Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་གྱིས་རང་ལུས་མེར་བསྲེགས་བཏང་གནས།

Posted on 2013-02-132013-02-14 By ཁ་བརྡ་ 8 Comments on རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་གྱིས་རང་ལུས་མེར་བསྲེགས་བཏང་གནས།

ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༣ ཉིན་གནས་ཚུལ་གསལ་རྟོགས་བྱུང་བར། ཕྱི་ཟླ་༢ ཚེས་༣ ཉིན་གྱི་བོད་ནང་གི་ཞོགས་ཀའི་དུས་ཚོད་༦ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ། རང་ལོ་༣༧ ཡིན་པ་ཁོང་གིས་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་མཁར་གྱི་སྤྱི་བདེ་ཉེན་རྟོག་ཁང་དང་ཐག་ཉེ་ཙམ་ནས་རང་ལུས་མེ་རུ་བསྒྲོན་ཏེ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སོགས་སྐད་འབོད་བྱེད་བཞིན་ཉེན་རྟོག་ཁང་གི་ཕྱོགས་སུ་རྒྱུགས་ཡོད་པ་དང་། ཁོང་ས་གནས་དེ་ག་རང་ནས་འདས་གྲོངས་སུ་གྱུར་ཡོད་འདུག་ལ། སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་ཁོང་གིས་རང་ལུས་མེར་སྲེག་གཏོང་ས་དེ་ནས་རྒྱབ་ཁུག་ཅིག་གི་ནང་ནས་ཐོབ་ཐང་ལག་ཁྱེར་དང་ཡི་གེ་ཞིག་རྙེད་སོན་བྱུང་བ་ལྟར་བརྩད་གཅོད་བྱས་མཐར་ཁོང་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་ཡིན་པ་ར་སྤྲོད་གསལ་པོ་བྱུང་ཡོད་འདུག་མོད། ཡི་གེའི་ནང་དོན་ཤེས་རྟོགས་མ་བྱུང་ལ། དེ་བཞིན་ཁོང་གི་སྐུ་ཕུང་ཡང་ནང་མིར་མ་སྤྲད་པར་རྒྱ་གཞུང་གིས་མེར་སྲེག་བཏང་རྗེས་རུས་ཐལ་ཞིག་མ་གཏོགས་སྤྲད་མེད་ཀྱང་དེ་འབྲེལ་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།

ཡང་གནས་ཚུལ་ཤེས་རྟོགས་བྱུང་བར། ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་དགུ་པའི་ནང་གྲྭ་བློ་བཟང་རྣམ་རྒྱལ་གློ་བུར་དུ་བདུན་ཕྲག་གཉིས་ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་ལ། སྐབས་དེར་འཛིན་གྲོགས་རྣམས་དང་ནང་མི་སོགས་ཀྱིས་སེམས་ཁྲལ་ཆེན་པོས་ཉིན་མཚན་མེད་པར་བཙལ་ཡང་རྙེན་སོན་མ་བྱུང་མོད། རྗེས་སུ་ཤེས་རྟོགས་བྱུང་བར་རྔ་པའི་ཉེན་རྟོག་པས་བཀག་ཉར་བྱས་པ་ཡིན་འདུག་ལ།  འཇིགས་སྐུལ་འདྲ་མིན་བྱས་མཐར་གྲྭ་པ་མིན་ཚུལ་བརྗོད་བཅུག་སྟེ་དགོན་པའི་ནང་དུ་འདུག་མི་ཐུབ་པ་བཟོས་འདུག་ལ། སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་ཀྱང་ཁོང་གཞང་ཁང་ནང་ནས་འཛིན་བཟུང་བྱས་ཚུལ་གྱི་གཏམ་འཆལ་བསྒྲགས་ཡོད་འདུག དེ་རྗེས་ཁོང་ཟླ་བ་ཁ་ཤས་རིང་འབྲོག་ཁུལ་གྱི་སྤུན་ཉེ་སོགས་ཀྱི་ནང་དུ་འཁྱམ་ཉུལ་བྱས་ཏེ་བསྡད་ཡོད་ཀྱང་ཁོང་གར་སོང་ས་ན་ཉེན་རྟོག་པས་རྗེས་འདེད་དང་ལྟ་རྟོག་བྱས་ཏེ་སུན་གཙེར་འདྲ་མིན་བྱས་ཡོད་འདུག
རང་ལུས་མེར་སྲེག་གཏོང་བར་མ་སོང་སྔོན་དེར་རྔ་པ་ཀིརྟི་དགོན་ནང་དུ་ཡོང་ནས་ ཁོ་རང་ད་ནས་བཟུང་གནས་གཞན་ཞིག་ལ་སྒྲིབ་སྦྱོང་བྱེད་དུ་འགྲོ་གི་ཡིན་བརྗོད་དེ་སོང་ཡོད་འདུག
དེང་སྐབས་ཁོང་ཚང་གི་ཤུལ་ལུས་ནང་མི་སྤུན་མཆེད་ཚང་མའི་ཁ་པར་དང་འགྲོ་འདུག་སོགས་ལ་བྱ་ར་བྱས་ཡོད་ཅིང་། སྤུན་ཆུང་བ་གྲྭ་བློ་བཟང་སངས་རྒྱས་ཉིན་ཤས་རིང་བཀག་ཉར་ཡང་བྱས་ཡོད་འདུག
གྲྭ་བློ་བཟང་རྣམ་རྒྱལ་ལགས་ནི་རྔ་པ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་ཕ་སྐར་ཁོ་དང་། མ་སྐར་སྐྱིད་གཉིས་ཀྱི་བུ་ཡིན་ཞིང་། ཁོང་ཚང་ལ་བུ་བཞི་དང་བུ་མོ་བཞི་བཅས་མིང་སྲིང་བརྒྱད་ཡོད་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། དེང་སྐབས་འཛིན་གྲྭ་མཛོད་ལོ་རིམ་གཉིས་པ་ཡིན་པ་དང་། རྒྱུན་དུ་གཉོམ་ཆུང་ཚུལ་མཐུན་བྱས་ཏེ་ཚོགས་ཆོས་ར་དང་། དཔེ་ཁྲིད་སོགས་ལ་ཆགས་མེད་ཀྱིས་ཕེབས་མཁན་ཞིག་ཡིན་འདུག་ལ། ལྷག་པར་དུ་ཀུན་སྤྱོད་ཀྱི་ཐད་ནས་གཞན་གྱི་མིག་དཔེར་འོས་པ་ཞིག་ཡིན་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༣ ལ།

གསར་འགྱུར།

Post navigation

Previous Post: རྡོར་གླིང་ལྕཊ་པོ་རིའི་བོད་ཀྱི་གསོ་རིག་མཐོ་སློབ་ནང་སྨན་སློབ་གསར་བསྡུའི་གསལ་བསྒྲཊ།
Next Post: ཕྱི་ལོ་༡༩༡༡དང་༡༩༡༢ བར་ལ་བོད་དབུས་གཙང་ཁམས་གསུམ་ནས་རྒྱ་མི་ཕྱིར་འབུད་བཏང་བའི་ཕྱི་ནང་གི་རྒྱུ་རྐྱེན་ལ་བལྟ་བ།

Comments (8) on “རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་གྱིས་རང་ལུས་མེར་བསྲེགས་བཏང་གནས།”

  1. འཇམ་གཅེས says:
    2013-02-13 at 10:08 am

    ཨ་ཁ་ཁ་ཁ་ཁ་་་་་་་ད་ཡིན་ན་ངོ་མ་གང་དགོས་མི་ཤེས་པ་ཆགས་ས་རེད་་་་་

  2. རི་རྒྱལ་ཏི་སེ། says:
    2013-02-13 at 12:16 pm

    བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་འདོར་བར་ཕོད་པའི་དཔའ་བོ་དཔའ་མོ་ཁྱེད་རྣམས་པའི་སྙིང་སྟོབས་ལ་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན་ལ། ངེད་རྗེས་སུ་ལུས་པའི་བོད་རིགས་སྤུན་ཟླའི་ཁྲོད་དུ་ནི། ཁྱེད་གཤེགས་ཟིན་པ་རྣམས་པའི་གྲངས་འདྲེན་ཙམ་ཡང་རྩི་ཐུབ་མཁན་དཀོན་པར་བརྟེན། རང་ལུས་མེར་ཀྱི་གྲངས་རྩིས་མ་ནོར་བར་འདྲེན་ཐུབ་མཁན་འདྲ་ཡོད་ཚེ། གསུངས་རོག་གནང་ཞུ་རྒྱུ་ཡིན།

  3. tsering kyab says:
    2013-02-13 at 12:26 pm

    ༄༅།རྒྱལ་བཅེས་ལྷག་བསམ་རབ་ཏུ་ཕྱུག་པའི་དཔའ་བོ་ཕོ་མོས་རྣམས་ལ་སྙིང་དབུས་ནས་གུས་བསྟུས་དང་སྐྱེ་བ་ཕྱི་མ་དག་པའི་ཞིང་ཁྲུང་པའི་སྨོན་ལམ་དངབརྩེ་གཅིག་ཏུ་འདེབས།
    སླར་ཡང་རྨོང་བ་བདག་གི་རེ་འདུན་ཞུ་རྒྱུ་ནི་བོད་མི་གཅིག་གི་ཚེ་སྲོགས་ཤོར་ནའང་ཧ་ལས་པའི་སེམས་འཕང་ཆེན་པོ་འདུག།
    འཛམ་གླིང་ཧྲིལ་པོ་འདི་ཡི་སྟེང་ད་ལྟའི་ཆར་ང་ཚོ་གྲངས་ཉུང་མི་རིགས་ཞིག་ཡིན་པར་སོང་བོད་གཅིག་སྲོག་ཤོར་ནའང་བློ་ཕམ་ཡོང་གི་འདུག།
    དེར་རྟེན་སྐུ་ལུས་མེ་ཆོས་སུ་འབུལ་མི་དགོས་པའི་པར་ཐབས་ལམ་ཅི་ནས་ཀྱང་ཡོང་བ་ཞུ།

  4. ནག་ཐར་སྐྱིད། says:
    2013-02-13 at 1:06 pm

    རྒྱལ་གཅེས་དཔའ་བོའི་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་།ཚེ་རབས་ནས་ཚེ་རབས་ལ་༧རྒྱལ་དབང་མཆོག་གི་རྗེས་སུ་འཛིན་པར་སྨོན།

  5. རེབ་སྐྱིད་མཚོ says:
    2013-02-13 at 2:18 pm

    མེར་སྲེག་གི་གསེབ་ཏུ་འཚོ་བ་རོལ་མི་ཐུབ་ལ་མི་ཚེ་བསྐྱལ་མི་ཐུབ་ད་དུང་ཕ་རོལ་པའི་འདོད་དོན་
    འགེམ་པ་ལ་དཀའ་ལས་ཞིན་ཏུ་ཆེ།

  6. མྱི་དཀར་ says:
    2013-02-13 at 4:05 pm

    བཤུལ་ལུས་བོད་མི་དག་གི་སྙིང་སྟོབས་དང་ལྷག་བསམ་ངོ་མ་ཅན་གྱི་བརླབ་ཆེན་རེད་རང་ཉིན་ལ་མཚོན་ན་མེ་བསྲེག་ནི་སྐལ་བ་སྟོང་ལ་ཚོགས་བསགས་ཀྱང་རྨི་ལམ་གྱི་ཡུལ་དུ་ཡང་ཡོང་མི་ཐུབ་པ་ཞིག་རེད་གང་ལྟར་ངུ་ངག་དང་སྐྱོ་གདུང་གིས་མི་ཚེ་ལ་རིན་ཐང་འཚོར་དགོས་བ་མ་གཏོགས་གཞན་ཅི་ཡང་མི་འགྱོན་ཅི་འདྲའི་ལས་ངན་ཤིག་རེད་སྙིང་ཉེ་བའི་དཔའ་བོ་དང་དཔའ་མོ་རྣམས་ཁྱེད་ཚོ་ལ་ངས་དགོངས་དག་ཞུ་སེམས་གཏིང་ནས་དགོངས་དག་ཞུ་ངའི་ཅི་ཡང་འགྱོན་མ་སོང་ད་རུང་ངས་ཁྱོད་ཚོའི་ཆེད་དུ་སྐྱོ་དགུང་གི་གླུ་དབྱངས་སྙན་མོ་ཞིག་གྱང་གྱེར་ཐུབ་གྱིན་མི་འདུག

  7. གནམ says:
    2013-02-13 at 4:33 pm

    ལོ་ནས་ལོ་ལ་རྩོད་ཐུབ་པའི་དཔའ་བོ་དཔའ་མོ་ཚང་མའི་མི་རིགས་ཀྱི་བརྩེ་ཞེན་དང་རྒྱལ་ཁབ་ཀྱི་ལ་རྒྱ་བསམ་ན། བོད་འདི་དགྲ་ལག་ནས་ཐར་བའི་ཉི་མ་ཇེ་གསལ་ནས་ཇེ་གསལ་དུ་ཤར་བ་ལ་དགའ་བ་དང་ཚེ་སྲོག་གི་འགྲོ་སོང་ལ་སྐྱོ་བས་གདུང་བཞིན་གུས་དུད་ཞུ།

  8. ཨ་ཕྱི་ཆོས་སྒྲོན says:
    2013-02-13 at 4:58 pm

    ད་མཚམས་བཞག་ན་ཡག་ས་རེད།
    དེ་མིན་
    http://www.youtube.com/watch?v=J9uKE7i3Xxg&feature=player_embedded
    དེས་ན་གཟབ་ན་བཟང་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (19)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme