Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱོ་བ་ནི་ཐོབ་ཐང་ཡིན་ནམ།

Posted on 2012-07-13 By ཁ་བརྡ་ 29 Comments on རྒྱོ་བ་ནི་ཐོབ་ཐང་ཡིན་ནམ།

བྲོ་འཚལ།

ན་ནིང་དོ་ཚིགས་ལོ་ཡི་ཆར།།
ཆང་ས་སུས་རྒྱག་རང་དབང་རེད།།
ཁ་བཙོག་སུས་བཤད་མཛད་སྤྱོད་ཡིན།།
དེ་བས་སྨྱོན་པའི་རྩ་ཧྲལ་ཚོ།།
སུ་རྒྱག་འདི་རྒྱག་གན་ཚོར་མེད།།
སུ་འདེམས་འདི་འདེམས་ཁོང་ཚོར་མེད།།
ཨ་མ་ཡིན་ཡང་ཆང་ས་རྒྱག།
སྲིང་མོ་ཡིན་ཡང་ཁ་བཙོག་བཤད།།
སུ་ལ་ཐུག་ན་ཆགས་པ་སྤྱོད།།
སུ་ལ་རེག་ན་འདོམས་ཆུ་འཆོར།།
མཛེས་མ་ཐམས་ཅད་རིག་མར་འདོད།།
ཉ་མ་ཡིན་ཚད་སྒྲོལ་ན་འདོད།།
ཁ་འོག་རྐུབ་གསུམ་དབྱེ་བ་མེད།།
རྒྱབ་མདུན་ཟུར་ལ་ཁྱད་པར་མེད།།
གོས་མེད་གཅེར་བུ་ཡིན་ཙ་ན།།
མགོ་མཇུག་མ་ལུས་བསྣུན་པར་བྱེད།།
ཁུང་བུ་མ་ལུས་མཛུབ་མོ་འཇུག།
ལས་ཀྱི་ཕྱག་རྒྱའི་དམར་ཁྲིད་ཅེས།།
བཙོག་པུ་པང་དུ་བཟུང་ནས་སྒྲོལ།།
རྒྱབ་ནས་ལག་གཉིས་སྟུ་སྐྱོར་ཏེ།།
སྒང་ལ་འཛེགས་ནས་ཤུགས་ཀྱིས་སྒྲོལ།།
རྟ་དང་རྒོད་མའི་ཕྱག་རྒྱ་ཟེར།།
དེས་ཀྱང་འདོད་པ་མ་ཚིམ་ན།།
ལྕེ་བལྡག་བ་མོའི་ཕྱག་རྒྱའི་ཁྲིད།།
ཁ་རྐུབ་སྟུ་གསུམ་ལྕེ་ཡིས་བལྡག།
དེ་ལ་ཆགས་མིག་སྤྱད་པའི་མཐར།།
སྟུ་སྒོའི་ཁ་ལ་མགོ་ཡིས་བསྣུན།།
རང་ལུས་ཡོད་ཚད་བཅུག་ན་འདོད།།
སུག་བཞིས་སྟུ་ཁ་གཤགས་ན་འདོད།།
དེ་ནས་ཁྱི་ཡི་ཕྱག་རྒྱ་ཁྲིད།།
རྐུབ་དང་སྟུ་ཁ་སོ་ཡིས་རྨུགས།།
ཁ་དང་ནུ་མར་སོ་ཤུལ་འབྲི།།
རྐུབ་དང་སྟུ་ཁ་གསོན་པོ་ཞིག།
མིག་གིས་མཐོང་རྒྱུ་མེད་པ་བྱེད།།
དེ་ལྟར་སྒྲོལ་སྟངས་མ་འདྲ་བ།།
མིག་གིས་མཐོང་བ་ལྟ་ཅི་དགོས།།
རྣ་བས་ཐོས་ཀྱང་ཡིད་དོགས་པའི།།
ལས་ཀྱི་ཕྱག་རྒྱའི་སྒྲོལ་སྟངས་འདི།།
དབང་ལུང་ཡིན་ཞེས་ཆགས་པ་སྤྱོད།།
བརྒྱུད་འཛིན་ཡིན་ཞེས་རིག་མར་གཉེར།།
ཡབ་ཡུམ་སྦྱོར་ཞེས་གང་བྱུང་སྒྲོལ།།
བྱིན་རླབས་གནང་ཞེས་གང་མིན་སྒྲོལ།།
མདོར་ན་འདི་གན་དབྱེ་བ་མེད།།
ཡག་བཙོག་གཉིས་ལ་ངོ་ཚ་མེད།།
ཆོས་པ་ཟེར་ན་ཆོས་པ་མིན།།
སྐྱ་བོ་ཟེར་ན་སྐྱ་བོ་མིན།།
བར་མ་དོ་ཡི་བར་འདི་ན།།
ཉེས་པ་བསགས་པའི་སྨྱོན་པ་ཚོ།།
ལས་ཀྱི་རྒྱ་མ་གཡོ་གཟུར་མེད།།
དེ་བས་དམྱལ་ཡུལ་དྲན་ན་འོས།།
འདི་ནི་ང་ཡི་རེ་སྐུལ་ཙམ།།
དབང་མེད་ངག་ནས་ཤོར་དང་ཐལ།།

སྙན་ངག

Post navigation

Previous Post: རྡ་ས་ས་གནས་དབུ་མའི་ལམ་གྱི་རྒྱུན་ལས་གསར་འདེམས་བྱུང་བ།
Next Post: ཨ་ཞང་གིས་ཕྲན་ལ་བྲིས་པའི་འཕྲིན།

Comments (29) on “རྒྱོ་བ་ནི་ཐོབ་ཐང་ཡིན་ནམ།”

  1. འབའ་བློ། says:
    2012-07-13 at 4:51 pm

    འ་རོགས་ཁྱོད་རང་གི་ཨ་མ་ལ་ཆང་ས་རྒྱབ་ན་འདོད་ནི་མིན་པ། བྱ་འདི་རེ་འ་འ་འ།

  2. ཡར་ཁམས་ཁྲི་རྒྱལ། says:
    2012-07-13 at 8:34 pm

    གྲོགས་པོ་འདི་ཡང་རྒྱོའི་གཞུང་ལུགས་ལ་མཐོང་རྒྱ་ཐོས་རྒྱ་ཆེ་བའི་རྒྱོ་དགའ་ཞིག་རེད་འདུག།

  3. འབའ་སྲས། says:
    2012-07-13 at 11:38 pm

    སྒྲོལ་རེད་དམ། བགྲོད་རེད། མ་ཚིམ་རེད་དམ། མ་ཚིམས་རེད། ད་དུང་མང་།

  4. འདྲེ་རྐང་ཐོ། says:
    2012-07-14 at 12:27 am

    ཆུང་ཆུང་བྱིའུ་དག་གིས་ཚེར་མའི་ཡལ་གའི་བར་ནས་རྒྱོ་ལ་བྲེལ། །
    སུག་ཐུང་ཙི་ཙིས་རྩྭ་གསེབ་དག་ན་རང་གི་ཚོད་ཀྱིས་རྒྱོ་བར་འཚོལ། །
    འབོལ་གདན་མཐོན་པོའི་ཁུག་ན་འགྱིང་བའི་བླ་ཆེན་ནས་བཟུང་སོ་སྐྱེས་པར། །
    མདོར་ན་མཇེ་སྟུ་ཅན་གྱི་སྲོག་ཐོགས་ཀུན་ལ་རྒྱོ་བ་ཐོབ་ཐང་ཉིད། །

  5. ཆུ་ཐིགས་སྔོན་མོ says:
    2012-07-14 at 1:46 am

    བོང་གསེབ་སྨྱོན་པས་ཀུ་རིང་བཏབ་ནས་གང་སར་རྒྱུགས་པ་རྒྱོ་ཡི་ཆེད།།
    འབྱོར་ལྡ་བླ་མས་སྒོར་མོ་བཏང་ནས་མཛེས་མ་བཀུག་པའང་རྒྱོ་ཡི་ཆེད།།
    གྲྭ་རྐྱང་དག་ཀྱང་རང་གི་ཚོད་ཀྱི་གཏོང་ཕོད་ཆེ་བ་རྒྱོ་ཡི་ཆེད།།
    འཇིག་རྟེན་འདི་ན་རྒྱོ་ཡི་ཆེད་དུ་ཡོད་ཚད་བྲེལ་བ་འདི་རེ་མཚར།།

  6. སྣྲོན་ངག་ཁྲི། says:
    2012-07-14 at 2:36 am

    དཔོན་གྱིས་རྐུབ་སྟེགས་མཐོ་རབ་བཤད་ནས་གཞན་མགོ་སྐོར་བའང་བགྲོད་པའི་སླད།།
    དམན་གྱིས་འཇོན་ཚོད་སྤྲེལ་ལད་འཁྲབ་ནས་ཐོད་པ་གཏུགས་པའང་ཆགས་པའི་དབང་།།
    ནུབ་ནས་ཤར་དུ་དངུལ་ལོར་སྐུར་ཏེ་ཆུང་མ་བསླུས་པ་འང་དེ་ཡི་དོན།།
    མདོར་ན་ཀུན་སློང་ཆགས་པས་བསླད་པའི་ཕོ་མོའི་བྱ་སྤྱོད་འདོམས་ཀྱི་ཆེད།།

  7. རི་རྒྱལ་ཏི་སེ། says:
    2012-07-14 at 5:23 am

    རྒྱོ་ཡི་བསྟན་པ་དར་བར་ཤོག།
    བོད་རིགས་མི་འབོར་འཕེལ་བར་ཤོག།
    ས་ཡ་དྲུག་ལས་རྒལ་བར་ཤོག།
    རང་སྐྱོང་མྱུར་དུ་ཐོབ་པར་ཤོག།

  8. གཉིས་མེད་སེངྒེ says:
    2012-07-14 at 5:26 am

    རྒྱ་རྣ་རུའི་འོག་ནས་རང་ཚུགས་འཆོར་སླ་བ་འཇིག་རྟེན་གྱི་ཆོས་ཉིད་དུ་འགྲོ་སྲིད།

  9. རི་རྒྱལ་ཏི་སེ། says:
    2012-07-14 at 9:32 am

    བླ་སྤྲུལ་ཤིང་ཁྲིའི་སྟེང་དུ་བསྡད་ནས་བཞིན་བཟང་ལུས་ཕྲར་མིག་བརྡ་འཕེན།།
    དཔོན་པོ་རྐུབ་སྟེགས་ཐོན་པོར་ཙོག་ནས་ན་ཆུང་མཛེས་མར་གཡབ་མོ་བྱེད།།
    གྲྭ་གཞོན་ཚོགས་གྲལ་འགྲིག་པོའི་ཁྲོད་ནས་སྒེག་མོར་མིག་གིས་བསུ་བར་རོལ།།
    གཞོན་སྐྱེས་བྱ་གཞག་བྲེེལ་བའི་གསེང་ནས་ན་ཆུང་ཁྲིད་དེ་གླིང་གར་བྱོལ།།
    མདོར་ན་དྲག་གཞན་སྐྱེ་བོ་ཀུན་ཀྱང་སྒམ་ཚུག་ཤོར་བའི་དམིགས་འབེམ་ནི།།
    ཤུར་ཤུར་སྟུ་དང་འབུར་འབུར་བྲང་ལ་ཐོབ་ཐང་ལེན་པའི་གོ་སྐབས་བྲེལ།།

  10. མགོན་པོ་བཀྲ་ཤིས says:
    2012-07-14 at 11:34 am

    དྲ་གྲོགས་ཚོ་རྒྱོ་ཡི་སྐབས་ལ་ཐུགས་དུས་མཆན་བུ་མང་པོ་བཏབ་རྒྱུ་འདུག་ཧ་ཧཧཧཧཧཧཧཧཧཧཧཧཧཧཧཧ

  11. ཨ་རུ་ར། says:
    2012-07-14 at 2:12 pm

    ག་རེ་བཤད་ན་མ་བཤད་ན་ཚང་མ་རྒྱོ་བརྒྱབ་པས་འབྲས་བུ་རེད།

  12. དོལ་སྨྱོན། says:
    2012-07-15 at 1:13 pm

    ཆོས་རྣམས་ཐམས་ཅད་རྒྱོ་ལས་བྱུང་།།

  13. རི་རྒྱལ་ཏི་སེ། says:
    2012-07-16 at 1:06 am

    མི་རྣམས་ཐམས་ཅད་རྒྱོ་ལས་བྱུང༌།།
    རྒྱོ་ལ་དགོས་པ་གང་ཡིན་པ།།
    སྟོབས་ཤུགས་ཞེས་མེས་པོས་གསུངས།།
    ཆགས་སེམས་ནམ་ཡང་མི་སྤངས་ན།།
    རྒྱོ་རྩལ་ཕུན་སུམ་ཚོགས་པར་ལྡན།།
    རང་གི་ཕོ་མཚན་ལེགས་པར་སྦེངས།།
    འདི་ནི་རྒྱོ་ཡི་རྨང་གཞི་ཡིན།།

  14. བྲོ་འཚལ། says:
    2012-07-16 at 4:09 am

    དྲ་གྲོགས་རྣམ་པས་དགེ་སྡིག་གི་བསམ་ཚུལ་མཆན་དུ་བཏབ་པ་ལ་ཐུགས་རྗེ་ཆེ།

    འབའ་སྲས་ལགས།་་་་སྒྲོལ་ཞེས་པ་བགྲོད་རེད་ཅེས་པ་ངོ་མ་བདེན་པ་རེད།་་་ཡིན་ན་ཡང་ཚིམ་རེད་དམ་ཚིམས་རེད་ཅེས་པ་ནི་ག་རེ་ཡིན་པ་ཧ་གོ་མ་སོང་།་་་ཚིམ་པ།་་་་ཚིམས་པ།་་་་་ཚིམ་པ་ཞེས་དག་ཡིག་ཁག་ལས་འདི་འདྲ་འབྱུང་བས་སོ།།་་་་་གཞན་ད་དུང་མང་ཞེས་དོགས་པ་ཙམ་བསྟན་པ་འདི་ཡང་མཐུད་ནས་གང་དང་གང་ནོར་བ་ཁག་གསལ་སྟོན་རེ་བྱ་ཐུབ་ན་ང་དང་ང་འདྲ་བ་དག་ལ་ཕན་པ་རྒྱ་ཆེ་བ་འབྱུང་བར་གདོན་མི་ཟ་བས་གསལ་སྟོན་གནང་རོགས།་་་་་སྤྱིར་སྐུ་ཉིད་ཀྱིས་ནོར་བཅོས་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡིན།་་་་་

  15. གནམ says:
    2012-07-16 at 5:24 am

    གོང་གི་མཆན་པ་ཁ་ཤས་ཤིག་གིས་རྒྱོ་ཡི་གོ་དོན་ཤེས་མེད་ཐག་ཆོད་རེད། ཁག་མེད། ཨ་མདོ་བ་ཞིག་ཡིན་ན་འདི་མང་ཚིག་གསར་བ་ཡིན་རྒྱུ་རེད། ཡིན་ན་ཡང་ད་བཤད་ཤེས་མ་སོང་། (ཐམས་ཅད་རྒྱོ་ལས་བྱུང་) ཁྱད་མཚར་པོ་མི་འདུག་གམ།

  16. དོལ་སྨྱོན། says:
    2012-07-16 at 9:06 am

    ཆོས་རྣམས་ཐམས་ཅད་རྒྱོ་ལས་བྱུང་།།
    དེ་རྒྱོ་དོལ་པོ་སྨྱོན་པས་བཤད།།
    ལོག་རྒྱོ་ཅི་ཡང་མི་བྱ་ཞིང་།།
    བཟང་རྒྱོ་ཕུན་སུམས་ཚོགས་པར་རྒྱོས།།
    བུད་མེད་ཐམས་ཅད་རབ་ཏུ་འདུལ།།
    འདི་ནི་རྒྱོ་ཡི་བསྟན་པ་ཡིན།།

  17. ཨ་ར་དཀར་པོ says:
    2012-07-16 at 9:35 am

    ཡིག་ནོར་མང་པོ་ཅང་མཐོང་མ་སོང་། སྒྲོལ་ཐེངས་མང་པོར་བྲིས་འདུག་པ་དེར་ཟེར་བ་མིན་འགྲོ དེ་ནས་ལས་ཀྱི་ཕྱག་རྒྱ་ཞེས་ཐེངས་གཉིས་གསུམ་བྲིས་འདུག་པ་འདི་ཕལ་ཆེར་ལུས་ཀྱི་ཕྱག་རྒྱ་ཟེར་དགོས་པ་མིན་འགྲོ

  18. མེ་ཏོག་དཀར་པོ། says:
    2012-07-16 at 9:47 am

    དོལ་སྨྱོན་གྱི་ཁ་སྐོང་།
    ཚིགས་རྐང་གཉིས་པའི་འོག་ཏུ་བཅུག་རྒྱུ།
    རྒྱོ་ལ་འགོག་པ་གང་ཡིན་པ། །
    དེ་ལས་སྡུག་པ་ག་ན་ཡོད། །

  19. པ་སངས་ says:
    2012-07-16 at 9:52 am

    དྲ་གྲོགས་ཚོ་བཀའ་འདྲི་ཞིག་འདྲི། དེ་སྔོན་གཞུང་ཞབས་རྙིང་པ་ཞིག་གིས་བརྗོད་ན། གངས་ཅན་སྐྱིད་གཤུང་ན། འགྲན་ཟླ་མེད་པའི་ཕོ་མཚན་གཉིས། སྤྱད་ན་གཏན་ནས་ཚིམ་རྒྱུ་མེད་པའི་བུད་མེད་གསུམ། སྤྱད་ཀྱང་གཏན་ནས་མི་བཤད་པའི་བུད་མེད་གསུམ་སོགས་ཡོད་རབས་འདུག་པས། དྲ་གྲོགས་ཚོས་འདི་འདྲ་གོ་མྱོང་ངམ། རྒྱས་པར་སྤྲོ་ན་རྗེས་ནས་མོལ།

  20. མེ་ཏོག་དཀར་པོ། says:
    2012-07-16 at 10:04 am

    གངས་ཅན་སྐྱིད་གཤུང་ཟེར་ན་ག་བ་རེད། གངས་ཅན་སྐྱིད་ཤོང་ཟེར་ན་རྡ་སར་ཡོད་པ་དེ་རེད།

  21. སྣྲོན་ངག་ཁྲི། says:
    2012-07-16 at 10:16 am

    ༡༽འཆལ་པོས་དངུལ་ལོར་གསོག་པ་འདོམས་ཀྱི་ཆེད།།

    འཆལ་མོས་མིག་བཙུམ་རྒྱག་པའང་སྤྱད་དངུལ་ཆེད།།

    སྤྱད་ནས་མི་སྨྲ་བ་ཡང་དེ་ཡི་ཆེད།།

    མདོར་ན་མཐོ་ནས་དམའ་བར་ཕལ་ཆེར་ཁྱབ།།

    དེ་ཕྱིར་དེ་ལ་འགོག་པ་ཇི་སྙེད་པ།།

    དེ་ནི་སྡུག་བསྔལ་འགོག་པའི་སྐྱབས་མཆོག་ཉིད།།

    ༢༽གངས་ཅན་སྐྱིད་གཤོངས་གི་གཏམ་དེ་བདེན་པར་དཀའ་ཚོད་འདུག

  22. དོལ་སྨྱོན། says:
    2012-07-16 at 11:29 am

    གངས་ཅན་སྐྱིད་གཤོངས་མིང་སྙན་པོ་ཞེ་དྲག་འདུག་དོན་ལ་ཇི་ལྟར་ཡིན་ཆ་མ་འཚལ།

  23. ཤེས་དགའ་ says:
    2012-07-16 at 11:43 am

    རྒྱོ་དགས་རྒྱོ་གཏམ་བཤད་ལུགས་གཉིས་ཡོད་དེ།།
    ཁ་ཅིག་དུ་ཙམ་ལ་བགྲོད་སྤོབས་པས་བཤད།།
    ལ་རེས་སུ་ཡིས་དེ་ལ་ཇི་ལྟའི་ཚུལ།།
    ཞེ་སྡང་དྲག་པོས་སྨད་པའི་ཟོས་གྱིས་སོ།།

    དྲ་གྲོགས་རྒྱོ་དགའ་བྲོ་འཚལ་འདི་མཐོང་ནས།།
    བདག་ནི་གྲོགས་འདི་ཕྱི་མར་གཏོགས་སོ་ཞེས།།
    ཐེ་ཚོམ་བསམ་པ་ཏིལ་འབྲུ་ཙམ་མེད་པར།།
    དྲ་ལམ་འདི་ན་དྲ་དམ་བཅའ་འོ་ཀྱེ།།

  24. ཤེས་དགའ་ says:
    2012-07-16 at 11:50 am

    བཤད་པ་དོན་ལ་བབས་ན་ཐབ་ཟད་རེད།།
    མ་གཏོགས་ཀུ་རེ་ཡིན་པས་རླུང་མ་ལང་།།
    རྒྱོ་དགས་རྒྱོ་གཏམ་བཤད་པར་སྐྱོན་མ་མཐོང་།།
    ཞེ་སྡང་བསམ་པ་སྤངས་ནས་ལྷུག་པོར་ཤོད།།

  25. མེ་ཏོག་དཀར་པོ། says:
    2012-07-16 at 1:36 pm

    རྒྱ་ཡིག་མི་ཤེས་པས་ས་བཅད་མ་སྟོང་ཙམ་དུ་ཅིག་བྲིས་ཀ་བྱས་ཡིན།

  26. བན་དེ་བ། says:
    2012-07-16 at 1:41 pm

    མི་འདི་རིགས་ནི་རྒྱོ་རྒྱུ་མ་རག་ནས་རྒྱོ་གཏམ་རྐྱང་བཤད་ནས་དུས་ཚོད་སྐྱེལ་བར་ངོ་མ་ཤ་རེ་ཚ།

  27. ཤེས་དགའ་ says:
    2012-07-16 at 5:33 pm

    རེག་ན་ཆུ་འཆོར་དྲི་ངན་ཁ་དོག་ནག།
    དུས་ནས་དུས་སུ་ཟླ་བའི་མཚན་མ་ཅན།།
    ཤུབས་དང་བྲལ་ཡང་སྦྲུམ་པར་མ་བྱེད་གང་།།
    དེ་ལ་རོལ་ཀྱང་ཚངས་སྤྱོད་ཉམ་མི་སྲིད།།

    ཨན་ཆུང་ཡིན་ཀྱང་སྐྱེས་དམན་མིན་བས་ཕྱིར།།
    བཞིན་བཟང་ཡིད་དུ་ཡོང་བའི་གྲ་ཕྲུག་གི།
    དཀར་ལ་འཇམ་མཉེན་སོབ་པའི་བརླ་རྒྱག་པར།།
    སྐབས་སུ་བསྟན་དང་འགྲོ་བའི་དོན་ཕྱིར་རོལ།།

  28. ཚངས་པ། says:
    2012-07-17 at 12:42 am

    རྒྱོ་བ་ནི་ཐོབ་ཐང་ལོས་ཡིན། འོན་ཀྱང་གྲྭ་བཙུན་རྣམས་རེ་བ་མ་རྒྱག

  29. དོལ་ཕྲུག says:
    2016-09-27 at 1:31 am

    རྒྱོ་བ་ནི་ཐམས་ཅད་ལ་ཐོབ་ཐང་ཡིན། འོན་ཏང་གྲྭ་བཙུན་དག་ལ་དགོངས་ཕྱག་འབུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme