་དེ་རྒྱུ་མཚན་ཡོད་ཚུལ་བདག་སྒྲ་དང་མཐུན་ཚུལ་སོགས་མིང་པོ་བཤད་འདུག། དེས་ན་ཁྱོད་ལ་རེ་བ་གཅིག་ཞུ་རྔ་བ་མི་དམངས་ལ་ཚོགས་འདུ་ཞིག་བསྐོངས་ནས་དེ་འབྲེལ་བཤད་བྱེད་དགོས། སྔོན་ཀྱིས་ལོ་རྒྱུས་ཡིག་ཆ་དང་རྔ་བ་མི་དམངས་གིས་ངོས་འཛིན་ངམ་མཁས་པ་རྣམས་ཀྱིས་རྩོམ་ཡིག་སོགས་ལ་འགྱུར་བ་གཏོང་དགོས་ཚུལ་སོགས་ངེས་པར་དུ་བཤད་དགོས། དེ་དང་མཉམ་དུ་དགོས་པ་རྒྱུ་མཚན་སོགས་ཀྱིས་དེབ་ཞིག་འབྲི་དགོས། མདུན་ལ་ཐོན་ནས་སྐད་ཆ་བཤད་དགོས་ནང་ནས་ཕྱི་ལ་ཤོག། དེ་མ་གཏོགས་ནང་ལ་བསྡད་ནས་རྔ་བའི་ལོ་རྒྱུས་ལ་ནག་བསུབས་གཏོང་མི་ཆོག། གལ་སྲིད་རྔ་བ་མི་དམངས་གིས་ཁྱོད་ལ་མོས་མཐུན་ཐོབ་ན་ཁྱོད་ལ་གཟི་བརྗིད་དང་ལྡན་པའི་སྒོ་ནས་རྔ་བ་རྔ་པ་བསྒྱུར་བའི་གོ་སྐབས་ཡོད་པ་མ་ཟད་ཁྲིམས་དང་མཐུན་དེ་མིན་ཁྲིམས་འགལ་རེད། ད་དུང་བསམ་གཞིག་བྱེད་དགོས་པ་ཞིག་ནི་དོན་གནད་ཅི་ཞིག་བྱུང་ན་འགན་ཁུར་དགོས་རེད།

  67. མཁར་རྔ། says:
    2012-09-17 at 3:39 am

    རྔ་བ་ལ་རྔ་པ་བྲིས་པའི་རྔ་བའི་ལོ་རྒྱུས་ལ་གནོད་པ་ཕོག་ཡོད་པའི་བདེན་དཔང་ཞིག་རྙེད་སོང། ༢༠༡༢ ཟླ ༩ ཚེས ༡༤ ཉིན་ང་ཡི་གྲོགས་པོ་ཞིག་དབྱིན་ཇིའི་སྐད་ཆ་བཤད་སའི་འཛིན་གྲྭ་ལ་འགྲོ་བའི་སྐབས། ཁོའི་scotland ནས་ཡིན་པའི་བུ་མོ་ཞིག་དང་སྐད་ཆ་བཤད་སྐབས་ཁོ་ལ་ཕ་ཡུལ་གང་ནས་ཡིན་འདྲེས། ཁོས་ཕ་ཡུལ་ཨ་མདོ་རྔ་བ་Ngawaཡིན་ཟེར་དུས་མོའི་ཤེས་མེད་པ་དང་ཁོས་རྔ་བའི་ལོ་རྒྱུས་དང་ས་ཁུལ་སོགས་བཤད་སྐབས། མོའི་ཨོ་ཤེས་དང་ཤེས་Ngapaདང་Ngawaགཅིག་རེད་དམ་ཟེར་མོའི་དགའ་བོ་ཡང་ཚོང་ལས་གཉེར་ནས་ཁྲི་འདུ་ལ་བསྡད་ཡོད་ཟེར། ཁོས་མོ་ལ་བོད་ནང་ནས་རྔ་བ་ཡིན་པ་དང་འདུ་ནས་རྔ་པ་བྲེས་པ་རེད་ཟེར་དུས་མོ་མགོ་འཐུམ་པདང་བཅས་དངོས་ཡོད་དང་སྒྲ་གདངས་དག་ཆ་སོགས་མཐུན་དགོས་རྒྱུ་གལ་ཆེན་པོ་རེད་ཟེར། ང་ཡིའི་གྲོགས་པོ་དེའི་ང་ལ་རྔ་པ་བྲེས་པ་དེའི་རྔ་བ་ལ་གནོད་པ་ཡོད་ཚུལ་སོགས་བཤད་སོང་དེར་བརྟེན་ང་ཡི་བྲིས་པ་ཡིན། སྤྱིར་མི་སེར་སྐྱོས་མའི་ནང་ལ་དེ་འདྲི་གོ་ལོག་ཐེབས་ཡོད་དུས་མི་ཆེན་པོ་འམ་ཡང་ནཚོགས་པ་ཁག་དང་གཞུང་འབྲེལ་བཅས་ལ་སྨོས་ཅི་དགོས། སྤྱིར་རྔ་བའི་མི་ཚོགས་པ་དང་གཞུང་འབྲེལ་གང་གིས་ནང་ལ་ལས་ཀ་བྱེད་མི་དཀོན་པོ་རེད། གལ་སྲིད་རྔ་བའི་མི་ལས་བྱེད་རེ་ཡོད་ན་དེ་ལས་མང་བའི་གནོད་པ་ཡོད་ཚུལ་མཐོང་ཐུབ། གང་ལྟར་ཕྱི་རྒྱལ་གྱི་མི་ལ་གོ་ལོག་ཞིག་སྤྲད་ཡོད་འདུག། ད་འདི་མགྱོགས་པོ་འགྱུར་བ་མ་བཏང་ན་བོད་གྱིས་གཞོན་སྐྱེས་ཚོ་ལ་གོ་ལོག་ཐེབས་སྲིད། འདི་ནི་མི་ཞིག་གིས་དོན་མིན་པར་རྔ་བ་ཚང་མའི་དོན་དག་རེད་འདས་མ་འོངས་ད་ལྟ་དུས་གསུམ་ལ་བསམ་བློ་གཏོང་དགོས། འདིའི་དོནདག་དུ་གང་ནས་བྱུང་བ་དང་གང་འདྲ་བྱས་ནས་བཅོས་དགོས་པ་རེད་རྔ་བ་ཚང་མིའི་བསམ་བློ་གཏོང་རོགས། གལ་སྲིད་ད་ལྟ་མ་བཅོས་ན་མ་འོངས་པ་ན་གང་འདྲ་ཞིག་ཆགས་འགྲོ་ས་རེད། ཚང་མའི་ཤེས་གསལ་ལྟར་བྱ་བ་ཅི་ཞིག་ཡིན་ནཁ་བཤད་ཙམ་མིན་པར་ལག་བསྟར་བྱེད་དགོས་རེད་དེ་མིན་འགྲུབ་མི་སྲིད།

  68. རྨུ་ཐག་གི་བུ་རྒྱུད། says:
    2012-09-17 at 12:09 pm

    མཆན་ཨང་ ༦༧ པ་ལགས། དག་ཆ་ལ་གཟབ་ནན་བྱེད་རོགས།

  69. གཡག་རྫི says:
    2012-09-17 at 2:34 pm

    རྔ་བ་རྔ་པ་གཉིས་ཀ་འགྲིག །
    གང་ལྟར་འབྲི་ན་འགལ་བ་མེད། །
    དབུས་གཙང་བ་ཡིས་རྔ་པ་འབྲི། །
    ཨ་མདོ་བ་ཡིས་རྔ་བ་འབྲི། །
    འདི་ནི་བརྗོད་བདེའི་དབང་དུ་བྱས། །
    རྔ་བ་འདི་ནི་བདག་སྒྲ་ཡིན། །
    འོན་ཀྱང་མང་བོས་ནོར་བ་བཟོས། །
    གལ་ཏེ་བདག་སྒྲ་མ་ཡིན་ན། །
    རྔ་བ་པ་ཞེས་འབྲི་དགོས་ཐལ། །

  70. མཁར་རྔ། says:
    2012-09-18 at 1:47 pm

    རྔ་བའི་མིང་བདག་རྔ་བའི་མི།
    མིང་བདག་བྱེད་པའི་ཐོབ་ཐང་ཡོད།
    དབུས་གཙང་བ་ལ་བསྟུན་དོན་མེད།
    རང་ཚུགས་མེད་ནོ་བླུན་པོ་ཡིན་པའི་རྟགས།
    བླུན་རྟགས་མ་བསྟན་ཅོལ་ཆུང་ཚོ།
    ཨ་མདོ་བ་ཞེས་འབོད་པ་དང།
    དབུས་གཙང་བ་ཞེས་བྲིས་པ་ལྟར།
    བ་འདི་བྲིས་ན་བདག་སྒྲ་མིན་དོན་ཅི།
    རྔ་བ་བྲིས་ན་འགལ་བ་ཡོད་དོན་ཅི།
    ཡུལ་མིའི་ངོས་འཛིན་ལོ་རྒྱུས་ཡིག་ཆ་ལ།
    གས་ཆག་མ་གཏོང་བླན་པོའི་རིགས།
    རྔ་བ་རྔ་པར་བསྒྱུར་བའི་དམིགས་ཡུལ་ཅི།
    རྒྱལ་སྤྱིའི་ཁྲིམས་འགལ་མ་བྱེད་ཁྲེལ་མེད་ཚོ།
    ནམ་ཞིག་ཁྲིམས་ལ་གཏུག་ཡོང་ཀླད་མེད་ཚོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme