Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱུ་ཡོད་ན་ཨ་ཕ་དཀར་ཡོལ་རེད། རྒྱུ་མེད་ན་དཀར་ཡོལ་ཁ་ཆག་རེད།

Posted on 2012-10-232012-10-23 By ཁ་བརྡ་ 10 Comments on རྒྱུ་ཡོད་ན་ཨ་ཕ་དཀར་ཡོལ་རེད། རྒྱུ་མེད་ན་དཀར་ཡོལ་ཁ་ཆག་རེད།

ནམ་མཁའ།

དུས་རབས་གཉིས་ཀྱི་ལག་དམར་ཧོའུ་ཅིན་ཐའོ་ཡིས་ལོ་བཅུ་ཡི་གདུག་རྩུབ་ལ། བོད་ཕྱི་ནང་གཉིས་ནས་དཔའ་ཞུམ་པའི་ལྡོག་ཕྱོགས་ལས་སྙིང་སྟོབས་ཀྱི་མེ་ལྕེ་བསྟུད་མར་ཁ་སང་འབར་ལ་། དེ་རིང་ཡང་འབར། སང་ཉིན་ཡང་འབར་ངེས་མོད། འོན་ཀྱང་འཛམ་གླིང་གི་གསར་འགོད་པ་དང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་གི་གནས་ཚུལ་དག་ནམ་ཡང་མུན་ནག་གི་དབྱིངས་སུ་བསྐྱུར་ཡོད། ང་ཚོ་བོད་མི་ཚོས་རང་གི་བུ་ཕྲུག་དང་ནང་མི་སྤུན་མཆེད་ཐ་ན་རང་ལུས་རིན་པོ་ཆེ་ཡང་བློས་བཏང་གིས་རང་དབང་འཐབ་རྩོད་བྱེད་བཞིན་ཡོད་ན་ཡང་། འཛམ་གླིང་སྟེང་གླེང་སློང་ཙམ་ཡང་མི་བྱེད་པར་གནས་ཚུལ་གསར་འགྱུར་ཡང་བོད་མི་རིགས་ཁོ་ནའི་ཡུལ་དུ་གྱུར་ཡོད་པ་འདི་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།

སྰེ་རེ་ཡ་ཡི་མི་དམངས་ཀྱི་རང་དབང་འཐབ་རྩོད་ལ་ད་རུང་རྒྱལ་སྤྱིའི་སྟེང་ནུས་པ་ཆེན་པོ་ཞིག་ཐོན་མེད་ཀྱང་།འཛམ་གླིང་གསར་འགྱུར་ནང་རྒྱུན་ཏུ་གླེང་གི་ཡོད། གལ་སྲིད་དེ་རིང་སྰེ་རེ་ཡ་ནས་ས་སྣུམ་གྱི་ཐོན་ཁུངས་ཆེན་པོ་ཞིག་རྙེད་ཚེ། སྰེ་རེ་ཡ་ཡི་མི་དམངས་ཀྱིས་རྒྱལ་སྤྱིའི་སྟེང་རོགས་རམ་གྱི་འབོད་སྐུལ་ཞུ་མི་དགོས་བར་མ་སྐུལ་དངས་བླངས་ཀྱིས་ཨ་རི་དང་ཡོ་རུབ་གཙོ་བྱས་ཏེ་དྲག་དམག་མང་པོ་གཏོང་བ་ལ་ཐེ་ཚོམ་སུས་ཀྱང་བྱེད་མི་དགོས། ཐབས་སྐྱོ་བ་ཞིག་ལ་སྰེ་རེ་ཡ་ཡི་མི་དམངས་ཀྱི་ལས་དབང་དེ་ཡང་བོད་མིའི་ལས་དབང་དང་འདྲ་མཚུངས་ལྟ་བུ་ཞིག་ཏུ་གྱུར་ཏེ། ཁ་གཡར་ས་རྒྱ་གཞུང་དང་ར་ཤེ་ཡ་གཉིས་ཡོད་པས་རྒྱལ་སྤྱིས་རྒྱང་རིང་ཞིག་ནས་རྐུབ་སྐྱག་མཐོན་པོ་ཞིག་གི་སྟེང་ནས་བསྡད་དེ།ཉི་མ་རེ་ལ་མི་ག་ཚོད་ཞིག་གསོད་བཞིན་པ་གྲངས་ཀ་རྒྱབ་ནས་བསྡད་ཡོད། ཡིན་ཡང་རྒྱ་ནག་གི་མི་དམངས་མ་ཡིན་པའི་འཛམ་གླིང་མི་དམངས་ཀྱིས་མིག་མདུན་ལ་གསར་འགོད་པ་ཚོས་བསྟན་གྱི་ཡོད།

དེ་བས་ཀྱང་ཐབས་སྐྱོ་ཞིག་ལ། ང་ཚོ་བོད་མི་རྣམས་ཀྱི་རང་དབང་འཐབ་རྩོད་ནི་འཛམ་གླིང་མི་དམངས་ཀྱིས་མཐོང་ཐུབ་ཀྱི་མེད་པར་བོད་རང་གི་ནང་ཁུལ་གྱི་གསར་འགྱུར་ཞིག་ཏུ་གྱུར་ཡོད་སྟབས།རྒྱལ་སྤྱིའི་སྟེང་ནུས་པ་ཞིག་ནམ་ཡང་ཐོན་ཐབས་བྲལ། ང་ཚོ་བོད་མི་དམངས་འདི་འགྲོ་བ་མི་ཞིག་གི་འདུ་ཤེས་འཛམ་གླིང་ཡོད་དམ་སྙམ་པའི་དོག་པ་སྐྱེས་མཁན་ཡང་ང་ལྟ་བུ་མང་པོ་ཡོད་སྲིད། རྒྱུ་མཚན་ནི་བོད་མི་དྲུག་བཅུ་ལྷག་གིས་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་སྤེལ་ཡང་ནུས་པ་ཐོན་པ་ཞིག་ཕར་བཞག འཛམ་གླིང་གི་གསར་འགྱུར་གྲལ་དུ་ཡང་མི་ཚུད་པ་འདི་རྒྱུ་མཚན་ཅི་ཡིན་ནམ།
ཁ་ཆེ་ལུང་པ་ནས་མི་གཅིག་གིས་རང་ལུས་མེ་བསྲེགས་ལ་འཛམ་གླིང་ཧ་ལས་མདོག་ཧང་མདོག་ག་ཚོད་ཞིག་བྱས་སོང་། བོད་མི་དྲུག་བཅུའི་རང་ལུས་མེ་བསྲེགས་ལ་འཛམ་གླིང་སྟེང་གི་དབང་འཛིན་པ་ཚོར་གྲགས་འགུལ་མེད་པར་མ་ཟད། ཐ་ན་གསར་འགོད་པ་ཚོས་ཀྱང་སྣང་མེད་དུ་འཇོག་དོན་ཅི་ཡིན་ནམ།
ང་ཚོ་བོད་མི་དམངས་ཀྱི་ཚེ་སྲོག་འབར་ཚེ་རྩི་ཤིང་ཞིག་འབར་བ་བཞིན་གནས་ཚུལ་ཙམ་ཡང་འཛམ་གླིང་འདིའི་མི་དམངས་ཀྱི་མིག་མདུན་ན་མི་སྟོན་པའི་རྒྱུ་མཚན་ཅི་རེད། འཛམ་གླིང་གི་གསར་འགྱུར་གྲལ་དུ་མ་ཚུད་པ་འདི་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ཁྱབ་བསྒྲགས་ཀྱི་ནུས་པ་ཞིག་མ་འདང་བ་ཡིན་ནམ། ཡང་ན་འཛམ་གླིང་གི་གསར་འགོད་པ་ཚོ་རྒྱ་གཞུང་གིས་ཉོས་ཚར་བ་རེད། རྒྱུ་ཡོད་ན་ཨ་ཕ་དཀར་ཡོལ་རེད། རྒྱུ་མེད་ན་དཀར་ཡོལ་ཁ་ཆག་རེད། ཟེར་བའི་གཏམ་དཔེ་འདི་ནི་ཁ་སང་དེ་རིང་གི་བོད་མི་ཚོའི་གནས་སྟངས་རང་རེད།
གང་ལྟར་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འགྲོ་སྟངས་དང་།ཁྱིམ་ཚང་ཞིག་གི་འགྲོ་ལུགས་གཅིག་མཚུངས་རེད། ཁྱིམ་ཚང་དཔལ་འབྱོར་གཉོམ་ཆུང་ཅན་ཞིག་ལ།ཁྱིམ་མཚེས་གཡས་གཡོན་གྱིས་ཁ་ནས་སྙིང་རྗེ་ལབ་ཀྱང་ཁྱིམ་ཚང་རང་གི་ནང་མི་ཚོས་སྙིང་སྟོབས་དང་ནུས་པ་ཞིག་མ་ཐོན་ཚེ་རོགས་རམ་མི་བྱེད་པ་ཐག་གིས་ཆོད་པ་བཞིན།

བོད་མི་རིགས་རང་གིས་སྙིང་སྟོབས་དང་ཆིག་སྒྲིལ་གྱིས་ནུས་པ་ཞིག་མ་ཐོན་ཚེ།རྒྱལ་ཁབ་གཞན་ཞིག་དང་མི་རིགས་གཞན་ཞིག་གིས་རོགས་པ་མི་བྱེད་པ་ཐག་གཅོད་རེད། ཡིན་ཡང་ཐབས་སྐྱོ་བ་ཞིག་ལ།
བཙན་བྱོལ་ནང་གི་མི་དམངས་དང་གཞུང་གི་བར་ན་དབུ་མའི་ལམ་དང་རང་བཙན་འཐབ་རྩོད་གཉིས་ཀྱི་དོགས་སློང་དང་འགྲེལ་བརྗོད་ལ་གོ་བརྡ་མ་འཕྲོད་པར་གྲོས་ཆོད་ནས་གྲོས་ཆོད་བཞག་སྟེ་ལུས་ཡོད། རང་ལུས་མེ་བསྲེགས་འཐབ་རྩོད་ཀྱི་ངོ་བོ་འདི་ཐབས་ལམ་གཞན་ཞིག་ལ་བསྒྱུར་ཐབས་དང་། དེའི་ཕྱོགས་སུ་བསམ་གཞིགས་ཙམ་ཡང་བྱས་མེད་པ་འདྲ། དེ་རིང་ཡང་བསྐྱར་བསམ་གཞིགས་ཞིག་བྱས་ཚེ། རང་ལུས་མེ་བསྲེགས་ལས་འགུལ་གྱི་ངོ་བོ་འདི་བོད་ཕྱི་ནང་གཉིས་ཀྱིས་བཀའ་ཁྲི་ཟུར་བ་ཟམ་གདོང་བླ་མའི་བདེན་པའི་ཨུ་ཚུགས་ཀྱི་ལམ་ཁ་ལ་འགྲོ་ཐུབ་ན་ཤིན་ཏུ་ལེགས་སྙམ། བདེན་པའི་ཨུ་ཚུགས་དེ་ཡང་འགོ་གླིང་ཚ་རྡོ་རྗེ་ཡིས་བརྩམས་ཟིན་པ་རེད། ངས་གླིང་ཚ་རྡོ་རྗེ་ཡི་འཐབ་རྩོད་དེ་བདེན་པའི་ཨུ་ཚུགས་ཀྱི་ལམ་རེད་འདོད། འོན་ཀྱང་ཟམ་གདོང་བླ་མས་དེ་བདེན་པའི་ཨུ་ཚུགས་ཞིག་ཏུ་ཁས་ལེན་མིན་མི་ཤེས། གང་ལྟར་ཀྱང་རང་ལུས་མེ་བསྲེགས་ཀྱི་འཐབ་རྩོད་འདིའི་ངོ་བོ་གཞན་ཞིག་ལ་ལམ་སྟོན་རེ་གནང་མཁན་ཡོད་ཚེ་བསམ་ཚུལ་རེ་སྤེལ་བའི་འབོད་སྐུལ་ཡང་ཞུ་བཞིན་ཡོད།
༢༣/༡༠/༢༠༡༢ལ་ཡོ་རུབ་ནས་བྲིས།

སྣ་ཚོགས།

Post navigation

Previous Post: ནོར་གླིང་དུ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་ཆེད་མར་མེའི་མཆོད་སྐོར།
Next Post: དུས་རབས་ཤིག་གི་བསམ་བློ།

Comments (10) on “རྒྱུ་ཡོད་ན་ཨ་ཕ་དཀར་ཡོལ་རེད། རྒྱུ་མེད་ན་དཀར་ཡོལ་ཁ་ཆག་རེད།”

  1. lhamotsering says:
    2012-10-23 at 12:08 pm

    དེ་ཡིན་ན་ཟམ་གདོང་བླ་མས་འགོ་ཁྲིད་ནས་བེདན་པའི་ཨུ་ཚུགས་སུ་བསྐྱོད་རྒྱུ་དང་བོད་ནང་ནས་ཀྱང་དེ་ལྟར་བྱས་ན་ནུས་པ་ཞིག་ཐོན་གི་རེད་དམ།

  2. ཁ་བ་འཚོ says:
    2012-10-23 at 1:02 pm

    ད་དངོས་གནས་དཔལ་འབྱོར་ཡོད་མེད་ཀྱི་གནས་སྟངས་སུ་གྱུར་འདུག ཟམ་གདོང་བླ་མ་སྤྱིར་གྷན་ངྷེ་ལད་མོ་འདྲ་བྱས་ཏེ་ཕྱག་རྟེན་ཞིག་བཟུང་ནས།གངས་དཀྱིལ་ནས་ཕེབས་ཀྱི་ཡོད།ད་དེང་སང་གྷན་ངྷེ་དང་ཁོའི་ལྟ་གྲུབ་བརྗེད་ཡོད་ཀྱི་རེད།ཤར་ཁུགས་དང་ཁོ་གཉིས་ཀྱིས་དབུ་མའི་ལམ་དང་རང་བཙན་བར་གྱི་འགྲེལ་བརྗོད་དང་འབྲེལ་བོད་མི་རེ་མེ་བསྲེགས་ཚེ་མ་ཎི་རེ་བགྲངས་ནས་མ་ཎི་དྲུག་བཅུ་ལྷག་བཏོན་ཡོད་ས་རེད།དེ་མིན་གང་ཤེས།བཙན་བྱོལ་གཞུང་ལ་ནུས་པ་ཞིག་ཐོན་དཀའ་སྟེ།བོད་མིའི་སྒྲིགས་འཛུགས་ཞིག་ཡིན་པའི་ཕྱིར།

  3. རྣ་བ་བརྒྱད་པ་ says:
    2012-10-23 at 1:56 pm

    བློ་རྩེ་གཏོད་སའི་་དཔོན་ཅིག་ཡོད་ན།
    མཐུན་བསྒྲིལ་ཕྱར་གྲུ་མཉམ་འདེག་ཡོང་ན།
    ལས་འབྲས་གསལ་གཟིགས་གནང་མཁན་ཡོད་ན།
    ཡིད་ཆེས་ཕེར་བའི་བླ་མ་ཡོད་ན།
    རང་སྣང་གང་ཤར་གཏམ་འཆལ་མེད་ན།
    ལས་དང་ལམ་ག་གཅིག་ལ་ཕྱོགས་ན།
    ཐམས་ཅད་བློ་རྩེ་གཅིག་དུ་མཐུན་ན།
    ཡིད་སྨོན་ཤོར་བའི་མཐུན་བསྒྲུལ་ཆེ་ན།
    བསད་ཤི་གཏོར་སོགས་ལས་ངན་མེད་ན།
    དགེ་བས་རླུང་ཤུགས་གཅིག་དུ་བསྒྲུལ་ནས།
    གཅིག་དུ་དཀར་བའི་རང་དབང་བསྒྲུབ་ན།

  4. ཁ་བ་འཚོ says:
    2012-10-23 at 2:23 pm

    ཁ་བཤད་གཏམ་གྱི་དཔའ་བོ་མིན་ན།།
    ཐག་རིང་ཞིག་ནས་ལྟད་མོ་མ་ལྟས་ན།།
    མར་མེ་ཁྲོམ་སྐོར་ཙམ་ཞིག་མིན་ན།།
    ཁ་བཤད་ལག་ལེན་རུ་བསྟར་ན།།
    འཛམ་གླིང་གསར་འགྱུར་གྲལ་དུ་ཚུད་ལེ་ཡོད།།
    རང་ཕོར་ཁོ་ན་བསམ་མཁན་མིན་ན།།
    གཅིག་གིས་གཅིག་ལ་བལྟ་བ་རང་མི་ཡོང་།།
    སེམས་པ་གཅིག་མཚུངས་ཞིག་ཡིན་ན།།
    རང་བཙན་དབུ་མ་རྩོད་པ་རང་མེད་དོ།།
    ཤར་ནས་མེ་ལྕེ་ཡང་ཡང་དུ་འབར་དུས།།
    ནུབ་ནས་ལྟད་མོ་ཡང་ཡང་ལྟས་མེད་ན།།
    ཕྱོགས་བཞིར་ཀུན་ནས་ནུས་པ་ཞིག་ལེ་ཐོན།།
    བླ་སློབ་བར་ལ་དབྱེན་དཀྲུགས་རེ་མེད་ན།།
    ཆིག་སྒྲིལ་ནུས་པ་ཞིག་ཐོན་ཡོད།།
    དཔོན་པོས་ཁྲི་ཐོག་ནས་དཔོན་མཉམ་རེ་མེད་ན།།
    འོག་ནས་མི་དམངས་ཆིག་སྒྲིལ་ཞིག་ལོས་བྱེད།།

  5. རིགས་ཞེན་དཀར་པོ། says:
    2012-10-23 at 2:30 pm

    བོད་དོན་བདེན་པའི་ཨུ་ཚུགས་ཟེར་བ་དེ་ངོ་བོ་ཅི་འདྲ་ཞིག་ལ་ཟེར་གྱིན་ཡོད། ངའི་བསམ་ན་བོད་ནི་རང་བཙན་གྱི་རྒྱལ་

    ཁབ་ཞིག་ཡིན་པ་བདེན་ངེས་པས། བདེན་པ་དེའི་ཐོག་ལ་མཐའ་གཅིག་ཏུ་ཨུ་ཚུགས་ཀྱིས་འཐབ་རྩོད་བྱེད་དགོས་པར་འདོད།

    དེ་ལྟ་མིན་པར་གུང་ཁྲན་གྱི་རྩ་ཁྲིམས་ལག་བལྟར་བྱེད་རོགས་ཟེར་ཞིང་རྒྱ་མིའི་དར་དམར་མཁའ་དབྱིངས་སུ་བསྒྲེངས་མཁན་

    དག་གི་བྱ་སྤྱོད་ལ་གང་ཡང་བལྟ་ཡ་མི་འདུག་ལ་དེ་དག་གིས་བཤད་པ་དག་ཀྱང་བདེན་པ་མིན་པས་དེ་ལ་ནི་རྫུན་གཏམ་ལས་

    བདེན་པའི་ཨུ་ཚུགས་མི་ཟེར་རོ།

  6. ནམ་མཁའ says:
    2012-10-23 at 3:32 pm

    རིགས་ཞེན་དཀར་བོ་ལགས།འདིར་ཕེབས་ནས་གླེང་མོལ་གནང་བ་ཐུགས་རྗེ་ཆེ།ཡིན་ཡང་ཟམ་གདོང་བླ་མའི་བདེན་པའི་ཨུ་ཚུགས་ཀྱིས་རང་བཙན་རྩོད་ཀྱི་མེད་པ་གསལ་བོ་རེད།འདི་ཐུགས་ལ་བཟུང་།གླིང་ཚ་རྡོ་རྗེ་ཡིས་དར་དམར་སྒྲེངས་བ་བདེན་པ་རེད།ཡིན་ཡང་དབུ་མའི་ལམ་གྱིས་རྒྱ་ནག་གི་རྩ་ཁྲིམས་གཅིག་གི་འོག་འདུག་གི་ཡིན་ཟེར་བ་དང་ཁྱད་པར་ཆེན་པོ་མཐོང་མ་སོང་བས་དེ་ལྟར་བཤད་ཀྱི་ཡོད།

  7. འདྲེ་རྐང་ཐོ། says:
    2012-10-23 at 9:21 pm

    ངས་བདེན་པའི་ཨུ་ཚུགས་ཀྱི་དོན་ནི་ཡག་པོ་ཞིག་གོ་གི་མི་འདུག་པས་བློ་མཐུན་གྲོགས་པོ་རྣམས་པས་ཁ་གསལ་དོན་གསལ་ཞིག་གསུང་རོགས་ཐུགས་རྗེས་གཟིགས།

  8. གཡུ་བྲག་པ says:
    2012-10-23 at 10:32 pm

    བདེན་པ་ནི་བདེན་པ་རང་རེད། དེ་ལ་ཨུ་ཚུགས་རྒྱབ་ན་ནམ་ཞིག་མངོན་གྱུར་བྱེད་ཐུབ། དེ་འདྲ་ཞིག་ཨེ་ཡིན་ན།

  9. གནམ says:
    2012-10-24 at 5:38 am

    བོད་ཀི་གནས་ཚུལ་འདི་རྒྱལ་ཁབ་མང་པོས་གསར་འགྱུར་ལ་བཀོད་འདོད་ཤིན་ཏུ་ཆེ་ན་ཡང་སུ་གཅིག་བོད་ནང་ལ་གསར་འགྱུར་སྡུད་རུབ་བྱེད་པར་ཡོང་གི་འཇུག་གི་མེད་ཀི། རྒྱུ་མཚན་དེ་འདྲ་ཞིག། གྲོགས་པོ་ནམ་མཁའ་མིང་ཅན།

  10. རིགས་ཞེན་དཀར་པོ། says:
    2012-10-24 at 6:10 am

    ནམ་མཁའ་ལགས། ངས་ནི་ཟམ་གདོང་བླ་མས་བཤད་པ་དེ་རང་བཙན་གྱི་ཐོག་ཏུ་འགྲོ་ཡི་ཡོད་རེད་ཟེར་ནས་བཤད་མྱོང་མེད་པ་མ་ཟད། ཟམ་གདོང་བླ་མ་ཡང་བོད་དོན་འཐབ་རྩོད་ཀྱི་ངོ་བོ་ནུས་མེད་དུ་བསྒྱུར་མཁན་གྱི་བྱེད་གཏེ་ངོ་མ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (15)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme