Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ།

Posted on 2012-08-07 By ཁ་བརྡ་ 18 Comments on རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༥།༥ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས། རང་ལོ་ ༢༡ ཙམ་ཡིན་པ་ཁོང་གིས་ཀིརྟི་དགོན་པའི་ཉེ་འདབས་ཀྱི་དཔའ་བོའི་སྲང་ལམ་ནས་རང་ལུས་མེར་སྲེག་གིས་སྐད་འབོད་བྱེད་བཞིན་མར་ཁྲོམ་གཞུང་དུ་རྒྱུག་འདུག་ཀྱང་ལམ་དེར་ཡོད་པའི་ནགས་ལས་ཁང་གི་ར་སྐོར་ནང་ལ་རྒྱུན་དུ་ཡིབ་སྡོད་བྱས་ཡོད་པའི་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་མེ་གསོད་ཡོ་ཆས་བེད་སྤྱོད་ཀྱིས་མེ་བསད་ཅིང་ཐང་ལ་འགྱེལ་བཅུག་རྗེས་རླངས་འཁོར་ནང་གཡུག་ནས་རྔ་པ་རྫོང་སྨན་ཁང་དུ་ཁྱེར་འདུག
རྔ་པའི་སྨན་ཁང་དུ་དུས་ཚོད་ཕྱེད་ཙམ་རིང་བསྡད་རྗེས་ས་གནས་གཞན་ཞིག་ལ་ཁྱེར་འདུག་ནའང་ས་གནས་གང་ཡིན་ཤེས་རྟོགས་མ་བྱུང་། སྐབས་ཐོག་དེར་དངོས་སུ་མཐོང་མཁན་གྱིས་བརྗོད་ན་སྐབས་དེར་ཁོང་གྲོངས་མེད་པ་དང་། མེ་ལྕེའི་དབུས་ནས་སྐད་འབོད་མང་པོ་བྱས་ཀྱང་ཚིག་འབྲུ་གསལ་པོ་གོ་མ་སོང་ཟེར། ཁོང་ནི་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་རྗའ་དར་ཚང་གི་མ་སྒྲོན་དཀར་སྐྱིད་ཀྱི་བུ་ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཤིང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་ཉེན་རྟོག་པས་དགོན་པའི་ནང་ནས་འཛིན་བཟུང་གིས་གཅར་རྡུང་མནར་གཅོད་དྲག་པོ་ཕོག་མྱོང་ཞིང་། ཐོས་བསམ་གླིང་གྲྭ་ཚང་གི་རྟགས་རིགས་འཛིན་གྲྭ་ཡིན་པ་དང་། ལོ་སྔོན་མའི་ནང་རང་ལུས་མེར་སྲེག་གིས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་དང་འཛིན་གྲྭ་གཅིག་པ་ཡིན་འདུག
ཁོང་རྒྱུན་དུ་ལག་རྩེད་སྤོ་ལོ་རྩེད་རྒྱུར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད། རྔ་པའི་ནང་གི་ལག་རྩེད་སྤོ་ལོའི་རུ་ཁག་ཅིག་གི་ཚོགས་མི་ཡང་ཡིན་འདུག འདི་ནི་བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་ཐེངས་ཞེ་ལྔ་པ་(བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རེའུ་མིག་ལ་གཞི་བཅོལ་བ་ཡིན།)དང་། རྔ་པ་རང་སྐྱོང་ཁུལ་ཁོངས་ཀྱི་ཐེངས་ཉེར་དགུ་པ། རྔ་པ་རྫོང་ཁོངས་ཀྱི་ཐེངས་ཉེར་གཉིེས་པ་ཡིན་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༧ ལ།

ཟུར་སྦྱར་འདྲ་པར་དེ་ཕྱི་ལོ་ ༢༠༠༩ ལོར་སྒྲོན་པའི་འདྲ་པར་ཞིག་ཡིན་པ་དགོངས་འཇགས་འཚལ།

གསར་འགྱུར།

Post navigation

Previous Post: རྒྱུ་ནོར་འཚོལ་བ།
Next Post: དེ་རིང་བོད་ནང་ནས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།

Comments (18) on “རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ།”

  1. ཇོ་ཇོ། says:
    2012-08-07 at 5:21 am

    ཨ་ཁ་ཁ་ཁ་ཁ། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས།

  2. མིག་བརྒྱད་པ། says:
    2012-08-07 at 6:12 am

    འདི་ནས་ཤི་འཕོས་གྱུར་མ་ཐག།
    དགའ་ལྡན་སྐྱེས་ནས་ཡིད་དགའ་བར།།
    མྱུར་དུ་བྱམས་མགོན་མཉེས་བྱས་ནས།།
    བྱང་ཆུབ་ལུང་བསྟན་འཐོབ་པར་ཤོག།
    སྐུ་གཤེགས་ཁོང་གི་བསམ་དོན་ཇི་བཞིན་འགྲུབ་པ་དང་སྐྱབས་མགོན་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་ཐུབ་པར་བོད་གཞིས་བྱེས་ཚང་མས་ཤུགས་གནོན་རྒྱབ་ཤོག །

  3. ཚངས་པ། says:
    2012-08-07 at 6:31 am

    ད་དུང་ཇི་ཙམ་འགྲོ་དགོས་ཀྱི་ཡོད་པ་རེད་དམ།

  4. རྣ་བ་བརྒྱད་པ། says:
    2012-08-07 at 10:46 am

    ཨོ་ཡ་ད་ག་འདྲ་རེད། སེམས་ཤུགས་ཡོད་ན་ལོང་ཤོག་ཡ། ད་མ་འདུག་ཨ་རོག་ཚོ། མི་གཅིག་གི་ཚེ་སྲོག་གི་རིན་ཐང་ཤེས་ན་རང་དང་གཅིག་མཚུང་ཡིན་པ་ཡང་ཤེས་དགོས། མ་ནེ་འདོན་ནས་ཅི་བྱེད། ཡང་ན་མི་ལའི་རྣམས་ཐར་སྐྱོང་དགོས། ཡང་ན་དཔའ་བོའི་མཛད་རྗེས་བཞག་རན་འདུག། ་གོ་འི་ཐ་གང་ཅན་པ་ཚོ། ད་ཡིན་ཏ།

  5. ཕྱུགས་རྭ་ཁུ་བྱུག says:
    2012-08-07 at 10:55 am

    ད་རྒྱལ་གཅེས་དབའ་བོ་ཚོ་འདི་ལྟར་བཞུད་བཞིན་པ་འདི་་་་་་དགྲ་གཉེེན་གཉིས་ཀ་ལ་བརྡ་ལན་ཞིག་སྤྲོད་ཀྱིན་ཡོད་་་་་་་རྒྱབ་སྐྱོར་བྱེད་པ་འདི་ལངས་དགོས་པ་དང་་་་་་བརྡ་སྤྲད་ས་དེས་གོ་དགོས་པ་ཞིག་ཆགས་བསྡད་དུས་སེམས་ལ་བཞག་པ་ཙམ་མ་ཡིན་པར་འགུལ་སྐྱོད་ཀྱི་ལས་གཞི་ཞིག་ལ་མུ་མཐུད་ལག་ལེན་བྱེད་དགོས།

  6. རི་རྒྱལ་ཏི་སེ། says:
    2012-08-07 at 12:15 pm

    དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་གཏོར་ཅན་ལ་ཕྱག་འཚལ་ལོ། །ཞེས་པ་འདི། དཀོན་བརྩེགས་ཆུ་འབེབས་ཀྱི་གླིང་གཞི་ལས་གསུངས་སོ།།

  7. རིན་ཆེན says:
    2012-08-07 at 2:46 pm

    དགེ་བས་འཕངས་པའི་ཚེ་དང་བསོད་ནམས་ཟད།།འཇིགས་རུང་བདུད་དང་གཤིན་རྗེས་ཕ་རོལ་འཁྲིད།།མགོན་མེད་ཉམ་ཐག་བར་དོའི་འགྲོ་བ་ལ།།ཐུགས་རྗེས་གཟིགས་ཤིག་བླ་མ་ཡི་དམ་ལྷ།། །།

  8. རང་དབང་ཨ་རྡུ་མན་ says:
    2012-08-07 at 3:45 pm

    སེམས་ཅན་སྐྱོབས་ཕྱིར་སངས་རྒྱས་ཕེབས་པ་ལེགས། །སངས་རྒྱས་སྐྱོབ་ཕྱིར་སེམས་ཅན་སྲོག་འདོར་ངན། །
    ད་དུང་དཔའ་བོ་ཡིན་རབས་བཤད་ཁུལ་བྱས། །ལྟས་ངན་འགོ་འདྲེན་ཡིན་པ་གདོན་མི་ཟ། །

  9. ཁྱུང་དཀར says:
    2012-08-07 at 4:13 pm

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་ནས། །
    དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་པོའི་ཐུགས་རྗེས་སྐྱོབས་པར་ཤོག །

  10. སྐལ་བཟང་ཀརྨ་ says:
    2012-08-07 at 11:39 pm

    སེམས་བཟང་ཞིང་གིས་སྙིང་གཏམ་. བོད་ལ་ཤ་ཞེན་ཡོད་པའི་བོད་རིགས་སྙན་མལ་དུ་ཞུ་
    ཉེ་བའི་ཆར་ཁ་ཆེའི་ལུང་བ་ཁ་ཤས་ཤིག་ལ་དམངས་གཙོ་རྒྱལ་ཁ་ཐོབ་པ་རེད་། ཡིན་ནའང་མི་དམངས་བརྒྱ་ཆ་བརྒྱད་བཅུ་ནས་དགུ་བཅུས་འཐབ་རྩོད་བྱས་པའི་སྟོབས་ཀྱིས་རེད་། ད་ལྟའི་ཆར་རྒྱ་ནག་མི་དམངས་ཕལ་མོ་ཆེའི་ཤེས་ཡོན་ཞན་པས་རྐྱེན་ཀྱིས་གུང་ཕྲན་ཏང་གི་ལྟ་ངན་མཁྲེགས་འཛིན་གི་ལམ་ལུགས་འདིར་མཐའ་གཅིག་ཏུ་སྡུག་པོ་ཡིན་པ་མཐོང་ཐུབ་ཀྱིས་མེད་། དེས་ན་རྒྱ་རིགས་ཁ་ཤས་ཤིག་དང་གྲངས་ཉུང་མི་རིགས་ཁ་ཤས་ཤིག་གིས་ཇི་ལྟར་འཐབ་རྩོད་བྱས་ཀྱང་རེ་ཞིག་གྲུབ་འབྲས་འབྱུང་རྒྱུ་དཀའ་བར་གནང་། དེའི་ཕྱིར་ང་ཚོས་གནས་སྐབས་རིང་ཤེས་ཡོན་ཡར་རྒྱས་དང་རྡོག་རྩ་གཅིག་སྒྲིལ། ཆོས་ལུགས་ཕན་ཚུན་གྱི་མཐུན་སྒྲིལ་སོགས་ལ་འབད་བརྩོན་བྱེད་དེ་རེ་ཞིག་ངང་སྒུག་བྱ་རྒྱུ་གལ་ཆེ་བར་སྙམ། རྒྱུ་མཚན་འདི་དག་ལ་བརྟེན་ནས་གུས་པས་སྙིང་ཐག་པ་ཞུ་རྒྱུ་ཞིག་ལ། རང་སྲོག་མ་གཅོད་རོགས། རང་སྲོག་གཅོད་པའི་འཐབ་རྩོད་དེ་རྣམ་དཔྱོད་དང་ལྡན་པའི་ཐབས་ལམ་ཞིག་མ་རེད་། ལྷག་པར་དུ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཀྱི་འགྲོས་ལ་དཔག་ན་མི་ཅི་ཙམ་གྱིས་རང་སྲོག་བཅད་ཀྱང་རེ་ཞིག་འགྱུར་བ་འགྲོ་དཀའ་བར་སྣང་། ལྷག་པར་དུ་སྲིད་འཛིན་ཧོ་ཅིན་ཐོའི་དུས་ཚོད་རྫོགས་ལ་ཉེ་བའི་སྐབས་འདིར་དེ་བས་ཀྱང་འགྱུར་བ་འགྲོ་མི་སྲིད་། རྒྱུ་མཚན་དེའི་ཕྱིར་ཕྲན་རང་ངོས་ནས་བོད་རྒྱལ་ཡོངས་ཀྱི་དཔའ་བོ་དཔའ་མོ་ཚོར་ཞུ་རྒྱུ། ཁྱེད་ཚོས་རང་སྲོག་འབེན་ལ་བཙུགས་ཏེ་བོད་མི་ཡོངས་ཀྱི་ དོན་དུ་བྱ་བ་བརླབས་ཆེན་ཞིག་སྒྲུབས་དང་སྒྲུབ་བཞིན་ཡོད་ནའང་། རང་སྲོག་བློས་གཏོང་གི་འཐབ་རྩོད་དེ་ལ་གྲུབ་འབྲས་འབྱུང་རྒྱུ་དཀའ་བར་མ་ཟད་ཐབས་ལམ་ཡང་ཡག་ཤོས་མ་རེད་། ཡིན་ནའང་ཁྱེད་ཚོའི་སྙིང་སྟོབས་ལ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བའི་གནས་སུ་མཆིས་མོད་། འོན་ཀྱང་རང་སྲོག་གཅོད་པའི་འཐབ་རྩོད་དེ་རང་དབང་ཐོབ་རྒྱུའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ཁོ་བོས་མཐོང་མ་སོང་། དེར་མ་ཟད་རང་ཉིད་ལའང་རང་སྲོག་བཅད་པའི་ཉེས་པ་ཆེན་པོ་འབྱུང་སྲིད་པ་རེད་། ལྷག་པར་དུ་ཞེ་སྡང་གིས་ཀུན་ནས་བསླངས་པས་རང་སྲོག་བཅད་པ་ཡིན་ན་དེའི་འབྲས་བུ་ཅི་ཞིག་འབྱུང་རྒྱུ་ཡིན་པ་སྨོས་མ་དགོས་སོ། འོ་ན་རང་དབང་རྩོད་པའི་ཐབས་ལམ་ལེགས་ཤོས་ཏེ་གང་རེད་ཅེ་ན་། རྡོག་རྩ་གཅིག་སྒྲིལ ཆོས་ལུགས་ཕན་ཚུན་གྱི་མཐུན་སྒྲིལ། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ། ཟས་བཅད་ངོ་རྒོད་དང་ཞི་བའི་གོམས་བགྲོད་ལྟ་བུ་སོགས་རེད་། སྤྱིར་འཛམ་གླིང་འདིར་རང་སྲོག་གཅོད་མཁན་ཆེ་མང་བོ་ཞིག་ཡོད་། མང་ཆེ་བ་ཕོ་མོའི་བརྩེ་གདུང་དང་དཔལ་འབྱོར་གྱི་དཀའ་ངལ་གྱི་རྐྱེན་པས་རེད་། དེ་དག་རྣམས་བླུན་པོ་ཐབས་རྡུགས་ཀྱི་ལམ་ཁ་ཞིག་ལས་ཡག་པོ་ཞིག་གཏན་ནས་མ་རེད་། མདོར་ན་རང་སྲོག་གཅོད་མཁན་ཚོའི་ཀུན་སློང་ཀུན་ཡིན་ཀྱང་རང་སྲོག་གཅོད་པ་དེ་ནི་བླུན་པོ་འུ་ཐུག་གི་ལམ་ཁ་ཞིག་ལས་རྣམ་དཔྱོད་ཀྱི་རྩལ་ལས་བཏོན་པའི་ཐབས་ལམ་ཞིག་ཏུ་མཐོང་མ་སོང་། གཅིག་ནི་རང་སྲོག་བཅད་ན་རང་ཉིད་ལ་ཉེས་པ་ཆེན་པོ་འབྱུང་རྒྱུ་ཡིན་པ་གདོན་མི་ཟ་བ་དང། གཉིས་ནི་རང་གི་ཕ་མ་སྤུན་མཆེད་ཚང་མ་སྡུག་ལ་སྦྱོིར་བ་དང་། གསུམ་ནི་ང་ཚོའི་མི་རིགས་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་སྐྱོན་ཆ་དུ་མ་ཞིག་མཆིས། དེའི་ཕྱིར་རང་སྲོག་མ་གཅོད་རོགས། མི་ལུས་རིན་པོ་འདི་ཧ་ཅང་གི་རྩ་ཆེན་པོ་རེད་། མི་ལུས་རིན་པོ་ཆེ་འདི་ལ་བརྟེན་ནས་ཡང་དག་པའི་སྙིང་བོ་ཞིག་ལེན་དགོས་པ་རེད་། མི་ལུས་རིན་པོ་འདི་འཚོ་དགོས་པ་རེད་། ལྷག་པར་དུ་ཁྱེད་དཔའ་བོ་དཔའ་མོ་ཚོའི་སྐུ་ཚེ་འཚོ་ཞིང་བཞུགས་ནས་བོད་དོན་བསྒྲུབ་དགོས་པ་རེད་། རང་སྲོག་མ་གཅོད་རོགས། གུས་པས་སྙིང་ནས་ཞུ། ངའི་སྙིང་ཐག་པ་ནས་ཞུ་བ་ཡིན་། བོད་ཀྱི་བླ་ཆེན་ཚོས་བོད་མི་ཡོངས་ལ་རང་སྲོག་མི་གཅོད་པའི་ཐབས་ལམ་ཡག་ཤོས་ཤིག་བསྟན་རྒྱུ་སྙིང་ཐག་པ་ནས་ཞུ། ངའི་གོ་ཐོས་ལ་བོད་མི་ཁ་ཅིག་གིས་བཤད་དོན་། རང་སྲོག་བཅད་པས་བོད་དོན་ལ་གྲུབ་འབྲས་ཆེན་པོ་མ་ཐོབ་ཀྱང་འཛམ་གླིང་དུ་ཁྱབ་བསྒྲགས་འགྲོ་བར་མ་ཟད་རྒྱལ་སྤྱིའི་གནོན་ཤུགས་སྤྲོད་ངེས་རེད་ཅེས་ཟེར་མཁན་འདུག ཁོ་བོས་དཔྱད་ན་དམར་ཤོག་ཚོ་ཞེད་སྣང་སྐྱེ་ཡུལ་དངོས་ནི་རྒྱ་ནག་ནང་ཁུལ་ཀྱི་འབངས་གྱེན་ལྡོག་གམ་རྒྱ་ནག་མི་དམངས་ཀྱིས་གནོན་ཤུགས་རེད་མ་གཏོགས་རྒྱལ་སྤྱིའི་མ་རེད་། རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་བརྟན་པོ་ ཡོད་ན་རྒྱལ་སྤྱིའི་གནོན་ཤུགས་ཀྱིས་རྒྱ་ནག་ནང་ལ་འགྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་། དཔེར་ན་ན་བྱང་ཀོ་རའི་ཡ་ལྟོས་ན་གསལ་བོ་རྟོགས་ཐུབ། བྱང་ཀོ་རའི་ཡའི་ཆབ་སྲིད་ཀྱི་ལམ་ལུགས་རྒྱ་ནག་ལས་ཆེས་སྡིག་པ་རེད་། ཡིན་ཡང་རྒྱལ་ཕྲན་འདི་ལྟ་བུ་ཞིག་ལ་རྒྱལ་སྤྱིའི་གནོན་ཤུགས་ཀྱིས་འགྱུར་བ་གཏོང་མ་ཐུབ་ན་རྒྱ་ནག་ལྟ་བུ་ཞིག་ལ་སྨོས་མ་དགོས་སོ། དེས་ན་ང་ཚོས་རེ་བ་བྱེད་ས་གཙོ་བོ་རྒྱ་ནག་མི་དམངས་ཡིན་ནམ་ཅེ་ན་དེ་ཡང་མ་ཡིན་། ཁོང་ཚོའི་ནང་ཁུལ་ལ་ཆབ་སྲིད་ཀྱི་ལྟ་བ་མ་མཐུན་པ་ཅི་ཞིག་བྱུང་ཡང་བོད་ལ་རང་བཙན་སྟེར་མིན་ཐད་ལྟ་བ་གཅིག་མཐུན་རེད་། རྒྱུ་མཚན་གང་ཡིན་ཞེ་ན་རྒྱ་མི་རིགས་འདི་ལ་རྒྱའམ་ཞེན་ཕྱོགས་ཧ་ཅང་ཆེན་པོ་ཡོད་པའི་མི་རིགས་ཤིག་རེད་། དེས་ན་ང་ཚོར་རེ་བ་གཏན་ནས་མེད་དམ་ཅེ་ན་། བོད་ལ་རང་དབང་ཐོབ་པའི་དུས་ཤིག་ངེས་པར་དུ་ཡོད་པ་རེད་། དེ་ནི་རྒྱ་ནག་དམངས་གཙོ་ལ་འགྱུར་བའི་སྐབས་རེད་། ཇི་སྲིད་རྒྱ་ནག་དམངས་གཙོ་ལ་མ་འགྱུར་དེ་སྲིད་དུ་བོད་ལ་རང་བཙན་ཐོབ་མི་སྲིད་དོ་། མི་རིང་བར་རྒྱ་ནག་དམངས་གཙོ་ལ་འགྱུར་བར་ཤོག་ཅིག །

  11. འདྲེ་ནག་མགོ་དགུ་ says:
    2012-08-08 at 12:08 am

    བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་བཟང་ཚུལ་ཁྲིམས་མཆོག་གི་ཞལ་སྔ་ནས་བགྲང་ཡས་པའི་སེམས་ཅན་སྤྱི་དང་ཁྱད་པར་དུ་བོད་ཁ་བ་ཅན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་ལུས་མེར་བསྲེགས་པ་
    ལ་རྗེས་སུ་ཡི་རང་དང་། གདུང་སེམས་མཉམ་སྐྱེད་ཡོད། དད་པ་ཡོད།

  12. རང་དབང་ཨ་རྡུ་མན་ says:
    2012-08-08 at 2:15 am

    འདྲེ་ནག་རང་རེད་་་་་་མི་ཤི་གསོན་སྲེགས་བྱས་པར་་་་་ཡིད་རང་ཡོད་ན་་་་
    ཁྱེད་རང་གིས་གཅིག་སྲེག་དང་་་་ང་ཚོས་ཡིད་རང་བྱེད་ཆོག །རྣམ་རྟོག་སློང་མཁན་རང་རེད། ཕཊ་ཕཊ་ཕཊ་་་་་་ས་མ་ཡ་ཧོ།།

  13. རང་དབང་ཨ་རྡུ་མན་ says:
    2012-08-08 at 2:19 am

    མ་ཤི་་་་་ཞེས་བཅོས་རོགས་གནང་།

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-08 at 5:18 am

    གོང་གི་གྲྭ་ཚོགས་ན་དགའ་བའི་འཛུམ་དང་ལྡན་པ་དེ་བློ་བཟང་ཚུལ་ཁྲིམས་ཡིན་ངེས། ཁྱེད་སོགས་མང་པོས་བོད་ཀྱི་སྐད་དང་སྲོལ་བཟང་མི་བརླག་པའི་ཕྱིར་དུ་རེ་འདུན་ཆེན་པོ་ཁྱེར་ནས་་ཆེད་དུ་འཕངས་པའི་མི་ལུས་རིན་པོ་ཆེ་མེར་བསྲེགས་པ་བདག་དང་བདག་ལྟ་བུ་ཉམས་ཆུང་དག་གིས་ཅི་བྱེད་ནུས་སམ། གལ་ཏེ་བོད་ཀྱི་སྐད་ཡིག་ནུབ་མཐའ་ནས་ཤར་མཐའ་གནས་པའི་སྐྱེ་བོ་ཡི་གེ་སྦྱངས་པ་རྣམས་ཀྱིས་གོ་རྟོགས་ཐུབ་པའི་ཆོས་སྐད་དེ་ཉིད་མི་ཉམས་པར་འཇོག་ཐུབ་ན། ནམ་ཞིག་ན་ཁྱེད་རྣམས་ཀྱི་འདུན་པ་འགྲུབ་པའི་མཐུན་རྐྱེན་དུ་བོད་ཆོས་སྐད་སྦྱོང་བའི་སྒྲོན་མ་ཕྱོགས་ཀུན་ཏུ་གསལ་བར་གྱུར་ཅིག

  15. འདྲེ་ནག་མགོ་དགུ་ says:
    2012-08-08 at 7:00 am

    ཨ་རྡུ་ཡིན་ན་ཨ་སྡུག་ཡིན་ན་ཁྱི་ཕྲུག་ཁྱོད་རྒྱ་འདྲེའི་རྒྱུག་ཁྱི་ལས་བོད་འདྲེ་ནག་བརྒྱ་འགྱུར་སྟོང་འགྱུར་གྱིས་
    དགའ་ཡི་རེད། ཁྱི་ཕྲུག་ཁྱོད་ལོས་སྐྲག་ སྐྲག་ཙང་རྒྱ་འདྲེའི་རྒྱུག་ཁྱི་བྱས་ཏེ་ཕ་མེས་ཀྱི་བརླ་འཚོང་བའི་ལས་
    ངན་དེ་བྱེད་དགོས་བྱུང་བ་རེད། ང་ཚོ་བོད་མི་རིགས་ལ་ཁྱོད་ལྟ་བུ་ཁྱི་ཕྲུག་ཅིག་ཡོད་དགོས་རྒྱུ་ལ་ཨང་།

  16. བདེན་པ་ says:
    2012-08-08 at 2:06 pm

    དངོས་སུ་དྲང་པོ་བཤད་ན་བོད་ནང་ཁུལ་ལ་སློབ་སྦྱོང་དང་དཔལ་འབྱོར་གིས་གནས་གཏང་
    ལ་ཧ་ཅང་ཆེན་ཆུང་ཡོད་པའི་གནས་གནས་ལ་རྟེན་ནས་གནས་ཚུལ་འདི་རིགས་བྱུང་བ་རེད་
    བོད་རིགས་སུ་ཡིན་ན་ཡང་སོ་སོ་རང་དབང་དང་རང་བཙན་མི་དགོས་མཁན་སུ་གང་ཡོད་མ་རེད་
    སྟེ་མདོ་སྨད་ཅིག་པོ་ལ་མི་མང་པོས་རང་ལུས་མེ་སྲེད་གཏང་བ་འདི་གནས་རེད
    གང་ཡིན་ཟེར་ན་༡ གྲོང་གསེད་ཡིན་པ་ལ་སློབ་སྦྱོང་དང་ཉམས་ཉོང་མེད་ནས་མཐོང་རྒྱ་དང་ཐོས་རྒྱ་རྟོགས་ཙམ་
    ཆུང་དྲགས་པའི་རྐྱེན་རེད་། གང་ཡིན་ཟེར་ན་མདོ་སྨད་ཁ་ཤས་ལ་རང་ལུས་མེ་སྲེད་གཏང་ན་
    ཨ་རིས་དམགས་མི་བོད་ལ་དམགས་རོགས་ཡོང་གི་ཡོད་རེད་ཟེར་ནས་མི་ཚང་མའི་ནམས་མཁའ་ལ་ལྟ་ན་གནམ་གྲུ་
    སྒུག་སྡོད་པ་སོགས་བློ་བཟང་སེང་གེ་ཨོ་སྦ་མ་གཉིས་སློབ་གྲོགས་ཡིན་པ་དང་ཁོང་གིས་རོགས་པ་བྱེད་གི་རེད་ཟེར་བ་སོགས་
    མཐོང་རྒྱ་ཆུང་དྲགས་པའི་གནས་རེད་། དབུས་གཙང་྄ཕྱོགས་ལ་རང་བཙན་མི་དགོས་པ་མ་རེད་སྟེ་མི་ཚང་མ་སློབ་སྦྱོང་དང་རྒྱ་
    སྤྱིར་གནས་གཏང་ཧ་གོ་བའི་རྐྱེན་གྱིས་གནས་ཚུལ་འདི་རིགས་མང་པོ་མ་བྱུང་བ་རེད་། དེ་བྱེད་ནས་བོད་ཀྱིས་བླ་ཆེན་དང་མི་ཆེན་
    རྣམས་ཀྱིས་མེ་སྲེད་འདི་རིགས་མཚམས་འཇོག་གི་འབོད་བཀུར་ཞུ་རོགས་གནང་། བོད་མི་ཉནམས་ཆུང་རྣམས་ལ་ཐུགས་རྗེ་གཟིགས་རོགས་གནང་་་་་་་་་་་་་་་་་་་་སྙིང་ཐག་པ་ནས་ཞུ་བ་ཡིན་

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-08 at 9:38 pm

    ༡༠༽ སྐལ་བཟང་ཀརྨ་ནས།
    གོང་དུ་སྐལ་བཟང་ཀརྨ་མཆོག་ནས་བཀོད་པ་དེ་ལ་རང་ཅག་བོད་ལ་གཅེས་པ་ཀུན་གྱིས་གུས་བཀུར་ངང་ནས། དང་དུ་ལེན་དགོས་པ་ཞིག་ཏུ་མཆིས་སོ།།

  18. གདོང་དམར་གྱི་གངས་ཕྲུག says:
    2012-08-09 at 1:15 am

    དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས་། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme