Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྔ་པ་ནས་བུད་མེད་ཉིས་བརྒྱའི་ཞི་རྒོལ།

Posted on 2012-05-10 By ཁ་བརྡ་ 13 Comments on རྔ་པ་ནས་བུད་མེད་ཉིས་བརྒྱའི་ཞི་རྒོལ།

ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡ ཉིན་བོད་ཨ་མདོ་རྔ་པའི་རྔ་སྟོད་ཨ་འདུས་མཐའ་བ་དང་རྒྱ་སྡེ་ཚོ་གསུམ་སོགས་ཀྱི་བུད་མེད་༢༠༠ མ་ཟིན་ཙམ་གྱིས་དེ་སྔོན་ཨ་འདུས་སྡེ་བ་ཁག་གི་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རྣམས་གློད་གྲོལ་གཏོང་དགོས་པའི་རེ་འདུན་འདོན་པར་རྔ་པ་རྫོང་སྲིད་དུ་སོང་ཡོད་ཀྱང་། ཨ་འདུས་སྡེ་བ་ནས་མར་སྤྱི་ལེ་བདུན་ཙམ་གྱི་སར་ཡོད་པའི་མཚམས་རིང་སྡེ་འདབ་ཏུ་དྲག་ཆས་ཉེན་རྟོག་པ་དང་། སྤྱི་བདེ་ཉེན་རྟོག་པ་སོགས་ཀྱིས་བཀག་འགོག་བྱས་ཏེ་འགྲོ་ཐུབ་མེད་ཀྱང་། སྐབས་དེར་དུས་ཡུན་རིང་པོར་ཨ་འདུས་སྡེ་བའི་བུད་མེད་ཚོ་དང་དྲག་ཆས་ཉེན་རྟོག་པ་སོགས་ཀྱི་བར་དུ་འཁྲུག་རྩོད་ཆེན་པོ་བྱུང་ཞིང་མདུན་བསྐྱོད་ཉེན་རྟོག་པ་སོགས་ལ་རྔ་པ་རྫོང་ཐོག་ནས་རྒྱབ་དཔུང་དུ་དྲག་ཆས་ཉེན་རྟོག་པ་འབོར་ཆེན་འབྱོར་སྟེ་ཛ་དྲག་གི་གདོང་ཐུག་བྱུང་ཉེའི་སྐབས་ཨ་འདུས་དགོན་པའི་ལས་སྣེ་སོགས་ཕེབས་ཏེ་མི་མང་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་ནན་གྱིས་བཏོན་པ་ལྟར་མི་མང་གིས་ཕྱིར་འཐེན་བྱས་འདུག

དེ་རྗེས་མི་མང་གིས་གྲོས་བྱས་ཏེ་དེང་སྐབས་བཀག་ཉར་འོག་ཡོད་པ་རྣམས་མི་སྒེར་བ་ཞིག་དང་ཁྱིམ་ཚང་གཅིག་གཉིས་ཤིག་གི་ཆེད་དུ་བཙོན་ཁང་དུ་སོང་བ་མ་ཡིན་པར་བོད་སྤྱི་བའི་ཆེད་ཡིན་པ་དང་། དེ་བཞིན་ཨ་འདུས་ཥེ་བ་སྡེ་བའི་རྒྱལ་གཅེས་དཔའ་བོ་འཇམ་དབྱངས་སོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ད་ལོའི་ས་ཞིང་འདེབས་ལས་མི་བྱེད་པ་དང་། དབྱར་རྩ་དགུན་འབུ་མི་བསྐོ་རྒྱུ་བཅས་བསམ་པ་གཅིག་མཐུན་གྱིས་ཐག་གཅོད་བྱས་ཡོད་ཀྱང་། ཕྱི་ཟླ་ ༥ ཚེས་ ༥ ཉིན་དེ་སྔོན་འཛིན་བཟུང་བྱས་པའི་མི་བདུན་རྔ་པ་རྫོང་ཐོག་ནས་གློལ་གྲོལ་བྱས་ཏེ་ཞང་སྲིད་གཞུང་དུ་ཉིན་གསུམ་རིང་སློབ་གསོ་སྤེལ་དགོས་ཚུལ་གྱིས་བཀག་ཉར་རྗེས་གློད་གྲོལ་བཏང་འདུག་པ་དང་། དེ་མིན་ད་དུང་བཀག་ཉར་འོད་ཡོད་པ་རྣམས་ཀྱང་མི་འགྱང་པར་གློད་གྲོལ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པར་བརྟེན། དབྱར་རྩ་དགུན་འབུ་སྐོ་རུ་སོང་ཡོད་ཀྱང་ས་ཞིང་འདེབས་ལས་མ་བྱས་པར་མུ་མཐུད་ལྷག་ཡོད་འདུག
ཡང་ཕྱོགས་གཅིག་ནས་ད་ལྟ་བཀག་ཉར་འོག་ཡོད་པ་རྣམས་ལ་ནག་ཉེས་ལྕི་མོ་ཡོད་ཚུལ་ཀྱང་བརྗོད་ཀྱིན་ཡོད་འདུག ཕྱི་ཟླ་ ༤ ཚེས་ ༢༦ ཙམ་ནས་རྔ་པའི་སྟོད་སྨད་བར་གསུམ་ཚང་མས་ས་ཞིང་འདེབས་ལས་བྱེད་པའི་མགོ་བཙུགས་ཡོད་ལ་ད་ཆ་ཚང་མས་ལས་ཀ་རྫོགས་ཚར་ཡོད་འདུག ཨ་འདུས་སྡེ་བ་ཁག་ནི་འཚོ་བའི་ཡོང་འབབ་གཙོ་བོ་ཞིང་ལས་ལ་བརྟེན་ཡོད་པའི་ཞིང་པ་རྐྱང་རྐྱང་ཡིན་ཞིང་། ས་ཞིང་འདེབས་ལས་མི་བྱེད་པ་ནི་ཞིང་པ་དེ་དག་ལ་མཚོན་ན་འཚོ་བའི་ཡོང་འབབ་གཙོ་བོ་དེ་མེད་སོང་བ་ཡིན།  དེ་སྔོན་རྨས་སྐྱོན་ཕོག་པ་ཕལ་ཆེ་བ་སྨན་ཁང་ནས་ཐོན་ཏེ་སོ་སོའི་ནང་ལ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་ཀླད་ཁྲག་སྲེས་ཡོད་པའི་སློབ་དཔོན་སྐྱབས་ད་དུང་མུ་མཐུད་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༩ ལ།

གསར་འགྱུར།

Post navigation

Previous Post: མཆོད་མེ་འབུལ་མཁན་རྣམས་ལ་རྗེས་དྲན་དང་འབྲེལ་བའི་རགས་ཙམ་གླེང་བ།
Next Post: གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་རྒྱ་གར་དང་བལ་ཡུལ་ས་མཚམས་སུ་འབྱོར་བ།

Comments (13) on “རྔ་པ་ནས་བུད་མེད་ཉིས་བརྒྱའི་ཞི་རྒོལ།”

  1. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-05-10 at 4:15 am

    འདིས་མཐུན་སྒྲིལ་ལ་ད་གཟོད་སྟོབས་ཤུགས་ཡོད་པ་མཚོན་པ་མ་ཡིན་ནམ།

  2. རྡོ་རིགས་པའི་མདའ་མོ། says:
    2012-05-10 at 8:19 am

    བོད་མི་རིགས་འདི་གཉིད་ལས་སློང་མཁན་གཙོ་བོ་དེ་དགྱ་ནག་དམར་པོ་སྲིད་གཞུང་གི་བྱེད་ལས་རེད་འདུག བཙན་བྱོལ་ནང་གི་བུད་མེད་ཚོ་འང་ངེས་དོན་གྱི་རྨོངས་གཉིད་ལས་སད་རན་འདུག

  3. བཀྲ་ཤིས་དོན་འགྲུབ says:
    2012-05-10 at 10:05 am

    བོད་ནང་གི་བོད་མིའི་ལ་རྒྱ་ནི་རི་བོ་ལས་བརྟན་པ་། བོད་ཀྱི་ཕྱི་ལོག་དུ་ཡོད་པའི་བོད་པ་རྣམས་ཀྱི་བོད་ཀྱི་ལ་རྒྱ་ནི་ཙི་ཙི་རྔ་མ་རང་རེད་བཞག།

  4. རེབ་ཐོག་མདའ says:
    2012-05-10 at 11:27 am

    གལ་སྲིད་རྔ་བའི་མི་བུ་དག་སྙིང་སྟོབས་དེ་ལ་སེམས་བསམ་པའི་གཏིང་ནས་རྗེས་སུ་ཡིད་རང་ཡོད་། བོད་ས་ཡོངས་རྫོགས་དང་ལྷག་ང་དང་ང་ལྟ་བུའི་རང་དབང་ལོངས་པའི་ནང་མྱི་འདི་དག་ཡང་རང་ཉིད་གཅིག་པོ་འམ་ནང་མི་ཁ་ཤས་ཡིས་དོན་དུ་མི་འདུར་བར་བོད་སྤྱི་བའི་དོན་ལ་རྡོག་རྩ་གཅིག་སྒྲིལ་ཀྱི་ངང་ནས་ལས་དོན་རེ་སྒྲུབ་གྱིས་ན་ད་ང་ཚོས་དངོས་རང་དབང་ཞིག་གང་མགྱོགས་ངང་ཐོབ་ཐུབ་ཀྱིས་རེད་། དེ་མ་གཏོགས་འདི་འདྲ་བྱས་དེ་ཉི་མ་སྐྱེལ་ཐུབ་རེད་བྱས་ནས་བསྡད་ན་ད་ཚོ་ཕར་བཞག་ཞོག་མི་རབས་རྗེས་མ་ཚོས་ཡང་ང་ཚོས་དང་འདྲ་བར་སྡུག་མྱོང་དགོས་གྱི་རེད་ཡ

  5. ཁ་བ་དཀར་བོ། says:
    2012-05-10 at 12:32 pm

    རྔ་བ་དང་བོད་ནང་གི་མིའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཡོད།འོན་ཀྱང་འདི་ལྟར་ཞིང་ལས་མ་བྱས་པར་བསྡད་ན་དཔལ་འབྱོར་གྱི་ཕྱོགས་ནས་གྱོང་གུད་ཚབས་ཆེན་ཐེབས་རྒྱུ་རེད།དེ་ལས་ལྡོག་དེ་ང་ཚོ་ཤེས་དཔལ་གཉིས་ཀྱི་སྟེང་ནས་རང་དབང་ཐོབ་པ་ཞིག་བྱས་ན་བཟང་།

  6. རྒྱལ་མཚན says:
    2012-05-10 at 12:54 pm

    གསར་འགོད་པ་ལགས
    རྔ་པ་མ་རེད་རྔ་བ་རེད་
    པ་དང་བ་ཁྱད་པར་ཡོད་རེད

  7. རྣམ་སྲས། says:
    2012-05-10 at 12:55 pm

    ཧ་ཅང་གིས་ལས་འགུལ་ཡག་པོ་སྤེལ་འདུག་པས་བསྔགས་བརྗོད་ཡོད་པར་མ་ཟད། འདི་འདྲའི་ལས་འགུལ་དེ་ང་ཚོས་བསྟུན་མར་སྤེལ་དགོས་པ་ཞིག་རེད། འོན་ཀྱང་སྲོག་ཉེན་ལའང་གཟབ་རྒྱུ་ཧ་ཅང་གིས་གལ་ཆེ།

  8. གཉིས་མེད་སེངྒེ says:
    2012-05-10 at 12:58 pm

    རྔ་བའི་མི་དམངས་གུས་འདུད་ཞུ། ཞེས་པའི་ཚབ་ཏུ་རྔ་བའི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཞུ།

  9. ལུང་རྟོགས། says:
    2012-05-10 at 2:27 pm

    བོད་ནང་གི་བོད་མིའི་སྙིང་སྟོབས་ལ་ནམ་ཡང་ཡི་རང་ཞུ།

  10. ཆོས་འཕེལ་དར་རྒྱས་ says:
    2012-05-10 at 4:14 pm

    ཞིང་ལས་མི་བྱེད་པ་དང་དབྱར་རྩ་མ་རྐོ་བ་སོགས་ཀྱིས་ཀྲུང་གོའི་གཞུང་ལ་ཕན་དང་གནོད་པ་གང་ཡང་མ་མཐོང་། ངེད་ཅག་གི་རང་ཁ་རང་གསོ་དང་རང་ཡུལ་རང་སྐྱོང་བྱེད་དགོས་ན་ས་ཞིང་འདེབས་པ། དབྱར་རྩ་སོགས་ཞོར་ལས་བྱེད་པ་དེའི་རིགས་མུ་མཐུད་དུ་ལས་དགོས་བསམ། གཞན་ག་དུས་ཡིན་ཡང་མི་ལ་ལག་པ་བསྲེང་དགོས་དུས་སྐྱོབ་གསོ་བྱེད་མཁན་ལ་མི་ཉན་རང་ཉན་རེད་འདུག དེ་མིན་སྐྱབས་བཅོལ་ནང་ཡོད་པའི་བུ་མེད་ཚོས་ཚོགས་དངུལ་རྐོག་ཟོས་ཡིན་མིན་རྩོད་པ་ལས་བོད་ནང་གི་བུ་མེད་དེ་ཚོའི་སེམས་ཤུགས་ལ་ལྟ་རོགས་གནང་།

  11. བསྟན་འཛིན་ says:
    2012-05-10 at 6:35 pm

    དབྱར་རྩ་དགུན་འབུ་མི་རྐོ་བ་ནི་རང་ཁ་རང་གིས་འབྲེག་པའོ། །དེས་ན་ཚང་མས་དབྱར་རྩྭ་དགུན་འབུ་རྐོས། རང་ཉིད་ཀྱི་འཚོ་བ་རང་ཉིད་ཀྱིས་སྐྱེལ་དགོས།

  12. ལྷོ་པ་ལུང་རིགས says:
    2012-05-10 at 9:36 pm

    པ་དང་བ་ཡི་ཁྱད་པར་དེ།།
    ཤེས་པས་བལྟས་ན་རྔ་པ་འགྲིག།
    མིང་དང་བྱ་བའི་ཚིག་གི་ཁྱད།།
    མ་ཤེས་རྨོངས་ན་རྔ་བ་འགྲིག།

  13. རུ་ཤུལ་བུ་ says:
    2012-05-10 at 11:11 pm

    ལོ་རྒྱས་ཀྱི་རྒྱབ་ལྗོངས་ན་མི་ཏིག་བཞིན་འཚེར་བའི་གུར་སྟེང་ཀུན་བཟང་ལྟ་བུའི་དཔའ་མོ་དག་ལ་གུས་འདུད་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme