Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱུན་ལས་ཚོས་དུར་ཁྲོད་དུ་སྐྱེལ་ཚར་བའི་ཡིག་ཆ་ཨང་ ༣༩ པ་ཨེ།

Posted on 2021-06-142021-06-15 By ཁ་བརྡ 4 Comments on རྒྱུན་ལས་ཚོས་དུར་ཁྲོད་དུ་སྐྱེལ་ཚར་བའི་ཡིག་ཆ་ཨང་ ༣༩ པ་ཨེ།

གཡུང་དྲུང་ཚེ་བརྟན།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་། གྲོས་བསྡུར་བྱེད་མི་ཆོག” འདི་ནི་བཅའ་ཁྲིམས་དོན་ཚན་ ༥༤ པར་གསལ་བའི་ཚིག་རེད། འདིས་ཚད་བཏབས་ན། ཡིག་ཆ་ཨང་ ༣༩ པ་དེ་བཅའ་ཁྲིམས་དང་འགལ་བ་བསྟན་ཡོད།

༡ ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ། ༢ གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ།” འདི་ནི་བཅའ་ཁྲིམས་སུ་གསལ་བའི་བཅའ་ཁྲིམས་ཀྱི་ཚད་འཛིན་ས་དེ་

རེད། འདིས་ཚད་བཏབས་ན། ཡིག་ཆ་ཨང་ ༣༩ པ་དེ་རྩ་འཛིན་མེད་པ་ཆགས་ཡོད།

“ད་ནས་བཟུང་སྟེ་སྤྱི་འཐུས་རྒྱུན་ལས་ནས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གཏན་འབེབབས་གནང་བའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག” འདི་ནི་ཟླ་ ༥ ཚེས་ ༢༥ ཉིན་སྐབས་བཅུ་དྲུག་པའི་སྤྱི་འཐུས་རྒྱུན་ལས་ཀྱིས་སྤེལ་བའི་གསལ་བསྒྲགས་ཀྱི་ཚིག་རེད། འདིའི་དོན་ནི། ཉིན་དེ་ནས་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་བདག་མེད་དུ་གཡུགས་ཚར་བ་རེད།

འོ་ན་ད་ལྟ་ག་རེ་བྱས་ནས་ཕྱོགས་ཁག་གཉིས་སུ་གྱེས་པ་རེད་དམ། དེ་ནི་གཞན་གང་ཡང་མ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་གཏོར་ཐབས་ཁོ་ནར་འབད་པའི་ངན་བྱུས་ལམ་དུ་ལྷོང་ཐབས་ལ་བརྩོན་གྱི་ཡོད་པ་དེ་རེད། ཡིན་ནའང་། དེ་ལ་བཅའ་ཁྲིམས་སྲུང་སྐྱོབ་ཟེར་བའི་ཕྱི་ཤུན་སྙིང་རྗེ་བོ་ཞིག་གཡོགས་ནས་གཏོར་གི་ཡོད། མ་གཞི་བྱས་ན། གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་བཅའ་ཁྲིམས་དང་འགལ་བའི་ཆ་ནས་ནུས་མེད་ཆགས་ཚར་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་བདག་མེད་དུ་གཡུགས་པའི་གསལ་བསྒྲགས་སྤེལ་ཚར་བ། གྲོས་ཆོད་དེ་འཇོག་མཁན་སྐབས་བཅུ་དྲུག་པའི་སྤྱི་འཐུས་གྲངས་ཉེར་གཅིག་གིས་སྤོབས་པ་ཆེན་པོས་ནོར་འཁྲུལ་ངོས་ལེན་དང་དགོངས་སེལ་དང་བཅས་ཏེ་ཁྲིམས་ཞིབ་པ་རྣམས་ལས་གནས་སུ་ཕེབས་གནང་ཡོང་བའི་རེ་སྐུལ་ཞུས་པ་བཅས་ཀྱི་ཆ་ནས་གྲོིས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་ད་ཆ་གླེང་རིན་མེད་པ་ཆགས་ཚར་བ་རེད། དེས་ན། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༥ ཉིན་བཞག་པའི་གྲོས་ཆོད་དེ་ ༢༠༢༡ ཟླ་ ༥ ཚེས་ ༢༤ ཉིན་སྐབས་བཅུ་དྲུག་པའི་སྤྱི་འཐུས་རྒྱུན་ལས་ཀྱིས་དུར་ཁྲོད་དུ་བསྐྱེལ་ཚར་ཡོད།

གནས་སྟངས་འདི་འདྲ་རེད། ད་ཆ་ང་ཚོས་ཁྲིམས་མཐུན་དང་ཁྲིམས་འགལ་ཟེར་ནས་ཇི་ལྟར་གླེང་ཡང་། དེ་ནི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་མ་བཞག་སྔོན་གྱི་བཅའ་ཁྲིམས་ཀྱི་འབྲུ་དོན་ལ་རྩ་འཛིན་བྱེད་དགོས། དེར་བརྟེན། དུར་ཁྲོད་དུ་སྐྱེལ་ཚར་བའི་ཡིག་ཆ་ཨང་ ༣༩ པ་དང་། དེའི་རྗེས་ལ་རིམ་བསྟུད་དུ་ཁྲིམས་འགལ་གྱི་གོམ་པ་སྤོས་པ་དཔེར་ན། སྲིད་སྐྱོང་དང་ཚོགས་གཞོིན་གྱིས་འདེམས་སྒྲུག་ཚོགས་ཆུང་བསྐོས་པ་དང་། རྒྱུས་ལས་ཀྱིས་ཁྲིམས་དོན་ཆ་རྐྱེན་ལ་ལྟོིས་མེད་ཀྱིས་གྲོས་ཚོགས་འཕར་མ་ཚོགས་རྒྱུ་བྱས་པ། རྒྱུན་ལས་ནས་ཚོགས་གཞོན་སྲིད་སྐྱོང་གསར་པའི་དམ་འབུལ་མཛད་སྒོར་ཞུགས་མ་བཅུག་པ། བཀའ་དྲུང་དང་བཅས་པར་སྡིགས་ར་སྐུལ་ནས་སྐུ་པར་གྱི་མདུན་ནས་དམ་འབུལ་མཛད་རིམ་བཟོ་བཅུག་པ་སོགས་ཚང་མ་ཁྲིམས་འགལ་ཆགས་ཡོད། རྒྱ་ཆེའི་མང་ཚོགས་ཀྱི་ངོས་འཛིན་ལ་ཁྲིམས་འགལ་གྱིས་དམ་འབུལ་བྱས་པ་དེ་དག་ད་དུང་ཡང་འདམས་ཐོན་སྤྱི་འཐུས་སུ་ངོས་འཛིན་གྱི་ཡོད། རྒྱ་ཆེའི་མང་ཚོགས་ཀྱིས་ཁོང་ཚོས་ཁྲིམས་མཐུན་གྱི་དམ་བཅའ་ཕུལ་ནས་སྤྱི་འཐུས་ཆགས་པར་རེ་སྒུག་བྱེད་ཀྱིན་ཡོད།
སྐུ་པར་གྱི་མདུན་ནས་དམ་འབུལ་བྱས་པ་ཡིན་ཟེར་ནས་ག་ཚད་ལབ་ཀྱང་། མང་ཚོགས་ཀྱི་རེ་འདུན་དང་མཐུན་གྱི་ཡོད་ཟེར་ནས་ག་ཚད་བསྒྲགས་ཀྱང་། དམ་ཆོས་འདུལ་བ་དང་མཐུན་རབས་ལབ་ནས་ག་ཚད་འགྲེལ་ཀྱང་། དེ་ཚང་མ་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་རེད། སྒྲིག་འཛུགས་གཏོར་བཞིག་གི་བྱ་སྤྱོད་རེད། བཅའ་ཁྲིམས་དང་འགལ་བའི་ཆ་ནས་དཀར་པོ་ཆགས་ཐབས་རྩ་བ་ནས་མེད་པ་རེད། བཅའ་ཁྲིམས་རིན་པོ་ཆེར་དངོས་ཤུགས་ཟུར་ངོས་གང་ནས་བལྟས་ཀྱང་འགལ་བ་ཆགས་ཀྱི་ཡོད་བཞིན་དུ། ད་དུང་བཅའ་ཁྲིམས་སྲུང་སྐྱོབ་བྱེད་ཀྱི་ཡོད་ཟེར་མཁན་འདམས་ཐོན་སྤྱི་འཐུས་སྐོར་ཞིག་གིས་བཅའ་ཁྲིམས་ཁ་ལ་འཁྱེར་ནས་སྒྲིག་འཛུགས་གཏོར་བཤིག་གི་བྱ་སྤྱོད་སྤེལ་གཞིན་པར་ངོ་རྒོལ་ཡོད། མང་ཚོགས་ནང་འཁྲུག་ཆ་ཐེབས་ཆེད་དུ་རྫུན་དང་ཧམ་པ་ཉི་ཚེ་བ་སྤེལ་བཞིན་པར་ངོ་རྒོལ་ཡོད།

བསམ་ཚུལ།

Post navigation

Previous Post: མཚོན་བྱ་ཟད་པའི་མཚོན་བྱེད།
Next Post: བཅའ་ཁྲིམས་རྩིས་མེད་ཀྱི་དམ་འབུལ་ནི་ཞྭ་དཔེ་ལྷམ་འགེབ་ཡིན།

Comments (4) on “རྒྱུན་ལས་ཚོས་དུར་ཁྲོད་དུ་སྐྱེལ་ཚར་བའི་ཡིག་ཆ་ཨང་ ༣༩ པ་ཨེ།”

  1. དུར་བདག says:
    2021-06-14 at 5:58 am

    འབྲི་བསམ་ན་མགོ་འཚོས་པར་བྱས་ཏེ་འབྲི་རོགས།
    མེད་པར་བྱ་རྒྱུའམ་མེད་པར་བྱེད་རྒྱུ་ཟེར་ན་བརྒྱུད་རིམ་ཞིག་བརྒྱུད་དེ་བྱེད་དགོས་པའི་དོན་རེད། ཁྱེད་རང་གིས་སྡོམ་པ་ཞུ་ན་མེ་མདའ་མེད་པར་བྱ་རྒྱུ་ཞེས་བྲིས་ཡོད་ཚེ་སྡོམ་པ་ཞུས་པ་དང་མེ་མདའ་མེད་སོང་བ་ཞིག་མ་ཡིན་པར་ཆེད་དུ་མེ་མདའ་མེད་པར་བཟོ་དགོས་པའི་དཔེ་དེ་ལྟ་བུ་རེད། ནུས་མེད་དུ་འགྲོ་རྒྱུའམ་ནུས་མེད་ཆགས་རྒྱུ་ཞེས་བྱེད་མེད་ལས་ཚིག་བྲིས་ཡོད་ཚེ་གང་ཡང་བྱེད་མི་དགོས་པར་ནུས་མེད་རང་ཤུགས་སུ་སོང་བ་ཞིག་ལ་གོ་ཆོག་པ་རེད། འོན་ཀྱང་བྱེད་ཚིག་བྲིས་ཡོད་པ་དེ་ནས་གོང་གི་གོ་བ་ལེན་དགོས།
    རྒྱུན་ལས་ནས་མུ་མཐུད་མཇུག་སྐྱོང་ཡོང་ཐབས་དཀའ་ལུགས་བྲིས་པ་ཡོད་པ་ལས་དེ་ཉིན་ནས་ཨང་39ནུས་མེད་དང་མེད་པར་རྩི་བ་ཞིག་གཏན་ནས་མ་རེད། གྲོས་ཚོགས་ཀྱི་གྲོད་ཆོད་ཅིག་རྒྱུན་ལས་ནས་ནུས་མེད་གཏོང་ཆོག་པའི་དབང་ཚད་གང་ཡང་མེད་པས་རྒྱུན་ལས་ཀྱི་ཡིག་ཆ་དེ་ལ་འཇུས་ནས་གཅིག་བཤད་བསམ་ནའང་ཕན་ཐོགས་ཅི་གང་མེད།

  2. གཡུ་སྒང་དགེ་འདུན། says:
    2021-06-14 at 9:17 am

    གཡུང་དྲུང་ཚེ་བརྟན་ལགས་ཀྱིས་ཧ་ཅང་ཁ་གསལ་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ། ཆོལ་ཞེན་གྱི་མི་གཤིས་མཁྲེགས་པོ་དེ་ཚོ་༸གོང་ས་མཆོག་གིས་ཀྱང་འདུལ་ཐུབ་ཀྱི་མེད་དུས་བཅའ་ཁྲིམས་ནི་མིག་ན་ཡོད་པ་མ་རེད།

  3. མྱི་དཀར། says:
    2021-06-14 at 12:45 pm

    ཁ་གསལ་བོ་བྲིས་གནང་འདུག་ཐུགས་རྗེ་ཆེ།

  4. པ་རྡོ་རེ། says:
    2021-06-15 at 3:16 am

    གོང་གི་གསལ་བཤད་གཙང་མཐིལ་ཕྱིན་པ་ཞིག་གནང་འདུག ད་ངོས་བོད་མི་རྣམས་ནས་མི་ངན་སྤྱི་འཐུས་དམ་འབུལ་མི་ཞུ་མཁན་རྣམས་རེ་རེ་ནས་དེ་དག་གི་རྒྱབ་མདུན་ན་སུ་ཡོད་པའམ་ཕུགས་དམིགས་གང་ཡིན་པ་རྣམས་ངོ་སྤྲོད་བྱེད་པའི་དུས་ལ་བབས་འདུག དེའི་འགན་ཐོག་མ་དེ་བོད་མིའི་གཞུང་འཛིན་པ་རྣམས་ཀྱི་སྟེང་དུ་བབས་ཀྱི་ཡོད་པས་མཁྱེན་པར་མཛོད།

    ཆོལ་ཁའི་དུག་གི་ཁྲོད་ནས་ཆོལ་གསུམ་གྱི་མི་རིགས་ཀྱི་རེ་བའམ་མང་གཙོའི་ལམ་ལུགས་དེ་གཏོར་བཅོམ་བྱ་རྒྱུའི་བསམ་ངན་བཅངས་ཏེ་སྤྱི་ཚོགས་ནང་འགྲེལ་བཤད་དམ་འབྲི་རྩོམ་ཇི་ཙམ་བྲིས་ཀྱང་བོད་མི་བསམ་ཡོད་རྣམས་ནམ་ཡང་མགོ་བོ་འཁོར་མི་ཡོང་། ངོས་བོད་མི་རྣམས་ཀྱིས་འཆི་ཁར་ཡང་༸གོང་ས་མཆོག་བློས་གཏོང་མི་ཡོང་བ་དེ་ཁྱེད་ཚོས་ཤེས་དགོས། ཁྱེད་རྣམས་ནས་ཆོལ་ཁ་དང་རང་བཙན་ཁ་ལ་འཁྱེར་ཏེ་ནང་ཁུལ་དཀྲུག་རྒྱུའི་ལས་ཁོ་ན་རྩོམ་བཞིན་ཡོད་པ་དེ་ཚང་མས་ཤེས་དགོས། ཁྱེད་རྣམས་བོད་མིའི་ཞབས་འདྲེན་རེད། དེའི་ནང་ནས་དབུས་གཙང་གི་སྤྱི་འཐུས་ཡོད་པ་ནི་ཧ་ཅང་གི་ཐབས་སྡུག་ཡིན། འདྲེ་རྒྱ་རིས་འོས་ཤོག་སློང་བར་སླེབས་སྐབས་མི་མང་གིས་མོ་རང་གི་ལང་ཕྱོགས་ལ་ཐེ་ཚོམ་ཡོད་ཙང་དེ་འབྲེལ་གྱི་དྲི་བ་བཏང་ཡོད། སྐབས་དེ་དུས་མོ་རང་གིས་བསམ་བློ་ལ་སྐྱོན་ཆ་མེད་ཅིང་སོ་སོའི་མི་རིགས་ཀྱི་ཞབས་ཕྱི་ཞུ་རྒྱུ་ཡིན་སོགས་ཀྱི་ལན་འདེབས་གནང་ཡོད། ད་གཟོད་ངོས་རྣམས་ནས་སྐྱེ་དམན་ཐེབས་ཆག་དེའི་ཕུགས་འདུན་གང་ཡིན་གཞི་ནས་ཤེས་སོང་། མ་འོངས་པར་ཁྱོད་འདྲ་བའི་མ་རབས་ཤིག་ལ་ང་དང་ངའི་ཕྱོགས་གཏོགས་པའི་འོས་ཤོག་མི་བླུག་རྒྱུ་ཐག་ཆོད་ཟིན་པ་ཡིན།

    བོད་མི་ཚོ། ངོ་ཚ་རྒྱུ་ཡོད་ན་དུས་ཚོད་ད་ལྟ་ཡིན། སྤྱི་འཐུས་མིང་འཛིན་པ་ཐེབས་ཆག་རྣམས་ཁྲིམས་མཐུན་དམ་འབུལ་ཞུ་རྒྱུ་མིན་ན། ཁྲིམས་སྒྲིག་བཞིན་དབུས་འོས་བསྡུ་ལས་ཁུངས་ནས་ཐག་གཅོད་གནང་རྒྱུའི་དུས་ལ་བབས་ཡོད། དེ་མུར་འཇོག་པ་ཡིན་ན་ངན་པ་རྒྱ་ཡན་དུ་སོང་ནས་ང་ཚོའི་སྤྱི་ཚོགས་ཕུ་དཀྲོག་མདའ་དཀྲོག་ཏུ་འགྲོ་རྒྱུའི་དུས་ལ་ཉེ་བས། ཐག་གཅོད་གནང་རོགས་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme